| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་བི་དཱ་ར་ཎ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་དང་རི་རབ་ཀྱི་སྟེང་དུ་བཞུགས་པའི་དུས་སུ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང ་པོས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། ཐུགས་རྗེ་ཆེ་ལྡན་བཅོམ་ལྡན་འདས།། རྡོ་རྗེ་གང་ལགས་འཇིགས་བྱེད་གང་།། འཇོམས ་པ་གང་ལགས་ཆུང་གང་ལགས། ། རྒྱལ་པོ་གང་ལགས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། ཉོན་མོངས་བདུད་སོགས་འཇོམས་པར་བྱེད།། ་ཉོན་མོངས་དགྲ་སོགས་རྣམ་པར་འཇོམས།། ཆུ་ཡི་རླུང་དང་འབྲས་བུའི་རྒྱུང།། མཐར་ཐུག་ཆུང་ནི་གང་ཡིན་ལ།། རྒྱལ་པོ་ཞེས་ནི་བསྐྲུན་པ་ཡིན།། རྡོ་རྗེ་སྙིང་པོས་ཡང་གསོལ ་པ། རེ་རེའི་བྱེ་བྲག་མ་འཚལ་བས།། དེ་ཡི་དབྱེ་བ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ།། དོན་གྱི་རྡོ་རྗེ་དེ་ནས་རྟགས།། རྫས་ཀྱི་རྡོ་རྗེ་དང་ནི ་གསུམ། ། དེ་ནས་དོན་གྱི་རྡོ་རྗེ་བཤད།། གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར།། དོན་གྱི་རྡོ་རྗེར་བཤད་པའོ།། དབང་བཞི་རྡོ་རྗེ་རེ་རེ་སྟེ།། རྡོ་རྗེ་བཞི་རུ་བཤད་པ་ཡིན།། རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ། ་རྩེ་གསུམ་རྩེ་ལྔ་རྩེ་དགུ་པ།། རྩེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། རྩེ་དགུ་ཁམས་གསུམ་ས་དགུའི་རྟགས།། རྫས་ཀྱི་རྡོ་རྗེ་བཞི་ཡིན་ནོ།། བུམ་པའི་དབང་དང ་འབྲེལ་བ་ཡི། ། སྐུ་མདོག་ཕྱག་མཚན་ལ་སོགས་ལྷ།། གཟུང་དང་འཛིན་པའི་རྣམ་རྟོག་ནི།། འཇིག་སྣང་འཇོམས་པས་རྡོ་རྗེའོ།། གསང་བའི་དབང་དང་འབྲེལ་བ་ཡི།། རྩ་དང་རླུང་དང་ཐིག་ལེ་ལ། ་གཟུང་འཛིན་གཉིས་སུ་གང་རྟོགས་པ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། ཤེས་རབ་ཡེ་ཤེས་དང་འབྲེལ་བའི།། ལྷན་ཅིག་སྐྱེས་དགའ་ལ་སོགས་པའི།། གཟུང་དང་འཛིན་པ་གང་རྟོགས་པ།། ་འཇིག་ཅིང་འཇོམས་པས་རྡོ་རྗེ་ལམ།། བཞི་པའི་དབང་དང་འབྲེལ་བ་མོ།། རང་རིག་སེམས་ཉིད་སྟོང་ཉིད་ལ།། གཟུང་འཛིན་གཉིས་སུ་གང་རྟོག་པ།། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས ་རྟགས་ཀྱི་རྡོ་རྗེ་ནི། ། རྩེ་གསུམ་སྐུ་གསུང་ཐུགས་སུ་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འཇིག་ཅིང་འཇོམས་པས་རྡོ་རྗེ་སྟེ།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། ང་རྒྱལ་ལ་སོགས ་རྣམ་པ་ལྔ། ། འཇིག་ཅིང་འཇོམས་པས་རྡོ་རྗེའོ།། དེ་ནས་རྫས་ཀྱི་རྡོ་རྗེ་ནི།། རྣམ་པ་བཞི་རུ་བསྟེན་པ་ནི།། ཟུར་གསུམ་རྣོ་ལ་འབིགས་པ་དང་།། གྲུ་བཞི་དག་ཅིང་གསལ་བར་བྱེད།། ཟླུམ་པོས་རྫས་རྣམས ་འཇོམས་པར་བྱེད། ། ཟུར་ལྔས་འདོད་སྒྲུབ་སྲས་རྡོ་རྗེ།། རྒྱུད་ཀྱི་དོན་ནི་རྣམ་པ་བཞི།། རྒྱུ་དང་འབྲས་བུ་གཉིས་ཀའི་རྒྱུད།། མཐར་ཐུག་རྒྱུད་ཀྱི་རྒྱལ་པོ་སྟེ།། དེ་རྣམས་ཀུན་ལ་དབང་བྱེད་པ།། ལོག ་ལྟའི་རྒྱུད་སོགས་སྤོང་བར་བྱེད། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུ་ནས་རྗེས་སུ་ཡི་རངས་ཏེ། གཡས ་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ།། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །། བླ ་