CLOSE WINDOW

S323: byang chub dam pa'i rjes su mos pa'i smon lam
Wyliee-texts produced with BDRC’s OCR application

བོད་སྐད་དུ། བྱང་ཆུབ་དམ་པའི་རྗེས་སུ་མོས་པའི་སྨོན་ལམ།། ཕྱོགས་བཅུའི་འཇིག་རྟེན་ཁམས་ན་དུས་གསུམ་གྱི།། ཡེ་ཤེས་ཡོན་ཏན་ཐུགས་རྗེ་ཚད ་མེད་ཅིང་། ། དཔག་མེད་ལྔ་ཕུང་རྫོགས་ཏེ་བླ་མེད་པས།། བདུད་ཀྱི་སྡེ་བཅོམ་ལེགས་པ་དྲུག་དང་ལྡན།། མཁྱེན་པས་ཇི་བཞིན་གསུང་བཞིན་དེ་བཞིན་གཤེགས།། ཉོན་མོངས་དགྲ་བཅོམ་སྐྱེ་དགུས་མཆོད་པར ་འོས། ། ཡང་དག་རྫོགས་པར་སངས་རྒྱས་ཐམས་ཅད་མཁྱེན།། རིག་པའི་བློ་གས་ལ་ཁྱད་པར་ཞབས་དང་བཅས།། བཟོད་མཆོག་གནས་སུ་བདེ་གཤེགས་ལེགས་པ་བརྙེས། ་འཇིག་རྟེན་འདི་དག་དངོས་པོ་ཇི་བཞིན་གཟིགས།། སྐྱེས་བུ་ཅིས་འདུལ་ཐབས་ཀྱིས་ཁ་ལོ་སྒྱུར།། སྲིད་པའི་མཐར་ཕྱིན་ལྷ་མི་སྟོན་པའི་གཙོ།། སྐུ་གསུམ་ལྷུན་གྱིས་གྲུབ་པའི་སངས་རྒྱས་འདི།། ་གཞལ་ཡས་ཚོགས་ཀྱི་ཡོན་ཏན་མཆོག་བརྙེས་ནས།། དོན་དམ་དབྱིངས་ལ་མངའ་མཛད་ཆོས་ཀྱི་རྗེ།། སྲིད་གསུམ་རྨོངས་ལས་འཁོར་བའི་སྐྱོན་སེལ་ཕྱིར།། དབང་གྱུར་གཞན་གྱིས་རྙེད་མིན་ཐོས་པར་དཀའ། ་དཀའ་ལས་རྙེད་པ་བླ་མེད་དཀོན་མཆོག་སྟེ།། དེ་བས་སངས་རྒྱས་མཆོག་ལ་བདག་ཕྱག་འཚལ།། དགོངས་པ་ལྷད་མེ་སྙིང་པོ་ཨ་དོ་ཡི་སྡེ།། བཀྲི་བའི་དོན་ཕྱིར་ཚིག་བཟང་དབྱངས་ཀྱིས་བསྙད།། སྤྲོ་བ ་བསྐྱེད་ཅེས་ལུང་བསྟན་འཕགས་པའི་གསུང་། ། དོན་གསལ་བསླབ་བདེར་འདྲ་བ་སྡེབས་ཚིགས་སུ་བཅད།། ཡུལ་གྱི་དགོངས་པ་གཟིགས་ཏེ་ཆེད་དུ་གཟིགས།། གླེང་གཞིས་རྒྱུས་བྱས་བསླབ་པའི་དབྱིབས ་རྣམས་བསྟན། ། བཤད་པ་གོ་སླ་དཔེས་མཚོན་རྟོགས་པས་བརྗོད།། ཡོན་ཏན་མཆོག་དང་ཉེས་པའི་སྐྱོན་བསྟན་ཕྱིར།། སྔོན་བྱུང་གཏམ་དང་ཐུབ་པས་མཛད་པའི་རབས།། རྒྱས་པར་གསུང་དང་མཁྱེན ་པས་ཆོ་འཕྲུལ་རྨད། ། ཇི་བཞིན་གཏན་ལ་ཕབ་ཅིང་བསྟན་པའི་སྡེ།། རྣམ་གྲོལ་ཁྱད་པར་བསྒྲུབས་པ་ལམ་གྱི་ཆོས།། མི་ལོ་ཞི་བ་དག་པ་དོན་དམ་དབྱིངས།། བསྟན་པས་ཚང་མར་བསྒྲུབས་པའི་ཆོས ་ཉིད་འདི། ། རབ་མོ་བརྟག་དཀའ་ཐུབ་པས་ཆེད་དུ་གསུང་།། སྒྲིབ་སེལ་ཡང་དག་དོན་ཤེས་ཆགས་མེད་བློས།། བླ་མེད་གནས་སུ་འདེགས་པའི་ཐེག་ཆེན་ཕྱིར།། ཤེས་རློམ་གཞན་གྱི་གཞུང་ལ་ཡོད་མི་སྲིད། ་མི་སྲིད་ཡོད་པ་བླ་མེད་དཀོན་མཆོག་སྟེ།། དེ་བས་ཆོས་ཉིད་མཆོག་ལ་བདག་ཕྱག་འཚལ།། སྟོན་པ་མཆོག་གི་གསུང་ལས་སྐྱེས་པ་སྐྱེ།། མ་སྐྱེས་ཆོས་ཉིད་སྟོན་པའི་ཡེ་ཤེས་ཟབ།། བཟང་པོར་སྤྱོད་ལ ་བརྩོན་པའི་ཡོན་ཏན་ཆེ། ། གཉིས་མིན་བྱེར་མེད་མཐོང་ཞེས་མ་ཆགས་བློ།། གཞན་དོན་གཙོ་བོར་བསྒྲུབ་ཅེས་སྙིང་རྗེའི་བདག། འཕོངས་ལ་ཡིད་བཞིན་གཏོང་བའི་རིན་ཆེན་གཏེར།། སྡུག་བསྔལ་ན་དེ་རྣམས ་གསོ་བའི་སྨན་པ་མཆོག། རྒྱལ་སྲས་གཙོ་བོ་བྱང་ཆུབ་སེམས་དཔའ་དང་།། ཤེས་རབ་གསུམ་གྱི་བདེན་པའི་ཕྱོགས་བསྒོམས་ཏེ།། བདེན་མཐོང་རིམས་ཀྱིས་ཉོན་མོངས་མཐར་སྤངས་ནས།། མྱ་ངན ་འདས་པའི་དབྱིངས་ལ་གནས་པའི་ཕྱིར། ། རྟོགས་པའི་ཡེ་ཤེས་འཇིག་རྟེན་གསུམ་ལས་འདས།། དབང་པོ་རབ་ཞི་དུལ་བའི་སྤྱོད་ལམ་མཛེས།། ལུས་དང་ངག་ཡིད་སྐྱོན་མེད་རྣམ་དག་ཅེས།། ལྷ་མིན ་ཡོན་ཏན་ཁྱད་དུ་མི་འཁོར་བའི། ། སློབ་དང་མི་སློབ་འཕགས་པའི་གང་ཟག་བརྒྱད།། བླ་མའི་ཁྱད་པར་མཐོང་མཐུ་གཞན་དག་ཀྱང་།། དམ་པའི་ས་ལ་འཇུག་པ་སྤྲོ་བ་ཆེ།། དད་མོས་དགེ་བས་འཚེ་བའི་དཀའ ་ཐུབ་ཅན། ། སོ་སོར་ཐར་པའི་སྡོམ་ལ་ཚུལ་བཞིན་གནས།། བློ་ཟབ་གྲོལ་གནས་ཚུལ་ཆེན་དགེ་འདུན་འདི།། ཤེས་གསལ་དགེ་བས་བསྒྲུབ་པའི་སྤྱོད་པ་ཟབ།། དད་མོས་བཏུལ་བར་ཞུགས་པའི་དཀའ་ཐུབ་བརྟན།། ། ་ཡོན་ཏན་འབྱུང་བའི་གནས་ཞེས་འདུས་པའི་མཆོག། རྣམ་དག་སྤྱོད་པས་བདག་གཞན་དོན་བསྒྲུབ་ཕྱིར།། སྒྲུབ་བྱེད་གཞན་གྱི་ཚུལ་གྱིས་འདི་མ་བསྙད།། བསྙད་མིན་ངེས་པར་འཕགྲ། ་པའི་དཀོན་མཆོག་སྟེ།། དེ་བས་དགེ་འདུན་མཆོག་ལ་བདག་ཕྱག་འཚལ།། བསོད་ནམས་གཏེར་ཆེན་ལེགས་པ་བསམ་ཡས་ཀྱང་།། རྣམ་དག་སེམས་ཀྱིས་དང་དེ་འོལ་ཕྱོགས་སུ།། བསྟོད་པའི་ཆ ་ཙམ་བརྗེད་ཅིང་ཕྱག་འཚལ་ནས། ། འདུས་མ་བྱས་པའི་མཆོད་པ་རྣམ་དག་པས།། མ་བྱུང་མ་སྐྱེས་སྟོང་པའི་མཚན་ཉིད་དེ།། གཉིས་མིན་དབྱེར་མེད་རང་རིག་སྙོམས་པའི་ཡུལ།། ཆོས་ཀྱི་ངོ་བོ་ཉིད་དང་རབ ་འབྲེལ་ཅིང་། ། མཚན་མ་མེད་པའི་སྟོབས་ཀྱིས་གྲུབ་པ་ཡི།། ཡེ་ཤེས་མཉམ་པ་ཉིད་ཀྱི་ལོངས་སྤྱོད་ཀྱང་།། ཐོས་པའི་རྗེས་ཙམ་ཡིད་ཀྱིས་དེར་མོས་ཏེ།། ཡང་དག་ཉིད་ཀྱི་སྙིང་པོ་དག་པས་མཆོད།། བྱང ་ཆུབ་དམ་པའི་སྤྱོད་པ་དཔག་ཡས་པས། ། ཉོན་མོངས་མ་འདྲེས་འཇིག་རྟེན་གསུམ་ལ་འདྲེན།། རིན་ཆེན་དབྱིབས་བཀོད་རྣམ་པར་དག་པའི་ཞིང་།། འབྱོར་པ་ཚད་མེད་ལྷུན་གྱིས་གྲུབ་པའི་རྫས།། ཀུན་ཏུ་བཟང ་བ་སྤྱོད་པས་ཐོབ་པ་ཡི། ། བསོད་ནམས་ཁྱད་པར་ཅན་གྱི་ལོངས་སྤྱོད་ཀྱང་།། དད་པའི་ཤུགས་ཀྱིས་ཡང་དག་འདིར་དམིགས་ཏེ།། ཚད་མེད་ཡི་དེ་བཞིན་ཕུན་སུམ་ཚོགས་པས་མཆོད།། འཇིག་རྟེན་དགེ་བའི ་མཆོད་པ་མངོན་སུམ་པ། ། མེ་ཏོག་བྱུག་པ་ཕྱེ་མ་སྤོས་ཆུས་མཆོད།། དྲི་བསུང་མར་མེ་རོལ་མོ་སིལ་སྙན་དང་།། རྒྱལ་མཚན་བ་དན་འཕྲེང་བ་བླ་རེ་གདུགས།། རྒྱན་དངན་བཟའ་གདིང་བ་རིན་ཆེན་དཀོར།། སྨན ་དང་ཞལ་ཟས་ཡོ་བྱད་མི་ཟད་པས། ། མཛེས་པར་བརྒྱན་པའི་གནས་དང་ས་གཞིར་བཅས།། སྐྱེ་བོ་བཞོན་པ་ཁྱུ་མཆོག་རྐང་གཉིས་ལྡན།། ལེགས་པར་སྤྱད་པའི་ཚོགས་ཀྱིས་བསྐྱེད་པ་ཡི།། བདེ་འགྲོ་སྐྱོང ་པས་འཚེ་བའི་ལོངས་སྤྱོད་ཀྱང་། ། གུས་པའི་ཚུལ་གྱིས་མངོན་སུམ་འདིར་དམིགས་ཏེ།། དགོས་པ་སྣ་ཚོགས་མི་ཡུལ་འབྱོར་པས་མཆོད།། མཆོད་གནས་གསུམ་ལ་འོས་པས་མཆོད་བགྱིས་ཏེ།། སྙིང ་རྗེ་བྱམས་ལྡན་ཆགས་མེད་སྙོམས་པའི་བློས། ། སྦྱིན་པར་འོས་དང་འཕོངས་དང་མངོན་སུམ་གྱི།། འབྲེལ་བའི་སེམས་ཅན་ཀུན་ལ་སྦྱིན་པ་བསྟབས།། དངོས་པོ་ཆུང་ལང་དམིགས་པ་ཆེར་བསྐྱེད་དེ།། གུས ་པའི་ཚུལ་གྱིས་ཡང་དག་མཆོད་བགྱིས་ནས། ། བརྩེ་ལྡན་མགོན་མེད་སྐྱབས་ཀྱི་མངོན་སུམ་དུ།། སྔོན་གྱི་ཉེས་པ་མ་ལུས་བཤགས་པ་ནི།། ཐོག་མ་མེད་པའི་སྲིད་པ་ཇི་ཙམ་ནས།། དངོས་མེད་དངོས་པོར ་བརྟགས་པས་ཡིད་བསླད་དེ། ། མ་ནོར་བདེ་བ་རྣམས་ཀྱི་ལམ་མ་མཐོང་།། དཀོན་མཆོག་གསུམ་གྱི་ཡོན་ཏན་ཚུལ་མ་ཤེས།། རྒྱུ་དང་འབྲས་བུར་མ་རྟོགས་དོན་ནོར་ཏེ།། ལུས་ཀྱི་སྤྱོད་པ་མ་དག་སྡིག་ཏོ་གྱིས།། ་ངག་གིས་ཚིག་འཚལ་སྨྲས་པས་ངན་དུ་བརྗོད།། སེམས་ཀྱིས་བློ་ནོར་ལོག་པར་བསམས་པ་ཡིས།། བདེ་འགྲོ་མཐོ་རིགནས་དང་སྐྱེ་གཞན་གྱི།། ལས་ངན་སྡིག་པ་མི་འཆབ་འདིར་བཤགས་སོ།། ཡང་དག་རིག། ་པའི་སྐལ་དང་ལྡན་བཞིན་དུ།། དགེ་བའི་བཤེས་གཉེན་རིང་དུ་བྲལ་གྱུར་ཏེ།། སྡིག་པའི་གྲོགས་ཀྱིས་རྟག་ཏུ་ཉེར་བསྟན་པས།། ལེ་ལོ་རང་ཉམ་དབང་དུ་བདག་སྤྱོད་ཅིང་།། འདོད་པའི་ཡོན་ཏན་ལྔ་ལ་གཡེངས་པས་ན།། ་མགུས་ཉན་སེམས་བསྒོམ་ལ་བརྩོན་ཞན་ཏེ།། བླ་མེད་དམ་པའི་ལམ་ལ་སྒྲིབ་པ་ཡིས།། ནན་ཏན་ཉམས་པ་མི་འཆབ་འདིར་བཤགས་སོ།། མཚན་མ་མང་པོས་རིག་པའི་བློ་གཡེངས ་ནས། དངོས་མེད་དངོས་པོར་རྟོག་ཅིང་གཉིས་ལ་འཇུག། དོན་དམ་ཡང་དག་མཐའ་ལ་བློ་ཞན་ཏེ།། མི་གནས་དབྱིངས་ལ་ཡེ་ཤེས་རྨུགས་པས་ན།། འཁོར་བའི་སྐྱོན་མཐོང་སྡུག་བསྔལ་མི་བཟད་ཅེས།། ་གཞན་དོན་གཙོ་བོར་བསྒྲུབ་ལ་གཡེལ་གྱུར་པས།། བླ་མེད་སངས་རྒྱས་ས་ལ་སྒྲིབ་པ་ཡི།། ཤེས་རབ་ཞན་པའི་མི་འཆབ་འདིར་བཤགས་སོ།། ཇི་ལྟར་སངས་རྒྱས་རྐང་གཉིས་གཙེར་འགྱུར་ལྟར།། ཐོག ་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ། ཕ་རོལ་ཕྱིན་བཅུ་རྣམ་པར་རྫོགས་མཛད་ཅིང་།། བསོད་ནམས་ཡེ་ཤེས་དཔག་ཏུ་མེད་པར་བསྒྲུབས།། མ་འདྲེས་སྟོབས་བཅུ་མི་འཇིགས་བཞི་བརྙེས་ནས། ་མངོན་པར་བྱང་ཆུབ་བདུད་ཀྱི་སྡེ་རྣམས་བཏུལ།། ཆོས་ཀྱི་འཁོར་ལོ་གསུང་གི་ཚུལ་བཞིན་བསྐོར།། མཐའ་གཉིས་སྤང་ཕྱིར་མི་གནས་མྱ་ངན་འདས།། བཅས་པ་མེད་བཞིན་ཕུན་སུམ་ཚོགས་ལ་སོགས ་བླ་མེད་སངས་རྒྱས་ཡོན་ཏན་དཔག་ཡས་ཀྱིས། ། རྒྱུ་དང་འབྲས་བུ་ལེགས་པ་ཇི་སྙེད་པ།། དེ་དག་ཡོངས་ལ་རྗེས་སུ་ཡི་རང་ངོ་།། བླ་མ་མཆོད་བྱེད་ཐོས་པས་མི་ངོམས་ཤིང་།། ཤེས་རབ་གསལ་བསམ ་སྐྱེས་ཆོས་ཉིད་མཐོང་། ། མཐའ་ལ་མི་གནས་སྡུག་བསྔལ་བཟོད་བྱ་སྟེ།། བརྩེར་ལྡན་སྙོམས་པས་འགྲོ་བའི་སྐྱབས་ལ་བརྩོན།། ས་དང་ཕ་རོལ་ཕྱིན་བཅུ་རྫོགས་མཛད་ཅིང་།། བསོད་ནམས་ཡེ་ཤེས ་དཔག་ཏུ་མེད་པ་བསྒྲུབས། ། བླ་མེད་དམ་པའི་ལམ་ལ་སྤྲོ་བ་ཆེ།། རྒྱལ་བའི་གདུང་འཚོ་བ་བྱང་ཆུབ་སེམས་དཔའ་དང་།། བློ་ཞིབ་གསལ་བས་རྟེན་འབྲེལ་རྒྱུད་བསྒོམས་ཏེ།། བསྐལ་པ་བརྒྱ་སྙེད་ཡོན་ཏན་ཚོགས ་བསགས་པའི། ། ཆོ་འཕྲུལ་སྤྱོད་ལམ་ཚུལ་གྱིས་སྒྲོལ་བྱེད་ཅིང་།། མ་བསྟན་རྐྱེན་ལས་རིག་པའི་ང་རྒྱལ་དང་།། དད་ཕྱིར་བླ་མའི་ལུང་བསྒྲུབས་ཐོས་འཛིན་ཅེས།། གང་ཟག་ཆོས་དང་དངོས་པོས་རྣམ་བརྟགས ་པས། ། འཁོར་བའི་ཟུག་རྔུ་སྐྱོན་དག་སྤང་རིགས་ལ།། མྱ་ངན་འདས་པའི་གནས་མཆོག་བགྲོད་འོས་ཞེས།། ཤེས་རབ་ཏིང་འཛིན་བློས་དཔྱང་རབ་བསྒྲུབས་པས།། སྡུག་བསྔལ་ཇི་བཞིན་བརྟགས་ཏེ་ཀུན ་འབྱུང་སྤངས། ། འགོག་པའི་ལེགས་པ་མཐོང་སྟེ་ལམ་རྣམས་བསྒོམས།། དེ་ཚུལ་གོམས་བྱས་བདེན་མཐོང་ཁྱད་པར་ལམ།། མཐོང་དང་བསྒོམས་པའི་ལེགས་པ་མི་བཞིན་དུ།། འཁོར་བའི་ཟུག་རྔུ་སྐྱོན ་དག་ཡང་རིག་ལ། ། མྱ་ངན་འདས་པའི་བདེ་གནས་རབ་བསྒྲུབས་པས།། དགྲ་བཅོམ་ལ་སོགས་སྐྱེས་བུ་ཆེན་པོ་བརྒྱད།། བྱང་ཆུབ་ཉན་ཐོས་རང་རྒྱལ་འཕགས་པའི་རྣམས།། ཡོན་ཏན་སྣ་ཚོགས་བརྗོད་པར ་དཀའ་བ་ཡི། ། རྒྱུ་དང་འབྲས་བུ་ལེགས་པར་ཇི་སྙེད་པ།། དེ་དག་ཡོངས་ལ་རྗེས་སུ་ཡི་རང་ངོ་།། སོ་སོའི་སྐྱེ་བོ་དགེ་སྦྱོང་ཇི་སྙེད་པ།། དགེ་བཅུ་སྤྲད་པའི་ཚུལ་བཞིན་ནན་ཏན་གྱིས།། མཐོ་རིས་གནས་དང ་དཔགས་པའི་ས་བསྒྲུབས་པས། ། རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་ལ་སོགས།། འཇིག་རྟེན་དགེ་བའི་སྐྱེ་བོ་གྲངས་མེད་ཀྱིས།། ཡོན་ཏན་སྣ་ཚོགས་བརྗོད་པར་དཀའ་བ་ཡིན།། རྒྱུ་དང་འབྲས་བུ་ལེགས་པ་ཇི་སྙེད་པ ་དེ་དག་ཡོངས་ལ་རྗེས་སུ་ཡི་རང་ངོ་། ། ནམ་མཁའི་དབྱིངས་འདྲ་ཚད་བཟུང་དཀའ་བ་ཡི།། རྒྱུ་དང་འབྲས་བུ་མཆོག་ལ་ཡི་རང་ནས།། ལེགས་པའི་ཚོགས་ལ་རྗེས་སུ་རབ་མོས་ཏེ། ་དད་པས་སེམས་བསྐྱེད་ཡི་དམ་བཅས་པ་ནི།། ཇི་ལྟར་སངས་རྒྱས་དུས་གསུམ་གཤེགས་པ་ཡི།། སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ལ།། དད་དེ་ཚུལ་བཞིན་ཕྱག་འཚལ་མངོན་པར་བསྟོད།། ་རྣམ་དག་སེམས་ཀྱིས་དམ་པའི་རྒྱུ་བྱས་ནས།། གཞལ་ལས་ཚོགས་ཀྱི་དབྱིངས་ལ་ཁྱབ་པའི་སེམས།། འཇིག་རྟེན་རབ་འབྱམ་ཀུན་ལ་འཇུག་པའི་བློས།། སེམས་ཅན་ཡོངས་ལ་སྙོམས་པར་ཁྱབ་པའི ་ཡིད། བསོད་ནམས་དཔེ་མི་བསྒྲུབ་ཀྱི་འབྱུང་གནས་མཆོག། ཡེ་ཤེས་དཔག་ཡས་མངོན་སུམ་གྲུབ་པའི་རྒྱུས།། སྟོན་པ་རྡུལ་སྙེད་ཤིན་ཏུ་མཉེས་འགྱུར་ལྟར།། དེ་བཞིན་བདག་གིས་དམ་པའི་སེམས་བསྐྱེད ་དེ། ། དད་དང་སྙིང་རྗེ་བརྩོན་འགྲུས་རབ་བརྟུལ་ནས།། ཚུལ་ཁྲིམས་རྣམ་ངག་ཤེས་རབ་ཐོགས་མེད་བློས།། བཟང་པོ་སྤྱོད་པ་བསྒྲུབས་ཏེ་བསོད་ནམས་བསྐང་།། ཆོས་ཀྱི་དབྱིངས་དང་མཉམ་སྟེ་ཡེ་ཤེས་འཇུག། ་ནམ་མཁའི་ཚད་ཀྱིས་གཞལ་ཏེ་སེམས་ཅན་བསྒྲལ།། འཁོར་བའི་མཐས་གཏུགས་འཇིག་རྟེན་བསྐྱབས་ལ་སོགས།། བྱང་ཆུབ་ཆེན་པོར་བྱ་བར་རིགས་པ་དང་།། མ་ལུས་བདག་གིས་བྱ་བར་དམ་བཅའ་འོ།། ་བླ་མེད་སེམས་བསྐྱེད་དཔ་ག་ཡས་དམ་བཅས་ནས།། དགེ་བ་ཇི་སྙེད་མཆོག་ཏུ་བསྔོ་བ་ནི།། མཆོད་འོས་བསོད་ནམས་ཞིང་དག་མ་ལུས་ལ།། དད་དེ་མཆོད་ཅིང་ཕྱག་འཚལ་མངོན་པར་བསྟོད།། བརྩེར་ལྡན་མ ་ཆགས་སེམས་ཀྱིས་སྦྱིན་གསུམ་གཏོང་། ། སྡིག་བཤགས་ཡི་རང་སེམས་བསྐྱེད་དམ་བཅས་ནས།། དགེ་བ་ཇི་སྙེད་བྱང་ཆུབ་སྙིང་པོར་བསྔོ།། ཇི་སྙེད་ལེགས་པར་སྤྱོད་པ་སྡུད་པའི་རྐྱེན།། དགེ་བའི་རྩ་བ ་མ་ལུས་ཀུན་བསྔོས་ནས། ། རྩེ་གཅིག་སེམས་ཀྱིས་དམིགས་ཏེ་སྨོན་པ་ནི།། འདིར་སྤྲད་བརྗོད་པའི་བསོད་ནམས་འདི་ཉིད་ཀྱིས།། ལེགས་པར་ཁྱད་པར་གྲུབ་པའི་རྒྱུ་བྱས་ཏེ།། རྒྱལ་པོ་ས་བདག་ཆོས་ཀྱིས ་སྐྱོང་བ་དང་། ། བདག་ཅག་འཁོར་བཅས་འཐུན་སྤྱོད་མ་ལུས་ཀུན།། ད་ལྟར་གནས་པའི་ལུས་གནས་འདི་ལ་སོགས།། འཁོར་བའི་རྒྱུན་ན་ནམ་བདག་གནས་ཀྱི་ཚེ།། ཆོས་དང་ལུགས་ཀྱི་དོན་རྣམས་ཅི་ལ་ཡང ་སྐྱོན་དང་བར་ཆད་གཙོལ་བ་གནོད་མེད་ཅིང་། ། ལུས་དང་སེམས་བདེ་འབྱོར་པ་ཡིད་བཞིན་ཏེ།། སྙིང་རྗེ་བྱམས་པ་ས་གཞན་ལ་ཕན་བྱེད་ཅིང་།། མ་སྐྱེས་མ་གོས་ཚང་དུ་སྐྱེ་མིན་པའི།། ངན་སོང་གསུམ་དང ་སྨད་པའི་མི་ལུས་རྣམས། ། མཐོ་རིས་སྐྱོན་དང་བགེགས་ཀྱིས་ས་ལ་སོགས།། སྡུག་བསྔལ་གསུངས་པའི་གནས་རིགས་གང་དུ་ཡང་།། མི་སྐྱེ་མི་མྱོང་སྤྱོད་པར་མི་འགྱུར་ཞིང་།། སངས་རྒྱས་སྐུ་གསུང་རྒྱུན་དུ ་མཐོང་ཐོས་ཏེ། ། དད་ལས་ཚུལ་བཞིན་སྡོམ་ལས་རིག་པ་གསལ།། ཆོས་དང་ཟང་ཟིང་ཚེགས་ལྡན་མ་ཆགས་བློས།། བརྩེ་ཕྱིར་སྤྲིན་གསུམ་ལྷུར་བྱེད་པ་ན་འདོགས་ཤིང་།། མགོན་དང་སྐྱབས་མེད་རྟེན་དུ ་བདག་གྱུར་ཏེ། ། ལྷ་མིའི་ཚུལ་དུ་འཚོ་གཞན་ལས་ལེན།། བྱང་ཆུབ་དམ་པའི་ཐབས་དང་བློ་རྫོགས་ཏེ།། སྐུ་གསུམ་ལྷུན་གྱིས་གྲུབ་སྟེ་སངས་རྒྱས་ནས།། སྔོན་གྱི་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི།། སེམས ་བསྐྱེད་རྒྱ་ཆེན་སྨོན་ལམ་བཏབ་པའི་མཐུས། ། འཇིག་རྟེན་བདེ་བ་ཅན་གྱི་གནས་མཆོག་འདིར།། འབྱོར་པ་དཔག་ཡས་ཚད་མེད་ལོངས་སྤྱོད་ཅིང་།། འོད་འབར་སྐུ་མཆོག་མི་གཡོ་བཞུགས་ཞིང ་དུ། ། མཚན་ཙམ་ཐོས་པས་བདེ་གནས་ཐོབ་ལ་སོགས།། འཇིག་རྟེན་ཁྱད་པར་ཕན་དགུ་སྐྱབས་མཛད་པའི།། ཡེ་ཤེས་འོད་དཔག་མེད་པར་གྱུར་པ་བཞིན།། ཁམས་གསུམ་རྣམ་པར་གྲགས་པའི་དོན་གྲུང་སྟེ།། ་འགྲོ་བ་ཡོངས་ཀྱི་དཔལ་དུ་གྲུབ་པར་སྨོན།། དེ་བཞིན་རྒྱུད་དྲུག་ལམ་ལ་གནས་པ་ཡི།། ཉོན་མོངས་དབང་གྱུར་སེམས་ཅན་ཇི་སྙེད་ཀུན།། འཁོར་བའི་རིས་ན་སོ་སོའི་རྐྱེན་བཞིན་དུ།། གཙེ་མེད་ལུས་སེམས ་རྟག་ཏུ་བདེ་བཞིན་གནས། ། དགེ་བའི་བཤེས་གཉེན་མཆོག་ཏུ་བསྙེན་གྱུར་ཏེ།། ཆོས་ཉིད་དབྱིངས་ལ་རིག་པའི་བློ་རྫོགས་ཤིང་།། བྱང་ཆུབ་དམ་པའི་སེམས་བསྐྱེད་མཆོག་གྲུབ་སྟེ།། བདེ་གཤེགས་ཡང་དག ་ས་ལ་གནས་པར་སྨོན། ། ལུགས་བཞིན་དངོས་བདུན་བདག་གིས་འདིར་སྨྲས་པས།། སྐྱོན་མེད་རྩེ་གཅིག་དམ་པས་རབ་བསྟན་པའི།། བླ་མ་གསུང་གི་ཆ་ཙམ་འོལ་ཕྱོགས་སུ།། ནེ་ཙོ་ཇི་བཞིན་ཚིག་བཟླས ་བརྗོད་མོད་ཀྱིས། ། རྒྱལ་བའི་ཡོན་ཏན་ལ་སོགས་དཔག་ཡས་ལ།། བདག་འདྲའི་བློས་དཔགས་ཚིག་འདི་འཁྲུལ་སྲིད་ཀྱིས།། གང་ནོངས་བླ་མ་ཡོངས་ལ་བཟོད་པར་གསོལ།། བྱང་ཆུབ་དམ་པའི་རྗེས་སུ ་མོས་པའི་སྨོན་ལམ་རྫོགས་སོ། ། རྒྱ་གར་སྐད་དུ། ཨ་གྲ་ཙཨཱརྱ་པྲ་ནི་དྷ་ནཱན། བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམ། སངས་རྒྱས་དང་བྱང ་