CLOSE WINDOW

S343: 'bum phrag gsum pa las 'byung ba'i sgyu 'phrul dra ba chen mo ral pa gyen du brdzes pa'i rgyud las sgyu ma chen mo zhes bya ba
Wyliee-texts produced with BDRC’s OCR application

སྟོང་ཉིད་ཤིན་ཏུ་རྣམ་པར་བསྒོམ།། ལེགས་སོ་ཞེས་ནི་བྱ་བ་བྱིན།། རྒྱུད་རྫོགས་པ་ཡི་སྦྱོར་བ་ལས།། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ།། བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན། ་བར་འབྱུང་བ་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཀ་རའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ་། དེ་ནས་ཡང་དག་བཤད་བྱ་སྟེ།། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། ་སྙིང་ཁ་ནས་སྤྲོས་པས་རྨི་ལམ་ལྟ་བུའི་ལུས་དང་ལོངས་སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། འདིར་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟ་སྟེ། ས་བོན་དེ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང ་དུ་ཕྱོགས་ཤིང་གྱེན་དུ་གཟིགས་པ། ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པའི་འཕྲེང་བ་དང་མེ་ཏོག་གི་འཕྲེང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ།། ཞབས་གཡས་པའི་རྟིང ་པ་ལ་རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ། རྒྱན་ཐམས་ཅད་སྤངས་པ་མོ། རིག་པ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་ཅན་མ། མནྡ་ར་བ་དང་། མྱ་ངན་མེད་པ་དང་། ཡོད ་འདུ་རྣམས་སྐྱེས་པར་གྱུར་པའི་རིན་པོ་ཆེ་བརྩེགས་པའི་ཁང་པར་རབ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ། ། ཨོཾ་བཾ་རྡོ་རྗེ་ཕག་མོའོ།། ཧཱ་ཡོཾ་སྔོན་མོ་གཤིན་རྗེ་མའོ།། ཧྲིཾ་མོཾ་རྨོངས་བྱེད་མའོ།། ཧྲེཾ་ཧཱུ~ཾ་ཀུན ་ཏུ་བ་སྤྱོད་མའོ། ། ཧཱུཾ་ཧཱུཾ་ཀུན་ཏུ་སྐྲག་བྱེད་མའོ།། ཕཊ་ཕཊ་གཏུམ་མོ་ཡན་ལག་ཐམས་ཅད་ལ་མཚན་མའོ།། ལྟེ་བ་དང་། རྙིང་ཁ་དང་། དེ་བཞིན་དུ་ཁ་དང་། མགོ་བོ་དང་། སྤྱི་བོ་སྟེ་འདི་མཚོན་བྱའོ།། རྣལ་འབྱོར། ་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔར་བཤད་དོ།། རྡོ་རྗེ་མཁའ་འགྲོ་མའི་གོ་ཆ་བགོས་ལ་རང་བཞིན་གྱིས་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ།། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷྱ་ཨཱ་ཀནྡྷ་པྲ་བེ་ཥོ་ཡ་ཏེ་ཥ་ཡ། སརྦ ་ཌཱ་ཀི་ནི་ནཾ་ཧྲྀ་ད་ཡཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་པྲ་ཏཱིཙྪེ་མ་བ་ལིཾ་ཧཱུཾ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནི་ཡེ་པྲ་ཏཱིཙྪེ་མཾ་བ་ལི་ཧཱུཾ་ཧཱུཾ། ཨོཾ་རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཏྲ། ཨོཾ་པདྨཱ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བཾ་ལི་ཧཱུཾ་ཧྲིཿོཾ་བི་ཤཱ་ཌཱ་ཀི་ནཱི་པྲ་ཏཱི ་ཙཱི་མ་བ་ལིཾ་ཧཱུཾ་ཨ། ཨོཾ་སརྦ་ཡོ་གཱི་ནི་པྲ་ཏཱིཙྪ་པཾ་བ་ལི་ཧཱུཾ་ཧཱུཾ། ཧ་ཧ་ཧི་ཧཱི་བཛྲ་ཛཿཧཱུཾ་བཾ་ཧ~ཾ། ཨོཾ་བཛྲ་ཡཽ་ག་ནཱ~ཾ་ས་མ་ཡཾ། སྭ་དྲི་ཤྱ་རཀྵ་རཀྵ་ཧོཿ། རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛ་ཡ་སེ་ནཱའི་ཞབས་དང་། ལོ་ཙ་བ་བཙུན་པ་དྷརྨ་ཡོན་ཏན་གྱིས་བསྒྱུར་བའོ།། རྒྱ་གར ་སྐད་དུ། སཾ་པུཿནཱ་མ་མཧཱ་ཏནྟ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔ ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང ་