CLOSE WINDOW

S362: dpal gsang ba me 'bar ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཛྭ་ལ་ཨགྣེ་གུ་ཧྱ་ཏནྟ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་འདུས ་པའི་ནང་ནས་རྡོ་རྗེ་ཕག་མོས་གསོལ་པ། རྣལ་འབྱོར་གང་ལགས་འཕོ་བ་གང་།། འཆི་བ་གང་ལགས་ཤི་བ་གང་།། རོ་ནི་གང་ལགས་རོ་ཆེན་གང་།། དེ་བཞིན་ཤི་བ་ཆེན་པོ་གང་།། ཐལ་བ ་གང་ལགས་ཐལ་ཆེན་གང་། ། ཚ་ཚ་གང་ལགས་ཚ་ཚ་ཡི།། ཆེན་པོ་གང་ལགས་གནས་ནི་གང་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཐབས་དང་ཤེས་རབ་སྙོམས་འཇུག་ལ།། རྣལ་འབྱོར་ཞེས་ནི་གསུངས་པ་ཡིན།། དུས་མིན་ལྷ་ནི་གསོད་པ་སྟེ།། དང་པོར་འཕོ་བའི་རྟགས་དང་ཡང་།། དུས་ཆོད་ངེས་པར་ཤེས་བྱ་སྟེ། ་བར་ཆད་མེད་པའི་ཏིང་འཛིན་གྱིས།། འཁྲུལ་འཁོར་བཅས་ཏེ་ཁྱད་པར་གྱི།། འབྲས་བུ་འབྱུང་བར་འཕོ་བར་ངེས།། ཁམས་དང་འབྱུང་བ་སོ་སོར་ཐིམ།། སྲོག་ཀྱང་རྩོལ་བ་ལ་ཐིམ་སྟེ། ་རྩོལ་བ་རྣམ་ཤེས་ལ་ཐིམ་པའི།། སྐད་ཅིག་དང་པོ་འཆི་བ་སྟེ།། རྡོ་རྗེ་ཅན་སོགས་རིགས་བཞི་དང་།། རྣམ་སྣང་ཐ་དད་བྲལ་བ་ཡི།། སྐད་ཅིག་དང་པོ་ཤི་བ་སྟེ།། དེ་ནས་ཞག་བདུན་བར་དུ་བཞག ་ལུས་ཀྱི་མཁའ་འགྲོ་མྱ་ངན་འདས། ། དེ་ནི་ཤི་བ་ཆེན་པོར་གྲགས།། ལུས་ནི་ཏ་ལའི་མགོ་བོ་འདྲ།། འདི་ཉིད་རོ་ཞེས་གསུངས་པ་སྟེ།། ཡེ་ཤེས་དབབ་དང་ཡེ་ཤེས་བསྟན།། མཁའ་སྤྱོད་ས་སྤྱོད། ་ས་འོག་སྤྱོད།། སྤྱི་བོ་མགྲིན་པ་སྙིང་ཀ་རུ།། དྲི་ཡི་ཐིག་ལེ་གསུམ་བྱས་ཏེ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།། ཐོག་མར་དྲི་ཞིམ་སྣ་ཚོགས་ཀྱིས།། ཁྲུས་བྱས་གནས་ནི་བཅུ་གཉིས ་སུ་དྲི་ཡི་ཐིག་ལེ་བཅུ་གཉིས་བྱ། ། དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབས།། གཞན་ཡང་རྒྱན་ལ་སོགས་པ་ཀུན།། དངོས་སུ་གནས་པས་རབ་ཏུ་ངེས།། རི་མོར་བྲིས་པ་འབྲིང་པོ་སྟེ། ་དྲིཡི་ཐིག་ལེ་ཐ་མར་ངེས།། གཡས་བརྐྱང་ལ་སོགས་འདུག་སྟངས་ཀྱིས།། ཧེ་རུ་ཀར་གྲགས་ཆེན་པོར་བཞེངས།། རང་རིག་བདག་པོ་གང་ཡིན་པའི།། ཧེ་རུ་ཀ་རུ་ངེས་པ་དང་།། དེ་ལ་དུས་དྲུག ་མཆོད་པས་མཆོད། ། འདི་དག་རོན་ཆེན་པོ་སྟེ།། འཆི་བ་ཞེས་ནི་རྣམ་རྟོག་སྟེ།། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད།། རང་བཞིན་བསྲེགས་པ་ཐལ་བ་སྟེ།། རྩ་བའི་དཀྱིལ་འཁོར་ལ་བརྟེན ་ནས། ཆོས་སྐུའི་གཟུགས་བརྙན་རིམ་བཞིན་བརྩིག། ཡང་ན་བུམ་པ་ལྟ་བུ་ཡི།། གཞལ་ཡས་ཁང་པ་བརྩེགས་མར་བརྩིག། མི་འཆི་བཅུ་ཕྱེད་སྙིང་པོ་དང་།། ཙན ་ངན་གུར་ཀུམ་ལ་སོགས་པའི། ། དྲི་ཡིས་བྱུགས་ཤིང་བསྒོ་བར་བྱ།། ཙན་དན་དམར་པོ་ལ་སོགས་པའི།། དྲི་ཞིམ་ལྡན་པའི་ཤིང་བུ་འམ།། ཡང་ན་འབྲས་བུ་ཡོད་པ་ཡི།། བུད་ཤིང་ཚད་དང ་ལྡན་པ་ཡིས། ། ཐབ་ཁུང་ཆེན་པོར་རྫོགས་པར་བརྩིག། བླ་མ་དམ་པ་མཉེས་བྱས་ལ།། ཞལ་ནས་ཡང་དག་ཤེས་པར་བྱ།། ཟུར་བཞི་རྒྱལ་པོ་ཆེན་པོ་བཞི།། ཕྱོགས་བཞི་མི་འཇིགས་སེང་གེ ་བརྒྱད། ། ཀ་བ་བཞི་དང་གདུང་བཞིར་ལྡན།། ཆོ་ག་ཡོངས་སུ་རྫོགས་པ་དང་།། རིག་པའི་དཀྱིལ་འཁོར་གཞུག་པ་དང་།། སྔར་གྱི་དབང་ཐོབ་རྫོགས་པར་བསྐུར།། དེ་ནས་རྒྱུན་བཞག་མེ་སྦར་ཏེ།། ་མེ་ལྷ་ལ་སོགས་གཞན་དང་འདྲ།། དེ་ནས་རིག་པ་དེ་ཉིད་ཀྱང་།། མེ་ཡི་ཁང་པ་མཛེས་པ་རུ།། རང་བཞིན་སྤྱན་དྲངས་བཞུགས་སུ་གསོལ།། མེ་མཆོད་སྡིག་པ་སྲེག་པའོ།། སྔགས་དང ་རྫས་སོགས་གཞན་དང་འདྲ། ། མེ་དང་དུ་བ་རླུང་སོགས་ཀྱི།། མཚན་མ་མཁས་པས་བརྟག་བྱ་སྟེ།། བཀྲ་ཤིས་རྟགས་རྣམས་བྱུང་ན་ལེགས།། མེད་ན་སྡིག་པ་བསྲེག་པར་བྱ།། ་གདུང་ལ་སོགས་པ་བྱུང་ན་རབ།། མ་བྱུང་ན་ཡང་ཆོ་ག་རྣམས།། རྫོགས་པ་ལས་བྱུང་རུས་པ་རྣམས།། འདི་ནི་ཐལ་བ་ཆེན་པོ་སྟེ།། དེ་ལས་གཞན་པ་ཐལ་བར་གསུངས།། དེ་ནས་རུས ་པ་ཞག་གསུམ་ནི། ། གུར་ཀུམ་ལ་སོགས་དྲིས་གཏོར་ཏེ།། རུས་པའི་མཚན་མ་བརྟག་བྱ་སྟེ།། ཁ་དོག་དབྱིབས་དང་དྲི་དང་རོ།། བླ་མའི་ཞལ་ནས་ཤེས་པར་བྱ།། གདོན་བསལ་ཁྲུས་བྱ ་རུས་པ་བརྡུང་། ། མ་ཉམས་དུམ་བུ་གཅིག་པ་ལ།། དྲི་སོགས་བསྒོས་པའི་ནང་དུ་སྟེ།། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡི།། སྟེང་དུ་སེང་གེའི་ཁྲི་དག་ལ།། སེང་གེ་རྒྱལ་ཆེན་འོག་གི ་རྒྱན་སྟེང་ནས་གདུགས་དང་རྒྱལ་མཚན་ཏེ། ། གནས་དེར་རུས་པ་བཞག་བྱས་ལ།། མེ་མཆོད་བྱས་ནས་ཞག་ལྔ་རུ།། བསྙེན་པ་བྱས་ཏེ་དྲུག་པ་ལ།། གདུང་ནི་འབྱུང་སྟེ་བདུན་པ་ལ ་ཆ་ཚ་རབ་ཏུ་གནས་པར་བྱ། ། དང་པོར་རོ་སྲེག་དུས་སུ་ཡང་།། ཤི་བ་དང་པོ་ནས་བཟུང་སྟེ།། ཞག་ལྔ་རོ་ཡི་བསྙེན་པ་སྟེ།། དྲུག་པ་རོ་ཡི་སྟ་གོན་ནོ།། བདུན་པ་དུར་ཁྲོད་རབ་ཏུ་གནས། ་དང་པོར་སྣང་བ་གཉིས་པོར་རོ།། གསུམ་པ་རུས་པ་མྱ་ངན་འདུས།། མྱ་ངན་འདས་པ་རྣམ་པ་གསུམ།། གཞན་ལ་མེད་ཅིང་རང་ལ་མེད།། དམན་ལ་མེད་ཅིང་དེ་རྗེས་མེད། ་ཐབས་སུམ་གསུངས་ཤེས་རབ་ཀྱི།། རྩཝ་རྒྱུད་བཤད་རྒྱུད་ཕྱི་མ་དང་།། ཕྱི་མའི་ཕྱི་མར་མ་གསུངས་པའོ།། མྱ་ངན་འདས་པ་རྣམ་པ་གསུམ།། བདུད་རྩི་སྒྲོན་མར་ལི་ཡི།། རྒྱུད་དུ ་ཁྱོད་ལ་འ་ཡིས་བཤད། ། དེ་ནས་ས་ཚའི་རིམ་པ་ཡང་།། སྡང་བརྒྱལ་པོ་ལ་སོགས་ལོ།། མཐུན་པའི་གཏམ་གྱིས་ས་སོགས་བསྲང་།། མི་སྔངས་བདག་ལ་སོགས་ལ།། གཏིར་མམ ་ཡིས་ས་སོགས་བསྲུང་། ། དེ་ནས་སྤྱད་པ་རྣམ་ལྔ་ཡང་།། ཕན་པ་རྡོ་རྗེ་ཅན་དང་ཡང་།། གཟི་བརྗིད་གར་དང་རྡོ་རྗེ་རྒྱལ།། སྲད་བུས་ས་གཟུངས་སྦྱང་སོགས། ་ཆོ་ག་གཞན་དང་མཐུན་པར་བྱ།། དུར་ཁྲོད་གནས་སུ་རྩ་བ་ཡི།། དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱ།། ལྷ་གྲངས་དུ་ཡོད་གཏོར་མར་གཏང་།། སྦྱིན་སྲེག་དག་གིས་ཞི་བྱས་ཏེ། ་གཅིག་གམ་ལྔ་འམ་བདུན་ནམ་ནི།། ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད།། ཅི་ནུས་པར་ནི་གདབ་པར་བྱ།། དུས་ནི་མཚན་མོ་ཞེས་པ་སྟེ།། དང་པོ་ལ་ནི་དཀྱིལ་འཁོར་གྱི།། ཕྱག་རྒྱ་ཆེན་པོ ་རྫོགས་པ་སྟེ། ། གསུམ་པ་བཞི་པ་གཉིས་པ་དག། ཆོས་ཀྱི་སྐུ་ཡི་གཟུགས་བརྙན་གདབ།། བུམ་དབང་ས་ལ་གདབ་པ་སྟེ།། གསང་དབང་ས་དང་ཆུ་ལ་གདབ།། གསུམ་པ་མ་དང་རླུང ་ལ་གདབ། ། བཞི་པ་ནམ་མཁར་གསུངས་པའོ།། དང་པོ་འཕོ་བས་མ་ལྷུང་ལ།། གཉིས་པ་རོ་བསྲེག་མ་ལྷུང་བའོ།། གསུམ་པ་ཚ་ཚས་མ་ལྷུང་ན།། འཆི་བ་སླུ་བའི་དམ་པ་སྟེ། ་སྲིད་པའི་འཆིང་བ་ལས་གྲོལ་ངེས།། དམན་པའི་འཕོ་བ་ལ་སོགས་པས།། ལྟུང་ཞིང་འཆི་བ་ཁོ་ནར་ངེས།། དེ་བས་སྲིད་ལས་གྲོལ་འདོད་པས།། བླ་མ་དམ་པ་རབ་མཉེས་ཏེ།། འཕོ ་པབ་ལ་སོགས་གདམ་ངག་བླང་། ། རྒྱུད་འདི་གཏད་ཀྱིས་ལེགས་པར་ཟུང་།། དེའི་ཚེ་འཇིག་རྟེན་གྱི་ཁམས་ཀྱིས་ཆེན་པོ་ཡང་གཡོས་པར་གྱུར་ཏོ།། མཆོད་པ་སྣ་ཚོགས་པའི་ཆར་ཡང་བབ་བོ།། ་དཔའ་བོ་དང་། མཁའ་འགྲོ་མ་དང་། དུར་ཁྲོད་ན་གནུས་པའི་རོ་ལངས་ཆེན་པོ་ཐམས་ཅད་རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རང་བར་གྱུར་ཏོ།། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ་དེ་ནས་སྔགས་ཆེན་བཤད་པ་ན། ། རྡོ་རྗེ་སྐྱེ་བའི་སྙིང་རྗེ་ཆེ།། འཇིགས་ཤིང་སྐྲག་པར་གྱུར་ནས་ནི།། རྡོ་རྗེའི་དངོས་གྲུབ་རབ་ཏུ་སྩོལ།། དེ་ནས་བཅོམ་ལྡན་འདས་རྡོརྗེ ་ཆོས་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟ་མགྲིན་གྱི་སྔགས་འདི་གསུང་པ། ཨོཾ་བཛྲ་དྷརྨྨ་ས་མ་ཡ་སྟྭཾ། ཧུ་ལུ་ཧུ་ལུ་ཨོཾ་ཨཱ་རོ་ལི་ཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ ་ན། རྡོ་རྗེ་ཆོས་ནི་གྲགས་ཆེན་པོ།། འཇིགས་ཤིང་སྐྲག་པར་གྱུར་ནས་ནི།། ཆོས་ཀྱི་དངོས་གྲུབ་རབ་ཏུ་སྩོལ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ཕན་པའི་སྔགས་འདི་གསུངས་པ། ཨོཾ་སཱ་ཤྭ་ཏཾ་པ་ར་མ་སཱ་ཤྭ་ཏ་ཨེ་ཧྱེ་ཧི་ཛི་ན་ཛི་ཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས།། སངས་རྒྱས་ཀུན་དང་དེ་བཞིན་གཤེགས། ་བརྒྱལ་ཞིང་འཇིགས་པར་གྱུར་ནས་ནི།། དེ་ནས་སངས་རྒྱས་དངོས་གྲུབ་སྩོལ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་ཉི་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་གཟི ་བརྗོད་ཀྱི་སྔགས་འདི་གསུངས་པ། ཨོཾ་བཛྲ་སཨཱརྱ་ཏ་མོ་བི་དྷ་མ་ན་མ་ཧཱ་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས།། རྡོ་རྗེ་གཟི་བརྗིད་འོང་པོ་ཆེ།། འཇིགས་ཤིང་བརྒྱས ་བར་གྱུར་ནས་ནི། ། ཉི་མའི་དངོས་གྲུབ་རབ་ཏུ་སྩོལ།། དེ་ནས་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། རྟ་མཆོག་རྡོ་རྗེའི་སྔགས་འདི་གསུངས་སོ།། ཕུ ་ཕུཿཕུཿཧི་ཧི་ཧི། པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས།། རྡོ་རྗེ་དོན་ཡོད་རིགས་བྱུང་བ།། འཇིགས་ཤིང་བརྒྱལ་བར་གྱུར་ནས་ནི།། དེ་རྣམས་དོན་ཡོད་དངོས་གྲུབ་སྩོལ། ་སངས་རྒྱས་དཀྱིལ་འཁོར་དེ་ཉིད་དེ།། རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས།། རྡོ་རྗེ་ཆོས་ཀྱི་པདྨ་འདྲ།། ཉི་མའི་ཡིད་བཞིན་ནོར་བུ་སྦྱིན།། རྟ་མཆོག་ཅེས་བྱ་དེ་ཡི་ནི།། ཐམས་ཅད་དུ་ནི་གྲུ་གསུམ ་མོ། ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ།། ཕན་པའི་ཕྱག་རྒྱ་ཉིད་དང་ནི།། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ།། རིན་ཆེན་ཏོག་གི་འོད་བྱེད་མ།། དོན་ཡོད་གྲུབ་པའི་ཕྱག་རྒྱ་རེ།། རུས་པའི་རྒྱན་གྱིས ་བརྒྱན་པར་ལྡན། ། སྟག་གི་པགས་པ་བསྣམས་པ་དང་།། དབུ་སྐྲ་ཐོད་པ་ཕྱེད་པ་སྟེ།། མཆོད་པར་བརྩོན་པའི་སེམས་དཔའ་ཡིས།། ཆགས་པ་མིག་དམར་མཐོང་ནས་ནི།། ཕྱག་རྒྱ ་ཆེན་པོའི་སྦྱོར་བ་ལས། ། ཆགས་པའི་སྦྱོར་བས་བསྒོམ་པར་བྱ།། ལས་སྣ་ཚོགས་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས།། སྤྱོད་པའི་མཚན ་ཉིད་བཤད་པར་བྱ། ། རྡོ་རྗེ་སྤྱོད་པའི་སྦྱོར་བ་ཡིས།། རྡོ་རྗེ་ཕྱག་རྒྱ་ཡང་དག་བརྩམ།། མེ་ཏོག་འབྲས་སོགས་ཀྱིས་བརྒྱན་པ།། ནགས་ཆེན་པོ་ཡི་མཐའ་ཉིད་དུ།། སེམས་དཔའ་ཆེན་པོ་འགྲོ་བར་བྱ།། ནག་ཚལ་དུ་ནི་སློང་མོ་རྒྱུ།། ་ཟས་ནི་བཟང་པོས་བརྒྱན་པ་ཉིད།། དེ་རྣམས་འཇིགས་ཤིང་སྐྲག་ནས་སྟེར།། ནགས་ཚལ་བདག་པོའི་རིགས་ཀུན་ནི།། རྡོ་རྗེ་ཅན་ནི་འཁོར་དུ་འགྱུར།། སྐྱེས་པ་དང་ནི་སྐྱེ་བ་ཀུན།། སྐྱེ་བོ་གང ་