CLOSE WINDOW

S313: 'jig rten gzhag pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུལོ་ཀ་པྲཱཛྙཱ་བ་ཏེ། བོད་སྐད་དུ།། ་འཇིག་རྟེན་བཞག་པ། བམཔོ་དང་པོ།། །། ཐམས་ཅད ་མཁྱེན་པ་ལ་ཕྱག་འཚལ་ལོ། ། ། སྡོམ་ལ། རི་རྣམས ་བྱ། ། དང་ནི་རྒྱ་མཚོ་དང་།། ངན་སོང་རྣམས་དང་གླིང་དང་ཤིང་།། ཀླུ་རྒྱལ ་དང་ནི་མཁའ་ལྡིང་དང་། ། རྒྱལ་ཆེན་འགྲོ་དང་འདུན་ས་རྣམས།། འདི་སྐད་བདག་གིས ་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བེ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཇིག་རྟེན་གྱི་ཁམས་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། སྟོང་སྤྱི་ཕུད་ཀྱི ་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ།། ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་ཙམ་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ན་ཉི་མ་རྣམ་པར་སྣང་བ་རྣམས་ཀུན་ཏུ་འཁོར་ཞིང ་ཕྱོགས་སྣང་བར་བྱེད་པའི་བར་ཡིན་ཏེ། ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ་འཛམ་བུ་གླིང་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་སྟོང་དང་། སུམ་ཅུ་རྩ་གསུམ ་པ་སྟོང་དང་། འཐབ་བྲལ་བ་སྟོང་དང་། དགའ་ལྡན་སྟོང་དང་། འཕྲུལ་དགའ་སྟོང་དང་། གཞན་འཕྲུལ་དབང་བྱེད་སྟོང་དང་། ཚངས ་པའི་འཇིག་རྟེན་སྟོང་སྟེ། དགེ་སློང་དག་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ལྟ་བུ་སྟོང་ལ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ལྟ་བུ་སྟོང་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཞེས་བྱའོ། ། དགེ་སློང་དག་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤར་ཕྱོགས་སུ་མཐའ་མེད་ཅིང་མུ་མེད་ལ། འཇིག ་པ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ་ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ། གཞན་འཆགས་ཤིང ་གཞན་ཆགས་པར་གནས་སོ། ། དགེ་སློང་དག་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་མཐའ་མེད་ཅིང་མུ་མེད་ལ། འཇིག་པ ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ་ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ཏེ། གཞན་འཆགས་ཤིང་གཞན་ཆགས་པར་གནས་སོ།། དགེ་སློང་དག་དཔེར་ན ་བར་སྣང་ལས་ཆར་པའི་འབྲུ་ཤིང་རྟའི་སྲོག་ཤིང་ཙམ་འབབ་སྟེ། ཆུའི་རྒྱུན་རྣམས་རབ་ཏུ་འབབ་པ་ན་མཚམས་སམ་བར་ཆད་མེད་པ་དེ་བཞིན་དུ། དགེ་སློང་དག་ངས་ལྷའི་མིག་རྣམ་པར་དག་པ་མིའི་ལས ་འདས་པས། ཤར་ཕྱོགས་སུ་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་མེད་ཅིང་མུ་མེད་ལ། འཇིག་པ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ་ཆགས་པར་གནས ་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས། གཞན་འཆགས་ཤིང་གཞན་ཆགས་པར་གནས་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་དེ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་རྣམས་མཐའ་མེད་ཅིང་མུ་མེད་ལ། འཇིག་པ་འམ་ཞིག་པར་གནས་ཤིང་། འཆགས་པ་འམ། ཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ ་གཞན་འཆགས་ཤིང་གཞན་ཆགས་པར་གནས་པ་དེ་དག་ཀྱང་མཐོང་ངོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་པའི་ཕྱིར་གནས་ཁང་གི་ནང་དུ་གཤེགས་སོ།། དེའི་ཚེ་ན་རྩེ ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང ་ལྡན་པ་དག་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པ་དང་། ཇི་ལྟར་ཤིང་རྟའི་སྲོག་ཤིང་གི་དཔེས་བསྟན་པ་འདི་ལེགས་ཏེ་ངོ་མཚར་ཏོ།། དེ་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན ་རི་ཆེན་པོ་ཉིས་སྟོང་ཡོད་དེ། རིའི་རྒྱལ་པོ་རི་རབ་སྟོང་དང་། ཁོར་ཡུག་གི་རི་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་རྒྱ་མཚོ་ཆེན་པོ་ཉིས་སྟོང་ཡོད་དེ། ནང་གི་རྒྱ་མཚོ་ཆེན་པོ་སྟོང་དང་། ་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ངན་སོང་གསུམ་སྟོང་ཡོད་དེ། སེམས་ཅན་དམྱལ་བ་སྟོང་དང་། དུད་འགྲོ་དང་། ཡི་དགས་སྟོང་རྣམས་སོ།། ། ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། གླིང་ཆེན་པོ་བཞི་སྟོང་ཡོད་དེ། ཤར་གྱི་ལུས་འཕགས་སྟོང་དང་། འཛམ་བུ་གླིང་སྟོང་དང་། ནུབ་ཀྱི་བ་གླང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་རྣམས ་སོ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཤིང་ཆེན་པོ་བཞི་སྟོང་ཡོད་དེ། འཛམ་བུ་གླིང་པའི་ཤིང་འཛམ་བུ་སྟོང་དང་། རྒྱ་མཚོའི་འགྲམ་ན་ཤལ་མ་རིའི་མཐོན་པོ་སྟོང་དང་། ལྷ་མ་ཡིན ་གྱི་རིས་ཀྱི་ཅིང་ཏྲ་པ་ཏ་ལི་སྟོང་དང་། སུམ་ཅུ་རྩ་གསུམ་པའི་ས་བརྟོལ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་བཞི་སྟོང་ཡོད་དེ། ཀླུའི་རིགས་སྒོང་ལས་སྐྱེ་བ་སྟོང ་དང་། མངལ་ནས་སྐྱེ་བ་སྟོང་དང་། དྲོད་གཤེར་ལས་སྐྱེ་བ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ནམ་མཁའ་ལྡིང་གི་རིགས་བཞི་སྟོང ་ཡོད་དེ། ནམ་མཁའ་ལྡིང་གི་རིགས་སྒོ་ང་ལས་སྐྱེ་བ་སྟོང་དང་། མངལ་ནས་སྐྱེ་བ་སྟོང་དང་། དྲོད་གཤེར་ལས་སྐྱེ་བ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག ་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་སྟོང་ཡོད་དེ། ཡུལ་འཁོར་སྲུང་སྟོང་དང་། འཕགས་སྐྱེས་པོ་སྟོང་དང་། མིག་མི་བཟང་སྟོང་དང་། རྣམ་ཐོས་སྲས་ཀྱི་བུ་སྟོང་རྣམས་སོ།། ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འགྲོ་བ་ལྔ་པོ་ལྔ་སྟོང་ཡོད་དེ། སེམས་ཅན་དམྱལ་བའི་འགྲོ་བ་སྟོང་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མིའི་འགྲོ་བ་སྟོང ་རྣམས་སོ། ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདུན་ས་ཆེན་པོ་ཉིས་སྟོང་ཡོད་དེ། ལྷའི་འདུན་ས་ཆོས་བཟང་སྟོང་དང་། ལྷ་མ་ཡིན་གྱི་འདུན་ས་ནོར་བཟང་ཞེས་བྱ་བ་སྟོང ་རྣམས་སོ། ། འཇིག་རྟེར་བཞག་པ་ལས་ཚིགས་དང་པོའོ།། །། སྡོམ་ལ། སྐྱེ་གནས་རི་དང་རོལ་མཚོ་དང་། དེ་བཞིན་སེམས་ཅན་དམྱལ་བརྒྱད་གཞན།། སེམས་ཅན ་གནས་དགུ་རབ་བཤད་དེ། ། ལས་ལམ་བཅུ་པོ་དེ་བཞིན་ནོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། འདོད་པའི་སྐྱེ་གནས་གསུམ་ཡོད་དེ། གསུམ་གང་ཞེ་ན། སེམས་ཅན ་འདོད་པ་ཉེ་བར་གནས་པ་དག་ཡོད་དེ། གང་དག་འདོད་པ་ཉེ་བར་གནས་པ་རྣམས་ལ། དབང་ཕྱུག་གི་དབང་བྱེད་པ་དག་སྟེ། འདི་ལྟ་སྟེ། མི་ཁ་ཅིག་དང་ལྷ་རྣམས་སོ།། ་འདི་ནི་འདོད་པའི་སྐྱེ་གནས་དང་པོའོ།། སེམས་ཅན་འདོད་པ་སྤྲུལ་པ་དག་ཡོད་དེ། གང་དག་འདོད་པ་སྤྲུལ་པ་རྣམས་ལ་དབང་ཕྱུག་གི་དབང་བྱེད་པ་དག་སྟེ། འདི་ལྟ་སྟེ། འཕྲུལ་དགའི ་ལྷ་རྣམས་སོ། ། འདི་དག་ནི་འདོད་པའི་སྐྱེ་གནས་གཉིས་པའོ།། སེམས་ཅན་འདོད་པ་གཞན་གྱི་སྤྲུལ་པ་དག་ཡོད་དེ། གང་དག་འདོད་པ་སྤྲུལ་པ་རྣམས་ལ་དབང་ཕྱུག་གི་དབང་བྱེད་པ ་དག་སྟེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ།། འདི་ནི་འདོད་པའི་སྐྱེ་གནས་གསུམ་པའོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། བདེ་བའི་སྐྱེ་གནས་གསུམ་ཡོད་དེ ་སེམས་ཅན་གང་དག་ལུས་འདི་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རླན་པར་བྱེད་ཅིང་། ཡོངས་སུ་རླན་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར ་བྱེད་པ་དག་ཡོད་དོ། ། དེ་དག་ལུས་འདི་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་བརླན་པར་བྱས་ཤིང་། ཡོངས་སུ་བརླན་པར་བྱས་ཏེ། ཡོངས་སུ་ཚིམ་པར་བྱས་ཤིང ་ཡོངས་སུ་ཁྱབ་པར་བྱས་ནས། བདེ་བར་རེག་པར་གནས་སོ།། དེ་དག་བདེ་བ་དེ་དང་། བདེ་བ་ལ་གནས་པ་དེས་ཚེ་རིང་ཞིང་ཡུན་རིང་པོར་གནས་ཏེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ ་རྣམས་སོ། ། འདི་ནི་བདེ་བའི་སྐྱེ་གནས་དང་པོའོ།། སེམས་ཅན་གང་དག་ལུས་འདི་ཉིད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རླན་པར་བྱེད་ཅིང་། ཡོངས་སུ་རླན ་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་པ་དག་ཡོད་དོ།། དེ་དག་ལུས་འདི་ཉིད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་བརླན་པར་བྱེད་ཅིང ་ཡོངས་སུ་བརླན་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱས་ཤིང་། ཡོངས་སུ་ཁྱབ་པར་བྱས་ནས། བདེ་བར་རེག་པ་ལ་གནས་སོ།། དེ་དག་བདེ་བ་དེ་དང་། བདེ་བ་ལ་གནས་པ་དེས་ཚེ་རིང་ཞིང ་ཡུན་རིང་པོར་གནས་ཏེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ།། འདི་ནི་བདེ་བའི་སྐྱེ་གནས་གཉིས་པའོ།། སེམས་ཅན་གང་དག་ལུས་འདི་ཉིད་ལ་དགའ་བ་མེད་པའི་བདེ་བས་རླན་པར་བྱེད ་ཅིང་། ཡོངས་སུ་རླན་པར་བྱེད་དེ། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་པ་དག་ཡོད་དོ།། དེ་དག་ལུས་འདི་ཉིད་ལ་དགའ་བ་མེད་པའི་བདེ་བ་བརླན་པར་བྱས་ཤིང་། ་ཡོངས་སུ་བརླན་པར་བྱས་ཏེ། ཡོངས་སུ་ཚིམ་པར་བྱས་ཤིང་། ཡོངས་སུ་ཁྱབ་པར་བྱས་ནས། བདེ་བར་རེག་པ་ལ་གནས་སོ།། དེ་དག་བདེ་བ་དེ་དང་། བདེ་བ་ལ་གནས་པ་དེས་ཚེ ་རིང་ཞིང་ཡུན་རིང་དུ་གནས་ཏེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་སོ།། འདི་ནི་བདེ་བའི་སྐྱེ་གནས་གསུམ་པའོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། གསེར་གྱི་རི་ཆེན་པོ་བདུན ་སྟོང་ཡོད་དེ། རིའི་རྒྱལ་པོ་གཉའ་ཤིང་འཛིན་སྟོང་དང་། གཤོལ་མངའ་འཛིན་སྟོང་དང་། སེང་ལྡེང་ཅན་སྟོང་དང་། བལྟན་སྡུག་སྟོང་དང་། རྟ་ན་འཛིན་སྟོང ་དང་། མུ་ཁྱུད་འཛིན་སྟོང་དང་། རིའི་རྒྱལ་པོ་རྣམ་པར་འདུད་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། རོལ་མཚོ་ཆེན་པོ་བདུན་སྟོང་ཡོད་དེ། གཉང་ཤིང་འཛིན་གྱི་རོལ་མཚོ ་སྟོང་དང་། གཤོལ་མདའ་འཛིན་གྱི་སྟོང་དང་། སེང་ལྡེང་ཅན་གྱི་སྟོང་དང་། བལྟ་ན་སྡུག་གི་སྟོང་དང་། རྟ་རྣ་རིའི་སྟོང་དང་། མུ་ཁྱུད་འཛིན་གྱི་སྟོང་དང་། རྣམ་པར་འདུད་ཀྱི་རོལ་མཚོ་སྟོང ་རྣམས་སོ། ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་སྟོང་ཡོད་དེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སྟོང་དང་། ཐིག་ནག་སྟོང་དང་། བསྡུས ་གཞོམ་སྟོང་དང་། ངུ་འབོད་སྟོང་དང་། ངུ་འབོང་ཆེན་པོ་སྟོང་དང་། ཚ་བ་སྟོང་དང་། རབ་ཏུ་ཚ་བ་སྟོང་དང་། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་སྟོང་རྣམས་སོ།། སྟོང་སྤྱི་ཕུད་ཀྱི ་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གྱི་གནས་དགུ་སྟོང་ཡོད་དེ། སེམས་ཅན་གཟུགས་ཡོད་པ་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག། ་གོ།། འདི་ནི་སེམས་ཅན་གྱི་གནས་དང་པོའོ།། སེམས་ཅན་གཟུགས་ཡོད་པ་ལུས་ཐ་དད་ལ་འདུ་ཤེས་གཅིག་པ་དག་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་དང་པོ་བྱུང་བ་གང་ཡིན་པ་དེ ་ངག་གོ། ། འདི་ནི་སེམས་ཅན་གྱི་གནས་གཉིས་པའོ།། སེམས་ཅན་གཟུགས་ཡོད་པ་ལུས་གཅིག་ལ་འདུ་ཤེས་ཐ་དད་པ་དག་ཡོད་དེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ།། འདི་ནི་སེམས ་ཅན་གྱི་གནས་གསུམ་པའོ། ། སེམས་ཅན་གཟུགས་ཡོད་པ་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་སོ།། འདི་ནི་སེམས་ཅན་གྱི་གནས་བཞི ་པའོ། ། སེམས་ཅན་གཟུགས་ཡོད་པ་འདུ་ཤེས་མེད་ཅིང་འདུ་ཤེས་དང་བྲལ་བ་དག་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་ལྷ་རྣམས་སོ།། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ།། འདི་ནི ་སེམས་ཅན་གྱི་གཟུགས་མེད་པ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས ་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཡོད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ ་སྐྱེས་པའི་ལྷ་རྣམས་སོ། ། འདི་ནི་སེམས་ཅན་གྱི་གནས་དྲུག་པའོ།། སེམས་ཅན་གཟུགས་མེད་པ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཡོད་དེ། འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པའི་ལྷ་རྣམས་སོ།། འདི་ནི་སེམས ་ཅན་གྱི་གནས་བདུན་པའོ། ། སེམས་ཅན་གཟུགས་མེད་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ། ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཡོད་དེ། འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བརྒྱད ་པའོ། ། སེམས་ཅན་གཟུགས་མེད་པ་རྣམས་ཐམས་ཅད་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཡོད ་དེའདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པའི་ལྷ་རྣམས་སོ།། འདི་ནི་སེམས་ཅན་གྱི་གནས་དགུ་པའོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། མི་དགེ་བ་བཅུའི ་ལས་ཀྱི་ལས་ངག་ཡོད་དེ་རེ་བ་གསོ་བྱི་ལེན་འདོད་པ་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་པ་དང ་བརྣབ་སེམས་དང་། གནོད་སེམས་དང་། ལག་པར་ལྟ་བ་རྣམས་ས།། སྲེག་གཅོད་པ་ཤས་ཆེར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པས་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར ་འགྱུར་རོ། ། དེ་བས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རང་ཏུལ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ཚ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས ་ཡང་བས་ནི་དུ་འབོད་ཆེན་པོར་ར། ། དེ་བས་ཆེས་ཤས་ཆུང་བ་དང་། དེངས་ཆེས་ཡང་བས་ནི་དུ་འབོང་དུའོ།། དེབས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་བསྡུས་གཞོས་དུའོ།། དེ། ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ཐིག་ནག་ཏུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་རོ།། ་མ་བྱིན་པར་ལེན་པ་ཤས་ཆེར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱ་བ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཤས་ཆེར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་རང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ།། ་དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རབ་ཏུ་ཚ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆས་ཡང་བས་ནི་ཚ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས ་ཡང་བས་ནི་ངུ་འབོད་ཆེན་པོར་རོ། ། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ངུ་འབོད་དུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་བསྡུས་གཞོམ་དུའོ།། ་དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆས་ཡང་བས་ནི་ཐིག་ནག་ཏུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་རོ།། ་འཇིག་རྟེན་གཞག་པ་ལས་ཚིགས་གཉིས་པའོ།། །། སྡོམ་ལ། མཁའ་ལྡིང་ལས་ལམ་བཅུ་པོ་དང་།། མྱོང་བ་དང་ནི་བཀྲེས་དང་ཟས།། བདུད་རྩིའི ་ཕྱིས་ཆར་པ་དང་། ། མུ་གེ་བདེ་དང་བཅུ་ཚན་ནོ།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་བཞི་སྟོང་རྒྱ་མཚོ་ཆེན་པོ་ན་གནས་སོ།། ནམ་མཁའ་ལྡིང་གི་རིགས་བཞི་སྟོང་ཤིང་ཤལ ་མ་ལའི་མཐོན་པོ་ལ་གནས་ཏེ། སྒོ་ང་ལས་སྐྱེས་པ་སྟོང་དང་། མངལ་ནས་སྐྱེས་པ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེས་པ་སྟོང་རྣམས་སོ།། ནམ་མཁའ་ལྡིང ་སྒོ་ང་ལས་སྐྱེས་པ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལ་སྐྱེ་བ་འབྱིན་པར་བྱེད་དེ། མངལ་ནས་སྐྱེ་བ་མ་ཡིན། དྲོད་གཤེར་ལས་སྐྱེ་བ་མ་ཡིན། རྫུས་ཏེ་སྐྱེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། ། ནམ་མཁའ་ལྡིང་མངལ་ནས་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་འབྱིན་པར་བྱེད་དེ། དྲོད་ག ་ལས་སྐྱེ་བ་མ་ཡིན། རྫུས་ཏེ་སྐྱེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ནམ་མཁའ་ལྡིང་དྲོད་གཤེར་ལས་སྐྱེ་བ་ནི་བཟའ་བའི་ཕྱིར། ་ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དག་འབྱིན་པར་བྱེད་དེ། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར ་། འགྱུར་བའི་ཕྱིར་རོ།། ནམ་མ་ཁཎྜ་ལྲྀང་རྒྱུས་ཏེ་སྐྱེ་བ་ནི་བརྣའ་བའི་ཕྱིར། ཀླུ་སྒང་ལས་སྨྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫས་ཏེ་སྐྱེ་བ་འབྱིན་པར་བྱེད་དོ།། 3། ་ལཀླུ་ཆེན་པོ་བསྐལ་པར་གནས་ཤིང་ས་འཛིན་པ་དག་ཡོད་དོ།། དེ་དག་ཀྱང་གང་ཞེན། འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་དང་། ཀླུའི་རྒྱལ་པི་རྟག་ན་ལ་དང་། ཀླུའི་རྒྱ ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། ཀླུའི་རྒྱལ་པོ་ནག་ཡི་ཆེན་པོ་ཆེན་པོ་ཆེ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་རྣམས་ཏེ། འདི་དག་དང་གཞན་ཡང་ཀྲ ་ཆེན་པོ་བསྐལ་པར་གནས་ཤིང་ས་འཛིན་པ་ནམ་མཁའ་ལྡིང་དག་གིས་དབྱུང་བར་མི་ནུས་པ་གང་ཡིན་པ་དེ་དག་ནི། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་ཅིང་སོ་སོར་མྱོང་བར་བྱེད་དེ། ཤེས་ཤིང ་རབ་ཏུ་ཤེས་ལ་ཀུན་ཏུ་རབ་ཏུ་ཤེས་སོ། ། ཇི་སྐད་དུ་ཤིན་ཏུ་མཐུ་ཆེ་བའི་ཀླ་དག་ཡོད་དེ། མཐའ་བསྲུང་ཞིང་ཆུན་གནས་ཏེ། དེ་དག་ལྷ་མ་ཡིན་དག་དང་གཡུལ་འགྱེད་པས། འདི་དག་བརྒྱ་བྱིན་གྱི་ནི ་དངུ་ཡང་ཡིན། ། སྟོབས་ཀྱང་མེ་ཞིང་མཐུ་མ་ཀླུ་ཡིན་ཏེ།། ཤིན་ཏུ་དྲག་པོ་དགྲ་ཐབས་སྣ་ཚོགས་ཅན།། ལྷ་མིན་རྣམས་དང་ལྷན་ཅིག་གཡུལ་འགྱེད་པས།། དེ་དག་བརྒྱ་བྱིན་གྱི་ནི་གསུལ་ཡང་ན ་ཞེས་ཀྱང་བྱའོ། ། བར་གྱི་སྡོམ་ལ། དགའ་བོ་ཉེ་དགའ་རྟག་རྒལ་དང་།། བཏང་བཟུང་དང་ནི་གཟི་བྱིན་དང་།། ཡུལ་འཁོར་སྲུང་དང་ནག་པོ་ཆེ།། ཨེ་ལའི་འདབ་མ་ཕྱི་མ་ཡིན།། སྡོང ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། དགེ་བ་བཅུའི་ལས་ཀྱི་ལམ་དག་ཡོད་དེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་པ་སྤོང་བ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་རྣམས་སོ།། སྲོག་གཅོད་པ་སྤོང ་བ་ཤས་ཆེར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པས་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང ་བས་ནི་འཕྲུལ་དགའ་རྣམས་སུའོ། ། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་དགའ་ལྡན་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་འཐབ་བྲལ་བ ་རྣམས་སུའོ། ། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་མི་སུམ་ཅུ་རྩ་གསུམ་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རྒྱལ་ཆེན་བཞི་པ་རྣམས ་སུའོ། ། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང ་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་པ་སྤོང་བ་དང་། ཆགས་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་ཤས་ཆེར་ཀུན་ཏུ་བསྟེན་ཅིང ་བསྒོམས་ཏེ་ལན་མང་དུ་བྱས་པས་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་འཕྲུལ་དགའ་རྣམས། ་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་དགའ་ལྡན་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་འཐབ་བྲལ་བ་རྣམས་སུའོ།། དེ་བས་ཆེས ་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་སུམ་ཅུ་རྩ་གསུམ་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རྒྱལ་ཆེན་བཞི་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ ་དང་། དེ་བས་ཆེས་ཡང་བས་ནི་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། ཅི་སྟེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་ན་ཡང་། སྲོག་གཅོད་པ་སྤོང་བས་ནི་ཚེ་རིང་བར་འགྱུར་རོ།། མ་བྱིན་པར ་ལེན་པ་སྤོང་བས་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ། ། འདོད་པ་ལོག་པར་གཡེམ་པ་སྤོང་བས་ནི་ཆུང་མ་དང་འགྲན་ཟླ་མེད་པར་འགྱུར་རོ།། བརྫུན་དུ་སྨྲ་བ་སྤོང་བས་ནི་སྐུར་པ་མང་བར་མི་འགྱུར་རོ།། ཕྲ་མ ་སྤོང་བས་མཛའ་བོ་དང་དབྱེ་བར་མི་འགྱུར་རོ། ། ཚིག་རྩུབ་པོ་སྤོང་བས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་མི་འགྱུར་རོ།། ཚིག་འཁྱལ་པ་སྤོང་བས་ནི་ཚིག་མཉན་པར་འགྱུར་རོ།། ཆགས་སེམས་མེད ་པས་ནི་འདོད་ཆགས་ཆེ་བར་མི་འགྱུར་རོ། ། གནོད་སེམས་མེད་པས་ནི་ཞེ་སྡང་ཆེ་བར་མི་འགྱུར་རོ།། ཡང་དག་པར་ལྟ་བས་ནི་གཏི་མུག་ཆེ་བར་མི་འགྱུར་རོ།། བར་སྡོམ་ནི། སྐུར་པ་མེད ་དང་མཛའ་མི་དབྱེ། ། དེ་བཞིན་ཡིད་དུ་འོང་བ་ཐོས།། ཉན་པའི་ཚིག་ཏུ་འགྱུར་བ་སྟེ།། ཡིག་བཞི་ནི་བརྗོད་པ་ཡིན།། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང ་ན་ནི་ལས་གང་གི་རྣམ་པར་སྨིན་པས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཚེའི་ཚད་བསྐལ་པར་ལེན་པ་འདི་མཆོག་ཡིན་ནོ།། དུད་འགྲོ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་ཀྱི་རྣམ ་པར་སྨིན་པས། ས་སྲུངས་ཀྱི་བུས་ས་སྲུངས་ཀྱི་བུ་ཉིད་དང་། རབ་ཏུ་བརྟན་པས་རབ་ཏུ་བརྟན་པ་ཉིད་ཐོབ་པ་འདི་མཆོག་ཡིན་ནོ།། ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི ་ལས་གང་གི་རྣམ་པར་སྨིན་པས། རྒྱལ་པོ་གཤིན་རྗེ་གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་འདི་མཆོག་ཡིན་ནོ།། མིའི་སྐྱེ་གནས་མྱོང་བར་འགྱུར ་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པས། ང་ལས་ནུ་ང་ལས་ནུ་ཉིད་ཐོབ་པ་འདི་མཆོག་ཡིན་ནོ།། རྒྱལ་ཆེན་བཞིའི་རིས་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས ་གང་གི་རྣམ་པར་སྨིན་པས། རྒྱལ་པོ་ཆེན་པོ་བཞི་རྣམས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་འདི་མཆོག་ཡིན་ནོ།། སུམ་ཅུ་རྩ་གསུམ་པ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི ་རྣམ་པར་སྨིན་པས། བརྒྱ་བྱིན་གྱིས་བརྒྱ་བྱིན་ཉིད་ཐོབ་པ་འདི་མཆོག་ཡིན་ནོ།། འཐབ་བྲལ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པས། རབ་འཐབ་བྲལ་གྱིས་རབ ་འཐབ་བྲལ་ཉིད་ཐོབ་པ་འདི་མཆོག་ཡིན་ནོ། ། དགའ་ལྡན་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པས་དགའ་ལྡན་གྱིས་ཡོངས་སུ་དགའ་ལྡན་ཉིད་ཐོབ་པ་འདི་མཆོག ་ཡིན་ནོ། ། འཕྲུལ་དགའ་ཐོབ་པའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པས། རབ་སྤྲུལ་གྱིས་རབ་སྤྲུལ་ཉིད་ཐོབ་པར་འགྱུར་བ་འདི་ནི་མཆོག་ཡིན་ནོ།། གཞན་འཕྲུལ་དབང་བྱེད ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི་ལས་གང་གི་རྣམ་པར་སྨིན་པས། དབང་བྱེད་ཀྱིས་དབང་བྱེད་མྱོང་བར་འགྱུར་བ་འདི་ནི་མཆོག་ཡིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་བཀྲེས་པ ་དང་སྐོམ་པ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པ་རྣམས་དང་། སུམ་ཅུ་རྩ ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། དེ་ཡན་ཆད་ལ་ན ་བཀྲེས་པ་དང་སྐོམ་པ་མེད་དོ། ། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཁ་ཟས་འདི་ལྟ་སྟེ། འབྲས་ཆན་དང་། ཟན་དང་། ཕྱེ་དང་། ཤ་དང་། འཁུར་བ་རྣམས་ཡོད་པ་བཞིན་དུ། ཤར་གྱི་ལུས ་འཕགས་པོ་དང་ནུབ་ཀྱི་བ་ལང་སྤྱོད་པ་ལ་ཡང་ཡོད་དོ། ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟའོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་དྲིའི་ཟས་དང ་བདུད་རྩིའི་ཟས་ཟའོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་དེ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། དེ་ཡན་ཆད་ལ་ནི་ཁམ་གྱི་ཟས་མེད་དོ།། རྒྱལ་ཆེན་བཞིའི་བདུད་རྩི་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང ་དཀར་པོ་རྣམས་སོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང ་བྱེད་པ་རྣམས་ཀྱང་དེ་བཞིན་ནོ། ། ཚངས་རིས་པ་རྣམས་ལ་ནི་མེང་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཡང་བཤང་བ་དང་གཅི་བ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས ་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་ཡོད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི ་གླིང་གི་མི་རྣམས་ལ་ནི། ཆར་འབབ་མཁས་པ་དང་། ཆར་འབབ་མི་མཁས་པ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང ་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལོ་ལེགས་པ་དང་མུ་གེ་ཡོད་པ་བཞིན་དུ། ཤར་གྱི ་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར ་འཛམ་བུའི་གླིང་གི་མི་རྣམས་ལ་ནི་འཇིགས་པ་དང་བདེ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ནི ་མེད་དོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ ་རྣམས་ལ་ཡང་ཡོད་དོ། ། ཚངས་རིས་པ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། འཇིག་རྟེན་བཞག་པ་ལས་ཚིགས་གསུམ་པའོ།། །། སྡོམ་ལ། ཉོ་ཚེང་མདོག་དང་ཁང ་པ་དང་། ། གདིང་བ་དང་ནི་བཞག་གོས་དང་།། ཡང་བ་རྡུལ་རབ་བསྒྲེ་བ་དང་།། ཐ་དད་བག་མ་ལེན་དང་བཅུ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ། ནོར་རམ། འབྲུ་འམ། གསེར་རམ། དངུལ ་གྱི་ཉོ་ཚོང་བྱ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མ་སྙན་གྱི་མི་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་མེད ་དོ། ། དེ་ཡན་ཆད་ལ་ཡང་མེད་དོ།། འདི་སྐད་དུ་འཛམ་བུའི་གླིང་གི་མི་རྣམས་ལ་ནི། ནོར་དང་འབྲུ་རྣམས་ཀྱིས་ཉོ་ཚོང་བྱེད་དོ།། ཤར་གྱི་ལུས་འཕགས་པོ་རྣམས་ལ་ནི་རས་དང་བེའུ་རས་རྣམས་ཀྱིས་སོ།། ་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱིས་ནི་བ་ལང་དང་ནོར་བུ་རྣམས་ཀྱིས་སོ་ཞེས་ཟེར་བ་ཡང་ཡོད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ཀྱི་མདོག་ནག་པོ་དང་། དཀར་པོ་དང་། སྔོ་བསངས ་དང་། མདོག་སྒྱུ་སྣར་རྣམ་པ་བཞི་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱང་དེ་བཞིན་ནོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་མདོག་གཅིག་པ་སྟེ་དཀར་རོ།། ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་མདོག་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་སོ།། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱི་མདོག་གཅིག་པ་སྟེ་དཀར་པོའོ།། ཚངས་རིས་པ་རྣམས ་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད ་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད ་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ལ་ནི་ཁ་དོག་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ཀྱི་ཁང་པ་ཚང་དུ་བྱས་པ་དང་། ཆེད་དུ་བྱས་པ་མ་ཡིན་པ་དང་། ཁང་བཟང་དང་ཨ་ཁང ་རྣམས་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཁང་པ་ནི་ཆེད་དུ་བྱས་པ་མ་ཡིན་པའི་ས་ཁང་ངོ་།། རྒྱལ་ཆེན ་བཞི་པ་རྣམས་ཀྱི་གཞལ་མེད་ཁང་ནི་ཆེད་དུ་བྱས་པ་དང་། ཆེད་དུ་བྱས་པ་མ་ཡིན་པའོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་བྲལ་བ་རྣམས་དང་དགའ་ལྡན ་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ།། ཚངས་རིས་པ་རྣམས་ཀྱི་གཞལ་མེད་ཁང་རྣམས་ནི་ཆེད་དུ་བྱས་པ་མ་ཡིན་པའོ།། ཚངས་རིས་པ་རྣམས་ཀྱི་ཇི་ལྟ ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད ་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་པ་རྣམས་ཀྱི་གཞལ་མེད་ཁང་པ་ཡང་ཆེད་དུ་མ་བྱས་པ་ཡིན་ནོ།། གཟུགས་མེད་པ་རྣམས་ལ་ནི་ཁང་པ་ཡང་མེད་དོ།། ཇི་ལྟར ་འཛམ་བུའི་གླིང་གི་མི་རྣམས་ལ་གདིང་བ་དང་། བགོ་བ་འདི་ལྟ་སྟེ། བལ་གོས་དང་། ཤ་ནའི་རས་དང་། གསོ་རས་དང་། ཟར་མའི་རས་དང་། ས་གོས་དང་པ་དང་དང ་ཀོ་ཏམ་པའི་རས་དང་། རྩཝ་དུ་ཀུ་ལའི་གོས་དང་། ཨ་བ་རན་ཏིའི་ཀའི་གོས་དང་། རས་དང་། བེའུ་རས་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང ་ཡོད་དོ། ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དཔག་བསམས་ཤིང་ལས་བྱུང་བའི་གོས་གྱོན་ནོ།། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་གྱོན་པ་བཞིན་དུ་རྒྱལ ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང ་བཞིན་ནོ། ། ཚངས་རིས་ཀྱི་ལྷ་རྣམས་གོས་གྱོན་བཞིན་དུ་སྐྱེའོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད ་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང ་བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང ་གོས་གྱོན་བཞིན་དུ་སྐྱེའོ། ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཀྱི་ཤིང་རྣམས་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་དཀར་པོ་རྣམས་སོ།། ་བཞག་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་སོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ ་དང་དམར་པོ་དང་། དཀར་པོ་རྣམས་ཏེ། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་སྐྱེས་པ་འམ། བུད་མེད་དག་གིས་སེམས་བསྐྱེད་མ་ཐག་ཏུ། དེ་ལ་ཡལ་ག་འདུད ་པར་བྱེད་དོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཀྱི་ཤིང་རྣམས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་སོ།། བཞག ་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་སོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་རྣམས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། ་དམར་པོ་དང་། དཀར་པོ་རྣམས་ཏེ། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ལྷ་འམ། ལྷའི་བུ་མོ་དག་གིས་སེམས་བསྐྱེད་མ་ཐག་ཏུ་ཡལ་ག་འདུད་པར་བྱེད་དོ།། དེའི་ལག་ཏུ་འོང ་བར་འགྱུར་རོ། ། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན ་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ། ། ཚངས་རིས་ཀྱི་ལྷ་རྣམས་ལ་ནི། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུ་གླིང ་གི་མི་རྣམས་ལ་ཡང་གདིང་བ་དང་། བགོ་བ་ལྕི་བ་དང་། ཡང་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དེ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག ་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ལ་ནི་སྲང་གཅིག་ཡོད་དོ། ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནི་སྲང་ཕྱེད་དོ།། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནི་སྲང་གི་བཞི་ཆ་གཅིག་གོ། འཐབ་བྲལ་བ་རྣམས་ཀྱི་ནི་སྲང ་བརྒྱད་ཆ་གཅིག་གོ། དགའ་ལྡན་པ་རྣམས་ཀྱི་ནི་སྲང་གི་བཅུ་དྲུག་ཆ་གཅིག་གོ། འཕྲུལ་དགའ་བ་རྣམས་ཀྱི་ནི་སྲང་གི་སུམ་ཅུ་རྩ་གཉིས་ཀྱི་ཆ་གཅིག་གོ། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་དཔག་བསམས་ཀྱི ་ཤིང་ལས་བྱུང་བའི་གོས་ནི་སྲང་གི་དྲུག་ཅུ་རྩ་བཞིའི་ཆ་གཅིག་ཡོད་དོ། ། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ནི་གཞལ་དུ་མེད་པའི་གོས་ཡིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། ཚངས་པ་མདུན་ན་འདོན་རྣམས ་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད ་བ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན ་གྱི་ལྷ་རྣམས་ཀྱི་ཡང་གཞལ་དུ་མེད་པའི་གོས་ཡིན་ནོ། ། ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ།། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ།། རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། སྲོ་མ་བདུན ་ལ་ནི་ཨ་བ་ག་ན་གཅིག་གོ། ། ཨ་བ་ག་ན་བདུན་ལ་ནི་བ་ཏིག་གཅིག་གོ།། བ་ཏིག་བདུན་ལ་ནི་ནས་འབྲུ་གཅིག་གོ།། ནས་འབྲུ་བདུན་ལ་ནི་སོར་གཅིག་གོ།། སོར་ཉི་ཤུ་རྩ་བཞི་ལ་ནི་ཁྲུ་གང་ངོ་།། འཛམ་བུ་གླིང་པའི་མི་རྣམ ་ནི་ཁ་ཅིག་ནི་ཁྲུ་ཚད་དེ་ལྟར་བརྩིས་པའི་ཁྲུ་ཕྱེད་དང་བཞི་པའོ། ། ཁ་ཅིག་ནི་ཁྲུ་བཞི་པའོ།། ཤར་གྱི་ལུས་འཕགས་པོ་རྣམས་ནི་ཁྲུ་བརྒྱད་པའོ།། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ནི་ཁྲུ་བཅུ་དྲུག་གོ། བྱང་གི་སྒྲ་མི་སྙན་པ ་རྣམས་ནི་ཁྲུ་སུམ་ཅུ་རྩ་གཉིས་པའོ། ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ལུས་ཐོབ་པ་ནི་རྒྱང་གྲགས་ཀྱི་ཆ་བཞི་ཆ་གཅིག་གོ།། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་རྒྱང་གྲགས་ཕྱེད་དོ།། འཐབ་བྲལ་བ་རྣམས་ཀྱི་ནི་རྒྱང་གྲས ་ཀྱི་བཞི་ཆ་གསུམ་པའོ། ། དགའ་ལྡན་པ་རྣམས་ཀྱི་ནི་རྒྱང་གྲགས་གཅིག་གོ། འཕྲུལ་དགའ་བ་རྣམས་ཀྱི་ནི་རྒྱང་གྲགས་གཅིག་དང་རྒྱང་གྲགས་པའི་ཆའོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་རྒྱང་གྲགས་ཕྱེད་དང ་གཉིས་སོ། ། ཚངས་རིས་པ་རྣམས་ཀྱི་ནི་དཔག་ཚད་བྱེད་དོ།། ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་དཔག་ཚད་ཕྱེད་དང་གཅིག་གོ།། ཚངས་པ་ཆེན་པོ་པ་རྣམས་ཀྱི་ནི་དཔག་ཆད་ཕྱེད་དང་གཉིས་སོ།། འོད་ཆུང་བ་རྣམས་ཀྱི། ་ནི་དཔག་ཚད་གཉིས་སོ།། ཚད་མེད་འོད་པ་རྣམས་ཀྱི་དཔག་ཚད་བཞི་པའོ།། འོད་གསལ་བ་རྣམས་ཀྱི་ནི་དཔག་ཚད་བརྒྱད་དོ།། དགེ་ཆུང་བ་རྣམས་ཀྱི་ནི་དཔག་ཚད་བཅུ་དྲུག་གོ།། ཚད་མེད་དགེ ་བ་རྣམས་ཀྱི་ནི་དཔག་ཚད་སུམ་ཅུ་རྩ་གཉིས་སོ། ། དགེ་རྒྱས་པ་རྣམས་ཀྱི་ནི་དཔག་ཚད་དྲུག་ཅུ་རྩ་བཞིའོ།། སྤྲིན་མེད་པ་རྣམས་ཀྱི་ནི་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ།། བསོད་ནམས་སྐྱེས་པ་རྣམས་ཀྱི་ནི་དཔག་ཚད་ཉི ་བརྒྱ་ལྔ་བཅུའོ། ། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ནི་དཔག་ཚད་ལྔ་བརྒྱའོ།། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ཡང་དེ་དང་འདྲའོ།། མི་ཆེ་བའི་ལྷའི་ལུས་ཐོབ་པ་ནི་དཔག་ཚད་སྟོང་ངོ་།། མི་གདུང་བ་རྣམས་ཀྱི་ནི ་དཔག་ཚད་ཉིས་སྟོང་ངོ་། ། གྱ་ཅོམ་སྣང་བ་རྣམས་ཀྱི་ནི་དཔག་ཚད་བཞི་སྟོང་ངོ་།། ཤིན་ཏུ་མཐོང་བ་པོ་རྣམས་ཀྱི་ནི་དཔག་ཚད་བརྒྱད་སྟོང་ངོ་།། འོག་མིན་གྱི་ལྷ་རྣམས་ཀྱི་ལུས་ཐོབ་པ་རྣམས་ཀྱི་ནི་དཔག་ཚད་ཁྲི་དྲུག་སྟོང་ངོ་།། ་། གཟུགས་མེད་པའི་ལྷ་རྣམས་ལ་ནི་བསགས་པའི་ལུས་མེད་དོ།། ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ།། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ།། རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ།། སྲོ་མ་བདུན་ལ་ནི་ཨ་པ ་གན་གཅིག་གོ། ། ཨ་བ་ག་ན་བདུན་ལ་ནི་བ་ཏི་ཀ་གཅིག་གོ། བ་ཏི་ཀ་བདུན་ལ་ནི་ནས་འབྲུ་གཅིག་གོ། ནས་འབྲུ་བདུན་ལ་ནི་སོར་གཅིག་གོ།། སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་།། འཛམ་བུ་གླིང་གི་མི་རྣམས་ཁ་ཅིག་ནི་གྲོ། ་ཁྲུ་ཚད་འདི་ལྟ་བུར་བརྩིས་པའི་ཁྲུ་བརྒྱད་པ་ཀོན་ནོ།། ཁ་ཅིག་ནི་ཁྲུ་བཅུ་པའོ།། ཤར་གྱི་ལུས་འཕགས་པོ་རྣམས་ཀྱི་ནི་ཁྲུའི་ཤུ་པའོ།། ནུབ་ཀྱི་བ་ལང་སྤོད་ཀྱི་ནི་ཁྲུ་བཞི་བཅུའོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དཔག ་བསམས་ཤིང་ལས་བྱུང་བའི་གོས་ཁྲུ་བརྒྱད་ཅུ་པ་གྱོན་ནོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱང་ལུས་ལ་ཅི་རན་པའི་གོས་གྱོན་ནོ།། རྒྱལ་ཆེན་བཞིའི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས ་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་།། བསོད།། ་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་པ་རྣམས་ཀྱི་ཡང་དེ ་བཞིན་ནོ། ། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་དབང་པོ་ཐ་དད་དེ། ཁ་ཅིག་ལ་ནི་ཕོའི་དབང་པོ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྔ ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞིཔའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང ་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་དོ། ། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མོའི་དབང་པོ་ཡང་མེད། ཕོའི་དབང་པོ་ཡང་མེད་དོ།། ཚངས་རིས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུནར ་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་བ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས ་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ ་རྣམས་དང་། འོག་མིན་པ་རྣམས་ཀྱང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་བག་མ་གཏོང་བ་དང་། བག་མ་ལེན་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྐྱེད ་པ་རྣམས་ལ་ཡང་ཡོད་དོ། ། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་བག་མ་གཏོང་བ་ཡང་མེད། བག་མ་ལེན་པ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན ་དུ་ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས ་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་བ་རྣམས་དང་། ཡིན ་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ལ་ཡང་དེ་བཞིན་ནོ།། འཇིག་རྟེན་བཞག་པ་ལས་ཚིགས་བཞི་པའོ།། སྡོམ་ལ། གྲང་དང་དུས་ཚིགས་མཚན་མོ་དང་།། ཕ་མ་དང་ནི ་ཁོལ་དང་། ། ནོར་དང་འབྲུ་དང་མངོན་པར་ཞེན།། བཅུ་ཚན་ཡོངས་སུ་བརྗོད་པ་ཡིན།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཤིན་ཏུ་གྲང་བ་དང་། ཤིན་ཏུ་ཚ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་མེད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ཡང་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུ་གླིང་གི་མི ་རྣམས་ལ་དུས་ཚིགས་འདི་ལྟ་སྟེ། དགུན་དང་། དཔྱིད་དང་། དབྱར་དང་། སྟོན་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམ ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམ ་ལ་ཡང་ཡོད་དོ། ། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་དུས་ཚིགས་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང ་བ་རྣམས་དང་། ཚད་མེད་འོང་བ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། ་བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས ་ཡང་དེ་བཞིན་ནོ། ། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་མཚན་མོ་དང་ཉིན་མོ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྐྱེད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། ་རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད ་དོ། ། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མཚན་མོ་མེད། ཉིན་མོ་ཡང་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས ་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང ་འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ ་གླིང་གི་མི་རྣམས་ལ་ཕ་དང་མ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞིའི་ལྔ་རྣམས་དང་། སུམ་ཅུ ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་དེ།། ཚངས་རིས་ཀྱི་ལྷ་རྣམས་ལ ་ནིམ་ཡང་མེད། ཕ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་བ ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་པ ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གིའི ་རྣམས་ལ་རྗེ་བོ་དང་བྲན་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ལ་ནི་རྗེ་བོ་ཡང་མེད། ཟརན་ཡང་མེད ་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་རྗེ་བོ་དང་བྲན་ཡང་ཡོད་དོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲལ ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་རྗེ་བོ་ཡང་མེད། བྲན་ཡང་མེད་དོ།། ཚངས་རས་པ་རྣམས་ཇི་ལྟང་བན ་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དཀར ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནེམ་སྣང་བ་པ་རྣམས ་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ། ནོར་དང་འབྲུ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ། ། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་འབྲུ་ནི་ཡོད་ལ་ནོར་ནི་མེད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་ནོར་ནི་ཡོད་ལ་འབྲུ་ནི་མེད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་ནར ་ཡང་མེད། འབྲུ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང ་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུ་གླིང་གི་མི་རྣམས་ལ། ཕ་འམ། མ་འམ། བུ་ཕོ་འམ། བུ་མོ ་འམ། རྗེ་བོ་འམ། བྲན་ནམ། ནོར་རམ། འབྲུ་ལ་མངོན་པར་ཞེན་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས ་ལ་ནི་ཅི་ཡང་ཞེན་པ་མེད་དོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི། འབྲུ་མ་གཏོགས་པ་གཞན་རྣམས་ལ་མངོན་པར་ཞེན་པ་ཡོད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས ་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ནི་ཅི་ལ་ཡང་མངོན་པར་ཞེན་པ་མེད ་དོ། ། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། ་དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། འཇིག་རྟེན་བཞག་པ་ཚིགས་ལྔ་པའོ།། ་འཇིག་རྟེན་བཞག་པ་བམ་པོ་གཉིས་པ། སྡོམ་ལ། ཟླ་མཚན་འཁྲིག་དང་ཁུ་ཆུ་དང་།། ཚེ་བསྒྱུར་དང་ནི་ཆུ་ཀླུང་བྲག། སཱ་ལ་རྫི་དུ་གླང་པོ་དང་།། སྲུངས་མ་འཁོར་ལོ་སྒྱུར་བའི་ལམ།། ཇི་ལྟར ་འཛམ་བུའི་གླིང་གི་མི་རྣམས་ལ། བུད་མེད་ཟླ་མཚན་ཅན་དང་། སྦྲུམ་མ་དང་། བུ་བཙའ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤོང་བ་རྣམས་དང་། བྱང་གི་སྒྲ་མི་སྙན་པ ་ལ་ཡང་ཡོད་དོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནི། འཛམ་བུ་གླིང་གི་མི་རྣམས་ཀྱི་ཁྱེའུ་དང་། བུ་མོ་ལོ་ལྔ་ལོན་པ་ཇི་ཙམ་པ་དེ་བཞིན་དུ། ལྷ་འམ། ལྷའི་བུ་མོ་ཕྲག་པ་འར། པང་པར་སེམས་ཅན་དུས ་སྐྱེ་བ་འབྱུང་བར་འགྱུར་ཏེ། དེ་ན་ལྷ་འམ། ལྷའི་བུ་མོ་དག་འདི་སྙམ་དུ། འདི་ནི་བདག་གི་བུ་འམ། བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་དང་བུ་མོ་དེ་དག་ཀྱང་འདིས་མར་འདི་ནི་བདག་ཅག་གི་མ་འམ། ཕའོ ་སྙམ་དུ་སེམས་སོ། ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་ལོ་དྲུག་ལོན་པ་ཇི་ཙམ་པ་བཞིན་ནོ།། འཐབ་བྲལ་བ་རྣམས་ཀྱི་ནི་ལོ་བདུན་ལོན་པ་ཇི་ཙམ་པ་བཞིན་ནོ།། ངག་པོ་རྒྱད་ལོན་པ་ཇི ་བ་བཞིན་ནོ། ། འཕྲུལ་དགའ་བ་རྣམས་ཀྱི་ནི་ལོ་དགུ་ལོན་པ་ཇི་ཙམ་པ་བཞིན་ནོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་འཛམ་བུ་གླིང་གི་མི་རྣམས་ཀྱི་ཁྱེའུ་དང་། བུ་མོ་ལོ་བཅུ་ལེན་འཇམས་པ་དང་ཅིན་དུ ་ལྷ་འམ། ལྷའི་བུ་མོ་ཕྲག་པ་འམ། ཕང་པར་སེམས་ཅན་རྫུས་ཏེ་སྐྱེ་བ་འབྱུང་བར་འགྱུར་ཏེ། དེ་ན་ལྷ་འམ། ལྷའི་བུ་མོ་འདི་སྙམ་དུ་འདི་ནི་བདག་གི་བུ་འམ། བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་དང་། བུ་མ ་དེ་དག་ཀྱང་འདི་སྙམ་དུ་འདི་ནི་བདག་ཅག་གི་མ་འམ། ཕའོ་སྙམ་དུ་སེམས་སོ།། ཚངས་རིས་ཀྱི་ལྷ་རྣམས་ནི་ཐོག་མ་ནས་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པར་སྐྱེ་ཞིང་། འཆི་བ་ན་དེ་ཁོ་ན ་བཞིན་ནོ། ། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང ་དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣ ་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། གཟུགས་མེད་པ་རྣམས་ལ་ནི། ལུས་ཀྱི་གཟུགས་མེད་དེ། དེ་བས་ན་དེ་བཞིན་སྐྱེ་བ་ཡང་མི ་མངོན། འཆི་འཕོ་བ་ཡང་མི་མངོན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟོན་པ་ན་གཉིས་ཀྱིས་གཉིས་སྦྱོར་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམ ་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞིའི་ལྷོ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་དེ་བཞིན་ནོ།། འཐབ་བྲལ་བ་རྣམས་ནི་འཁྱུད་པ་ཙམ་གྱིས་གདུང ་བ་ཞི་བར་འགྱུར་རོ། ། དགའ་ལྡན་པ་རྣམས་ཀྱི་ནི་ལག་པ་ནས་བཟུང་བ་ཙམ་གྱིས་སོ།། འཕྲུལ་དགའ་བ་རྣམས་ཀྱིས་ནི་བགད་པ་ཙམ་གྱིས་སོ།། གཞན་འཕྲུལ་དབང་མེད་པ་རྣམས་ཀྱི་ནང་ལྷས ་པ་ཙམ་གྱིས་གདུང་བ་ཞི་བར་འགྱུར་རོ། ། ཚངས་རིས་པ་རྣམས་ལ་ནི་འདོད་ཆགས་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་པ་རྣམས་དང་། འོང ་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས་དང་། འོག་མིན་གྱི་ལྔ་རྣམས་ཀྱང་དེ་བ་ཞིན་ནོ།། ་ལྟར་འཛམ་བུ་གླིང་གི་མི་རྣམས་ལ། ཁུ་ཆུ་མི་གཙང་བ་འབྱུང་བ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྲོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པའི་མ་རྣམས་ལ་ཡང ་དེ་བཞིན་ནོ། ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནི་རླུང་འབྱུང་ངོ་།། རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། ་འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་འདོད་ཆགས་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པའི་མདུན་ན་འདིར ་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས ་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤིན་ཏུ་མཐོང་བ་པ་རྣམས ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དུད་འགྲོའི་སྐྱེ་གནས་སུ ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ནི། ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན ་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ནི་ལོ་ཁྲི་ལྔ ་སྟོང་ཡོད་དོ། ། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་ལྔ་བརྒྱ་སྟེ། བར་མ་དོར ་འཆི་བ་ནི་ཡོད་དོ། ། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་སྟོང་སྟེ། བར་མ་དོར་འཆི་བ་མེད་དོ།། ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན། དེ་དག་ལ་བདག་གི་བ་མེད ་ཅིང་། ཡོངས་སུ་འཛིན་པ་མེད་དེ། ཚེ་ངེས་ཤིང་ཁྱད་པར་དུ་འགྲོ་བ་ཡིན་པས། དེའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ། བར་མདོར་འཆི་བ་མེད་དོ།། འཛམ་བུ་གླིང་གི་མི་རྣམས་ལ་ནི་ཡར་སྐྱེ་བ་དང་། ་མར་འགྲིབ་པ་ཡོད་དེ། འཛམ་བུ་གླིང་གི་མི་རྣམས་རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར། རེས་འགའ་ནི་ཚེ་ལོ་བཅུ་པར་འགྱུར་རོ།། མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ཉིན་ཞག ་གཅིག་ཡིན་ནོ། ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད ་དོ། ། དེ་མིའི་ལྟར་བརྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས ་སྟོང་ཡོད་དོ། ། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་ཅུ་རྩ་གསུམ་པའི ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་ས་ཡ་ཕྲག་དྲུག་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན ་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དཔལ ་བའི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི། འཐབ་བྲལ་གྱི ་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ཉིས ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ས་ཡ་ཕྲག་བཞི་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་ཉིས་སྟོང ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གཅིག་དང་། བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན ་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དགའ་ལྡན་གྱི་ལྷ་རྣམ་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལོ་བཞི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དེ།། ་དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། བྱེ་བ་ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ།། ་ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དམྱལ ་བའི་ལོ་བཞི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བརྒྱ་དང་། བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་བརྒྱད ་བརྒྱ་གང་ཡིན་པ་དེ་ནི། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཕྲུལ་དགའ་བ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་ཅུ་དང་། ལོ་ས་ཡ་ཕྲག་བཞི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་ཆེན་པོ་ངུ་འབོད་ཆེན ་པོའི་ཉིན་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི ་སེམས་ཅན་དམྱལ་བའི་ལོ་བརྒྱད་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང ་ཡོད་དོ། ། མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ནོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ་གཞན་འཕྲུལ་དབང་བྱེད་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩས་ན་ལོ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། ་ལོ་ས་ཡ་ཕྲག་དྲུག་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ ་ཚ་བའི་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི། ལོ་དེ་ལྟ་བུར་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན ་ལོ་བྱེ་བ་ཕྲག་ལྔ་བརྒྱ་དང་། ལོ་བྱེ་བ་ཕྲག་སུམ་ཅུ་དང་། ལོ་བྱེ་བ་ཕྲགས་ཡ་བརྒྱད་དང་། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ།། ། བར་གྱི་སྡོམ་ལ། དགུ་དང་གསུམ ་དང་བཅུ་བཞི་དང་ནི་ལྔ་བཅུ་རྩ་བདུན་དང་། ། ཉིས་བརྒྱ་དགུ་བརྒྱ་རྣམས་ནི་མི་ཡི་གྲངས་ཀྱིས་ལྷ་ཚེར་བཤད།། དེ་བཞིན་གཅིག་དང་བཅུ་གཉིས་གཅིག་དང་བརྒྱ་དང་དྲུག་ཅུ་དང་།། ལྔ་བརྒྱ་དག་ནི་སེམས་ཅན ་དམྱལ་བ་པ་ཡི་ཚེར་བཤད་དེ། ། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པའི་ཕྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ཀྱི་མཐའ་ནི་བསྐལ ་པའི་བྱེད་དེ། བར་མདོར་འཆི་བ་ནི་ཡོད་དོ།། ཚངས་པའི་མདུན་ན་འདོན་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན ་དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཚངས་པ་ཆེན་པོ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ཕྱེད་དང་གཉིས་ཏེ། བར་མདོ ་འཆི་བ་ནི་ཡོད་དོ། ། འོད་ཆུང་བ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་གཉིས་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཞི་སྟེ། བར་མ་དོར་འཆི་བ་ནི ་ཡོད་དོ། ། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཅུ་དྲུག་སྟེ། བར་མདོར་འཆི་བ་ནི ་ཡོད་དོ། ། ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཏེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་རྒྱུས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་དྲུག་ཅུ་རྩ་བཞི་སྟེ། ་བར་མ་དོར་འཆི་བ་ནི་ཡོད་དོ།། སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་སྟེ། བར་མ་དོར་འཚ་བ་ནི་ཡོད་དོ།། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ ་པ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདུ་ཤེས་མེད་པའི་སེམས་ཅན་རྣམས ་ཀྱང་དེ་དང་འདྲའོ། ། མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ཉིས་སྟོང་སྟེ། བར་མ་དོར་འཆི ་བ་ནི་ཡོད་དོ། ། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཞི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱད་སྟོང་སྟེ། ་བར་མ་དོར་འཆི་བ་ནི་ཡོད་དོ།། འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་པའི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ ་ཉི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཅི་ཡང་མེད་པའི་སྐྱེ་མཆེད་པའི ་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱད་ཁྲི་སྟེ། བར་མ ་དོར་འཆི་བ་ནི་ཡོད་དོ། ། འདི་ནས་བྱང་ཕྱོགས་ན་རི་ནག་པོ་གསུམ་ཡོད་དོ།། རི་ནག་པོ་གསུམ་པོ་དག་གི་བྱང་ཕྱོགས་ན་རི་ནག་པོ་གཞན་གསུམ་ཡོད་དོ།། རི་ནག་པོ་གསུམ་པོ་དེ་དག་གི་བྱང་ཕྱོགས་ན་ཡང ་རི་ནག་པོ་གཞན་གསུམ་ཡོད་དོ། ། རི་ནག་པོ་གཞན་གསུམ་པོ་ཡོད་པ་དེ་དག་གི་བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཞེས་བྱ་བ་ཡོད་དོ།། རིའི་རྒྱལ་པོ་གངས་ཀྱི་བྱང་ཕྱོགས་ན་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང ་ཞེས་བྱ་བ་ཡོད་དོ། ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ནས་དཔག་ཚད་བཅུའི་ཚུ་རོལ་ན་མཚོ་ཆེན་པོ་ཆུ་ཞེས་བྱ་བ་ཞིག་ཡོད་དེ། མ་ཐོས་པ་ཞེས་ཀྱང་བྱའོ།། མཚོ་ཆེན་པོ་ཆུ་ཞེས་བྱ་བ་དེ་ལ ་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་ཉིས་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་ལ་མེ ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཀུན་ཏུ་ཁེབས་པར་འདུག་གོ། དེའི་ནང་ནས་ཀླུང་ཆེན་པོ་བཞི་འདི་ལྟ་སྟེ། གངྒཱ་དང་། སིན་དུ་དང་། སི་ཏ་དང་། པཀ་ཤུ་དང་། འདི ་རྣམས་འབབ་སྟེ། གངྒཱ་ནི་ཤར་ཕྱོགས་ནས་གླང་པོ་ཆེའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་གཡས་ཕྱོགས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར ་འགྲོའོ། ། སིན་དུ་ནི་ལྷོ་ཕྱོགས་ནས་ཁྱུ་མཆོག་གི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་གཡས་ཕྱོགས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། ་པཀ་ཤུ་ནི་ནུབ་ཕྱོགས་ནས་རྟའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་གཡས་ཕྱོགས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོར་འགྲོའོ།། སི་ཏ་ནི་བྱང་ཕྱོགས ་ནས་སེང་གེའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་གཡས་ཕྱོགས་སུ་བསྐོར་ཏེ། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། འདི་སྐད་དུ། བྱང་ཕྱོགས་ཁ་དགུར་འགྱུར ་བ་ཡིདཆུ་མཚོ་ཡོད་དེ་གཞན་དག་ཀྱང་། ། དེས་ན་མཚོ་ཆེན་ཆུ་ཞེས་བྱ།། ཐ་དད་རྒྱུན་རྣམས་འབྱུང་གནས་ཡོད།། ཆུ་ཀླུང་གངྒཱ་སིན་དུ་པག་ཤུ་དང་།། སི་ཏ་དབའ་རླབས་དབུ་བའི་འཕྲེང་བ་ཅན།། འབབ་ཅིང ་ཐམས་ཅད་བསིལ་བའི་ཆུ་ཡིན་ཏེ། ། ཆུས་གང་ཁྱད་པར་བཞི་འབབ་སྟེ།། ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་།། གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ།། སིན་དུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བའོ།། ་པག་ཤུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ།། དེ་ཡི་བྱང་ཕྱོགས་རྒྱ་མཚོར་སིད་འགྲོ།། ཆུ་ཀླུང་རབ་མཆེས་ན་པོ་འརི་དག་ནི་མཆོག་ཏུ་བཟའ་ཞིང་སོ་སོར་འབབ་པ་སྟེ།། རེ་རེ་ཞིང་ཡང་ལྔ་བརྒྱ་ཁྱེར་ནས་ནི།། ་ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ།། ཞེས་ཀྱང་བྱའོ།། རཾ་སྤོས་ཀྱི་དང་ལྡང་དེའི་བྱ་དང་ཀཱགས་ཀྱི་དྲུག་ཏུ་སྐྱབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ལྔ་བཅུ། ཞང ་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ། དཔང་དུ་དཔག་ཚད་ཕྱང་ད་བཞི་མེད་པ་དབྱར་ཤིང་བལྔ་ནི་སྡུག་ལ་མཛེས་པ་ཞིག་ཡོད་དེ། དེའི་ནང་གི་ས་གཞི་ཡང་དབྱིབས་ལེག ་ཤིང་བལྟ་ན་སྡུག་པ། མཛེས་པ་གསེར་གྱི་ཕྱེ་མ་བདལ་ཅིང་། ཙན་དན་གྱི་ཆུའི་ཆག་ཆག་བཏབ་པ་སྟེ། དེར་ཡིད་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས ་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ། ། དེའི་ཁོར་ར་ཁོར་ཡུག་ཏུ་གསེར་གྱི་བྲག་བྱ་སྐྱིབས་བརྒྱད་སྟོང་ཡོད་དེ། དེ་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། དེ་དག་གི་ནང་གིས ་གཞི་རྣམས་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་ལ། མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་སྟེ། དེར་ཡང་ཡིད་དུ་མི་འོང་བ་ཤིང་ངམ། གསེག ་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས ་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཞིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེར་ཡང་ཡིད་དུ་མི་འོང་བའི་ཤིང་དང་། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། ་དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ཤིང་སཱ་ལའི་རྒྱལ་པོ་ཆེན་པོ་རབ་ཏུ་བརྟན་པ་ཞེས་བྱ་བ་སཱ་ལའི་འཕྲེང ་བ་རིམ་པ་བདུན་གྱིས་བསྐོར་བ་ཞིག་ཡོད་དེ། སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་དེའི་རྩ་བ་ནི། འདོམ་བཅུ་བཞི་ཐུར་དུ་ཟུག་གོ། ས་ལའི་འཕྲེང་བ་དང་པོའི་རྩ་བ་ན་འདོམ་བཅུ་གསུམ་ཐུར་དུ་ཟུག་གོ།། གཉིས ་པའི་ནི་བཅུ་གཉིས་སོ། ། གསུམ་པའི་ནི་བཅུ་གཅིག་གོ།། བཞི་པའི་ནི་བཅུའོ།། ལྔ་པའི་ནི་དགུའོ།། དྲུག་པའི་ནི་བརྒྱད་དོ།། སཱ་ལའི་འཕྲེང་བ་བདུན་པའི་རྩ་བ་ནི་འདོམ་བདུན་ཐུར་དུ་ཟུག་གོ། སཱ་ལའི ་རྒྱལ་པོ་རབ་ཏུ་བརྟན་པ་དེའི་ཡལ་ག་དང་། ལོ་མ་དང་། ཡན་ལག་རྣམས་གང་ཡིན་པ་དེ་ནི། སཱ་ལའི་འཕྲེང་བ་དང་པོ་ལ་ཐུག་གོ།། འཕྲེང་བ་དང་པོའི་ཡལ་ག་དང་། ལོ་མ་དང་། ཡན་ལག་གང་ཡིན་པ་དེ་ནི ་གཉིས་པ་ལའོ། ། གཉིས་པའི་གང་ཡིན་པ་དེ་ནི་གསུམ་པ་ལའོ།། གསུམ་པའི་གང་ཡིན་པ་དེ་ནི་བཞི་པ་ལའོ།། བཞི་པའི་གང་ཡིན་པ་དེ་ནི་ལྔ་པ་ལའོ།། ལྔ་པའི་གང་ཡིན་པ་དེ་ནི་དྲུག་པ་ལའོ།། དྲུག ་པའི་གང་ཡིན་པ་དེ་ནི་བདུན་པ་ལའོ། ། སཱ་ལའི་འཕྲེང་བ་བདུན་པའི་ཡལ་ག་དང་། ལོ་མ་དང་། ཡན་ལག་གང་ཡིན་པ་དེས་ནི་ནམ་མཁའ་ཁྱབ་པར་འདུག་གོ།། དེའི་ནང་གི་ས་གཞི་ཡང་དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། དེར་ཡང་ཡིད་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། ་དེར་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། ་དེར་ཡང་ཡིད་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ཤར ་ཕྱོགས་དཔག་ཚད་ཉི་ཤུ་ན། རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ་སྟེ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན ་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་། ཆུ་སྦྲང་རྩི་ལྟ་བུས་གང་བ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཁེབས་པ་ཞིག་ཡོད་དེ། རྫིང་བུ་དལ་གྱིས་འབབ་ཀྱི་ནང་གི་པདྨའི ་ལོ་མ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་ལང་ཡོག་པ་ཙམ་མོ།། པདྨའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་མདའ་ཙམ་མོ།། པདྨའི་མེ་ཏོག ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་འཕང་ལོ་ཙམ་མོ།། པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་བརླ་ཙམ་མོ།། རོ་མངར་ཞིང་མཆོག་ཏུ་མང་ཏེ། ་འདི་ལྟ་སྟེ། སྦྲང་བུའི་སྦྲང་རྩི་མ་སྐོལ་བ་བཞིན་ནོ།། བཅད་ན་ཡང་འོ་མ་འཛག་གོ། རྫིང་བུ་དལ་གྱི་འབབ་ཀྱི་ཁོ་ར་ཁོར་ཡུག་ན། རྫིང་བུ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས ་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་ངོ་།། དེ་དག་གི་ནང་གི་པདྨོའི་ལོ་མ་རྣམས་ཀྱང་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་ལང་གཡོག་པ་ཙམ་མོ།། པདྨའི་སྡོང་བུ ་། རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་མདའ་ཙམ་མོ།། པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་འཕང་ལོ་ལྔ་ཙམ་མོ།། པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ ་། ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་བརླ་ཙམ་མོ།། རོ་མངར་ཞིང་མཆོག་ཏུ་མངར་ཏེ། འདི་ལྟ་སྟེ། སྦྲང་བུའི་སྦྲང་རྩི་མ་སྐོལ་བ་བཞིན་ནོ།། བཅད་ན་ཡང་འོ་མ་འཛག་གོ།། དེའི་ལམ་སྲིད་དུ་དཔག ་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཞིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེར་ཡང་ཡིད་དུ་མི ་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱིས། རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ ་ངོར་སྤྱོད་པ་རབ་ཏུ་བརྟན་པ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། ། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་ཀར་འདུག་པ། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་ཏེ། ་དེའི་མགོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་འདམ་བུ་ཆུ། ཤེལ་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་དེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པའི ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག། འཕང་དུ་དཔག་ཚད་ཕྱེད་དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་དོ།། དེའི་འཁོར་གླང་པོ་ཆེ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས ་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་ཀར་དུ་འདུག་ཅིང་། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་ཏེ། དེ་དག་གི་མགོ་ཡང་དབྱིབས་ལེགས་ཤིང་བལྟ། ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་འདམ་བུ་ཆུ། ཤེལ་གྱི་མདོག་ལྟར་དབུས་དམར་བ་མཆེ་བ་དྲུག་ཡོད་པ་ཤ་སྟག་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་དེ་འཁོར་དང་བཅས་པ། དགུན་ཟླ་བ་བཞི ་ནི་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འཁོད་དོ། ། དཔྱིད་ཟླ་བཞི་ནི་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས་ཤིང་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བྲག ་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འདུག་པའི་ཚེ་ནི། གླང་པོ་ཆེ་བརྒྱད་སྟོང་པོ་རྣམས་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བསྲུང་བ་དང་། སྦ་བ་དང་། མཛེས་པ ་བྱ་བའི་ཕྱིར། བྲག་བྱ་སྐྱིབས་བརྒྱད་སྟོང་དག་གི་ནང་ན་ཉེ་བར་གནས་ཤིང་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ནས། ཤིང་སཱ་ལའི་རྒྱལ་པོ་རབ་ཏུ ་བརྟན་པའི་ནང་ན་འགྲོ་ན། རེ་འགའ་ནི་ཐ་མལ་པའི་ཚུལ་གྱིས་འགྲོ། རེས་འགའ་ནི་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་། མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས ་གླང་པོ་ཆེ་དེ་དག་ཐམས་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱི་མགོ་འམ་རྒྱབ་ཏུ་ཞོན་ཏེ། སིལ་སྙན་དང་ཕེག་རྡོབ་པ་དག་རྒྱ་ཆེར་བྱེད་ཅིང་འགྲོའོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ ་བརྟན་པ་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་ནི། གླང་པོ་ཆེ་བརྒྱད་སྟོང་པོ་དེ་དག་ཀྱང་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བསྲུང་བ་དང་། སྦ་བ་དང ་མཛེས་པར་བྱ་བའི་ཕྱིར། ཤིང་སཱ་ལའི་འཕྲེང་བ་རིམ་པ་བདུན་པོ་དག་གི་ནང་ན་ཁ་ནང་དུ་བལྟས་ཤིང་འཁོད་དོ།། ཤིང་སཱ་ལའི་འཕྲེང་བ་དང་པོའི་ནང་ན་འཁོད་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་བལྟས ་ཤིང་འཁོད་དོ། ། གཉིས་པའི་ནང་ན་འདུག་པའི་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ།། གསུམ་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ལ་ནང་དུ་ལྟའོ།། བཞི་པའི་ནང་ན་འདུག་པ་གང་ཡིན་པ ་དེ་དག་ཀྱང་ཁ་ནང་དུ་ལྟའོ། ། ལྔ་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ།། དྲུག་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ།། བདུན་པའི་ནང་ན་འདུག་པ་གང་ཡིན ་པ་དེ་དག་ཀྱང་ཁ་ནང་དུ་བལྟས་ཏེ་འཁོད་དོ། ། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་ནས། རྫིང་བུ་དལ་གྱིས་འབབ་པར་འགྲོ་བ་ན། རེས་འགའ་ན་ཐ་མལ ་པའི་ཚུལ་གྱིས་འགྲོའོ། ། རེས་འགའ་ནི་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས། གླང་པོ་ཆེ་དེ་དག་ཐམས་ཅད་ཀྱི་ནང་ན་དབང་།། ་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱི་མགོ་བོ་འམ། རྒྱབ་ཏུ་ཞོན་ཏེ། སིལ་སྙན་དང་། ཕག་རྡོབ་པ་དག་ཀྱང་རྒྱ་ཆེར་བྱེད་ཅིང་འགྲོའོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས ་འབབ་ཀྱི་ནང་དུ་ཞུགས་ནས། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ། དེའི་ཚེ་གླང་པོ་ཆེ་བརྒྱད་སྟོང་པོ་དག་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་དེ་བསྲུང་བ་དང་། སྦ་བ་དང་། མཛེས་པར ་བྱ་བའི་ཕྱིར། རྫིང་བུ་དལ་གྱི་འབབ་ཀྱི་མཐའ་ཁོར་ཁོར་ཡུག་ཀུན་ནས་བསྐོར་ཏེ། ཁ་ནང་དུ་བལྟས་ཤིང་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་ན་རྩེ་ཞིང ་དགའ་ལ་དགའ་དགུར་སྤྱད་ནས། ཕྱིར་འབྱུང་བ་དེའི་ཚེ་དེའི་ནང་ན་གླང་པོ་ཆེ་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་ན་ཞུགས་ནས་པདྨའི་རྩ་བ་རྣམས་བླངས་ཏེ་ཤིན་ཏུ་བཀྲུས་ཤིང་རབ་ཏུ ་བ་ཤལ་ནས། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ལ་འབུལ། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ཟོས་ཤིང་འཐུངས་ཏེ། འགྲངས་པར་གྱུར་པ་དེའི་ཚེ། གླང་པོ་ཆེ་གཞན ་བརྒྱད་སྟོང་པོ་དེ་དག་ཀྱང་རྫིང་བུ་རེ་རེར་ཞུགས་ནས། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། པདྨའི་རྩ་བདག་བླངས་ཤིང་ཤིན་ཏུ་བཀྲུས་ཤིང་རབ་ཏུ་བཤལ་ཏེ་ཟའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང ་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་རབ་ཏུ་བརྟན་པའི་མཐུ་ནི་དེ་ཙམ་མོ། ། སེམས་ཅན་ཐམས་ཅད་ནི་སྲུངས་མ་དང་བཅས་ཤིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་མི་འབྲལ་ཏེ། སེམས་ཅན་གང་དབང་ཆུང་བར ་གྲགས་ཤིང་བསོད་ནམས་ཆུང་ལ། གཟི་བརྗིད་ཆུང་བ་དེ་དག་ནི། བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ལ་གཅིག་བསྲུང་སྟེ། དཔེར་ན་བ་ལང་མང་པོ་དང་། ལུག་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ ་ལ་གཅིག་གིས་བསྲུང་བ་དེ་བཞིན་དུ། སེམས་ཅན་གང་དབང་ཆུང་བར་གྲགས་ཤིང་། བསོད་ནམས་ཆུང་ལ། གཟི་བརྗིད་ཆུང་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ལ་གཅིག་བསྲུང་ངོ་།། སེམས ་ཅན་དབང་ཆེ་བར་གྲགས་ཤིང་། བསོད་ནམས་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་པུ་བསྲུང་བ་སྟེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་འམ། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་པུ་བསྲུང་བ་དེ་བཞིན་དུ། སེམས་ཅན་གང་དབང་ཆེ་བར་གྲགས་ཤིང་། བསོད ་ནམས་ཆེ་ལ་གཟི་བརྗིད་ཆེ་བ་དེ་དག་ལ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་པུ་བསྲུང་ངོ་།། འདིར་སྨྲས་པ། ཅི་སྟེ་སེམས་ཅན་ཐམས་ཅད་སྲུངས་མ་དང་བཅས། སྲུང་བ་དང་། སྐྱོང ་པ་དང་། སྦེད་པ་དང་མི་འབྲལ་ན་ཅིའི་ཕྱིར་འཚེ་བ་ཡོད་པར་འགྱུར། སྨྲས་པ། སྲུངས་མ་མཐུ་ཆུང་བ་ཞིག་ཡིན་ན་ནི། དེ་ལ་ཟིལ་གྱིས་གནོན་པ་ལས་འཚེ་བ་ཡོད་དོ།། སྲུངས་མ་བག་མེད་ཅིང་བག་མེད ་པ་ལ་གནས་པ་ཞིག་ཡིན་ན། དེའི་བག་མེད་པའི་རྒྱུ་ལས་ཀྱང་འཚེ་བ་རྣམས་ཡོད་དོ།། སྲུངས་མ་གཉིས་ལྷན་ཅིག་འཐུན་པར་གྱུར་པས་ཀྱང་ཟིལ་གྱིས་མནན་ནས་འཚེ་བར་བྱེད་དོ།། མི་རྣམས་ཆོས་མ ་ཡིན་པ་ལ་སྤྱོད་ཅིང་མི་རིགས་པ་སྤྱོད་པ་ཡིན་ན། དེ་དག་ནི་དེ་དག་གི་ཆོས་མ་ཡིན་པ་སྤྱོད་པ་དང་། མི་རིགས་པ་སྤྱོད་པ་ལས་ཀྱང་འཚེ་བ་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་འདི་ལྟ ་སྟེ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་འཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་སུ་བཀོད་པ་དག་ཡོད་དེ། ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གི་གཡོག་ཞོ་ཤས ་འཚོ་བ་རྣམས་ཀྱིས་ལམ་པོ་ཆེ་དང་སྲང་དང་བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་འཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས ་དང་བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། བསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ ་ཅི་སྟེ་དེ་དག་གིས་སྐྱེན་པར་ཚོར་ན་ནི་དེ་དག་གནས་མཐོན་པོ་ལ་འགོད་དོ། ། ཅི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞི་ལ་ནི། རྒྱལ་པོ་ཆེན་པོ ་བཞི་པོ་དེ་དག་གི་བུ་རྣམས་ཀྱིས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་འཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ། ཅི་སྟེ ་དེ་དག་གིས་སྐྱེན་པར་ཚོར་ན་ནི་དེ་དག་གནས་རྣམས་མཐོན་པོ་ལ་འགོད་དོ། ། ཅི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་ནི་རྒྱལ་པོ་ཆེན་པོ་བཞི ་པོ་དེ་དག་ཉིད་ཀྱིས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་འཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང ་བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ། ཅི་སྟེ་དེ་དག་གིས་སྦྱིན་པར་ཚོར་ན་ན ་དེ་དག་གནས་མཐོན་པོ་ལ་འགོད་དོ། ། ཅི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ ་ནི་རྒྱལ་པོ་ཆེན་པོ་དག་གི་གཡོག་ཞོ་ཤས་འཚོ་བ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས ་ཀྱི་ནང་ན་རྒན་རབས་ལ་རི་མོར་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་ཉུལ་ལོ།། ཟླ་བ་ཕྱེད་ཀྱི་ཆོས ་བཅུ་བཞི་ལ་ནི། རྒྱལ་པོ་ཆེན་པོ་བཞི་པོ་དག་གི་བུ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས ་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས ་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་དུ་ཉུལ་ལོ།། ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་ནི་རྒྱལ་པོ་ཆེན་པོ ་བཞི་པོ་དེ་དག་ཉིད་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལར ་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་བྱེད་པ་དང་། གསོ ་སྤྱོ་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་དུ་ཉུལ་ལོ།། ཅི་སྟེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་མི་འཛིན་པ་དང་། ་ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོར་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས ་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང ་དག་པར་བླངས་ཏེ་མི་འདུག་པ་དག་མང་ན་ནི། རྒྱལ་པོ་བཞི་པོ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་འདུན་ས་ཆོས་བཟངས་སུ་འདུས་ཤིང་འཁོད་པའི་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་འདི་ཤེས ་པར་གྱིས་ཤིག། མི་དང་མི་མ་ཡིན་པར་འཇིག་རྟེན་ན་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོར་མི་བྱེད་པ ་དང་དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་། བསོད་ནམས ་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་དག་མང་ངོ་ཞེས་བསྙད་དོ།། དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡི་མ་རངས ་ཤིང་མི་མགུ་བར་གྱུར་ནས། ཡི་མ་རངས་པ་ཉིད་ཀྱང་ཕྱིར་ལྡོག་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང ་མམི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་བྱེད་པ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་མང་བ ་ནིམི་རྣམས་ཀྱི་ཆོས་མཛེས་པ་ཡིན་ནོ། ། རྐྱེན་དུ་བབ་པ་མ་ཡིན་ནོ།། ལེགས་པ་མ་ཡིན་ནོ།། དགེ་བ་མ་ཡིན་ནོ།། དེ་ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་ཡོངས་སུ་འགྲིབ་པར་འགྱུར་ལ། ལྷ་མ་ཡིན་རྣམས ་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་རོ་ཞེས་སྨོས་སོ། ། ཅི་སྟེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས ་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར ་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་བ་ན་ནི། རྒྱལ་པོ་ཆེན་པོ་བཞིས་སུམ་ཅུ་རྩ ་གསུམ་པའི་ལྷ་རྣམས་ལྷའི་འདུན་ས་ཆོས་བཟངས་སུ་འདུས་ཤིང་འཁོད་པའི་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་འདི་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང ་པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི ་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག ་པ་དག་མང་ངོ་ཞེས་བསྙད་ན་ནི། དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡི་རེངས་ཤིང་མགུ་བར་གྱུར་ནས། ཡི་རངས་པ་ཉིད་ཀྱང་ཟློས་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི ་མ་ཡིན་པའི་འཇིག་རྟེན་ན། མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས ་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ངེས་པར་གནས ་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས། འདུག་པ་དག་མང་བ་ནི་མི་རྣམས་ཀྱི་ཆོས་མཛེས་སོ།། རྐྱེན་དུ་བབ་བོ།། ལེགས་སོ།། དགེའོ།། དེ་ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ ་བར་འགྱུར་ལ། ལྷ་མ་ཡིན་རྣམས་ཀྱི་ཚོགས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ་ཞེས་སྨོས་སོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། ལྷའི་འཁོར་རབ་ཏུ་དགའ་ལ་བདེ་ཞིང་ཡིད་བདེ་བ་སྐྱེས་པར ་རིག་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདིར་ནི་ཟླ་བ་ཕྱེད་དང་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་།། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ ་མཉམ་གཞག་གནས་བྱེད་འདིར། ། ང་ཅི་འདྲ་བ་དེ་བཞིན་འགྱུར།། དགེ་སློང་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་། ་ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་།། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་གཞག་གནས་བྱེད་འདིར།། ང་ཅི་འདྲ་བ་དེ་བཞིན་འགྱུར།། ཞེས་ཚིགསུ་བཅད་པ་སྨྲས་པ་དེ་ནི་ཉེས་པར་སྨྲས་པ་ཡིན ་གྱིལེགས་པར་སྨྲས་པ་མ་ཡིན་ནོ། ། ཉེས་པར་སྟོན་པ་ཡིན་གྱི། ལེགས་པར་སྟོན་པ་མ་ཡིན་ནོ།། ཉེས་པར་བརྗོད་པ་ཡིན་གྱི། ལེགས་པར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག། དེ་ཅིའི་ཕྱིར་ཞེ་ན ་ལྷའི་དབང་པོ་བརྒྱ་བྱིན་དེ་ནི་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཎྜཱི་མུག་དང་བཅས་པ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ། སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་ལོ་ཞེས་ང་སྨྲའོ།། དེ་བས་ན་དེས་གང་འདི་སྐད ་དུ་འདི་ནི་ཟླ་ཕྱེད་ཚེས་བརྒྱད་དང་། ། དེ་བཞིན་བཅུ་བཞི་བཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་།། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་གཞག་གནས་བྱེད་འདིར།། @ ་འདྲ་བ་དེ་བཞིན་འགྱུར། ། ཞེས་ཚོགས་སུ་བཅད་པ་སྨྲས་པ་འདི་ཉེས་པར་སྤྲས་པ་ཡིན་གྱི། ལེགས་པར་སྨྲས་པ་མ་ཡིན་ནོ།། ཉེས་པར་སྟོན་པ་ཡིན་གྱི། ལེགས་པར་སྟོན་པ་མ་ཡིན་ནོ།། ཉེས་པར ་བརྗོད་པ་ཡིན་གྱི། ལེགས་པར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག་དགེ་སློང་གང་དགྲ་བཅོམ་པ་ཡིན་ཞིང་། གང་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་། ་ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་།། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་གཞག་གནས་བྱེད་འདིར།། ངཅི་འདྲབ་དེ་བཞིན་འགྱུར།། ཚོགས་སུ་བཅད་པ་འདི་སྨྲས་ན་ལེགས་པར་སྤྲས་པ་ཡིན། ་ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་སྟོན་པ་ཡིན་ཏེ། ཉེས་པར་སྟོན་པ་མ་ཡིན་ནོ།། ལེགས་པར་བརྗོད་པ་ཡིན་ཏེ། ཉེས་པར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ནི ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ ་བ་རྣམས་ལས་ཡོངས་སུ་གྲོལ་ཞིང་སྡུག་བསྔལ་ལས་ཡོངས་སུ་གྲོལ་བའོ་ཞེས་ང་སྨྲ་སྟེ། དེ་བས་ན་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅོ་ལྔ་དང་། ཆོ་འཕྲུལ ་གྱི་ནི་ཟླ་ཕྱེད་ལའང་། ། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་གཞག་གནས་བྱེད་འདིར།། ང་ཅི་འདྲ་བ་དེ་བཞིན་འགྱུར།། ཞེས་ཚིགས་སུ་བཅད་པ་འདི་དག་སྨྲ་ན་ལེགས་པར་སྨྲས་པ་ཡིན་ཏེ། ་ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་སྟོན་པ་ཡིན་ཏེ། ཉེས་པར་སྟོན་པ་མ་ཡིན་ནོ།། ལེགས་པར་བརྗོད་པ་ཡིན་ཏེ། ཉེས་པར་བརྗོད་པ་མ་ཡིན་ནོ་ཞེས་གསུངས་སོ།། འཛམ་བུ་གླིང་གི་ཁོ་ར་ཁོར་ཡུག་ན ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལམ་དཔག་ཚད་གཅིག་ཏུ། གསེར་གྱི་བྱེ་མ་བདལ་ཏེ། རྒྱ་མཚོ་ཆེན་པོའི་ཆུས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁྱབ་བོ།། གང་གི་ཚེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ ་དེའི་ཚེ། རྒྱ་མཚོ་ཆེན་པོར་དཔག་ཚད་གཉིས་ཀྱི་བར་དུ་ན་སྐམ་ཞིང་མེད་པར་འགྱུར་ཏེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་གང་ནས་གླིང་དུ་འགྲོ་བ་དེ་ནི་འཁོར་ལོ་སྒྱུར་བའི་ལམ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས ་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་བྱུང་བ་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་བརྟག་པར་འདོད་པས་ཉི་མ་ཤར་བའི་དུས་ཀྱི་ཚེ། གླང་པོ་རིན་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ཉིད་དུ་སོང་ནས། ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ།། དགེ་སློང་དག་གཞན་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོ་རྟ་རིན་པོ་ཆེ་བརྟག་པར་འདོད་པས་ཉི་མ་ཤར ་བའི་དུས་ཀྱི་ཚེ། རྟ་རིན་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ཆེན་པོ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ཉིད་དུ་སོང་ནས། ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ་ཞེས་གསུངས་སོ།། ་སྤྱི་སྡོམ་ལ། རི་དང་སྐྱེ་བའི་གནས་དག་དང་།། ནམ་མཁའ་ལྡིང་དང་ལོ་ཚོང་དང་།། གྲང་བ་དག་ནི་ལྔ་པར་བྱས།། དུས་ཚོགས་ཀྱང་ནི་ཐ་མ་ཡིན།། འཇིག་རྟེན་བཞག་པ་ལས་ཚིགས་དྲུག་པའོ།། ་འཇིག་རྟེན་བཞག་པ་བམ་པོ་གསུམ་པ།། ། སྡོམ་ལ། སྲུངས་མ་ལྷ་ཡི་གྲོང་ཁྱེར་བསྲུང་དང་རྣམ་པར་རྒྱལ།། ཆོས་བཟང་རྒྱུ་བའི་ལམ་དང་འོབས་དང་སྐྱེད་མོས་ཚལ།། ས་གཞི ་དང་ནི་ཡོངས་འདུས་བརྟོལ་གླང་ཆེན་རྣམས། ། ལྷ་མ་ཡིན་རྣམས་ཀྱི་ཡང་དེ་དང་འདྲ་བ་ཡིན།། ལྷའི་གྲོང་ཁྱེར་དང་། ལྷ་མ་ཡིན་གྱི་གྲོང་ཁྱེར་གྱི་བར་དུ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་རྣམ་པ་ལྔ ་བཀོད་པ་ལ་འདི་ལྟ་སྟེ། ཆུ་ན་གནས་པའི་ཀླུ་རྣམས་དང་། ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་དང་། ལག་ན་གཞོང་པ་ཐོགས་པའི་ལྷ་རྣམས་དང་། འཕྲེང་བ་ཐོགས་པའི་ལྷ་རྣམས་དང་། རྟག་ཏུ་མྱོས ་པའི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་སོ།། གང་གི་ཚེ་ལྷ་མ་ཡིན་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་པར་འདོད་པར་གྱུར་པ་དེའི་ཚེ། དཔུང་གི་ཚོགས་ཡན ་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་གྱོན་ནོ།། གོ་ཆ་རྣམ་པ་བཞི་གྱོན་པ་འདི་ལྟ་སྟེ། གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་རྣམས་དང་། ཤེལ་ལས་བྱས་པ་རྣམས་སོ།། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས ་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་པ་བཞི་ལ་འདི་ལྟ་སྟེ། རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་སོ།། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། ་མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ནས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་ངོ་།། ལྷ་མ་ཡིན་དེ་དག་གི་དཔུང་གི་ཚོགས ་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤི་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ ་ལས་བྱས་པ་དང་། བཻ་ཌཱུཪྻ་ཁས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་པ་ནས། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ཏེ། སུམ ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་བ་དེ་དག། ཆུ་ན་གནས་པའི་ཀླུ་རྣམས་ཀྱིས་མཐོང་ངོ་།། མཐོང་ནས་ཆུན་གནས་པའི ་ཀླུ་རྣམས་ཀྱང་། དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ། ་གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་མགོས་ནས། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང ་མདུང་དང་། གཞུ་རྣམས་བླངས་ཏེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་ཅི་སྟེ་ཀླུ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་པར་གྱུར་ན་ནི། ཀླུ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ཀླུ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས ་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་དང་པོ་ཀླུ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རྒྱ་མཚོ་ཆེན་པོའི་ནང་ནས་རིའི་རྒྱལ་པོ་ར་རིབ་ཀྱི་བང་རིམ ་དང་པོ་གང་ན་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ལོལ་གོ་ཐགས་ཀྱི་ལྷ་རྣམས་འཁོད་པར་རྩེ་ཞིང་འགྲོའོ།། དེ་ནས་ལག་ན་མོལ་གོ་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་གཞོང་ཐོགས་ཀྱི་ལྔམ ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུངས་མ་གཉིས་གཅིག་ཏུ་འདུས་པར་གྱུར་ནས་ལྷ་མ་ཡིན་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་ཅི་སྟེ་སྲུངས་མ་གཉིས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ ་ན་ནི་སྲུངས་མ་གཉིས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་ལྷ་མ་ཡིན་རྣམས ་རྒྱལ་ཏེ། སྲུངས་མ་གཉིས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་གཉིས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ་རརིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་དང་པོ་ནས། བང་རིམ་གཉིས་པ་གང་ན་འཕྲེང་ཐོགས་ཀྱི་ལྷ་རྣམས་འཁོད་པར་རྩེ་ཞིང་འགྲོའོ།། དེ་ནས་འཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་ཀྱི་ལྷ ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུངས་མ་གསུམ་པོ་རྣམས་ལྷན་ཅིག་ཏུ་འདུས་པར་གྱུར་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་ཅི་སྟེ་སྲུངས་མ་གསུམ ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུངས་མ་གསུམ་པོ་དག་གིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང ་ཁྱེར་དུ་འགྲོ་བར་འགྱུར་རོ། ། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་གསུམ་པོ་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་གསུམ་པོ་རྣམས་ལྷ་མ་ཡིན་གྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ་ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གཉིས་པ་ནས། བང་རིམ་གསུམ་པ་གང་ན་རྟག་ཏུ་མྱོས་པའི་ལྷ་རྣམས་འཁོད་པར་རྩེ་ཞིང ་འགྲོའོ། ། དེ་ནས་རྟག་ཏུ་མྱོས་པའི་ལྷ་རྣམས་དང་། འཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུངས་མ་བཞི་པོ་རྣམས ་གཅིག་ཏུ་འདུས་པར་གྱུར་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་ཅི་སྟེ་སྲུངས་མ་བཞི་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུངས་མ་བཞི་པོ་རྣམས་ཀྱིས ་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ ་བཞི་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུངས་མ་བཞི་པོ་དག་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གསུམ་པ་ནས། བང་རིམ་བཞི་པ་གང་ན་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་འཁོད་པར་རྩེ་ཞིང་འགྲོའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། རྟག་ཏུ་མྱོས་པའི ་ལྷ་རྣམས་དང་། འཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུངས་མ་ལྔ་པོ་རྣམས་གཅིག་ཏུ་འདུས་པར་གྱུར་ནས། ལྷ་མ ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། ། དེར་ཅི་སྟེ་སྲུངས་མ་ལྔ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུངས་མ་ལྔ་པོ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ ་ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་ལྔ་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་ཀྱི་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་བཞི་པ་ནས། སྟེང་གི་གཞི་གང ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོད་པར་རྩེ་ཞིང་འགྲོའོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞིས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད ་ཅེས་སྨྲས་སོ། ། ཀོའུ་ཤི་ཀ་གང་བདག་ཅག་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི ་གཞིར་རྩེས་ཏེ། མཆིས་པ་མཁྱེན་པར་མཛོད་ཅིག། ཀོའུ་ཤི་ཀ་ད་ལྟར་གང་གི་དུས་ལ་བབ་པར་དགོངས་ཤིག། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ལྟར་མཉན་ནས། སུམ་ཅུ་རྩ ་གསུམ་པའི་ལྷ་རྣམས་ལ་སྤྲས་པ། གྲོགས་པོ་དག་གང་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ ་རི་རབ་ཀྱི་སྟེང་གི་གཞིར་རྩེས་ཏེ་འོངས་པ་ཤེས་པར་གྱིས་ཤིག། གྲོགས་པོ་དག་ད་ལྟར་གང་གི་དུས་ལ་བབ་པར་སོམས་ཤིག། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གླང་པོ་ཆེའི ་རྒྱལ་པོ་རབ་བརྟན་ལ་བསམས་སོ། ། དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་མཚན་མ་རྟོགས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང ་བ་འམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ། གླང་པོ་ཆེའི་རྒྱལ་པོ་རབ་བརྟན་འཛམ་བུ་གླིང་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ངོ་།། སོང་ནས་མགོ་སུམ་ཅུ ་རྩ་གཉིས་མངོན་པར་སྤྲུལ་ཏེ། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག། མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན ་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ་ལྷའི་དབང ་པོ་བརྒྱ་བྱིན་ཞོན་ནོ། ། དེ་ལས་གཞན་པའི་མགོ་བོ་ལྷག་མ་རྣམས་ལ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་པོ་རྣམས་ཞོན་ནོ།། དེ་ལས་གཞན་པའི་གླང་པོ་ཆེ་རྣམས་ལ་ནི། དེ་ལས་གཞན་པའི་སུམ་ཅུ་རྩ་གསུམ་པ ་རྣམས་ཞོན་ནོ། ། དེ་ཤིན་ཏུ་མགྱོགས་ཏེ། དཔེར་ན་འཇིག་པའི་རླུང་ངམ། ཆག་པའི་རླུང་བཞིན་ཏེ། དེ་ན་ལྷ་འམ། ལྷའི་བུ་མོ་སུ་ཡང་འདི་སྙམ་དུ་འདི་ནི་བདག་གི་མདུན་དུ་འགྲོའོ་ཞེའམ། ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ།། ་དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སྒོ་ནས་བྱུང་སྟེ། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་ཕྱིན་ནས། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་བཏང་སྟེ། ་ལྷ་འམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་འབྱོར་ཅིང ་ལྡན་པར་གྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཇི་ཙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ ་ལ་དགའ་དགུར་སྤྱོད་པ་དེ་ཙམ་དུ་ལུས་ཀྱང་རྩུབ་པར་འགྱུར་ལ། སེམས་ཀྱང་རྩུབ་པར་འགྱུར་ཏེ། དེ་དག་ལུས་རྩུབ་པ་དང་། སེམས་རྩུབ་པ་དང་། གཡུལ་འགྱེད་པ་ལ་མངོན་པར་མོས་པར་གྱུར ་ནས་དཔུང་གི་ཚོ་གས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་གྱོན་ཏེ། དཔུང་གི་ཚོགས་ཡན ་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་རྣམ་པ་བཞི་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས ་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་སོ།། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས ་བྱས་པ་རྣམས་པགས་ནས། མཚན་ཆ་རྣམ་པ་བཞི་འདི་ལྟ་སྟེ། རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་སོ།། མཚན་ཆ་རྣམ་པ་བཞི་རལ་གྲ ་མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ནས། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དེ། ཅི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ ་སྙེག་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་སྙེག་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ་ལྷ་རྣམས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། ཅི་སྟེ་ལན་གཉིས་སུ་ཡང་ལྷ་མ་ཡིན་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང ་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་མ་ཡིན་རྣམས་ཐ་རྣམས་ཀྱི་ཕྱི་བཞིན་སྙེག་པར་བྱེད ་ན་ནི། དེ་ལྟར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེག་པ་ལས་ན་ཡང་ལན་གསུམ་དུ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་རྣམས་ཕྱིར་ལྡོག ་གོ་ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། ། ཅི་སྟེ་ལྷ་མ་ཡིན་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ན་ནི། ལྷའི་གྲོང་ཁྱེར་དུ་འཇུག་གོ།། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག ་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། ། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་བརྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང ་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ།། ཅི་སྟེ་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་རྣམས་ལྷ་མ་ཡིན ་རྣམས་ཀྱི་ཕྱི་བཞིན་དུ་སྙེག་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེག་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར ་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ།། ཅི་སྟེ་ལན་གཉིས་སུ་ཡང་ལ་རྣམས་རྒལ་ལྷ་རྣམས ་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། ་འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་གྱི་ཕྱི་བཞིན་དུ་སྙེག་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེག་པ་ལས་ན། ཡང་ལན་གསུམ་དུ ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལྡོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། ཇི་ལྟར་ལན་གསུམ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས ་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་ཞུགས་ནས ་སྒོ་རྣམས་བཅད་དེ། ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ།། འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་བརྫི་བཞིན་དུ། ལྷ་རྣམས ་ཀྱང་འདི་ལྟར་ལྷ་མ་ཡིན་རྣམས་ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱིས། བདག་ཅག་གིས་ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི ་མཐོང་བ་འཇུག་གོ། ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་བྱུང་བ་ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ན་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷ་མ་ཡིན་རྣམས ་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལོག་གོ།། འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བ་ཞི་ས ་ཉེག་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ་ལྷ་རྣམས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། ཅི་སྟེ་ལན་གཉིས་སུ་ཡང་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས ་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྒེག་པར་བྱེད་ན་ནི ་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྒེག་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་རྣམས་ཕྱིར་ལྡོག ་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དགེ་སློང་དག་ཅི་སྟེ་ལྷ་མ་ཡིན་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ་ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷའི་གྲོང་ཁྱེར་དུ་འཇུག་གོ།། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང ་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། ། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་བརྫི་བཞིན་དུ། ལྷ་མ་ཡིན་རྣམས་ཀྱང་འདི་ལྟར་ལྷ་རྣམས་ནི། ལྷའི་གྲོང་ཁྱེར ་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ནི་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ།། དགེ་སློང་དག་འདི་ལྟར་སྔ་མ་འདས ་པའི་དུས་ནས། ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ན། ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས ་ཕྱོགས་པར་བྱས་ནས། ཤིང་རྔ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྒེག་པར་བྱེད་ན་ནི། དེ་ལྟར་ལྷ་མ་ཡིན་རྣམས་འདི་སྙམ་དུ ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལྡོག་སྟེ། ལྷ་རྣམས་དང་ལྷན ་ཅིག་ཏུ་གཡུལ་འགྱེད་དོ། ། ཅི་སྟེ་ལན་གཉིས་སུ་ཡང་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ནས། ཕམ་པར་བྱས་ཤིང ་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་གྱི་ཕྱི་བཞིན་དུ་སྙེག་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི ་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེག་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལྡོག་སྟེ། ལྷ ་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ། ། ཅི་སྟེ་ལན་གསུམ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར ་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ།། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས ་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། ། འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་བརྫི་བཞིན་དུ། ལྷ་རྣམས་ཀྱང་འདི་ལྟར་ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང ་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ།། དགེ་སློང་དག་སྔོན་འདས་པའི་དུས་ན་དེ་ལྟ་བུར ་གྱུར་ཏོ། ། འདི་སྐད་དུ། གང་ཚེ་ལྷ་དང་ལྷ་མིན་ལྷན་ཅིག་ཏུ།། གཉིས་ཀ་འདུས་ཤིང་གཡུལ་ནི་འགྱེད་པ་ན།། ཤིང་རྟ་པ་ནི་ཉི་ཟླ་མཚུངས་མེད་དེ།། ལྷ་ཡི་ཤིང་རྟ་པ་ཡི་མཆོག་ཡིན་ནོ།། ཞེས་ཀྱང ་བྱའོ། ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞི་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། ཞེང་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། མཐའ་སྐོར ་དུ་དཔག་ཚད་ཁྲི་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། གསེར་གྱི་རབས་བསྐོར་རོ།། ར་བའི་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ།། རབ ་དེ་ལས་རྩིག་སྐྱབས་རྣམ་པ་བཞི་ལས་བྱས་པ་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། གྱེན་དུ་འཕང་བའི་མདའ ་ཡབ་དང་། ཐུར་དུ་འཕྱང་བའི་མདའ་ཡབ་དང་། ཟམ་པ་རྒྱུད་མ་རྣམ་པ་བཞི་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ་དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། བྲིས་ཤིང་ལེགས་པར་བྲིས་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི ་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཅེས་བྱེད་ལ། མེ་ཏོག་མནྡ་ར་བ་མང་པོས་པུས་མོ་ནུབ་པ་ཙམ་དུ་ཁེབས་ཏེ། ་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་མཐུ་སྟོབས་ཀྱིས།། ལྷ་ཡི་གྲོང་ཁྱེར་དག་ན ་རླུང་ཆེན་ལྡང་། ། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། ཞེས་ཀྱང་འབྱུང་ངོ་།། ལྷའི་གྲོང་ཁྱེར་དེ་ན་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་དེ། ་སྒོ་གཅིག་ཀྱང་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་ནི་དཔག་ཚད་ཕྱེད་དང་གཉིས་ཡོད་དོ།། སྒོ་རེ་རེ་ལ་ཡང་སྐར་མའི་གཟུགས་སུ་བྱས་པ་རྣམ་པ་བཞི་ཡོད་དེ། གསེར་ལས་བྱས་པ་དང་། ་དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཟླ་བ་ཕྱེད་པ་ལྟ་བུར་ཡོངས་སུ་གྲུབ་པ་དང་། བ་ལང་གི་མགོ་ལྟ་བུ་དང་། མེ་ལོང་རྣམས་ཀྱང་གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད་དོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཡིན་ནོ།། སྒོ་རེ་རེ ་ལ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་བའི་ཕྱིར་དང་། བསྐྱབ་པའི་ཕྱིར་དང་། མཛེས་པར་བྱ་བའི་ཕྱིར་སྲུངས་མ་གོ་ཆ་བགོས་ཤིང་མདའ་ཆ་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ།། ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ། ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། སྲང་དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པའི་རྫིང་བུ་དེ་དག་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ ་ལས་བྱས་པ་དང་། ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་གི་ཕྱོགས་བཞིན་ཐེམ་སྐས་བྱས་པ་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞེས་བརྩིགས་སོ།། རྫིང་བུ་དེ་དག་གི་ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས ་བྱས་པ་དང་། ཤེལ་ལས་བྱས་པ་དང་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་བྱས་སོ།། བཻ་ཌཱུཪྻ ་ནི་ཤེལ་ལས་བྱས་སོ། ། ཤེལ་གྱི་ལན་ཀན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་མཛེས་སོ།། རྫིང་བུ་དེ་དག་ཀྱང་ཆུ་བསིལ་ཞིང་ཆུ ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཏེ། དེ་དག་ན་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། ་སྐད་སན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། རྫིང་བུ་དེ་དག་གི་ཉེན་ཀོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས ་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་འཕྲེང་བ་ཐ་གུ་ལ་བརྒྱུས་པའམ ་མེ་ཏོག་གི་ན་རྒྱན་ལེགས་པར་བཏུས་པ་བཞིན་དུ་སྟེ། ཐངལ་སེ་སྲེས་པའི་བྱས་ཚོགས་ས་སན་ཅིང་འཇབས་པ་རིང་མང་ཡིད་དུ་འོང་བདང་། སྐང་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས ་རྣམས་སྐད་སྙན་པ་འབྱིན་ཏོ། ། དེ་དག་གི་ཉེན་ཀོར་ན་དཔག་བསམས་ཀྱི་ཤིང་སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམ ་། པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་རྣམ་པ་བཞི་ཡང་དེ་དག ་བཞིའོ། ། ཤིང་ལས་བྱས་པའི་གོས་རྣམ་པ་བཞི་ཡང་དེ་དག་བཞིའོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་ཡོད་དོ།། ལྷ་འམ། ལྷའི་བུ ་མོ་དག་གིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། ། རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ་དབ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་དང་། ་སྦྲང་རྩི་དང་། སྤང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས ་རྣམས་དང་། ཟམ་པ་རྣམས་དང་། བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གིས་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས ་ཀྱ་རྣས་ཁཟས་དང་། བཏུང་བ་དང་ལྡན་པ་དག་ཀྱང་ཡོད་དོ།། དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། ་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་ནང་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉེས ་བརྒྱ་ལྔ་བདུ། མཐའ་སྐོར་དུ་ཡང་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་ལྔས་གྱེན་དུ་འཕགས་སོ།། ཁང་བཟངས ་རྣམ་པར་རྒྱལ་བ་དེའི་རྨང་རྟེན་རྣམ་པ་བཞི་ལས་བྱས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ ་འི་ཐེམ་པ་རྣམ་པ་བཞི་བཀོད་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ་པར ་རྒྱལ་བའི་ཀ་པ་རྣམ་པ་བཞི་བཙུགས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་ཏེ། གསེར་གྱི་ཀ་བ་ནི་ཀ་རྟེན ་དང་། ཀ་ཞུ་དང་། ཟེ་ཕུལ་དང་། གདུང་མ་རྣམས་དངུལ་ལས་བས་པའོ།། དངུལ་གྱི་ནི་གསེར་ལས་བྱས་པའོ།། བཻ་ཌཱུཪྻའི་ནི་ཤེལ་ལས་བྱས་པའོ།། ཤེལ་གྱི་ནི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། ་གདུང་མ་བཻ་ཌཱུཪྻ་ལས་བྱས་སོ།། ཁང་བཟངས་རྣམ་པར་རྒྱལ་བ་དེའི་ཕྱ་མ་རྟེན་རྣམ་པ་བཞི་ལས་བྱས་པ་དག་ཡོད་དེ། འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས ་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ་པར་རྒྱལ་བ་ལ་ཕྱམ་སྟོབས་དང་ལྡན་པ་རྣམ་པ་བཞི་ལས་བྱས་པ་དག་ཡོད་དེ། འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས ་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ་པར་རྒྱལ་བ་ལ་ཐེམ་སྐས་རྣམ་པ་བཞི་ལས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ནི་འདི་ལྟ་སྟེ། གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞི་བརྩིགས་སོ།། ཁང་བཟངས་རྣམ་པར་རྒྱལ་བ་ལ་ལན་ཀ་ན་གསེར་ལས་བྱས་པ་དང ་དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀུན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས་བྱས་སོ།། ་དངུལ་གྱི་ནི་གསེར་ལས་བྱས་སོ།། བཻ་ཌཱུཪྻའི་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་སོ།། བར་གྱི་སྡོམ་ལ། ང ་རྟེན་ཐེམ་པ་ཀ་བ་དང་། ། ཕྱམ་རྟེན་དང་ནི་སྟོབས་ལྡན་ཕྱམ།། འཁོར་ས་དང་ནི་སྤང་ལེབ་ཁང་།། ཡ་ཕུབས་དག་ནི་ཐ་མ་ཡིན།། ཁང་བཟངས་རྣམ་པར་རྒྱལ་བ་ལ་བ་གམ་བརྒྱ་ཡོད་དེ། བ་གམ་རེ་རེ་ལ་ཡང ་@ཁང་པ་བརྩེགས་པ་བདུན་བདུན་ཡོད་དོ། ། ཁང་པ་བརྩེགས་པ་རེ་རེ་ལ་གནས་ཁང་བདུན་བདུན། གནས་ཁང་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན ་བདུན། གཡོག་མོ་རེ་རེ་ལ་ཡང་སིལ་སྙན་བདུན་བདུན་ཡོད་དོ།། ཁང་བཟངས་རྣམ་པར་རྒྱལ་བའི་ནང་ན་རྫིང་བུ་བྱས་པ་ཡོད་དེ། རྫིང་བུ་དེ་ལ་ཆུང་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་དོ། ། རྫིང་བུ་དེའི་ཕྱོགས་བཞིན་ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས ་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེའི་ཕྱོགས་བཞིར་ཡང་ལན་ཀན་དག་གིས་ཀུན་ནས་བསྐོར་ཏེ། ལན་ཀན་རྣམ་པ་བཞི་དག་གིས་སྔ་མ་བཞིན་དུ། དབྱིབས ་ལེགས་ཤིང་བལྟ་ན་སྡུག་པ་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས ་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྒྲ་སྐད་སྙན་པ་འབྱིན་ཏོ།། རྫིང་བུ་དེའི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། ་འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ ་ཏོག་འཕྲང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད ་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྒྲ་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ ་པ་བཞི་ཡོད་དོ། ། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ་དཀར་པོ་རྣམ་པ་བཞི་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་འབྱུང་བའི་ཤིང་དག་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ། པི་ཝང་དང་། ་གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། སྐད་སྙན་པ་དག་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་བཞིན་དུ་དེ ་དག་གི་ལག་ཏུ་འོང་བར་འགྱུར་རོ། ། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ་ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མང་པོས་བསྟན་པ་དང་། སིལ་སྙན་དང་། ཕེག ་རྡོབ་པ་དག་གིས་སྒྲ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས ་བརྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ ་ཡོད་དེ། ཆུར་དཔག་ཚད་སུམ་བརྒྱ། ཞེང་དུ་དཔག་ཚད་སུམ་བརྒྱ། མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་ཡོད་དེ། ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་བཞིས་འཕགས་སོ།། ལྷའི་འདུན་ས་ཆོས་བཟང ་གི་ས་གཞི་དང་། ཡང་ཐོག་དང་། དགབ་པ་དང་། སྤྱི་བསྡུས་ཀྱི་གདུང་མ་དང་། ཡང་ཐོག་གི་རྩེ་བཞི་དང་། ཕྱ་མ་གཟུངས་དང་། ཕྱ་མ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པ་ལ་དབྱིབས་ལེགས་ཤིང ་བལྟ་ན་སྡུག་ལ་མཛེས་པ་སྟེ། ལན་ཀན་གསེར་ལས་བས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཀུན་ནས་བསྐོར་ཏེ། དེ་ལ་སྒྲོ་དང་། ཡ་ཕུབས ་དང་གྷན་ད་དང་། ཡང་ཐོག་གི་རྩེ་བཞི་དང་། ལུན་དང་། ཕྱམ་དགུ་པོ་རེ་རེ་ལ་ཡང་ཀ་བ་བཅུ་དྲུག་བཅུ་དྲུག་གིས་ཀུན་ནས་བརྟེན་ཏོ།། རྒྱུ་བའི་ལམ་ནི་རིམ་པ་བདུན་ཡོད་དེ། དེའི་དབུས་ན་བཻ་ཌཱུཪྻ་ལས་བྱས ་པའི་ཀ་བཟུར་བརྒྱད་པ་གསལ་ཞིང་འཕན་མེད་ལ། རིགས་དང་ལྡན་པ་ཞིག་ཡོད་དེ། སྐྲའི་རྩེ་མོ་ཙམ་གྱིས་ཁང་པ་བརྩེགས་པའི་སྤྱི་བསྡུས་ཀྱི་རྟེན་ལ་མི་རེག་གོ།། དེའི་འོག་ན་ལྷའི་དབང་པོ་བརྒྱ་བྱིན་གྱི ་གསེར་གྱི་ཁྲི་བཟང་པོ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་དེ། དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ཤིང་འཁོད་ནས་ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཆོས ་སེམས་ཤིང་དཔྱོད་དོ། ། ཡོངས་སུ་རྟོག་པར་བྱེད་དོ།། ལྷའི་གྲོང་ཁྱེར་ན་རྒྱུ་བའི་ལམ་སྲིད་དུ་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ་གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེའི་གློ་གཡས་གཡོན་ནས་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་པའི་དབྱིབས་ལེགས ་ལ་ཡོངས་སུ་འགྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག ་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྐད ་སྙན་པ་འབྱིན་ཏོ། ། ལྷའི་གྲོང་ཁྱེར་འོབས་བདུན་རམི་གྱིས་ཀུན་ནས་བསྐོར་ཏེ། འོབས་དེ་དག་ཟབས་དང་། རྒྱར་དཔག་ཚད་གཅིག་ཡོད་དེ། ཕ་གུ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང ་བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་བརྩིགས་ལ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤ་ལ་དང་། ཀུ་མུད་དང་། པདྨ་དང་། པདྨ་དཀར་པོས་ཡོངས་སུ ་ཁབས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ ་འབྱིན་ཏོ། ། འོབས་དེ་དག་ན་ཆུ་སྐྲ་དང་། རྒྱུ་མོ་ཀུན་དང་། གྲུ་སྣ་ཚོགས་རྣམས་བྱས་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆུའི་རྩེད་མོ་ལ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། འོབས ་དེ་དག་གི་ཉེན་ཀོར་ན། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། ་དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས ་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང ་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྐྱེད་མོས་ཚལ ་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། ཆུང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག ་ལ་མཛེས་པ། གསེར་གྱི་རབས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་ལ། ར་བ་དེ་ལ་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ་ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད་དོ།། གྱེན་དུ་འཕང་བ་དང་། ཐུར་དུ་འཕྱང་བའི་མདའ་ཡབ་དང་། ཟམ་པ་བརྒྱུད་མ་རྣམ་པ་བཞི་ཡོད་དོ།། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང ་བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན ་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། རྐང་པ་བཞག་པ་ན་ནི་ནེམས་ཤེས་བྱེད། རྐང་པ་བཏེག་ན་ནི་པར་ཤེས་བྱེད་ལ། མེ་ཏོག་མནྡ་ར་བ་མང་པོས་པུས་མོ ་ནུབ་ཙམ་དུ་ཡོངས་སུ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འཐོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་རྐྱེན་གྱིས་ནི། ་ཤིང་རྟ་སྣ་ཚོགས་པ་ན་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམ།། ཞེས་ཀྱང་བྱའོ།། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ནང་ན ་རྫིང་བུ་ཞིག་ཡོད་དེ། ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་དེ། རྫིང་བུ་དེ་ཡང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེའི་ཕྱོགས་བཞིན་ཐེམ་སྐས་བྱས་པ་བཞི་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། ་དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེའི་ཕྱོགས་བཞིན་ཐེམ་སྐས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཞིས་ཀུན་ནས་བསྐོར་ཏེ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་ཞིང་། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ། ཆུ ་ནས་སྐྱེས་པའི་བྱ་སྣ་ཚོགས་ཀྱང་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། རྫིང་བུ་དེའི་ཉེན་ཀོར་ན་མེ་ཏོག་གི ་ཤིང་དང་། འབྲས་བུའི་ཤིང་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག ་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། ་སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། ་སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། ་རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། རོལ་མོའི་ཆི་བྱད་སྣ་ཚོགས་འདི་ལྟ་སྟེ། པཔི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། སྒྲ་སྙན་པ་རྣམས་འབྱུང ་བའི་ཤིང་དག་ཡོད་དེ། ལྷ་དང་། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད ་དོ། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱིས་མཛེས་པར་བྱས་ཤིང་། ལྷའི ་བུ་མོ་མང་པོས་བསྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གིས་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དེའི་གློ་ལམ་ཆུར་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་འདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དོ།། དེའི་གློ་གཡས་གཡོན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡོད ་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི ་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང ་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད ་དོ། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར ་པོ་རྣམ་པ་བཞི་ཡོད་དོ། ། རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་པ་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧ་བ་ཤང་དག་འབྱུང་བའི་ཤིང་དག་ཡོད་དོ།། རྒྱན་སྣ ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་དེ་དག་གི ་ལག་ཏུ་འོང་བར་འགྱུར་རོ། ། ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷ་འམ། ་ལྷའི་བུ་མོ་རྣམས་ཀྱིས་བཞོན་པ་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུའི་བཞོན་པ་ལ་ཞོན་པར་འགྱུར་ཏེ། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དུ་དོང་ནས་རྩེ་ཞིང་དགའ་ལ་དགའ་དགུར ་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ན། རྫིང་བུ་སྣ་ཚོགས་ཞེས ་བྱ་བ་དང་། ཤིང་རྟ་སྣ་ཚོགས་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་། གོས་དང་། རྒྱན་སྣ་ཚོགས་དང་། ལྷའི་བུ་མོ་སྣ་ཚོགས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ། ཡང་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ ་མྱོང་བས་ན། དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱའོ།། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་སྣ་ཚོགས་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག ་ཚད་ཉིས་བརྒྱ་ལྔ་བཅུ། ཞིང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ ་དང་བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར ་ལས་བྱས་སོ། ། བཻ་ཌཱུཪྻའི་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་ནི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་སོ།། དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟན། ་སྡུག་ལ་མཛེས་པ། བྲིས་ཤིང་ལེགས་པར་བྲིས་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་ལེགས་པར་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ ་བཞིན། རྐང་པ་བཞག་པ་ན་ནི་ནིམས་ཤེས་བྱེད། རྐང་པ་བཏེག་ན་ནི་པར་ཤེས་བྱེད་ལ། མེ་ཏོག་མནྡ་ར་བ་མང་པོས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས ་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་ལས་ཀྱི་དབང་གི་རྐྱེན་གྱིས་ན།། ས་གཞི་སྣ་ཚོགས་ཅན་ན་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ་རྣམས་ནི། ་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས།། ཞེས་ཀྱང་བྱའོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ ་མཛེས་པ། གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེའི་གློ་གཡས་གཡོན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང ་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་གི་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས ་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས ་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། ། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར ་པོ་རྣམ་པ་བཞི་ཡོད་དོ། ། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་པ་ཝང་དང་། གླིང་བུ་དང ་པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧབ་ཤང་རྣམས་འབྱུང་བའི་ཤིང་དག་ཀྱང་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག ་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོ ་ཆེའི་བཞོན་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་བཞོན་པ་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ ་བུའི་བཞོན་པ་འོང་བར་འགྱུར་ཏེ། དེ་ལ་ཞོན་ནས་ས་གཞི་སྣ་ཚོགས་ཅན་དུ་འདོང་ཞིང་ཅི་བདེར་གནས་པས་མངོན་པར་དགའ་བར་བྱེད་དོ།། དེ་ན་ལྷའི་དྲང་སྲོང་རྣམས་རང་དགར་ཚངས་པར་སྤྱད་པ་སྤྱོད་དོ།། ་བཞིན་དུ་ལྷའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས ་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། ཤིང་རྟ་སྣ་ཚོགས ་ཅན་ན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། ། ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་རྩུབ་འགྱུར་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་རྩུབ་འགྱུར་ལ། རྫིང་བུ་རྩུབ་འགྱུར ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་རྩུབ་པར་འགྱུར་བ་དང་། ལྷའི་བུ་མོ་རྩུབ་པར་འགྱུར་བ་རྣམས་ཡོད་ལ། ་གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ་ཡང་། ལུས་ཀྱང་རྩུབ་པར་འགྱུར་ཞིང་སེམས་ཀྱང་རྩུབ་པར་འགྱུར་ཏེ། གཡུལ ་ལ་མོས་པར་འགྱུར་བས་ན། དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་རྩུབ་འགྱུར་ཚལ་ཞེས་བྱའོ།། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་རྩུབ་འགྱུར་ཞེས་བྱ་བ་ཡོད་དེ། ་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་གཞི་བཟང་པོ་སྣ་ཚོགས་ཅན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ལྷའི་གྲོང ་ཁྱེར་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་འདྲེས་པའི་ཚིལ་ཞེས་བྱ་བ་ཞིག་ཡོད་དེ། སྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་བརྗོད་པར་བྱའོ།། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད ་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། སྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་རྒྱས་པར་བརྗོད་པར ་བྱའོ། ། ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་འདྲེས་པའི་ཚལ་ན། རྫིང་བུ་འདྲེས་པ་ཞེས་བྱ་བ་དང་། ཤིང་རྣམས་དང ་ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་འདྲེས་པ་རྣམས་དང་། ལྷའི་བུ་མོ་འདྲེས་པ་རྣམས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད ་མོས་ཚལ་འདྲེས་པའི་ཚིལ་ན་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པའི་ཚེ་ཡང་ཚོལ་པར་འདྲེས་ཏེ་ཤིན་ཏུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བས་ན། དེའི་ཕྱིར ་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱའོ། ། སྐྱེད་མོས་ཚལ་འདྲེས་པའི་ཚལ་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་འདྲེས་པ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ ་ལྔ་བཅུ་ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་ཡང་དཔག་ཚད་སྟོང་ཡོད་དེ། ས་གཞི་བཟང་པོ་སྔ་མ་རྣམས་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ལྷའི་གྲོང་ཁྱེར་གྱི་བྱང ་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་དགའ་བའི་ཚལ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ ་དཔག་ཚད་སྟོང་ཡོད་ལ། གསེར་གྱི་རབས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། སྔ་མ་རྣམས་ཇི་སྐད་བཤད་པ་བཞིན་དུ་བརྗོད་པར་བྱའོ།། ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད ་མོས་ཚལ་གྱི་མིང་དགའ་བའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་དགའ་བའི་ཚལ་ན་རྫིང་བུ་དགའ་བ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་དགའ་བ་དང་། ལྷའི་བུ་མོ་དགའ་བ་རྣམས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་དགའ་བའི་ཚིལ་དུ་རྩེ་ཞིང་དགའ་ལ་དགའ་དགུར ་སྤྱོད་པ་དེའི་ཚེ་ཡང་ཀུན་ཏུ་དགའ་ཞིང་། རབ་ཏུ་དགའ་ལ་དགའ་ཞིང་ཡིད་བདེ་བར་གྱུར་ནས། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད།། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བས་ན། དེའི་ཕྱིར་སྐྱེད་མོས་ཚལ ་གྱི་མིང་དགའ་བའི་ཚལ་ཞེས་བྱའོ། ། སྐྱེད་མོས་ཚལ་དགའ་བའི་ཚལ་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག ་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། ས་གཞི་བཟང་པོ་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ་། བམ་པོ་བཞི་པ། ལྷའི་གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་ཞེས་བྱ་བ་ཞིག་ཡོད་དེ། ཡོངས་འདུས་བརྡོལ ་གྱི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་གོ། ། འཕང་དུ་ནི་དཔག་ཚད་བརྒྱ་ཡོད་དོ།། ཡལ་ག་ཕྱིར་གྱེས་པ་ནི་དཔག་ཚད་ལྔ་བཅུ་ཡོད་དོ།། ཡོངས་འདུ་ས་བརྟོལ་གྱི་ཡལ་ག་ལྔ་ཡོད་དེ། ཡལ་ག་གཅིག་ནི་ཤར ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ། ། ཡལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ།། ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ།། ཡལ་ག་བཞི་པ་ནི་བྱང་ཕྱོག ་སུ་དཔག་ཚད་ལྔ་བཅུར་འདུད་དོ། ། ཡལ་ག་སྟེང་མ་ནི་དཔག་ཚད་ལྔ་བཅུར་སྟེང་གི་ནམ་མཁའ་ཁྱབ་པར་འདུག་གོ།། ཡོངས་འདུས་བརྟོལ་གྱི་ཆུར་དཔག་ཚད་ལྔ་བཅུར་ཡོད་དོ།། སྡོམས་སུ་ཡང་དཔག་ཚད་ལྔ ་བཅུ་ཡོད་དོ། ། མཐའ་སྐོར་དུ་ཡང་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ཡོངས་འདུས་བརྟོལ་གྱི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་དད་ལྡང་ངོ་།། རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། ་དཔག་ཚད་བརྒྱད་ཅུར་ནི་འོད་དང་། ཁ་དོག་གིས་ལྷམ་མེ་ལྡན་ནེ་ལྷང་ངེར་འདུག་གོ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་ལོ་མ་སེར་བ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱེ་མ་ཡོངས་འདུས་བརྟོལ་འདི་ལོ་མ་སེར་བ་ལས་ན། ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། ་དེའི་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་འདབ་མ་ལྷགས་པ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ ་འདི་འདབ་མ་ལྷགས་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་སྦལ་མིག་འཐོན་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་སྦལ་མིག་འཐོན་པ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ་འདི་སྦལ་མིག་འཐོན་པ་ལས་ན། ད་ནི་རིང་པོ་མི ་ཐོགས་པར་སྦལ་མིག་བྱེ་བར་འགྱུར་རོ་ཞེས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེ་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ ་ས་བརྟོལ་གྱི་སྦལ་མིག་བྱེ་བ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ་འདི་སྦལ་མིག་བྱེ་བ་ལས་ན།། ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབྲུ་བར་འགྱུར་རོ་ཞེས་ནས། ཀུན་ཏུ ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷརྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་ལ་འབུས་པ་ན། དེའི་ཚེ་སུམ ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས་བརྟོལ་འདི་མེ་ཏོག་ཁ་འབུས་པ་ལས་ན། ང་ན་རིང་པོ་མ་ཐོགས་པར་མེ་ཏོག་ཁ་འབྱེ་བར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང ་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་ཁ་འབྱེ་བ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུས ་བརྟོལ་འདི་མེ་ཏོག་ཁ་བྱེ་བ་ལས་ན། ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས ་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པ་ན། ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ་མ ་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་དད་ལྡང་ངོ་། ། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། དཔག་ཚད་བརྒྱད་ཅུར་ནི་འོད་དང་ཁ་དོག་གིས་ལྷམ་མེ་ལྷན་ནེ ་ལྷང་ངེ་འདུག་གོ། ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡོངས་འདུས་བརྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་བཅུར་ཐུར་དུ་ཟུག་གོ།། འཕང་དུ་ནི་དཔག་ཚད ་བརྒྱ་ཡོད་དོ། ། ཡལ་ག་དང་། ལོ་མ་དང་། ཡལ་ག་རྣམས་ནི་དཔག་ཚད་ལྔ་བཅུ་འགྱེས་སོ།། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་ལོ་མ་སེར་བ་ན། དེའི་ཚེ ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་ལོ་མ་སེར་བ་ལས་ན། ད་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང ་ཡིན་པ་དེའི་དུས་ཀྱང་ཡོད་དོ། ། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་འདབ་མ་ལྷགས་པ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས ་ཡོངས་འདུས་བརྟོལ་འདི་འདབ་མ་ལྷགས་པ་ལས་ན། ད་རིང་པོ་མི་ཐོགས་པར་སྦལ་མིག་འཐོན་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། ་དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་འཐོན་པ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་འཐོན་པ་ལས ་ན། ད་རིང་པོ་མི་ཐོགས་པར་སྦལ་མིག་འབྱེ་བར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི ་ཤིང་ཡོངས་འདུ་ས་བརྟོལ་གྱི་སྦལ་མིག་བྱེ་བ་ན། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་བྱེ་བ་ལས་ན། ད་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབུ་བར་འགྱུར་རོ།། ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་ཁ་འབུས་པ་ན། ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་ཁ་འབུས་པ་ལས་ན། ད་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབྱེ་བར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ་ཞེས་ནས། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་ཁ་བྱེ་བ་ན། དེའི་ཚེ་སུ་ཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱེ་མ་ཡོངས་འདུས་བརྡོལ་འདི་མེ་ཏོག་ཁ་འབྱེ་བ་ལས་ན། ད་རིང་པོ་མི་ཐོགས་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པར་འགྱུར་རོ་ཞེས་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང ་ཡིན་པ་དེའི་དུས་ཀྱང་ཡོད་དོ། ། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པ་ན། ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ ་མ་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་དང་ལྡང་ངོ་། ། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་དད་ལྡང་ངོ་།། དཔག་ཚད་བརྒྱད་ཅུར་ནི་འོད་དང་ཁ་དོག་གིས་ལྡམ་མེ་ལྷན ་ནེ་ལྷང་ངེ་འདུག་གོ། ། ཤིང་ཡོངས་འདུས་བརྟོལ་ཐམས་ཅད་ཡོངས་སུ་རྒྱས་པའི་འོག་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ།། ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མཐུ་ནི་དེ་ཙམ་མོ་ཞེས་གསུངས་སོ།། ་བར་གྱི་སྡོམ་ལ། དང་པོ་ལོ་མ་སེར་བ་དང་།། དེ་ནས་འདབ་ལྷགས་སྦལ་མིག་འཐོན།། སྦལ་མིག་བྱེ་དང་མེ་ཏོག་འབུས།། མེ་ཏོག་ཁ་བྱེ་ཐམས་ཅད་རྒྱས།། ཤིང་ཡོངས་འདུས་བརྡོལ་གྱི་དྲུང་ན ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མར་མོ་ནི་ག་ལྟ་བུའི་རྡོ་ལེབ་ཡོད་དེ། ཆུང་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ། འཕང་དུ་དཔག། ་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ། འཇམ་ཞིང་ཤིན ་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འད་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མནྡ་ར་བ་མང་པོས་པུས་མོ་ནུབ ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་སེང་གེའི་ཁྲི་བཟང་པོ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་དོ།། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་དབྱར་ཟླ་བ་བཞིར་འདོད་པའི་ཡོན་ཏན་ལྔ་དག་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཨར་མོ་ནི་ག་ལྟ་བུའི་རྡོ་ལེབ་ཀྱི་ཁོར ་ཁོར་ཡུག་ན། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར ་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་འམ། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད ་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེའི་ཉེན་ཀོར་ན་དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང ་དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ ་དང་དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧབ་ཤང་རྣམས་འབྱུང་བའི་ཤིང་དག ་ཡོད་དོ། ། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། ། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཡོད་དོ།། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ་ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། སྟེང་ཁང་རྣམས་དང་། ཁྱེར་དུ་འདུག་པ་རྣམས་དང་། སོ་སོ་ན་འདུག་པ་རྣམས་དང་། རྒྱུད་མ་རྣམས་བུད་མེད་ཀྱི ་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པར་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང ་བཏུང་བ་དང་ལྡན་ཏེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། སུམ་ཅུ་རྩ་གསུམ ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ་ས་སྲུངས་ཀྱི་བུ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ལ་ཡན ་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོས་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་དེ། གླང་པོ ་ཆེའི་རྒྱལ་པོས་སྲུངས་ཀྱི་བུའི་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག། འཕང་དུ་དཔག་ཚད་ཕྱེད་དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་དོ།། གླང་པོ་ཆེའི་རྒྱལ་པོ་ས་སྲུངས ་ཀྱི་བུ་འཁོར་སླང་པོ་ཆེའི་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ཅིང་། ཡན་ལག་བདུན་ཤིན་ཏུ་ལེགས་པར ་གནས་པ་སྟེ། དེ་དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྟག་སྟེ། གང་གི་ཚེ་སུམ་ཅུ ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་གྱི་སར་འགྲོ་བར་འདོད་པ་དེའི་ཚེ། གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུས་མགོ་བོ་སུམ་ཅུ་རྩ་གཉིས་མངོན་པར་སྤྲུལ་ཏེ། མགོ་བོ་རེ་རེ་ལ་མཆེ་བ་དྲུག་རྡུག། མཆེ་བ་རེ་རེ་ལ ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན ་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན། ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞོན་ནོ།། མགོ་བོ་ལྷག་མ་རྣམས་ལ་ནི་ཉེ་བའི་དབང་པོ་སུམ ་ཅུ་རྩ་གཉིས་པོ་རྣམས་ཞོན་ནོ། ། གླང་པོ་ཆེ་ལྷག་མ་རྣམས་ལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞོན་ནོ།། དེ་ཤིན་ཏུ་འགྱོགས་ཏེ། དཔེར་ན་འཇིགས་པའི་རླུང་ངམ། ཆགས་པའི་རླུང་བཞིན་ཏེ། དེ་ན་ལྷ ་འམ། ལྷའི་བུ་མོ་སུ་ཡང་འདི་སྙམ་དུ་འདི་དག་གི་མདུན་དུ་འགྲོའོ་ཞེ་འམ། ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ།། དེ་ནས་གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སོ་སོར་གྲོང ་ཁྱེར་གྱི་སྒོ་ནས་འཐོན་ནོ། ། བཏོན་ནས་སོ་སོར་སྐྱེད་མོས་ཚལ་དུ་ཕྱིན་པར་བྱས་ཏེ། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་བཏང་ནས། འདི་ལྟ་སྟེ། ལྷ་འམ། ལྷའི་བུ་མོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང ་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས། ལྷའི་འདོད་པ་ལྔ་དག་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ།། ཇི་ལྟར་བརྒྱ་བྱིན་ལྷའི་དབང་པོ་སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ལྷ་མ་ཡིན་གྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ ་པོའི་ཕོ་བྲང་འཁོར་གྲོང་ཁྱེར་བལྟ་ན་སྡུག་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་གྱི་ཡང་གྲོང་ཁྱེར་གསེར་ལྡན་ཞེས་བྱའོ།། ལྷའི་དབང་པོ་བརྒྱ་བྱིན་གྱི ་ཁང་བཟངས་རྣམ་པར་རྒྱལ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱི་ཁང་བཟངས་ཀྱང་གདམས་པ་ཅན་ཞེས་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས ་ཆོས་བཟངས་ཞེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་འདུན་ས་ཡང་ནོར་བཟངས་ཞེས་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་བཞི་འདི་ལྟ་སྟེ། ཤིང་རྟ་སྣ ་ཚེཚིགས་ཅན་དང་། རྩུབ་འགྱུར་ཚལ་དང་། འདྲེས་པའི་ཚལ་དང་། དགའ་བའི་ཚལ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་སྐྱེད་མོས་ཚལ་བཞི་ཡང་། འདི་ལྟ་སྟེ། ཀུན་ཏུ་དགའ་བ་དང་། རབ་ཏུ་དགའ ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བ་རྣམས་ཡིན་ནོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་གཞི་བཟང་པོ་འདི་ལྟ་སྟེ། སྣ་ཚོགས་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བ ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ས་གཞི་བཟང་པོ་བཞི་ཡང་ཀུན་ཏུ་དགའ་བ་མ་དང་། རབ་ཏུ་དགའ་བ་དང་། དགའ་མ་དང་། དགའ་མའི་ཀུན་དགའ་ར་བ་མ་རྣམས་སོ།། སུམ་ཅུ་རྩ་གསུམ ་པའི་ཤིང་ཡོངས་འདུས་བརྟོལ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ཤིང་ཡང་ཙི་ཏྲ་པ་ཏ་ལ་ཞེས་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནི་ག་ལྟ་བུའི་རྡོ་ལེབ་ཇི་ལྟ་བ་དེ་བཞིན་དུ། ་ལྷ་མ་ཡིན་རྣམས་ཀྱི་ཡང་ལྷ་མ་ཡིན་གྱི་རྡོ་ལེབ་ཅེས་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ་ས་སྲུངས་ཀྱི་བུ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས ་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ་ཡང་ཏི་སེའི་གངས་བརྩེགས་ཞེས་བྱའོ། ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་རབ་ཏུ་བརྟན་པ་ཇི་ལྟ་བ་དེ་བཞིན་དུ། ་ལྷ་མ་ཡིན་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱོད་པ་ཡང་བཟོད་པར་དཀའ་བ་ཞེས་བྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཞེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ ་ཡིན་རྣམས་ཀྱི་རྟའི་རྒྱལ་པོ་ཡང་བྲག་རྫིང་ཞེས་བྱའོ། ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་ཇི་ལྟར་འཁོར་དང་ལྡན་པ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ཡང་གྲོང་ཁྱེར་ཡང་འཁོར་དང་ལྡན ་པ་ཡིན་ནོ། ། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་རྒྱལ་སྲིད་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། རྒྱས་པར་བརྗོད་པར་བྱའོ།། འཇིག་རྟེན་བཞག་པ་ལས་ཚིགས་བདུན་པའོ།། ་སྡོམ་ལ། ཕྱེད་དང་དྲུག་དང་ཐང་ཅིག་མཐའ།། ཐུང་དང་གྲང་དང་འབྲི་བ་དང་།། རྙོག་པ་དང་ནི་བསྡུ་བ་དང་།། ཕྱོགས་དང་ཤར་ཕྱོགས་འདུ་ཤེས་པ།། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ་ཕྱོགས་སུ་འགྲོ་བ་ན། དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་བཅོ་བརྒྱད་ཆ་གཅིག་ཏུ་འཛམ་བུ་གླིང་ལས་ཡོལ་ཏེ། རྒྱ་མཚོ་ཆེན་པོ་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག ་ཁྱབ་པར་བྱེད་དོ། ། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན། དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཏུ་རྒྱ་མཚོ་ཆེན་པོ་ལས ་ཡོལ་ཏེ། འཛམ་བུའི་གླིང་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཁྱབ་པར་བྱེད་དོ།། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྡེ། ལྷོ་ཕྱོགས་སུ་འགྲོ་བ་ན། ཉིན་མོ་ལས་ཐང་ཅིག་རེ ་རེ་འགྲིབ་ཅིང་། མཚན་མོ་ལས་ཐང་ཅིག་རེ་རེ་སྐྱེའོ།། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན། མཚན་མོ་ལས་ཐང་ཅིག་རེ་རེ་འགྲིབ་ཅིང་། ཉིན་མོ་ལས་ཐང་ཅིག་རེ་རེ་སྐྱེའོ།། ་ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན། འཛམ་བུ་གླིང་གི་མཐའ་མྱུར་དུ་སྤོང་ངོ་།། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་བ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན། འཛམ་བུ་གླིང་གི་དབུས ་ཡུན་རིང་མོ་ཞིག་གིས་སྤོང་ངོ་། ། ཅིའི་ཕྱིར་དགུན་མཚན་མོ་རིང་ལ་ཉིན་མོ་ཐུང་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན། འཛམ་བུ་གླིང་གི་མཐའ་མྱུར་དུ་སྤོང་བས ་ནདེའི་ཕྱིར་ན་དགུན་མཚན་མོ་རིང་ལ་ཉིན་མོ་ཐུང་ངོ་། ། ཅིའི་ཕྱིར་དཔྱིད་དང་དབྱར་ཉིན་མོ་རིང་ལ་མཚན་མོ་ཐུང་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་བ་ན། འཛམ་བུ་གླིང་གི་དབུས་ཡུན་རིང་པོ ་ཞིག་གིས་སྤོང་བས། དེའི་ཕྱིར་ན་དཔྱིད་དང་དབྱར་ནི་ཉིན་མོ་རིང་ལ་མཚན་མོ་ཐུང་ངོ་།། ཅིའི་ཕྱིར་དགུན་གྲང་བར་གྱུར་ཅེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་བ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན། ་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་བྱུང་བ་རྣམས་རྒྱ་མཚོ་ཆེན་པོར་བབ་པས་གླིང་རྣམས་སུ་གྲང་བར་གྱུར་ཏེ། དེའི་ཕྱིར་དགུན་གྲང་ངོ་།། ཅིའི་ཕྱིར་དཔྱིད་དང་དབྱར་དྲོ་བར་གྱུར་ཅེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ ་བྱང་ཕྱོགས་སུ་འགྲོ་བ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན། དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་བྱུང་བ་རྣམས་གླིང་རྣམས་སུ་འབབ་པས། གླིང་རྣམས་དྲོ་བར་གྱུར་ཏེ། དེའི་ཕྱིར་ན་དཔྱིད་དང་དབྱར་དྲོའོ།། ཅིའི་ཕྱིར ་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚེས་བཅུ་དྲུག་ཕན་ཆོད་འོད་འགྲིབ་ཅིང་ཁ་དོག་དང་། དཀྱིལ་འཁོར་དང་། ཆུ་ཞེང་དུ་འགྲིབ་ཅེ་ན། སྨྲས་པ། ཉི་མ་དང་ཉེ་བར་འགྲོ་ཞིང་ཕྲད་པར་གྱུར་ཏེ། འགྲོ་བ་དེ་རང་གི་དཀྱིལ ་འཁོར་ལས་དེའི་གྲིབ་མ་བྱུང་སྟེ། དེས་དེའི་དཀྱིལ་འཁོར་ཁེབས་ཤིང་དེའི་དཀྱིལ་འཁོར་ཡོག་པར་གྱུར་ཏེ། མི་སྣང་བས་ན་དེའི་ཕྱིར་ན། ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚེས་བཅུ་དྲུག་ཕན་ཆད་འགྲིབ་ཅིང ་ཁ་དོག་དང་། དཀྱིལ་འཁོར་དང་། ཆུ་ཞེང་དུ་འགྲིབ་བོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོའི་གནམ་སྟོང་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ཞེ་ན། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་དུ་འཕྲད ་ཅིང་འགྲོགས་ཏེ། དེ་རང་གི་དཀྱིལ་འཁོར་ལས་གྲིབ་མ་བྱུང་ནས། དེའི་དཀྱིལ་འཁོར་ཁེབས་ཤིང་དེ་ལ་དེའི་དཀྱིལ་འཁོར་ཡོག་པར་གྱུར་ཏེ། མི་སྣང་བས་དེའི་ཕྱིར་ན། ཟླ་བའི་དཀྱིལ་འཁོར་མར་གྱི ་ངོ་གནམ་སྟོང་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། ། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་གཅིག་ཕན་ཆད་འོད་སྐྱེ་ཞིང་ཁ་དོག་དང་། དབྱིབས་དང་། དཀྱིལ་འཁོར་དང་། ཆུ་ཞེང་དུ་སྐྱེ་ཞེ་ན། ་སྒྲིབ་པ་ཉི་མ་དང་བྲལ་ཞིང་འགྲོ་སྟེ། ཉི་མ་དང་བྲལ་ཞིང་འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་གྲིབ་མ་ཆུང་ངུར་འགྱུར་ཏེ། གྲིབ་མ་ཆུང་ངུར་གྱུར་པས། དེའི་དཀྱིལ་འཁོར་གྱི་ཕྱོགས ་སྣང་བར་གྱུར་ཏེ། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚས་གཅིག་ཕན་ཆོད་འོད་སྐྱེ་ཞིང་ཁ་དོག་དང་། དབྱིབས་དང་། དཀྱིལ་འཁོར་དང་། ཆུ་ཞེང་དུ་སྐྱེའོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར ་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་འགྱུར་ཏེ། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་དུ་བྲལ་ཏེ་འགྲོ་བས་ཟླ་བའི་དཀྱིལ་འཁོར་དེ་ལས་ཉི་མའི་འོད་ཟེར་ལས་གྱུར་པའི ་གྲིབ་མ་གང་དེའི་དཀྱིལ་འཁོར་ལ་བསྒྲིབ་མ་དེ་མེད་པར་གྱུར་ཏེ། དེས་དེའི་དཀྱིལ་འཁོར་སྣང་བར་འགྱུར་བས། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ ་རྫོགས་པར་འགྱུར་རོ། ། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་ལ། མཐའ་རྣམ་པར་དང་ཞིང་རྙོག་པ་མེད་ཅེ་ན། སྨྲས་པ། གླིང་གི་རྐྱེན་གྱིས་དེའི་དབུས་རྙོག་ལ། ཆུའི་རྐྱེན་གྱིས་མཐའ་རྣམ ་པར་དང་ཞིང་རྙོག་པ་མེད་དེ། གླིང་རྣམས་ཀྱི་གཟུགས་བརྙན་གང་ཡིན་པ་དེས་ནི་དབུས་རྙོག་ལ། ཆུའི་གཟུགས་གང་ཡིན་པ་དེས་ནི་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ།། གཞན་ཡང་ཟླ་བའི་དཀྱིལ ་འཁོར་གྱི་སྟེང་ན། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་རྣམས་དང་། ཁྱིམ་རྣམས་དང་། ཁང་པ་བརྩེགས་པ་རྣམས་ཡོད་པས། དེའི་ཕྱིར་ཡང་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་ལ། མཐའ་རྣམ ་པར་དང་ཞིང་རྙོག་པ་མེད་དོ། ། གང་གི་ཚེ་འཛམ་བུའི་གླིང་དུ་ཉི་མ་འཆར་བ་དེའི་ཚེ། ཤར་གྱི་ལུས་འཕགས་སུ་ཉི་མ་ཕྱེད་དོ།། བྱང་གི་སྒྲ་མི་སྙན་ན་ནི་ནུབ་བོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ནམ་བྱེད་དོ།། ་གང་གི་ཚེ་འཛམ་བུའི་གླིང་ན་ཉི་མ་ཕྱེད་པར་གྱུར་པ་དེའི་ཚེ། ཤར་གྱི་ལུས་འཕགས་ན་ནི་ཉི་མ་ནུབ་བོ།། བྱང་གི་སྒྲ་མི་སྙན་ན་ནི་ནམ་ཕྱེད་དོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་འཆར་རོ།། གང་གི་ཚེ ་འཛམ་བུའི་གླིང་དུ་ཉི་མ་ནུབ་པ་དེའི་ཚེ། ཤར་གྱི་ལུས་འཕགས་ན་ནི་ནམ་ཕྱེད་དོ།། བྱང་གི་སྒྲ་མི་སྙན་ན་ནི་ཉི་མ་འཆར་རོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་ཕྱེད་དོ།། གང་གི་ཚེ་འཛམ་བུ་གླིང་ན་ནམ ་ཕྱེད་པར་གྱུར་པ་དེའི་ཚེ། ཤར་གྱི་ལུས་འཕགས་ཀྱི་གླིང་ན་ནི་ཉི་མ་འཆར་རོ།། བྱང་གི་སྒྲ་མི་སྙན་གྱི་གླིང་ན་ནི་ཉི་མ་ཕྱེད་དོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་ནུབ་བོ།། ཇི་ལྟར་འཛམ་བུའི་གླིང ་ཐོག་མར་བྱས་ཏེ་བཤད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་ཀྱང་ཐོག་མར་བྱས་ཏེ་ཐམས་ཅད་བརྗོད་པར་བྱའོ།། འཛམ་བུ་གླིང་གི་ཤར་ཕྱོགས ་གང་ཡིན་པ་དེ། ཤར་གྱི་ལུས་འཕགས་ཀྱི་ནི་ལྷོ་ཕྱོགས་སོ།། བྱང་གི་སྒྲ་མི་སྙན་གྱི་ནི་ནུབ་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་བྱང་ཕྱོགས་སོ།། འཛམ་བུ་གླིང་གི་ལྷོ་ཕྱོགས་གང་ཡིན་པ་དེ། ་ཤར་གྱི་ལུས་འཕགས་ཀྱི་ནི་ནུབ་ཕྱོགས་སོ།། བྱང་གི་སྒྲ་མི་སྙན་གྱི་ནི་བྱང་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ཤར་ཕྱོགས་སོ།། འཛམ་བུ་གླིང་གི་ནུབ་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕག ་ཀྱི་ནི་བྱང་ཕྱོགས་སོ། ། བྱང་གི་སྒྲ་མི་སྙན་གྱི་ནི་ཤར་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ལྷོ་ཕྱོགས་སོ།། འཛམ་བུའི་གླིང་གི་བྱང་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕགས ་ཀྱི་ཤར་ཕྱོགས་སོ། ། བྱང་གི་སྒྲ་མི་སྙན་གྱི་ལྷོ་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནུབ་ཕྱོགས་ཏེ། ཇི་ལྟར་འཛམ་བུའི་གླིང་ཐོག་མར་སྨོས་ཏེ་བཤད་པ་དེ་བཞིན་དུ། བྱང་གི་སྒྲ་མི་སྙན་དང་། ནུབ ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་ཀྱང་ཐོག་མར་སྨོས་ཏེ་ཐམས་ཅད་བརྗོད་པར་བྱའོ།། ཕྱོགས་ནི་བཞི་ཡོད་དེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས ་སོ། ། ཤར་ཕྱོགས་ལ་སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། ་སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། ལྷོ་ཕྱོགས་ལ་སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས ་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། ནུབ་ཕྱོགས་ལ་སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན ་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། བྱང་ཕྱོགས་ལ་སེམས་ཅན་ཤར་ཕྱོགས ་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དེ་དག་ཀྱང ་ཡོད་དོ། ། ཕྱོགས་དེ་དང་དེ་དག་ལ་དེ་ལྟར་ཐ་སྙད་འདོགས་སོ།། འཇིག་རྟེན་བཞག་པ་ལས་ཚིགས་བརྒྱད་པའོ།། །། སྡོམ་ལ། ཟླ་བ་ཉི་མ་གཉིས་ཀྱི་ཚད།། སྐར་མ་རྣམས ་ཀྱང་དེ་བཞིན་ཏེ། ། ཟླ་དྲུག་ཉི་མ་འགྲོ་བ་དང་།། གནོད་པར་བྱེད་པ་ཐ་མ་ཡིན།། ཟླ་བའི་དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཞེ་ན། སྨྲས་པ། ཟླ་བའི་དཀྱིལ་འཁོར་ནི་ཆུར་དཔག་ཚད་ལྔ་བཅུ་ཞིང་དུ་ཡང ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཀྱི་ཚེ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བ་དེའི་འཕང་དུ་ཡང་དཔག་ཚད་ཕྱེད་ཡོད་ལ། ར་བ་དེ་ལ་རྩིག་སྐྱབས་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། གྱེན་དུ་འཕང་བའི་མདའ་ཡབ་དང་། ཐུར་དུ་འཕྱང་བའི་མདའ་ཡབ་དང་། ཟབ་པ་རྒྱུད་པ་རྣམ་པ་བཞི་དག་ཡོད་དོ།། དེའི་ནང་གི་ས་གཞི་དབྱིངས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། བྲིས་ཤིང་ལེགས་པར་བྲིས་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི ་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་བར་ཞེས་བྱེད་ལ། མེ་ཏོག་མནྡ་ར་བ་དག་གིས་པུས་མོ་ནུབ་ཙམ་དུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་ཀྱིས ་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ཟླ་བའི་བསོད་ནམས་དབང་གི་རྐྱེན་གྱིས་ནི།། ཟླ་བའི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་།། ་མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས།། ཞེས་ཀྱང་བྱའོ།། ཟླ་བའི་དཀྱིལ་འཁོར་གྱི་ནང་ན་ལམ་སྲང་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ཕྱེད་དང ་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཞིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ནུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་གི་ཕྱོགས་བཞིན་ཡང་། ཐེམ་སྐས་བྱས་པ་དག་ཡོད་དེ། ་ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། ་དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས ་བྱས་སོ། ། དངུལ་གྱི་ནི་གསེར་ལས་བྱས་སོ།། བཻ་ཌཱུཪྻའི་ནི་ཤེལ་ལས་བྱས་སོ།། ཤལ་གྱི་ནི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་པ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཤིང་། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང ་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་འགྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ ་མ་མཁས་པས། མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་།། ་སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་།། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། ་རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་ཛ་དང་། ཧབ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། རྒྱན་སྣ་ཚོགས་ལག ་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟར་འདོད་པར་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག ་ཏུ་འོང་བར་འགྱུར་རོ། ། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས ་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ ་པའི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་ལྷའི་བུ་ཟླ་བ་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། ་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཉི་མའི་དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཞེ་ན། སྤྲས་པ། ཉི་མའི་དཀྱིལ་འཁོར་ནི་ཆུར་དཔག་ཚད་ལྔ་བཅུ་རྩ་གཅིག། ཞེང་དུ་ཡང་དཔག་ཚད་ལྔ་བཅུ་རྩ་གཅིག ་མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ ་པ་སྟེ། གསེར་གྱི་རབས་ཀུན་ནས་བསྐོར་རོ།། ར་བ་དེའི་འཕང་དུ་ཡང་དཔག་ཚད་ཕྱེད་ཡོད་ལ། ར་བ་དེའི་རྩིག་སྐྱབས་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས ་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། གྱེན་དུ་འཕང་བའི་མདའ་ཡབ་དང་། ཐུར་དུ་འཕྱང་བའི་མདའ་ཡབ་དང་། ཟམ་པ་རྒྱུད་མ་རྣམ་པ་བཞི་དག་ཡོད་དོ།། དེའི་ནང་གི་ས་གཞི་དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། བྲིས་ཤིང་ལེགས་པར་བྲིས་པ་ནི། ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི ་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མནྡ་ར་བ་དག་གིས་པུས་མོ་ནུབ་པ་ཙམ་དུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་རླུང་གི་མཐུས་མེ ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ཉི་མའི་བསོད་ནམས་དབང་གི་རྐྱེན་གྱིས་ནི། ཉི་མའི་གྲོང་ཁྱེར་དག་ནས་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ ་རྣམས་ནི་འདོར་བར་བྱེད། ། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས།། ཞེས་ཀྱང་བྱའོ།། ཉི་མའི་དཀྱིལ་འཁོར་གྱི་ནང་ན་ལམ་སྲང་ཆུར་དཔག་ཚད་ལྔ་བཅུ་རྩ་གཅིག། ཞེང་དུ་ཡང་དཔག་ཚད་ཕྱེད་དང་། ་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་དེའི་གློ་གཡས་གཡོན་ན། རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག ་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་གི་ཕྱོགས་བཞིན ་ཡང་ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང ་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། ་གདང་བུ་དང་། གཟུང་གཟེར་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་བྱས་པའོ།། བཻ་ཌཱུཪྻའི་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས ་བྱས་སོ། ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཏེ། ་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེན་ཀོར་ན་མེ་ཏོག ་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་གི་འཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། ་མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། ་སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ ་རྣམ་པ་བཞི་ཡོད་དོ། ། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར ་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧ་བ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ།། ་རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས ་དང་ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས ་བསྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གིས་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག ་ཡོད་དེ། དེ་ན་ལྷའི་བུ་ཉི་མ་འཁོར་དང་བཅས་པ་རྩེ་ཞིང་དཀའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། སྐར་མའི་གཟུགས་རྣམས་ཀྱི་ཚད་ཇི་ཙམ་ཞེ་ན། སྨྲས་པ། སྐར་མའི ་གཟུགས་རྣམས་ཐམས་ཅད་ཀྱི་ནང་ན་ཆེ་བ་གང་ཡིན་པ་དེ་དག་གི་ནི་རྒྱང་གྲགས་བཅོ་བརྒྱད་པའོ། ། ཐམས་ཅད་ཀྱི་ནང་ན་ཆུང་བ་གང་ཡིན་པ་དེ་དག་ནི་རྒྱང་གྲགས་གསུམ་པའོ།། ཕལ་ཆེར་ནི་རྒྱང་གྲགས་བཅུ ་པ་དང་། བཅུ་གཉིས་པ་ཡིན་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་བྱས་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་རོ།། ར་བ་དེ་ལ་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། མདའ་ཡབ་དང་། ལྟད་མོ་ལྟ་བའི་ས་རྣམ་པ་བཞི་ཡོད་དོ།། དེའི་ནང་གི་ས་གཞི་ཡང་དབྱིབས་ལེགས་ཤིང ་བལྟ་ན་སྡུག་ལ་མཛེས་པ། བྲིས་ཤིང་ལེགས་པར་བྲིས་ལ། ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། ་རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་ཕར་ཞེས་བྱེད་ལ། མེ་ཏོག་མནྡར་བདག་གིས་པུས་མོ་ནུབ་པ་ཙམ་དུ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར།། མེ་ཏོག་གསར་པ་རྣམས ་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་རྐྱེན་གྱིས་ན།། གཞལ་མེད་ཁང་མཆོག་དག་ན་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི ་ལེགས་པར་འགྲེམས། ། ཞེས་ཀྱང་བྱའོ།། དེ་དག་གི་ནང་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས ་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། ། རྫིང་བུ་དེ་དག་གི་ཕྱོགས་བཞིན་ཡང་ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས ་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་རོ། ། གསེར་གྱི་ལན་ཀན་གྱི་རྟེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་བྱས་སོ།། བཻ་ཌཱུཪྻའི་ནི་ཤེལ་ལས ་བྱས་སོ། ། ཤེལ་གྱི་རྗེན་མ་དང་། གདང་བུ་དང་། གཟུང་གཟེར་ནི་བཻ་ཌཱུཪྻ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་པོ་སྟེ། མེ་ཏོག་ཨུཏྤ ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཏེ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར ་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། ། དེ་དག་གི་ཉེན་ཀོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེག། ་པར་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་གི་འཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང ་མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན ་རྣམས་སྐད་སྙན་པ་འབྱིན་ཏོ། ། དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཡོད་དོ།། རྒྱས་པར་སྔ་མ་བཞིན་ནོ།། དེ་དག་ན་གཞལ་མེད་ཁང་ན་གནས་པའི་ལྷའི ་བུ་རྣམས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཉི་མས་ཟླ་བ་དྲུག་ཏུ་བགྲོད་པ་གང་ཡིན་པ་དེ་ནི་ཟླ་བས་ཟླ་བ་གཅིག་ཏུ་འགྲོ་བ་དང་འོང་བར་བྱེད་དོ།། ཅིའི་ཕྱིར ་ཉི་མའི་དཀྱིལ་འཁོར་ལ་བལྟས་ན། མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ལ་བལྟས་ན། མིག་ལ་གནོད་པར་མི་འགྱུར་ཞེ་ན། སྨྲས་པ། ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ་ཡང་ཡིན་ལ། ་ཤེལ་དང་བ་ཡང་ཡིན་ལ། ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་ཡིན་པས་དེའི་ཕྱིར་ན། ཉི་མའི་དཀྱིལ་འཁོར་ལ་བལྟས་ན་མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ནི་གནོད་པར་མི་འགྱུར་རོ།། ་འཇིག་རྟེན་བཞག་པ་ལས་ཚིགས་དགུ་པའོ།། སྡོམ་ལ། འབྱུང་བ་ཆེན་པོར་འདུ་ཤེས་དང་།། བདག་ཏུ་ཡང་ནི་འདུ་ཤེས་པ།། ནམ་མཁའ་ལ་ནི་སར་འདུ་ཤེས།། དུས་ནི་གཉིས་སུ ་བྱས་པ་དང་། ། སྐད་ཅིག་པ་ནི་ཐ་མ་ཡ་ནི།། འབྱུང་བ་ཆེན་པོ་བཞི་ནི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ།། སེམས་ཅན་ས་ལ་སར་འདུ་ཤེས་པ་དག་ཀྱང་ཡོད་དོ།། ་ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། སེམས་ཅན་ཆུ་ལ་ཡང་སར་འདུ་ཤེས་པ་དག་ཀྱང་ཡོད་དོ།། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར ་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། སེམས་ཅན་མེ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ ་ཤེས་པ་དག་ཀྱང་ཡོད་དོ། ། སེམས་ཅན་རླུང་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། སེམས ་ཅན་ས་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད་དེ། སའི་ཁམས་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ས་ཡིན་ཏེ། དེ་ལྟར་ས་དང་བདག་གཉིས་སུ་དབྱེར་མེད་ཅིང་ཐ་དད་པ་མ་ཡིན ་ཏེ། བདག་གི་བདག་ནི་རྫོགས་པ་ཡིན་ནོ་ཞེས་ནས། དེ་དག་ས་ལ་བཀུར་སྟི་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ།། དེ་དག་གིས་བཀུར་སྟིར་བྱས། བཙུན་པར་བྱས ་རི་མོར་བྱས། མཆོད་པར་བྱས་ནས་དགའ་ཞིང་མགུ་ལ་ཡི་རིངས་ཏེ། བཀུར་སྟི་བྱེད་ཅིང་ཉེ་བར་བསྟེན་ཏེ་གནས་ལ། སེམས་ཀྱིས་ལུང་བསྟན་པ་མ་ཡིན་ནོ།། སེམས་ཅན་ཆུ་དང་། ་མེ་དང་། རླུང་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད་དེ། རླུང་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་རླུང་ཡིན་ཏེ། དེ་ལྟར་རླུང་དང་བདག་གཉིས་སུ་དབྱེར་མེད་ཅིང་ཐ་དད་པ་མ་ཡིན་ཏེ།། ་བདག་གི་བདག་ནི་རྫོགས་པ་ཡིན་ནོ་ཞེས་ནས། དེ་དག་རླུང་ལ་བཀུར་སྟི་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད། དེ་དག་གིས་བཀུར་སྟི་བྱས། བཙུན་པར་བྱས། རི་མོར་བྱས། ་མཆོད་པར་བྱས་ནས། དགའ་ཞིང་མགུ་ལ་ཡི་རངས་ཏེ། བཀུར་སྟི་བྱེད་ཅིང་ཉེ་བར་བསྟེན་ཏེ་གནས་ལ། སེམས་ཀྱིས་ལུང་བསྟན་པ་མ་ཡིན་ནོ།། སེམས་ཅན་ས་ལ་ནམ་མཁར་འདུ་ཤེས་པ་དག་ཀྱང ་ཡོད་ནམ་མཁའ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད་དོ། ། ས་ལ་ནམ་མཁར་འདུ་ཤེས་པ་ཇི་ལྟ་བུ་ཞེ་ན། ཏིལ་རྨེད་པའི་མི་ལ་ལ་ཞིག་གིས་ལྗོན་པ་རྐོ་བའི་མི་ལ་ལ་འགའ་ཞིག་ལ་འདི་སྐད་དུ། ཀྱེ་སྡོང ་པོ་མེ་རེག་མ་འདྲ་བའི་མི་གླང་མཐོང་ངམ་ཞེས་སྨྲས་སོ། ། དེས་སྤྲས་པ། མ་མཐོང་ངོ་།། ཏིལ་ཟ་འམ། མ་ཟི་འམ། སྤྲས་པ། མི་ཟའོ་ཞེས་སོ།། དེ་ལྟར་ན་ས་ལ་ནམ་མཁར་འདུ་ཤེས་པ་ཡིན་ནོ།། ་ཇི་ལྟར་ནམ་མཁའ་ལ་སར་འདུ་ཤེས་ཤེ་ན། སྤྲས་པ། ཇི་ལྟར་བྲམ་ཟེ་ལ་ལ་ཞིག་བོང་བུའི་ཤིང་རྟ་ལ་བབས་ཏེ། བོང་བུའི་ཤིང་རྟ་ཕུར་བུ་ལ་བཏགས་ནས་ཕུར་བུ་ནམ་མཁའ་ལ་བཏབ་སྟེ་བཙུགས ་ནས་མགོ་ལ་བས་དཀྲིས་ཏེ། ས་ལ་གན་ཀྱལ་དུ་ཉལ་བ་བཞིན་དུ་ནམ་མཁའ་ལ་སར་འདུ་ཤེས་པ་ཡིན་ནོ།། ལོ་གཅིག་ལ་དུས་གཅིག་ཏུ། མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ ་བཅུ་གཉིས་པ་ཡོད་དེ། ལོ་གཅིག་ལ་དུས་གཅིག་ཏུ་མཚན་མོའི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན། དགུན་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ ་བཅོ་བརྒྱད། ཉིན་མོ་ཡུད་ཙམ་བཅུ་གཉིས་ཡོད་དོ།། ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲི། ཉིན་མོ་ནི་སྐྱེ་སྟེ། མཚན་མོ་ནི་ཐང་ཅིག་རེ་རེས་འབྲིའོ།། ཉིན་མོ་ནི་ཐང་ཅིག་རེ་རེས་སྐྱེའོ།། ལོ ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།། ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས ་པ་གང་ཞེ་ན། སྨྲས་པ། དབྱར་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་ཀྱི་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།། ཚེས་དགུ་ཕན་ཆད་ཀྱི་ཉིན་མོ་ནི་འབྲི། མཚན་མོ ་ནི་སྐྱེ་སྟེ། ཉིན་མོ་ནི་ཐང་ཅིག་རེ་རེས་འབྲིའོ།། མཚན་མོ་ནི་ཐང་ཅིག་རེ་རེས་སྐྱེའོ།། ལོ་གཅིག་ལ་དུས་གཉིས་སུ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་པ་ཡོད་དེ། ལོ་གཅིག ་ལ་དུས་གཉིས་སུ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་པ་དེ་གང་ཞེ་ན། སྤྲས་པ། དཔྱིད་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་དང་། སྟོན་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་ལ་མཚན ་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་ཡོད་དོ།། ཚེས་བཞི་ཡོད་དེ། བཞི་གང་ཞེ་ན། སྐད་ཅིག་དང་། དེའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ ་རྣམས་སོ། ། སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ།། དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་གོ།། ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་གཅིག་གོ། ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་གོ། ་ཉིན་ཞག་སུམ་ཅུ་ཆ་གཅིག་ནི་ཡུད་ཙམ་གཅིག་གོ།། ཡུད་ཙམ་སུམ་ཅུ་ཆ་གཅིག་ནི་ཐང་ཅིག་གཅིག་གོ། ཐང་ཅིག་དྲུག་ཅུ་ཆ་གཅིག་ནི་དེའི་སྐད་ཅིག་གོ། དེའི་སྐད་ཅིག་བརྒྱ་ཉི་ཤུ་ཆ་གཅིག་ནི ་སྐད་ཅིག་གོ། ། སྐད་ཅིག་གི་ཚད་ཇི་ཙམ་ཞེ་ན། འདི་ལྟ་སྟེ། བུད་མེད་པ་ལ་འཁལ་བ་འབྲིང་གིས་ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་བར་བལ་སྙོད་པ་དེ་ཙམ་གྱི་ཡུན་ནི་སྐད་ཅིག་གི་ཚད་ཡིན་ནོ།། ་དེ་ལྟ་བུའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ།། དེའི་སྐད་ཅིག་དེ་ལྟ་བུ་དྲུག་ཅུ་ལ་ཐང་ཅིག་གོ། ཐང་ཅིག་དེ་ལྟ་བུ་སུམ་ཅུ་ལ་ཡུད་ཙམ་ཅིག་གོ།། ཡུད་ཙམ་དེ་ལྟ་བུ་སུམ་ཅུ་ལ་ཉིན་ཞག་གཅིག ་གོ་ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ།། འཇིག་རྟེན་བཞག་པ་ལས་ཚོགས་བཅུ་པའོ།། །། བམ་པོ་ལྔ་པ།། ་། གླེང་གཞི་ནི། ཡུལ་མཉན་དུ་ཡོད་པ་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བསྐལ་པ་ནི་གྲངས་མེད་པ་བཞི་སྟེ། གྲངས་མེད་པདག་གིས་ནི་བསྐལ་པ་འཇིག་གོ།། གྲངས་མེད་བདག་གིས ་ནི་བསྐལ་པ་ཞིག་པར་གནས་སོ། ། གྲངས་མེད་པ་དག་གིས་ནི་བསྐལ་པ་འཆགས་སོ།། གྲངས་མེད་པ་དག་གིས་ནི་བསྐལ་པ་ཆགས་པར་གནས་སོ་ཞེས་གསུངས་ཏེ། བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི ་བསྐལ་པ་ཆེན་པོ་གཅིག་སྟེ། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཇིག་གོ།། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་ཞིག་པར་གནས་སོ།། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཆགས་སོ།། ་བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་ཆགས་པར་གནས་སོ།། འཇིག་རྟེན་འཇིག་པ་ནི་རྣམ་པ་གསུམ་སྟེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ།། འཇིག་པ་གསུམ་གྱི་རྩེ ་མོ་ནི་འོད་གསལ་བ་དང་། དགེ་རྒྱས་པ་དང་། འབྲས་བུ་ཆེ་བ་རྣམས་ཏེ། གང་གི་ཚེ་མེས་འཇིག་པ་འབྱུང་བ་དེའི་ཚེ། འོད་གསལ་གྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུབ་བོ།། གང་གི་ཚེ་ཆུས་འཇིག ་པ་འབྱུང་བ་དེའི་ཚེ། དགེ་རྒྱས་ཀྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ།། གང་གི་ཚེ་རླུང་གིས་འཇིག་པ་འབྱུང་བ་དེའི་ཚེ། འབྲས་བུ་ཆེ་བའི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུབ་བོ།། མེས་འཇིག་པ་ལན ་བདུན་ཞིང་ཆུས་འཇིག་པ་ལན་ཅིག། ཆུས་འཇིག་པ་ལན་བདུན་ཞིང་རླུང་གིས་འཇིག་པ་ལན་ཅིག་འབྱུང་ངོ་།། བར་གྱི་བསྐལ་པ་ནི་གསུམ་སྟེ། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། ་མུ་གེའི་བར་གྱི་བསྐལ་པ་དང་། བསྐལ་པ་ནི་མཚོན་དང་། ནད་དང་། མུ་གེས་མཐར་ཐུག་པར་འགྱུར་རོ།། གང་གི་ཚེ་མཚོན་གྱི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ། མི་རྣམས་ཀྱིས ་ཚེ་ལོ་བཅུ་ཐུབ་པར་གྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་ཞིང་ཅི་ལེགས། ་ཅི་བདེར་རིམ་གྲོ་བྱེད་པ་དེས་ལོ་རྒྱའམ། ཅུང་ཟད་ལྷག་པར་ཐུབ་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མིའི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་བོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད ་དུ་འོང་བ་ལ། འཕྲེང་ཚད་ཉིས་བརྒྱ་སོ་གཉིས་སོ།། མས་ལེགས་སུ་སྨོན་པ་བདག་གི་བུ་ལོ་བཅུའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་དེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་མས་ལེགས་སུ་སྨོན་པ་ནི། འདི་སྐད་དུ། བདག་གི་བུ་ལོ་བརྒྱའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་པ་དེ་བཞིན་དུ། ཚེ་ལོ་བཅུ ་པའི་མི་རྣམས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལམས་ལེགས་སུ་སྨོན་པ་ནི། འདི་སྐད་དུ། བདག་གི་བུ་ལོ་བཅུའི་བར་དུ་ཡུན་རིང་བར་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་དོ།། ཚལ ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་ལོ་བཅོ་ལྔ་འམ་བཅུ་དྲུག་ལོན་པ་ན། ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ་ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྐྲའི་ལ་བ་མཆོག་ཏུ་གྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས ་ཀྱི་གོས་ཀ་ཤི་ཀའི་རས་ཕྲ་མོ་འམ། ཟར་མའི་རས་ཕྲ་མོ་འམ། དུ་གུ་ལའི་རས་ཕྲ་མོ་འམ། ཀོ་ཏམ་པའི་རས་ཕྲ་མོ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྐྲའི་ལ་བ ་མཆོག་ཏུ་འགྱུར་རོ། ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁཟས་ཀྱི་ནང་ན་ཁྲེ་རྒོད་མཆོག་ཏུ་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་འབྲས་སཱ་ལུའི་ཆན་ནག་པོའི་བག་བསལ་བ། ཚོད་མ་དང་། ་འཁུར་བ་དང་། བྱ་ན་སྣ་ཚོགས་དང་ལྡན་པ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་ཀོ་ཏྲ་བ་མཆོག་ཏུ་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་རོ་རྣམ་པ་ལྔ་ནུབ་པར་འགྱུར་ཏེ། ་ལྔ་གང་ཞེ་ན། འོ་མ་ཡང་ཡོད། ཞོ་ཡང་ཡོད་མོད་ཀྱི། མར་མི་འབྱུང་ངོ་།། ཏིལ་ཡང་ཡོད། ཏིལ་གྱི་ཕྱེ་མ་ཡང་ཡོད་མོད་ཀྱི། ཏིལ་མར་མི་འབྱུང་ངོ་།། སྦྲང་བུ་ཡང་ཡོད། སྦྲང་ཚོལ་ཡང་ཡོད་མོད ་ཀྱི་སྦྲང་རྩི་མ་འབྱུང་ངོ་། ། བུ་རམ་ཤིང་ཡང་ཡོད། ཁུ་བ་ཡང་ཡོད་མོད་ཀྱི། བུ་རམ་མི་འབྱུང་ངོ་།། ལན་ཚྭ་ནི་གཏན་མེད་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་བརྒྱན་པར་འགྱུར་ཞིང་།། ་མཚོན་ཆས་གཤག་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་རྒྱན་མགུལ་གདུབ་བམ། གདུ་བུ་རྒྱན་ཅན་ནམ། རྣ་ཆ་གདུབ་ཀོར་རྣམས་སམ། དཔུང་རྒྱན་རྣམས་སམ། ལག་པའི་རྒྱན ་རྣམས་སམ། རྐང་པའི་རྒྱན་རྣམས་སམ། སོར་གདུབ་ཀྱི་རྒྱན་ནམ། གསེར་དངུལ་གྱི་འཕྲེང་བ་ཐོགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་བརྒྱན་ཅིང་། མཚོན་ཆས་བཞག་གོ། ་ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར་བ་དང་། གཅེས་སུ་བྱ་བ་དང་། ་རབ་ཏུ་བསྔགས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དེ་དག་བཀུར་ཞིང་གཅེས་པར་བྱ་བ ་དང་རབ་ཏུ་བསྔགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར་ཞིང ་གཅེས་སུ་བྱ་བ་དང་། རབ་ཏུ་བསྔགས་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས ་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལ་རི་དགས་ཀྱི་རྔོན་པས་དགོན་པའི་རི་དགས་མཐོང་ན། ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན ་དུ་ཚེ་ལོ་བཅུ་པའི་མི་རྣམས་གཅིག་གིས་གཅིག་མཐོང་ན། ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མ་རྣམས་ཀྱི་གནས་རྣམས་སུ་ཞག ་བདུན་དུ་མཚོན་འབྱུང་བར་འགྱུར་ཏེ། དེ་དག་ཤིང་ངམ། གསེག་མ་འམ། གྱོ་མོའང་རུང་སྟེ། གང་དང་གང་ལ་ནོམས་པ་དེ་དག་ཐམས་ཅད་མཚོན་ཆ་ཤིན་ཏུ་རྣོ་ཞིང་འཇེབས་པར་འགྱུར་ཏེ། ཤིན་ཏུ ་ཞིང་འཇེབས་པ་དང་། དེ་དག་གིས་གཅིག་ལ་གཅིག་སྲོག་དང་བྲལ་བར་བྱེད་དེ། གཉེན་འདུན་ཟད་པ་དང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་པར་ཡང་འགྱུར་རོ།། མཚོན་གྱི་བར་གྱི་བསྐལ་པ ་དེ་ཡང་ཞག་བདུན་ཁོ་ནར་ཟད་དེ། ཞག་བདུན་འདས་ནས་མཐར་ཐུག་པར་བརྗོད་པར་བྱའོ།། དེའི་ཚེ་གང་ཡང་རུང་སྟེ། འཆི་བ་དེ་དག་ཐམས་ཅད་ལུས་དང་བྲལ་ནས། སེམས་ཅན་དམྱལ་བ ་རྣམས་སུ་སྐྱེ་བར་འགྱུར་རོ། ། དེ་ན་མི་གང་དག་མཚོན་གྱི་བར་གྱི་བསྐལ་པ་དེས་དོགས་ཤིང་འཛེམ་པར་འགྱུར་ལ། སྨོད་ཅིང་རྣམ་པར་སྨོད་པ་དེ་དག་ལས་ཁ་ཅིག་ཆུའི་རྫོང་དང་། རིའི་རྫོང་དང་། རྩཝ་སྟུག ་པོ་དང་། ནགས་སྟུག་པོ་དག་ཏུ་ཞུགས་ཏེ། དེར་ཞག་བདུན་གྱི་བར་དུ་རྩཝ་དང་ཆུས་འཚོ་ཞིང་འདུག་ན། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཕྱིར་ལྡེག་སྟེ། ་སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་།། ། ་ཀྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མ་རྣམས་ཀྱི་མ་ལ་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད་ལ། ཟླ་བ་བརྒྱད་དམ། དགུ་ལོན་ཏེ་ཕྲད་ན་ཤས་ཆེར ་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་ཏེ། འདི་སྐད་དུ། ཀྱེ་མ་བུ་གསོན་པོ་མཐོང་ངོ་།། ཀྱེ་མ་བུ་གསོན་པོ་མཐོང་ངོ་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན ་དེ་དག་གཅིག་གིས་གཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་ཀྱེ་མ་སེམས་ཅན་གསོན ་བོཔོ་མཐོང་ངོ་། ། ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་འཛེར་ཏོ།། བར་གྱི་སྡོམ་ལ། རིང་དུ་གང་འཚོ་མ་དང་བུ་མོ་དང་།། གོས་དང་ཟས་དང་ནུབ་པར་འགྱུར་བ་དང་།། རྒྱན་རྣམས ་དང་ནི་བཀུར་དང་སྣང་བ་དང་། ། ཞག་བདུན་གནས་རྣམས་སུ་ནི་མཚོན་ཆ་འབྱུང་།། སེམས་ཅན་དེ་དག་འདི་སྙམ་དུ། བདག་ཅག་མཚོན་ཆས་སྲོག་གཅོད་པ་འདིས། གཅིག་ལ་གཅིག་རྣམ་པར ་བརླག་པ་ལ་ཞུགས་པས་གཉེན་འདུན་ཟད་པར་གྱུར་ཅིང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་པར་འགྱུར་གྱིས། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། ་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱིས། བདག་གིས་མཚོན་ཆས་སྲོག ་གཅོད་པ་སྤང་བར་བྱའོ་ཞེས་ནས། དེ་དག་མཚོན་ཆས་སྲོག་གཅོད་པ་སྤོང་ངོ་།། ཚེ་ལོ་བཅུ་པའི་མི་མཚོན་ཆས་སྲོག་གཅོད་པ་དེ་དག་སྤོང་བ་དེ་དག་གི་བུ་དང་། བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ ་པར་འགྱུར་རོ། ། ཚེ་ལོ་ཉི་ཤུའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱི་འ ་ཕེལ་བར་སྣང་བས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད ་པར་བྱ་སྙམ་དུ་སེམས་སོ། ། དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་མ་བྱིན་པར་ལེན་པ་ཡིན་གྱིས། བདག་ཅག་གིས་མ་བྱིན་པར་ལེན་པ་སྤང་བར་བྱའོ་ཞེས་ནས། དེ་དག་མ་བྱིན་པར་ལེན་པ་སྤོང་ངོ་།། ་ཚེ་ལོ་ཉི་ཤུ་པའི་མི་མ་བྱིན་པར་ལེན་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་བཅུ་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ལྔ་བཅུ་ཐུབ་པར་འགྱུར་རོ།། ཚེ་ལོ་ལྔ་བཅུ ་པའི་མི་རྣམས་འདི་སྙམ་དུ་ཀྱེ་མ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། ་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། ། ་དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་ནི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་གྱིས། བདག་ཅག་གིས་འདོད་པས་ལོག་པར་གཡེམ་པ་སྤང་ངོ་ཞེས་ནས། དེ་དག་འདོད་པ་ལ་ལོག་པར་གཡེམ་པ་སྤོང་ངོ་།། ་ཚེ་ལོ་ལྔ་བཅུ་པའི་མི་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱ་ཐུབ་པར་གྱུར་ཏོ།། ཚེ་ལོ་བརྒྱ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་ཡང་དག་པར ་བླང་པའི་རྒྱུས་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ། ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་བ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་བརྫུན་དུ་སྨྲ་བ ་ཡིན་གྱིས། བརྫུན་དུ་སྨྲ་བ་སྤང་བར་བྱའོ་ཞེས་ནས། དེ་དག་བརྫུན་དུ་སྨྲ་བ་སྤང་ངོ་།། ཚེ་ལོ་བརྒྱ་པའི་མི་བརྫུན་དུ་སྨྲ་བ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉིས་བརྒྱ་ཐུབ་པར་འགྱུར་ཏེ། དེ་དག ་ལས་ཁ་ཅིག་ནི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པར་འགྱུར་རོ། ། ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང ་སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས ་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། ། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཕྲ་མ་ཅན་ཡིན་གྱིས། བདག་ཅག་གིས་ཕྲ་མ་སྤང་བར་བྱའོ་ཞེས་ནས། དེ་དག་ཕྲ་མ་སྤོང་ངོ་།། ་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་པའི་མི་ཕྲ་མ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ།། ཚེ་ལོ་ལྔ་བརྒྱ་པའི་མ་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས ་བའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་ཡང་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས ་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཚིག་རྩུབ་པོ་སྨྲ་བ་ཡིན་གྱིས། བདག ་ཅག་གིས་ཚིག་རྩུབ་པོ་སྤང་བར་བྱའོ་ཞེས་ནས། དེ་དག་ཚིག་རྩུབ་པོ་སྤོང་ངོ་།། ཚེ་ལོ་ལྔ་བརྒྱ་པའི་མི་ཆོག་རྩུབ་པོ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་སྟོང་ཐུབ་པར་གྱུར་ཏོ།། ཚེ་ལོ་སྟོང ་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག ་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག ་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཚིག་འཁྱལ་པ་ཅན་ཡིན་གྱིས། བདག་ཅག་གིས་ཚིག་འཁྱལ་པ་སྤང་བར་བྱའོ་ཞེས་ནས། དེ་དག་ཚིག་བཀྱིལ་པ་སྤོང་ངོ་།། ཚེ་ལོ་སྟོང་ཐུབ་པའི་མ་ཚིག་བཀྱིལ ་པ་སྤོང་བ་དེ་དག་གི་བུ་དང་། བུ་མོ་བཙས་པ་རྣམས་ཚེ་ལོ་ཉིས་སྟོང་ཐུབ་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ཉིས་སྟོང་ལྔ་བརྒྱ་ཐུབ་པ་འགྱུར་རོ།། ཚེ་ལོ་ཉིས་སྟོང་ལྔ་བརྒྱ་ཐུབ་པའི་མི་རྣམས་འདི ་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིའི་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དྲུག་ཀྱང་འཕེལ་བར་སྣང་གིས ་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། ་དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་བརྣབ་སེམས་ཅན་ཡིན་གྱིས། བདག་ཅག་གིས་བརྣབ་སེམས་སྤང་བར་བྱའོ་ཞེས་ནས། དེ་དག་བརྣབ་སེམས་སྤོང་ངོ་།། ཚེ་ལོ་ཉིས་སྟོང་ལྔ་བརྒྱ་པའི་མི་བརྣ་བ ་སེམས་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་སྟོང་ཐུབ་པར་གྱུར་ཏོ། ། ཚེ་ལོ་ལྔ་སྟོང་ཐུབ་པའི་མི་རྣམས་ཀྱང་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར ་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་ཏེ། དེ་དག་ནི་འདི་སྙམ་དུ། ཀྱེ་བདག་ཅག་ནི་གནོད་སེམས་ཅན་ཡིན་གྱིས། བདག་ཅག ་གིས་གནོད་སེམས་སྤང་བར་བྱའོ་ཞེས་ནས། དེ་དག་གནོད་སེམས་སྤོང་ངོ་པོ།། ཚེ་ལོ་ལྔ་སྟོང་ཐུབ་པའི་མི་གནོད་སེམས་སྤོང་བ་དེ་དག་གི་བུ་དང་། བུ་མོ་བཙས་པ་རྣམས་ཚེ་ལོ་ཁྲི་ཐུབ་པར་གྱུར་རོ།། ་ཚེ་ལོ་ཁྲི་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང ་གིས་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ ་སེམས་སོ། ། དེ་དག་འདི་སྙམ་དུ། བདག་ཅག་ནི་ལོག་པར་ལྟ་བ་ཅན་ཡིན་གྱིས། བདག་ཅག་གིས་ལོག་པར་ལྟ་བ་སྤང་བར་བྱའོ་ཞེས་ནས། དེ་དག་ལོག་པར་ལྟ་བ་སྤོང་ངོ་།། ཚེ་ལོ་ཁྲི་པའི ་མི་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པར་འགྱུར་རོ། ། ཚེ་ལོ་ཉི་ཁྲི་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར ་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད ་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་ནི་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཆོས་མ་ཡིན་པའི་ཆགས་པས་ཆགས ་པ་དང་། མི་རིགས་པའི་འདོད་པས་ཟིལ་གྱིས་གནན་པ་དང་། ལོག་པའི་ཆོས་དང་ལྡན་པ་ཡིན་གྱིས། བདག་ཅག་གིས་ཆོས་འདི་གསུམ་སྤང་བར་བྱའོ་ཞེས་ནས། དེ་དག་ཆོས་དེ་གསུམ ་སྤོང་ངོ་། ། ཚེ་ལོ་ཉི་ཁྲི་པའི་མི་རྣམས་ཆོས་གསུམ་པོ་འདི་དག་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པར་འགྱུར་རོ།། ཚེ་ལོ་བཞི་ཁྲི་པའི་མི་རྣམས་འདི ་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དེ་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས ་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ ་དུཀྱེ་བདག་ཅག་ནི་མར་མི་འཛིན་པ། ཕར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་མི་བྱེད་པ་ཡིན་གྱིས། བདག་ཅག་གིས ་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱའོ་ཞེས་ནས། དེ་དག་མར་འཛིན་པ་དང་། ཕར་འཛིན་པ ་དང་དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོར་བྱེད་དོ།། ཚེ་ལོ་བཞི་ཁྲི་པའི་མི་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོར་བྱེད་པ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་གྱུར་རོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས ་འཛམ་བུའི་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་ངོ་།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱི་བར་བྱ་གག་འཕུར་བས་སླེབས་པ་ཙམ་དུ་འགྱུར་རོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་ནི་བཙས་ནས། ལོ་ལྔ་བརྒྱ་ལོན་ནས་ཁྱིམ་ཐབ་ལ་གཏོང ་སྟེདཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་བཅོ་ལྔ་འམ། བཅུ་དྲུག་ལོན་ནས་ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས། ལོ་ལྔ་བརྒྱ་ལོན་ནས ་ཁྱིམ་ཐབ་ལ་གཏོང་ངོ་། ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་ནད་ནི་རྣམ་པ་གསུམ་ཡོད་དེ། འདོད་པ་དང་། ཟས་མི་ཟ་བ་དང་། རྒ་བ་རྣམས་ཡིན་ནོ་ཞེས་གསུངས་སོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི ་འབྲུ་རྣམས་ནི་ཆེ་ཞིང་མཆོག་ཏུ་ཆེ་སྟེ། དཔེར་ན་ཨིནྡྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་བ་ལ། སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་ངོ་།། བཅོམ་ལྡན་འདས་ཀྱིས་ཀྱང་མུ་ཁྱུད ་བརྟན་ལུང་བསྟན་པ་ལས། འདི་སྐད་དུ། དགེ་སློང་དག་མི་རྣམས་ནི་སྡིག་པ་མི་དགེ་བའི་ཆོས་འདི་དག་ཉིད་ཡང་དག་པར་འཛིན་པའི་ཕྱིར་ཚེ་ལོ་བཅུ་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང ་ཡང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ། སྔ་མ་བཞིན་ནོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ནི་འཛམ་བུ་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ ་མང་པོས་གང་ངོ་། ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱི་བར་བྱ་གག་འཕུར་བས་སླེབས་པ ་ཙམ་དུ་འགྱུར་རོ། ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་བརྒྱ་ལོན་པ་ཡང་སྔ་མ་བཞིན་ནོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་ནད་རྣམ་པ་གསུམ་ཡོད་དོ།། འདོད་པ་དང་། ཟས་མི ་ཟ་བ་དང་། རྒ་བ་རྣམས་ཡིན་ནོ་ཞེས་གསུངས་སོ།། གང་གི་ཚེ་ནད་ཀྱི་བར་གྱི་བསྐལ་པ་འོང་དུ་ཆེ་ཞིང་འབྱུང་བར་འགྱུར་བ་དེའི་ཚེ། མི་རྣམས་ཀྱིས་ཚེ་ལོ་བཅུ་ཐུབ་པར་འགྱུར་ཏེ། ཚེ་ལོ་བཅུ་པའི་མི ་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ། རྒྱས་པར་རིང་དུ་གང་འཚོ་བ་དང་། བུ་མོ་དང་། གོས་དང་། ཟས་དང་། ནུབ་པར་འགྱུར་བ་དང་། རྒྱན་རྣམས་དང་ནི་བཀུར་བ་དང་སྡང ་བ་དང་ཞེས་མདོའི་ཚིགས་སུ་བཅད་པ་སྨོས་པར་བྱའོ། ། ཚེ་ལོ་བཅུ་པའི་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མ་རིགས་པར་བྱེད་དེ། དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་། མ་རིགས་པ་བྱེད་པས་མ་ཡིན་པ ་རྣམས་རབ་ཏུ་འཁྲུགས་ནས་ནད་དང་། ཡམས་ཀྱི་ནང་དང་། གནོད་པ་དང་། ནད་འགོ་བ་རྣམས་གཏོང་སྟེ་དེར་འདི་ལྟ་སྟེ། མི་མང་པོ་ནད་ཀྱིས་འཆི་བར་འགྱུར་རོ།། དེའི་ཚེ་གང ་སུ་ཡང་རུང་སྟེ། འཆི་བ་དེ་དག་ཐམས་ཅད་ལུས་དང་བྲལ་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། ནད་ཀྱི་བར་གྱི་བསྐལ་པ་དེ་ཡང་ཟླ་བ་བདུན་དང་། ཉིན་ཞག་བདུན་ཁོ་ནར་ཟད་དེ། ཟླ་བ་བདུན་དང་། ་ཉིན་ཞག་བདུན་གྱིས་མཐའ་ཐུག་པར་བརྗོད་པར་བྱའོ།། དེ་ནས་མི་དེ་དག་འདི་སྙམ་དུ་བདག་ཅག་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པ་བྱེད་པ་འདི་དང་། སྡུག་བསྔལ་ལ་ཞུགས་པ་འདིས་གཉེན་འདུན་ཟད ་ཅིང་ནོར་ཟད་ལ། ལོངས་སྤྱོད་ཟད་པར་འགྱུར་གྱིས། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ། ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱིས། བདག་ཅག་གིས་སྲོག་གཅོད་པ་སྤང་བར་བྱའོ་ཞེས་དེ་དག་སྲོག་གཅོད་པ་སྤོང་ངོ་།། ཚེ་ལོ་བཅུ་པའི་མི་སྲོག་གཅོད ་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ་པར་གྱུར་པ་ནས། རྒྱས་པར་ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་འཛམ་བུ་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས ་པར་འགྱུར་ཞིང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། བུ་མོ་ལོ་ལྔ་བརྒྱ་ལོན་པའི་བར་དུ་སྔ་མ་བཞིན་ནོ།། ནད་པ་རྣམ་པ་གསུམ་ཡོད་པ་ནས། འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། དཔེར་ན་ཨིནྡྲ་བེ་ནུའི ་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་བ། སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ།། གང་གི་ཚེ་མུ་གེའི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི ་མི་རྣམས་ཀྱིས་ཚེ་ལོ་བཅུ་ཐུབ་པར་གྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན། གང་ཡུན་རིང་དུ་འཚོ་བ་དེས། ཚེ་ལོ་བཅུ་ཐུབ་པ་ནས། ཚེ་ལོ་བཅུ་པའི་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མི ་རིགས་པ་བྱེད་པའི་བར་དུ་རྒྱས་པར་བྱའོ། ། དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་། མི་རིགས་པ་བྱེད་པས་ལྷ་ཡང་དུས་དུས་སུ་ཆུར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། མུ་གེ་དང ་ཚེགས་ཆེན་པོ་དང་། གནོད་པ་དང་། ཐུར་མས་འཚོ་བ་དང་། རྗུད་པ་དང་། རུས་པ་དཀར་པོ་འབྱུང་བར་འགྱུར་ཏེ། མུ་གེ་ཞེས་བྱ་བ་ནི་དེའི་ཚེ་སློང་བ་རྣམས་ཀྱིས་སློང་མོ་རྙེད་པར་དཀའ་སྟེ། དེ་བས ་ན་མུ་གེ་ཞེས་བྱའོ། ། ཚེགས་ཆེན་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་བསལ་བ་ཆེན་པོ་དང་། འབད་པ་ཆེན་པོ་དང་། བཤད་པ་ཆེན་པོ་དང་། ལུས་གཟིར་བ་ཆེན་པོས་ཟས་དང་གོས་སྒྲུབ་པར་བྱེད་དེ། ་དེ་བས་ན་ཚེགས་ཆེན་པོ་ཞེས་བྱའོ།། གནོད་པ་ཞེས་བྱ་བ་ནི་ཇི་ལྟར་ད་ལྟར་འབྲོག་ཆེན་པོའི་གནོད་པ་དང་། ཆུའི་གནོད་པ་དང་། ཆོམ་རྐུན་གྱི་གནོད་པ་ཡོད་པ་དེ་བཞིན་དུ། དེའི་ཚེ་བཟའ་བ་དང་། བཏུང ་བ་དང་། བགོ་བའི་གནོད་པ་ཆེན་པོ་ཡོད་དེ། དེ་བས་ན་གནོད་པ་ཆེན་པོ་ཞེས་བྱའོ།། རྗུད་པ་ཞེས་བྱ་བ་ནི་ད་ལྟར་འགྱེལ་བ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེའི་ཚེ་དེའི་དུས་ན་རྗུད་པ་ཞེས་བྱ་སྟེ། དེའི་ཚེ་མིདེ ་དག་བཀྲེས་པ་ཉམ་ཆུང་བ་དང་ལྡན་པས་ས་ལ་འགྱེལ་ལོ། ། འགྱེལ་ནས་ཀྱང་ས་ལས་ལྡང་མི་ནུས་སོ།། གཞན་ཡང་སུ་ཡང་སློང་ནུས་པ་མེད་དེ། དེ་དག་ཉིད་དུ་འཆི་བར་འགྱུར་རོ།། རྗུད་པ་དེས་མི་དི་ཤི ་བས་ན། མིང་རྗུད་པ་རྗུད་པ་ཞེས་བྱ་བར་གྱུར་ཏོ།། གཞན་ཡང་རྗུད་པའི་མིང་ནི་གབ་ཚེ་ལ་ཡང་བྱ་སྟེ། དེའི་ཚེ་མི་དེ་དག་གིས་འབྲུ་སྣ་ཚོགས་དང་། འབྲས་རྣམས་གབ་ཚེའི་ནང་དུ་བཅུག་སྟེ། འདི་སྐྱེ་བོ ་ཕྱི་མ་རྣམས་ཀྱི་འབྲུའི་ས་བོན་དུ་བྱའོ་ཞེས་ནས་འཆི་བར་འགྱུར་ཏེ། དེ་བས་ན་རྗུད་ལ་ཞེས་བྱའོ།། ཐུར་མས་འཚོ་བ་ཞེས་བྱ་བ་ནི། དེའི་ཚེ་ན་མི་རྣམས་ཀྱི་ས་ལ་ས་བོན་གང་བསྐྱེད་པ་དེ་དག་འབྲུ་ཆུང་བ་འམ། ་འབྲས་བུ་གཅིག་པུ་འབྱུང་བར་འགྱུར་བ་དང་། གཞན་ཡང་ཚེ་ཐུང་བའི་མི་རྣམས་བཟའ་མི་རིམས་ཀྱིས་ཐུར་མ་འགྲིམ་སྟེ། དེ་རིང་ནི་ཇོ་བོ་གསོལ་གྱིས། སང་ནི་ཇོ་མོ་གསོལ་ལོ།། དེ་རིང་ནི་ཇོ་བོས ་གསོལ་གྱིས། སང་ནི་ཇོ་བོ་ལྕམ་མོ་གསོལ་ལོ་ཞེས་བྱ་བ་དང་། གཞན་ཡང་དེའི་ཚེ་ནི་མི་རྣམས་འབྲས་ཀྱི་བང་བ་དང་། འབྲུའི་བང་བ་དག་ནས་འབྲུ་སྣ་ཚོགས་ཀྱི་འབྲུ་ཐུར་མས་བྲུས་ཏེ། ཆུ་མང་པོ་དང་རྫ ་མའི་ནང་དུ་བླུགས་ནས་བསྐོལ་ཏེ་འཐུངས་པས་ན། དེའི་ཕྱིར་ཐུར་མས་འཚོ་བ་ཞེས་བྱའོ།། རུས་པ་དཀར་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་བཀྲེས་ཤིང་ཉམ་ཆུང་བ་དང་ལྡན་བཞིན་དུ་འཆི་བ་དེ་དག་གི་རུས ་པ་དེ་དག་རྩུབ་ཅིང་སྣུམ་བག་མེད་པ་དང་། གཞན་ཡང་དེའི་ཚེ་མི་རྣམས་ཀྱི་རུས་པ་དེ་དག་བསྡུས་ཏེ། ཆུ་མང་པོ་དང་། རྫ་མའི་ནང་དུ་བླུགས་ནས་རུས་པའི་ཁུ་བ་བསྐོལ་ཏེ་འཐུངས་པས། དེའི་ཕྱིར་རུས ་པ་དཀར་པོ་ཞེས་བྱའོ། ། དེ་ལ་སོགས་པ་རྣམ་གྲངས་མང་པོ་རྣམས་བརྗོད་པར་བྱའོ།། དེའི་ཚེ་མུ་གེ་ཆེན་པོའི་བར་གྱི་བསྐལ་པ་དེ་དེ་ལྟ་བུར་གྱུར་ཏེ། དེའི་ཚེ་གང་སུ་ཡང་རུང་སྟེ། ཤི་བ་དེ་དག་ཐམས་ཅད་ཡི ་དགས་སུ་སྐྱེ་བར་འགྱུར་རོ། ། མུ་གེའི་བར་གྱི་བསྐལ་པ་དེ་ཡང་ལོ་བདུན་དང་། ཟླ་བ་བདུན་དང་། ཉིན་ཞག་བདུན་ཁོ་ནར་ཟད་དེ། ལོ་བདུན་དང་། ཟླ་བདུན་དང་། ཉིན་ཞག་བདུན་འདས་ནས་མཐར་ཐུག ་པར་བརྗོད་པར་བྱའོ། ། དེར་མི་གང་མུ་གེའི་བར་གྱི་བསྐལ་པས་དོགས་ཤིང་འཛེམ་པར་འགྱུར་ལ། སྨོད་ཅིང་རྣམ་པར་སྨོད་པ་དེ་དག་ལས་ཁ་ཅིག་ཆུ་ཀླུང་ཆེན་པོ་དང་། མཚོ་ཆེན་པོ ་དག་དང་། རྫིང་བུ་ཆེན་པོ་དག་དང་། ལུ་མ་ཆེན་པོ་དང་། ལྟེང་ཀ་དག་ཏུ་སོང་ནས། ཁྲེ་རྒོད་དག་དང་། ཨུཏྤ་ལའི་རྩ་བ་དག་གིས་འཚོ་ཞིང་འདུག་སྟེ། ལོ་བདུན་དང་། ཟླ་བ་བདུན་དང་། ཉིན ་ཞག་བདུན་ལོན་ནས། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དེ་དག་ཏུ་ཕྱིར་ལྡོག་སྟེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང ་རྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་།། ཀྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་མ ་ལ་ཞེས་བྱ་བ་ནས། དེ་བཞིན་དུ་ཚེ་ལོ་བཅུ་པའི་མི་རྣམས་ཀྱེ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དེ་དག་འདི་སྐད་དུ། བདག་ཅག་ཆོས་མ་ཡིན་པ་སྤྱོད་པ་འདི་དང་། མི་རིགས ་པ་བྱེད་པ་དང་། སྡུག་བསྔལ་ལ་ཞུགས་པ་འདིས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ།། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག ་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། ། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱིས། བདག་ཅག་གིས་སྲོག་གཅོད་པ་སྤང་ངོ་ཞེས་དེ་དག་སྲོག་གཅོད་པ་སྤོང་ངོ་།། ་ཚེ་ལོ་བཅུ་པའི་མི་སྲོག་གཅོད་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ་པར་གྱུར་ཏོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཚེ་ལོ་བརྒྱད་ཁྲི་པའི་མ་རྣམས་ཀྱི་འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ ་སྟེ། དཔེར་ན་ཨིནྡྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་ལ། སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་ངོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གང་གི་ཚེ་མེས་འཇིག་པ་འོང་དུ་ཆ ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ། མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་འཛམ་བུའི་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས ་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་ངོ་། ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྙེ་མ་གཅིག་ལས་ཀྱང་བྲེ་བོ་བཞི་འབྱུང་ངོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། སེམས་ཅན ་དམྱལ་བ་དག་ནས་སེམས་ཅན་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་པའི་དུས་ཀྱང་ཡོད། དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་སེམས་ཅན་དམྱལ་བ་དག་ནས་སེམས་ཅན་རྣམས་ནི་འཆི་འཕོ་ལ་སྐྱེ་བ་ནི་མེད་ན། ་དེ་ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་པར་གནས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ།། སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད ་ལ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར ་འགྱུར་བ་ཞིག་པར་བརྗོད་པར་བྱའོ། ། སེམས་ཅན་དམྱལ་བ་ཇི་ལྟ་བ་དེ་བཞིན་དུ། དུད་འགྲོ་དང་། ཡི་དགས་སུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང ་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེ་ནས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུས་འཇིག་པ་དེ་འབྱུང་བར་བརྗོད་པར་བྱའོ།། འཛམ་བུའི་གླིང་ན་སེམས་ཅན་གང་ཡང ་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་སྟེ། ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་། ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ།། ་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ་ཞེས་སྨྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་འཛམ་བུ་གླིང་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས ་གཞན་པའི་སེམས་ཅན་དེ་དག་གིས་ཀྱང་སྒྲ་དེ་ཐོས་ནས། ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་གཞོག་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཛམ་བུའི ་གླིང་ནས་སེམས་ཅན་གང་དག་འཆི་འཕོ་ལ། སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཛམ་བུ་གླིང་དུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་འཛམ་བུ་གླིང་དུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། ་དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། འཛམ་བུ་གླིང་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ།། འཛམ་བུ་གླིང་ཇི་ལྟ་བ་བཞིན་དུ། ཤར་གྱི་ལུས་འཕགས ་དང་ནུབ་ཀྱི་བ་ལང་སྤྱོད་ཀྱང་དེ་དང་འདྲའོ། ། བྱང་གི་སྒྲ་མི་སྙན་ནས་སེམས་ཅན་གང་དག་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། བྱང་གི་སྒྲ་མ་སྙན་གྱི་སེམས ་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་འགྱུར་ན། དེ་ཙམ་གྱིས་ན་འཇིག ་རྟེན་འདི་ཉིད་འདི་ལྟར་སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ།། ། ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་ན། སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་ཐོབ་པར་བསམ་གཏན་དང་པོ་ལ་མཉམ་པར་གཞོག་སྟེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། ཀྱེ་མ་དབེན ་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ་ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས་གཞན་པའི་སེམས ་ཅན་དག་གིས་ཀྱང་སྒྲ་དེ་ཐོས་ནས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་གཞོག་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་འཆི་འཕོ་ལ ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། ་སྐབས་ཀྱང་ཡོད་དོ།། གང་གི་ཚེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་པ་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར ་འགྱུར་པ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར ་བྱའོ། ། རྒྱལ་ཆེན་བཞི་པ་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱང་དེ་དང་འདྲའོ།། གང ་གི་ཚེ་གཞན་འཕྲུལ་དབང་བྱེད་དུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི། འདི་ལྟ་སྟེ། འདོད་པའི་ཁམས་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ།། ་ཚངས་པའི་འཇིག་རྟེན་དུ་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་གཉིས་པ་ལ་མཉམ་པར་གཞོག་སྟེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། ཀྱེ་མ ་ཏིང་ངེ་འཛིན་དེ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་། ཞི་བ་ནི་བདེའོ།། ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་། ཞི་བ་ནི་བདེའོ་ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས ་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་ཚངས་པའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱང་ཆོས་ཉིད་ཀྱིས་འཐོབ་པའི་སྒྲ་དེ་ཐོས་ནས་བསམ ་གཏན་གཉིས་པ་ལ་མཉམ་པར་གཞོག་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཚངས་པའི་འཇིག་རྟེན་ནས་སེམས་ཅན་རྣམས་འཆི་འཕོ་ལ། སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད ་ལ་དེའི་སྐབས་ཀྱང་ཡོད་དོ། ། ཚངས་པའི་འཇིག་རྟེན་དུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་ཚངས་པའི་འཇིག་རྟེན ་དུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི། འདི་ལྟ་སྟེ། སེམས་ཅན་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱ་སྟེ། འཇིག་རྟེན་འདི་སྟོངས་པར ་འགྱུར་རོ། ། ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། ལྷ་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་པས། ས་ཆེན་པོ་འདི་ལས་བོན་གྱི་ཚོགས་དང་། ཤིང་གི་ཚོགས ་དང་། སྨན་དང་། རྩཝ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་བསྐམས་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ། མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས། ཉི་མ་གཉིས་པ་འཇིག་རྟེན་དུ་འབྱུང་བ་དེའི ་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཉི་མ་གཉིས་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་ནི་ལྟེང་ཀ་ཆུང་ངུ་དང་། ལྟེང་ཀ་ཆེན་པོ་ཡོད་པ་དེ་དག་ཐམས་ཅད་བསྐམས་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ། ་མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས། ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བས ་ས་ཆེན་པོ་འདི་ན་ཆུ་ཀླུང་ཆུང་ངུ་དང་། ཆུ་ཀླུང་ཆེན་པོ་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་བསྐམས་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ། མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས་ཉི་མ་བཞི་པ་འཇིག ་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཉི་མ་བཞི་པ་འཇིག་རྟེན་དུ་འབྱུང་བས། མཚོ་མ་དྲོས་པ་ཞེས་བྱ་བའི་མཚོ་ཆེན་པོ་གང་ནས། ཀླུང་ཆེན་པོ་བཞི་འདི་ལྟ་སྟེ། གངྒཱ་དང་། ་སིནྣི་དང་། སི་ཏ་དང་། པག་ཤུ་རྣམས་འབྱུང་བའི་མཚོ་ཆེན་པོ་དེ་ཡང་། དེའི་ཚེ་བསྐམས་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ། མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས། ཉི་མ་ལྔ་པ་འཇིག ་རྟེན་དུ་འབྱུང་བར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བརྒྱ་བསྐམས་པར་འགྱུར་ཞིང་མ་རུངས་པར་འགྱུར་ཏེ། ་མེད་པར་འགྱུར་རོ།། ཆུ་དཔག་ཚད་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དག་ཀྱང་བསྐམས་པར་འགྱུར་ཞིང་མ་རུངས་པར་འགྱུར་ལ། མེད་པར་འགྱུར་རོ།། ཉི་མ་ལྔ ་པ་འཇིག་རྟེན་དུ་བྱུང་ནས། རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་སྟོང་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་སྟོང་དང་། ལྔ་སྟོང་དང་། བཞི་སྟོང་དང་། སུམ་སྟོང་དང་། ཉིས་སྟོང་དང་། ཚིག་སྟོང ་ལུས་པར་འགྱུར་རོ། ། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་བརྒྱ་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་བརྒྱ་དང་། ལྔ་བརྒྱ་དང་། བཞི་བརྒྱ་གསུམ་དང་། ་ཉིས་བརྒྱ་དང་། ཚིག་བརྒྱ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། རྒྱ་མཚོ་ཆེན་པོ་དཔག་ཚད་བདུན་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། ་གཉིས་དང་། གཅིག་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། རྒྱ་མཚོ་ཆེན་པོའི་ཆུ་རྒྱང་གྲགས་བདུན་ལུས་པར་འགྱུར་ཞིང་། རྒྱང་གྲགས་དྲུག་དང་། ལྔ་དང་། བཞི་དང་། གསུམ ་དང་གཉིས་དང་། གཅིག་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བས། རྒྱ་མཚོ་ཆེན་པོའི་ཆུ་ཏ་ལ་བདུན་ཙམ་ལུས་པར་འགྱུར་ཞིང་། ཏ་ལ་དྲུག་དང་། ལྔ་དང་། བཞི་དང་། གསུམ ་དང་གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བས། རྒྱ་མཚོ་ཆེན་པོའི་ཆུ་མི་འགྲེང་བདུན་ཙམ་ལུས་པར་འགྱུར་ཞིང་། མ་འགྲེང་དྲུག་དང་། ལྔ་དང་། བཞི་དང་། ་གསུམ་དང་། གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། ཆུ་ལྐོག་མར་ཕྱིན་པ་ཙམ་ལུས་པར་འགྱུར་ཞིང་། མཆན་ཁུང་ཙམ་དང་། ལྟེ་བ་ཙམ་དང་། སྟ་ཟུར ་ཙམ་དང་། བརླ་ཙམ་དང་། རྗེ་ངར་ཙམ་དང་། ལོང་བུ་ཙམ་ནུབ་པའི་ཆུ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས། ཆུ་གཏན་བསྐམས་པར་འགྱུར་ཞིང་། མ་རུངས་པར་འགྱུར་ཡ། མེད ་པར་འགྱུར་ཏེ། མཐར་མཛུབ་མོ་གཤེར་བར་བྱ་བ་ཙམ་ཡང་མེད་དོ།། ཡུན་རིང་མོ་ཞིག་འདས་ནས། ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་།། ་ཡོད་དེ། ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་ལ་དུ་བ་འཐུལ་ཤིང་རབ་ཏུ་འཐུལ་ལ། ཀུན་ཏུ་རབ་ཏུ་འཐུལ་ཏེ། དཔེར་ན་རྫ་མཁན་སོ་གཏོང་བ་དེས་ཐོག ་མ་མེ་བཏང་བ་ན། དུ་བ་འཐུལ་ཞིང་རབ་ཏུ་འཐུལ་ལ། ཀུན་ཏུ་རབ་ཏུ་འཐུལ་བ་དེ་བཞིན་དུ་ཉི་མ་དྲུག་པ་འཇིག་རྟེན་ཏུ་བྱུང་བས། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རིབ་ལ་དུ་བ་འཐུལ་ཤིང་རབ་ཏུ་འཐུལ ་ལ་ཀུན་ཏུ་རབ་ཏུ་འཐུལ་ལོ། ། ཡུན་རིང་མོ་ཞིག་འདས་ནས། ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས། ས་ཆེན་པོ ་འདི་དང་། རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ནས། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་སྟེ། དཔེར་ན་ཤིང་ཁུར་བཅུ་ལ་བརྟེན་ནམ། ཤིང་ཉི་ཤུ་འམ། སུམ་ཅུ་འམ། ་བཞི་བཅུ་འམ། ལྔ་བཅུ་འམ། ཤིང་ཁུར་བརྒྱའམ། ཤིང་ཁུར་སྟོང་ངམ། ཤིང་ཁུར་སྟོང་ལ་བརྟེན་ཏེ། མེའི་ཕུང་པོ་འབར་བ་དེ་བཞིན་དུ། ཉི་མ་བདུན་པ་འཇིག་རྟེན་དུ་བྱུང ་བས། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ནས། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་གོ།། ས་ཆེན་པོ་དང་། རིའི་རྒྱལ་པོ་རི་རབ་དེ་འབར་ཞིང་རབ་ཏུ་འབར ་ལ། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་སྲེག་ཅིང་བསྲེགས་པའི་མེ་ལྕེ་རླུང་གིས་གྱེན་དུ་ཁྱེར་ནས། ཚངས་པའི་གཞལ་མེད་ཁང་སྟོང་པ་རྣམས་ཀྱི་བར་དུ་སྲེག་ཅིང་འགྲོ་སྟེ། འོད་གསལ་གྱི་ལྷའི་རིས་ནས། ་སེམས་ཅན་གང་སྐྱེས་ནས་རིང་པོར་མ་ལོན་པ་འཇིག་རྟེན་འདི་འཇིག་པའི་རྒྱུས་ལ་མི་མཁས་ཤིང་། ཚངས་པའི་རྒྱུས་ལ་མི་མཁས་པ་དེ་དག་གིས་མེ་ལྕེ་དེ་མཐོང་ནས། མེ་ལྕེ་འདི་ཚངས་པའི་གཞལ་མེད་ཁང། ་སྟོང་པའི་བར་དུ་བསྲེགས་ནས། འདི་ཉིད་དུ་མི་འོང་གྲང་ཞེས་མི་དགའ་ཞིང་སྐྱོ་བར་འགྱུར་རོ།། དེ་ལ་འོད་གསལ་གྱི་ལྷའི་རིས་ན་སེམས་ཅན་གང་སྔོན་སྐྱེས་པའི་འཇིག་རྟེན་འདི་འཇིག་པའི་རྒྱུས་ལ ་མཁས་ཤིང་། ཆགས་པའི་རྒྱུས་ལ་མཁས་པ་དེ་དག་ནི་སེམས་ཅན་འཇིགས་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག། མ་འཇིགས་ཤིག། མེ་ལྕེ་འདི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང ་བའི་བར་དུ་བསྲེགས་ནས། ཕྱིར་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ལྟར་མེ་ལྕེ་འདི་ནི་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་བསྲེགས་ནས། དེ་ཉིད་དུ་མི་སྣང་བར་འགྱུར་རོ་ཞེས་དབུགས་འབྱིན་པར ་བྱེད་དོ། ། ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དཔག་ཚད་བརྒྱ་འཇིག་ཅིང་རབ་ཏུ་འཇིག་ལ་མ་རུང་བར་འགྱུར་ཏེ། མེད་པར་འགྱུར་རོ།། རྩེ་མོ་དཔག་ཚད་ཉིས་བརྒྱ་དང ་སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དྲུག་བརྒྱ་དང་། བདུན་བརྒྱ་ཡང་འཇིག་ཅིང་རབ་ཏུ་འཇིག་ལ་མ་རུང་བར་འགྱུར་ཏེ།། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ ་ཡང་མེད་ལ། ཐལ་བའི་ལྷག་མ་ཡང་མེད་དེ། དཔེར་ན་མར་རམ། འབྲུ་མར་ཡང་རུང་སྟེ། ནམ་མཁའ་ལ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་པ་དེ ་བཞིན་དུ། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་དོ།། འདི་སྐད་དུ། དུས་མཐའི་ཚེ་ན་འཚོ་བའི་འཇིག་རྟེན་འདིར།། སྤྲིན་རྣམ ་ཆུ་ནི་ཅུང་ཟད་གཏོང་མི་བྱེད། ། ཉི་མ་གཅིག་པུས་རྩཝ་དང་གེལ་བ་དང་།། སྨན་དང་ས་བོན་ཤིང་མང་ཟད་པར་བྱེད།། ཉི་མ་གཉིས་པས་ལྟེང་ཀ་ཆུང་ངུའི་ཚོགས།། དེ་བཞིན་ཆུ་ཀླུང་ཆུང་ངུ་བསྐམས་པར་འགྱུར།། ་ལྟེང་ཀ་ཆེན་པོའི་ཚོགས་དང་ཀླུང་ཆེན་གྱི།། ཆུ་རྣམས་ཉི་མ་གསུམ་པས་མེད་པར་བྱེད།། མི་མ་ཡིན་རྣམས་མཚོ་ནི་རྒྱ་ཆེ་བ།། མ་དྲོས་ཞེས་བྱ་ཤིན་ཏུ་ཡིད་འོང་ཞིང་།། གཙང་མའི་ཆུ་ཡིས་ཤིན་ཏུ་གང ་བ་ནི། ཉི་མ་བཞི་པ་ཡིས་ནི་བསྐམས་པར་འགྱུར།། རིན་ཆེན་མང་པོས་གང་ཞིག་རབ་འཇིགས་ལ།། སེམས་ཅན་ཚོགས་ཆེན་གང་གི་གནས་གྱུར་པ།། རྒྱ་མཚོ་དག་ནི་ཉི་མ་ལྔ་རྣམས་ཀྱིས།། ཡོངས ་སུ་གདུངས་པས་མ་ལུས་བསྐམས་པར་འགྱུར། ། ས་དང་གངས་དང་དེ་བཞིན་རི་རབ་དང་།། གསེར་གྱི་རི་དབང་རྒྱ་ཆེན་བདུན་པོ་རྣམས།། ཉི་མ་དྲུག་པོ་དག་གིས་རབ་གདུངས་པས།། ཀུན་ནས་དུད་པ་ཤིན་ཏུ ་འཐོན་པར་བྱེད། ། གང་ཚེ་ཉི་མ་བདུན་པ་ཤར་གྱུར་ཅིང་།། འདིར་ནི་འོད་ཟེར་དྲ་བ་རབ་གཏོང་བ།། དེ་ཡི་ཚེ་ན་ས་དང་རི་རྣམས་ཀུན།། ཤིན་ཏུ་རབ་ཏུ་འབར་བར་འགྱུར་ཞེའོ།། འོད་ཟེར་དྲ་བ་རབ་མཛེས་ལྡན ་པ་ཡི་ཉི་མ་དེ་འདུན་རྣམ་པར་རྒྱུ་ཞེའོ། ། ས་འདི་དང་ནི་དེ་བཞིན་གསེར་གྱི་གཞི།། སེམས་ཅན་དམྱལ་བརྒྱད་རི་རྣམས་ཐམས་ཅད་དང་།། འདོད་ལྡན་ལྷ་རྣམས་ཀྱི་ནི་ཁང་པ་དང་།། འདོད་པ་ཀུན་རྒྱ ་གནས་སུ་སོང་ནས་ཀྱང་། ། འདོད་པའི་ལྷ་མང་ཤིན་ཏུ་ཡིད་འོང་བྲལ།། ཚངས་པའི་གནས་རྣམས་ཤིན་ཏུ་སྲེག་པར་བྱེད།། ཇི་སྐད་སྨྲས་བཞིན་མ་ལུས་ཀུན་བསྲེགས་ནས།། དུས་མཐའི་ཉི་མ་གཟི ་བརྗིད་ཆེ་ལྡན་པ། ། དེ་དག་ཉིད་ཀྱང་དབང་ནི་མེད་འགྱུར་ཞིང་།། མི་རྟག་པས་ནི་བཅོམ་ནས་ཞིག་པར་འགྱུར།། དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེན་དང་ས།། དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི།། སྐྱེ་བོ ་དམ་པ་དག་གིས་བསྟེན་པ་ཡི། ། འཕགས་པའི་གནས་ལ་རྟག་ཏུ་བློ་ཞོག་ཅིག། ཅེས་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཉི་མ་བདུན་ལུང་བསྟན་པ་ལས། འདི་སྐད་དུ། དགེ་སློང་དག་འདུ་བྱེད ་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། དབུགས་འབྱིན་པ་མ་ཡིན་པ་སྟེ། འགྱུར་བའི་ཆོས་ཅན་ནོ།། དགེ་སློང་དག་འདུ་བྱེད་ཐམས་ཅད་ཀྱིས་ནི་ཡེ་ཆོག་གོ།། སྐྱོ་བ་བྱས་ན་ལེགས་སོ།། མ་ཆག ་པར་བྱས་ན་ལེགས་སོ། ། རྣམ་པར་ཐར་པར་བྱས་ན་ལེགས་སོ།། དགེ་སློང་དག་གང་ཡུན་རིང་མོ་ཞིག་འདས་ནས་ཆར་མི་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཆར་མི་འབབ་པས ་ས་ཆེན་པོ་འདི་ལས་ས་བོན་གྱི་ཚོགས་དང་། ཤིང་གི་ཚོགས་དང་། སྨན་དང་། རྩཝ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་བསྐམས་པར་འགྱུར་ཞིང་མ་རུང་བར་འགྱུར་ལ་མེད་པར་འགྱུར་ཏེ།། ་དགེ་སློང་དག་དེ་ལྟར་ན་འདུ་བྱེད་ཐམས་ཅད་མི་རྟག་པའོ།། དེ་ལྟར་ན་མི་བརྟན་པའོ།། དེ་ལྟར་ན་དབུགས་འབྱིན་པ་མ་ཡིན་པའོ།། དེ་ལྟར་ན་འགྱུར་བའི་ཆོས་ཅན་ནོ།། དགེ་སློང ་ངག་འདུ་བྱེད་ཐམས་ཅད་ཀྱིས་ནི་ཡེ་ཆོག་གོ། ། སྐྱོ་བར་བྱས་ན་ལེགས་སོ།། མ་ཆགས་པར་བྱས་ན་ལེགས་སོ།། རྣམ་པར་ཐར་པར་བྱས་ན་ལེགས་སོ།། དགེ་སློང་དག་གང་ཡུན་རིང་མོ་ཞིག་འདས་ནས་ཞེས ་བྱ་བ་ནས། དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སྔ་མ་བཞིན་དུ་མདོ་ཐམས་ཅད་བརྗོད་པར་བྱའོ།། འཇིག་རྟེན་འདི་ཡང་ཚིག་ལ། ནམ་མཁའ་ལ ་ཡང་རླུང་ལྡང་བར་འགྱུར་ཏེ། དེ་ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་འཇིག་པ་དེར་མཐར་ཐུག་པར་བརྗོད་པར་བྱའོ།། གང་གི་ཚེ་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས ་གནས་པར་འགྱུར་བ་དེ་ཡང་འབྱུང་བར་བརྗོད་པར་བྱའོ། ། ཡུན་རིང་མོ་ཞིག་འདས་ནས། ནམ་མཁའ་ལས་རླུང་འཇམ་པོ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་ཙམ་གྱིས་ན ་འཇིག་རྟེན་གྱི་གནས་འདི་བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས་གནས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ། ། གང་གི་ཚེ་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་པ་དེ་ཡང་འབྱུང་བར་བརྗོད་པར་བྱའོ།། ་རླུང་དེ་དག་ཀྱང་རྒྱས་པར་གྱུར་ཅིང་། སྟུག་པོར་གྱུར་པ་དེ་ནི་རླུང་གི་དཀྱིལ་འཁོར་ཡིན་ཏེ། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་། དྲུག་འབུམ་ཡོད་དོ།། རྒྱར་ནི་གྲངས་མེད་ཚད་མེད་དེ། ཤིན་ཏུ་བ ་ཞིང་སྲ་བ་དེ་ལ་ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། སྲད་མེད་ཀྱི་བུའི་སྟོབས་ཀྱང་རྡུགས་པར་གྱུར་ལ། རྡོ་རྗེས་ཀྱང་མི་ཕྱེད་དོ།། ཡུན་རིང་མོ་ཞིག་འདས་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆུའི་རྒྱུན་ཤིང ་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། རླུང་གི་དཀྱིལ་འཁོར་གང་ཡིན་པ་དེ་དག་གིས་ཆུ་དེ་དག་ཡོངས་སུ་འཛིན་ཅིང་། ཀུན་ནས་བརྟེན་ལ་མེད་པར་ཡང་མི་བྱེད ་ལ་དེ་ནི་ཆུའི་དཀྱིལ་འཁོར་ཞེས་བྱ་སྟེ། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་། དཔག་ཚད་འབུམ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚངས་ཡ་གཅིག་དང་། ཉིས་འབུམ་དང་། དཔག་ཚད་བཞི་བརྒྱ་ལྔ ་བཅུ་ཡོད་དོ། ། མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་འབུམ་དང་། དྲུག་འབུམ་དང་། དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་རླུང་གི་ལྡང ་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཀྱང་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་བསྡུས་ཏེ། ་ཐུར་དུ་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་གཅོག་སྟེ། དེ་ནི་གསེར་གྱི་ས་གཞི་ཆེན་པོ་ཡིན་ཏེ། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་། ཉིས ་འབུམ་དང་། དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ཡུན་རིང་མོ་ཞིག་འདས་ནས་གསེར་གྱི་ས་གཞི་ཆེན ་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། གསེར་གྱི་ས་གཞི་ཆེན་པོ་དེས་ཆུ་དེ་དག་ཡོངས་སུ་འཛིན་ཅིང ་ཀུན་ནས་བརྟེན་ལ་མེད་པར་མི་བྱེད་པ་དེ་ནི། ཆུའི་རྒྱ་མཚོ་ཆེན་པོ་ཡིན་ནོ།། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ན་གྲུ་བཞིར་ལྡང་བ་དེའི་དུས ་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར ་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། ། དེ་ནི་རིའི་རྒྱལ་པོ་རི་རབ་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་བརྒྱད་ཁྲི་ནི་ཆུ་ལས་གྱེ་ན ་དུ་འཕགས་ཏེ། དེའི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ།། ཆུར་ཡང་དཔག་ཚད་བརྒྱད་ཁྲི་ཡོད་ལ། ཞེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དོ།། མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉི་ཁྲི ་ཡོད་ལ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན་ནོ།། ཆུའི་རྒྱ་མཚོ་ཆེན་པོ་གང་ཡིན་པ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང ་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་བྱས་ནས། ཐུར་དུ་ཟུག་པར་བྱེད ་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། ། དེ་ནི་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་ཏུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་བཞི་ཁྲི་ནི་ཆུ་ལས ་གྱེན་དུ་འཕགས་སོ། ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ། ་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཟུག་པར་བྱེད་ལ་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི ་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། ། དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ ་པ་ཡིན་ནོ། ། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབ ་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། ་དེ་ནི་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི ་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས ་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། ། དེ་ནི་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། ་དཔག་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས ་ཆུའི་རྒྱ་མཚོ་ཆེན་པོའི་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ཏུ་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད ་ཅིང་ཀུན་ཏུ་འཐས་པར་བྱེད་དོ། ། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་བ་ཡིན་ཏེ། ་དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་ཉིས་སྟོང་ལྔ་བརྒྱ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟན ་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། ། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི ་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང ་འབྱུང་བར་བྱེད་དོ། ། དེ་ནི་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས ་སོ། ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའིརི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས ་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས ་པར་བྱས་ནས། ཟུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲ་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན ་ཏོ། དཔག་ཚད་དྲུག་པ་རྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ་ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག ་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། ། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་ཁོ་ར་ཁོར ་ཡུག་གི་རི་ཞེས་བྱ་བ་ཡནི་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ལྕགས་ལས་གྲུབ་པ་ཡིན་ནོ།། །། བམ་པོ་དྲུག་པ།། ཡུན་རིང་མོ་ཞིག་འདས་ནས་ཆུའི ་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ནང་རྒྱ་ཆེ་བ་དང་། ཕྱི་རོལ་དུ་བལྟས་པ་དང་། ཤིང་རྟའི་དབྱེ་བས་ལྟ་བུའི་རླུང་ཁོ་ར་ཁོར་ཡུག ་ནས་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། གཅིག་ཏུ་འདུས་པར ་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅི་སྟེ་ཆུ་དང་མཉམ་པར་གཞག་གོ། དེ་ནི་འཛམ་བུ་གླིང་ཞེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲ་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ ་དང་མཉམ་པར་འདུག་སྟེ། དེའི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ནི་བག་ཚད་ཉིས་སྟོང་ཡོད་དོ།། ངོས་ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་ལ། མཐའ་སྐོར་དུ་ཡང་དཔག་ཚད་དྲུག ་སྟོང་དང་། དཔག་ཚད་ཕྱེད་དང་བཞི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོག ་ཀྱི་ཕྱི་རོལ་གྱི་མཚོ་ཆེན་པོར་ནང་དུ་བལྟས་ཤིང་། ཕྱི་རོལ་གྱི་རྒྱ་ཆེ་བའི་རླུང་ཁོ་ར་ཁོར་ཡུག་ནས་ཟླ་གམ་ལྟ་བུར་གྲུབ་ཅིང་ལྡང་བ་དེའི་དུས་ཀྱང་ཡོད་ལ།། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ ་སྡུསྤྱད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། ། ཀུན་ཏུ་བསྡུས་ཅིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་གཞོག་གོ།། དེ་ནི་ཤར་གྱི་ལུས ་འཕགས་ཀྱི་གླིང་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ལ་བརྟེན་ཏོ།། སྟེང་གི་ཆུ་དང་མཉམ་པར་འདུག་སྟེ། དེའི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ཞི་དཔག་ཚད ་ཉིས་སྟོང་ཡོད་དོ། ། ངོས་ནང་གི་ཐུང་ངུ་དེ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་ལ། མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་། དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན ་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ། ། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོའི་ནང་དུ་བལྟས ་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ།། ཀུན་ཏུ་བསྡུས ་ཤིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་གཞོག་གོ།། དེ་ནི་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད ་ཁྲི་ནི་ཆུའི་ནང་གསེར་གྱི་ས་གཞི་ལ་བརྟེན་ཏོ། ། སྟང་ནི་ཆུ་དང་མཉམ་པར་འདུག་སྟེ། ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། ཞེང་དུ་ཡང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ། མཐའ་སྐོར་དུ་དཔག་ཚད་བདུན ་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི ་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན ་ཏུ་འཐས་པར་བྱེད་དོ། ། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་གཞོག་གོ།། དེ་ནི་བྱང་གི་སྒྲ་མི་སྙད་ཅེས་བྱ་བ ་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། ཆུར་དཔག་ཚད་ཉིས་སྟོང་། ཞེང་དུ་ཡང་དཔག་ཚད་ཉིས་སྟོང་ཡོད་ལ ་མཐའ་སྐོར་དུ་ཡང་དཔག་ཚད་བརྒྱད་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས་ནམ་མཁའ་ལ་ཚངས་པའི་གཞལ་མེད་ཁང་སྟོང ་པ་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ལ། བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཚངས་པའི ་གཞལ་མེད་ཁང་པ་སྟོང་པའི་ནང་དུ་སྐྱེ་བར་འགྱུར་རོ། ། དེ་ནས་སེམས་ཅན་གཞན་ཡང་ཚེ་ཟད་ནས་ལས་ཟད་ལ། བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཚངས་པའི ་མདུན་ན་འདོན་པའི་ལྷར་སྐྱེ་བར་འགྱུར་རོ། ། དེ་ནས་ཚངས་པའི་རིས་སུ་སྐྱེའོ།། དེ་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། དེ་ཙམ་གྱིས་ནས་འཇིག་རྟེན་འདི་བར་གྱི་བསྐལ་པ ་ཉི་ཤུར་འཆགས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ། ། དེ་ནས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་པ་དེ་ཡང་འབྱུང་བར་བརྗོད་པར་བྱའོ།། ཡུན་རིང་མོ་ཞིག་འདས་ནས ་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱིས་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ལ། གླིང་རྣམས ་ཀྱང་ཆུ་དང་མཉམ་པར་གཞོག་སྟེ། ས་ཆེན་པོ་འདི་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་འགྱུར་བར་བྱེད་དོ།། ས་ཆེན་པོ་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་འགྱུར་བའི་སྟེང་དུ་རླུང་གིས ་སྨྲས་མ་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། ། ལེགས་པར་གནས་པར་བྱེད་ཅིང་ཀུན་ཏུ་བདལ་ཏེ། དཔེར་ན་འོ་མ་བསྐོལ་ཏེ་གྲངས་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་སྡུས་ཤིང་ཀུན་ཏུ་འཐས་པར ་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་ཀུན་ཏུ་བདལ་བ་དེ་བཞིན་དུ། ས་ཆེན་པོ་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གི་སྤྲིས་མ་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དེ། ལེགས་པར ་གནས་པར་བྱེད་ཅིང་ཀུན་ཏུ་འདལ་ཏེ། དེ་ནི་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་ཡིན་ཏེ། ཁ་དོག་ནི་དཔེར་ན་མར་གསར་བཞིན་ནོ།། རོ་ནི ་དཔེར་ན་སྦྲང་བུའི་སྦྲང་རྩི་མ་སྐོལ་བ་བཞིན་ནོ། ། དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ལ། བསོད་ནམས་ཟད་ནས། འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། འཇིག་རྟེན་འདིར་སྐྱེ ་བར་འགྱུར་རོ། ། དེ་དག་འདིར་གཟུགས་བཟང་བ་དང་། ཡིད་ལས་སྐྱེས་པ་དང་། མ་ཉམས་པ་དང་། དབང་པོ་ཚང་བ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་བ་དང་། ་མདོག་སྡུག་པ་དང་། དགའ་བའི་བཟའ་བ་དང་། དགའ་བའི་ཟས་དང་། རང་ལས་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་རིང་ཞིང་ཡུན་རིང་པོར་གནས་སོ།། དེའི་ཚེ་ཉི་མ ་དང་ཟླ་བ་འདི་ཉིད་འཇིག་རྟེན་དུ་མི་འབྱུང་ངོ་། ། རྒྱུ་སྐར་རྣམས་ཀྱང་མི་འབྱུང་། དུས་ཚིགས་དང་། ལོ་རྣམས་ཀྱང་མི་འབྱུང་། ཟླ་བ་དང་། ཟླ་བ་ཕྱེད་རྣམས་ཀྱང་མི་འབྱུང་། མཚན་མོ་དང ་ཉིན་མོ་རྣམས་ཀྱང་མི་འབྱུང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་ཀྱང་མི་འབྱུང་།། སྐྱེས་པ་དང་། བུད་མེད་ཀྱང་མེད་དེ། གཞན་དུ་ན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་འབའ་ཞིག ་འབྱུང་ངོ་། ། དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་གཞན་ཞིག་གིས། སའི་བཅུད་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱངས་སོ།། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ་དུ་སྲེད་པར་གྱུར་ཏོ།། ཇི ་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ། ། སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེའི་སའི་བཅུད་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱང་བར་བྱེད་པ་མཐོང་ངོ་།། མཐོང་ནས ་སེམས་ཅན་དེ་དག་གིས་ཀྱང་སའི་བཅུད་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱང་བར་བྱེད་དོ། ། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ་དུ་སྲེད་པར་གྱུར་ཏོ།། ཇི་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས ་ཟ་བར་བྱེད་དོ། ། སེམས་ཅན་དེ་དག་གིས་སའི་བཅུད་ཁམ་གྱིས་ཟོས་པ་དེས་ན། དེ་དག་གི་ལུས་ལ་མཁྲང་བ་དང་། ལྕི་བ་ཞུགས་པར་གྱུར་ཏེ། འོད་དང་། ཁ་དོག་གི་མདོག་གང་ཡིན་པ ་དེ་ནི་མེད་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་འབྱུང་བར་གྱུར། ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་པ་བྱུང་ན། ཉི་མ་དང་ཟླ་བ་འདི་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། རྒྱུ་སྐར་རྣམས་དང་། ་མཚན་མོ་དང་། ཉིན་མོ་རྣམས་དང་། དུས་ཚིགས་དང་། ལོ་རྣམས་དང་། སྨད་ཅིག་དང་། ཐུང་ཅིག་དང་། ཡུད་ཙམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། དེ་ནས ་སེམས་ཅན་དེ་དག་གིས་ཤར་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་འདི་སྐད་ལྷའི་འོད་དེ་ཉིད་འདི་རེ། ལྷའི་འོད་དེ་ཉིད་འདེ་རེ་ཞེས་མང་ཉིན་པར་ཉིན་པར་ཞེས་བྱ་བར་གྱུར་ཏོ།། དེ་ནས ་སེམས་ཅན་དེ་དག་གིས་ནུབ་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་ནུབ་པ་ན། དེ་དག་འདི་སྐད་དུ། ལྷའི་འོད་དེ་ཉིད་དམར་པོར་གྱུར་པ་འདི་རེ། ལྷའི་འོད་དེ་ཉིད་དམར་པོར་གྱུར་པ་འང་རེ་ཞེས་ནས། ་མཚན་མོ་མཚན་མོ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་།། དེ་ནས་སེམས་ཅན་དེ་དག་གིས་ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་འཆར་བ་ན། སེམས་ཅན་དེ་དག་འདི་སྐད་དུ། མུན་པ་བཀྲ་བར ་བྱེད་དོ་ཞེས་ནས། ཟླ་བ་རྨྱ་བ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་།། དེ་ནས་སེམས་ཅན་དེ་དག་གིས་ཤར་ཕྱོགས་ནས། ཡང་ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་གིས་འདི་སྐད་དུ། ལྷའི ་འོད་དེ་ཉིད་འཁོར་བ་འདི་རེ་ཞེས་ནས། ཉི་མ་ཉི་མ་ཞེས་བྱ་བའི་མིང་འབྱུང་ངོ་།། དེ་དག་བཟའ་བ་དེ་དང་ཁ་ཟས་དེ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། དེ་དག་གི་ནང་ན་གང་ཟས་ཆེས་མང ་དུ་ཟ་བ་དེ་ནི། ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་རོ།། ་ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ།། ཁ་དོག་གི་མངོན ་པའི་ང་རྒྱལ་ཅན་དེ་དག་གིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་སའི་བཅུད་ནུབ་པར་གྱུར་ཏོ། ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆེད ་ལསྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཀྱི་ཧུད་སའི་བཅུད། ཀྱི་ཧུད་སའི་བཅུད་ཅེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱིས་ཁ་ཟས་བཟང་པོ་དང་རབ་འགའ་ཞིག་རྙེད་ན། སྔོན་གྱི་ཡི ་གེ་དང་། ཚིག་དང་། མིང་དེ་དག་རྗེས་སུ་ཟློས་པར་བྱེད་དེ། འདི་སྐད་དུ། ཀྱི་ཧུད་བྲོ་བ། ཀྱི་ཧུད་བྲོ་བ་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆང་ལ ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། ཀྱི་ཧུད་སའི་བཅུད། ཀྱི་ཧུད་སའི་བཅུད་ཅེས་འཛེར་ཏེ། འོན་ཀྱང་སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ།། སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ། ་དེའི་དོན་ཡང་མི་ཤེས་སོ།། སའི་བཅུད་ནུབ་པར་གྱུར་ནས་སེམས་ཅན་དེ་དག་གིས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་ནི ་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ། ། རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། དེ་དག་གི་ནང་ན་གང་ཁ་ཟས ་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་རོ།། ་ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་པོ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ།། ཁ་དོག་གི་མངོན་པའི་ང་རྒྱལ ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ས་ཞག་ཀྱང་ནུབ་པར་གྱུར་ཏོ། ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆེད་ལ་སྨྲེ་སྔག ་འདོན་ཏེ། འདི་སྐད་དུ་ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལས་ལ་ལ་ཞིག་ནད་རྒྱུན་རིང་པོའི་རིམས་ཀྱིས་བཏབ་པ་ན། སྔོན་གྱི་ཡི་གེ་དང་། ཚིག་དང་། མིང ་དག་རྗེས་སུ་ཟློས་ཏེ། འདི་སྐད་དུ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཞེས་བྱ་བ་ནས། སྨྲེ་སྔགས་འདོན་པའི་བར་དུ་སྟེ། འོན་ཀྱང་སྨྲས་པ། འདིའི ་དོན་ནི་འདི་ཡིན་ནོ། ། སྨྲས་པ། འདིའི་དོན་ནི་ཨིན་ནོ་ཞེས་སྨྲས་པ། དེའི་དོན་ཡང་མི་ཤེས་སོ།། ས་ཞག་ནུབ་པར་གྱུར་པ་ན། སེམས་ཅན་དེ་དག་གི་ལྡུམ་བུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན ་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་སྟེ། ཁ་དོག་ནི་དཔེར་ན་ཀ་དམ་འབུ་ཏ་ཀའི་མེ་ཏོག་བཞིན་ནོ།། རོ་ནི་དཔེར་ན་སྤང་མའི་སྦྲང་རྩིམ་སྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ ་ལ་ཚེ་ཡང་རིང་ཞིང་ཡུན་རིང་དུ་གནས་སོ། ། དེ་དག་གི་ནང་ན་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་དེ་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་རོ། ། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས ་ཅན་ལ་བརྙས་པར་གྱུར་ཏོ། ། ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ལྡུམ་བུའི་ཚལ་ཡང་ནུབ་པར་གྱུར་ཏེ། ལྡུམ་བུའི་ཚལ ་ནུབ་པར་གྱུར་ནས། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ཏེ། མྱ་ངན་བྱེད་ཅིང་ཡི་ཚད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། ཕར་སོང་ཕར་སོང་ཞེས་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས ་ལས་ལ་ལ་ཞིག་ཚིག་དྲག་པོའི་རྒྱ་གག་གིས་སྤྱོ་བར་འདོད་པ་ན། སྔོན་གྱི་ཡི་གེ་དང་། ཚིག་དང་། མིང་དེ་དག་རྗེས་སུ་ཟློས་ཏེ། འདི་སྐད་དུ། ཕར་སོང་ཕར་སོང་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན ་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། ཕར་སོང་ཕར་སོང་ཞེས་འཛེར་ཏེ། འོན་ཀྱང་སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ།། སྨྲས་པ། འདིའི་དོན་ནི་འདི ་ཡིན་ནོ་ཞེས་སྨྲས་པ། དེའི་དོན་ཡང་མི་ཤེས་སོ།། ལྡུམ་བུའི་ཚལ་ནུབ་པར་གྱུར་པ་ན། སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། གཟེགས་མ་མེད་ཅིང་ཕུབ་མ་མེད་ལ་དག་ཅིང་གཙང་སྟེ། སོར་བཞི་ཙམ་ལ་ཡོངས་སུ་གཡོག་པ་མེད་པ་དེ་ནང་བརྔས ་ན་ནུབ་སྐྱེ། ནུབ་བརྔས་ན་ནང་སྐྱེའོ།། དེ་ལྟར་བརྔས་ཤིང་བརྔས་ཤིང་སྐྱེས་ལ། བརྔས་པར་ཡང་མི་མངོན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། གང ་གི་ཕྱིར་སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུས་འབྲུ་དེ་ལྟ་བུའི་རིམ་གྱིས་ཡོངས་སུ་ལོངས་སྤྱོད་པས་དེའི་ཕྱིར། དེ་དག་གི་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ལ་ནི་མོའི་དབང ་པོ་ཁ་ཅིག་ལ་ནི་ཕོའི་དབང་པོ་བྱུང་སྟེ། དེ་ལ་མོའི་དབང་པོ་ཅན་གང་ཡིན་པ་དག་དང་། ཕོའི་དབང་པོ་ཅན་གང་ཡིན་པ་དེ་དག་གཅིག་ལ་གཅིག་མིག་གིས་མིག་ཙུགས་སུ་ལྟའོ།། ཇི་ཙམ་དུ་མིག་གིས ་མིག་ཙུགས་སུ་ལྟ་བ་དེ་ཙམ་དུ་ཀུན་ཏུ་ཆགས་སོ། ། ཇི་ཙམ་དུ་ཀུན་ཏུ་ཆགས་པ་དེ་ཙམ་དུ་ངོ་ཚ་མི་ཤེས་སོ།། ཇི་ཙམ་དུ་ངོ་ཚ་མི་ཤེས་པ་དེ་ཙམ་དུ་ལོག་པ་ལ་ཞུགས་སོ།། སེམས་ཅན་གཞན་དག་གིས་ཀྱང་། ་སེམས་ཅན་ལོག་པ་ལ་ཞུག་པ་དེ་མཐོང་ངོ་།། མཐོང་ནས་ཀྱང་རྡུལ་གྱིས་འཐོར་ཞིང་བོང་བ་དང་། གསེག་མ་དང་། གྱོ་མོ་དག་ཀྱང་འཕེན་ཏེ། འདི་སྐད་དུ། ངན་ཞིང་བླུན་པའི་སེམས་ཅན་བྱི་བ་བྱེད་པ། ་ད་སེམས་ཅན་གྱིས་སེམས་ཅན་སུན་དབྱུང་བ་ག་ལ་སྲིད་ཅེས་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་བག་མ་ལེན་པ་ན། གཉེན་འདུན་རྣམས་ཀྱིས་མེ་ཏོག་གམ། འབྲས་ཡོས་སམ། ཙན་དན་གྱི་ཕྱེ་མ ་དག་གིས་གཏོར་ཏེ། འདི་སྐད་དུ་སྲུ་སྐྱེད་པར་གྱུར་ཅིག། སྲུ་སྤྱད་པར་གྱུར་ཅིག་ཅེས་ཀྱང་འཛེར་ཏེ། དེ་བཞིན་དུ་སེམས་ཅན་ལོག་པ་ལ་ཞུགས་པ་མཐོང་ན་སྔ་མ་བཞིན་དུ། ད་སེམས་ཅན་གྱིས ་སེམས་ཅན་སུན་དབྱུང་བ་ག་ལ་སྲིད་ཅེས་འཛེར་ཏོ། ། དེ་ལྟར་ན་སྔོན་ཆོས་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི། ད་ལྟར་གྱི་མི་རྣམས་ཀྱི་ཆོས་སུ་གྲགས་སོ།། སྔོན་སྨད་པ་དེ་ནི་ད་ལྟར་རབ་ཏུ ་བསྔགས་པར་གྱུར་ཏོ། ། གང་གིས་ཕྱིར་སེམས་ཅན་དེ་དག་སྡིག་པ་དང་། དམ་པའི་ཆོས་མ་ཡིན་པ་དེ་ལ་ཞེན་ཅིང་འཛུད་པར་བྱེད་དེ། ངེས་པར་ཞུགས་པ་དེས་ན་ཕྱོགས་གཅིག་ཏུ་སྟོང་སྟེ། ཁྱིམ ་བྱ་བ་ལ་ཞུགས་ཤིང་རྩོམ་པར་གྱུར་ཏེ། འདིར་བདག་ཅག་གཉིས་ཀྱིས་བྱི་བ་བྱས་སོ་ཞེས་ཟེར་བ་ལས་ཁྱིམ་ཁྱིམ་ཞེས་བྱ་བའི་མིང་བྱུང་ངོ་།། དེ་དག་ཕྱི་འབྲེད་བཟའ་འདོད་པའི་ཕྱིར་ནི་ཕྱི ་འབྲེད་སཱ་ལུ་ལེན་ཏོ། ། ནང་པར་འདོད་པའི་ཕྱིར་ནང་པར་ལེན་ཏོ།། དེ་ནས་སེམས་ཅན་ལེ་ལོ་ཅན་གཞན་ཞིག་གིས་ནང་པར་གྱི་སཱ་ལུ་ཕྱི་འབྲེད་བླངས་སོ།། དེ་ནས་སེམས་ཅན་གཞན་ཞིག ་གིས་སེམས་ཅན་དེ་ལ་འདི་སྐད་དུ། ཀྱེ་སེམས་ཅན་ཚུར་ཤོག། བདག་ཅག་གཉིས་སཱ་ལུ་ལེན་དུ་འདོང་ངོ་ཞེས་སྨྲས་སོ།། དེས་འདི་སྐད་དུ། ཀྱེ་སེམས་ཅན་ཁྱེད་ཅག་སཱ་ལུ་བླང་བའི་ཕྱིར ་ནན་ཏན་བྱོས་ཤིག། ངས་ནི་ནང་པར་གྱི་སཱ་ལུ་ནུབ་མོ་བླངས་ཟིན་ཏོ་ཞེས་སྨྲས་སོ།། དེ་ནས་སེམས་ཅན་དེ་འདི་སྙམ་དུ། ནང་པར་གྱི་སཱ་ལུ་ཕྱི་འབྲེད་ལེན་པ་འདི་ནི་ལེགས་པ་ཡིན་ནོ།། འདི་ནི་ཤིན་ཏུ ་ལེགས་པ་ཡིན་གྱིས། བདག་གིས་ཀྱང་ཞག་གཉིས་དང་། ཞག་གསུམ་དང་། བདུན་གྱི་བར་གྱིསཱ་ལུ་བླང་བར་བྱའོ་སྙམ་ནས། ཞག་བདུན་གྱི་སཱ་ལུ་བླངས་སོ།། གང ་གི་ཕྱིར་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཀུན་གྱིས་བསགས་པའི་ཚུལ་གྱིས་ལོངས་སྤྱོད་པས་ལོངས་སྤྱད་པ་དེས་སཱ་ལུ་དེ་ལས་གཟེག་མ་དང་། ཕུབ་མ་ཡང་བྱུང་བར་གྱུར། བརྔས ་སོ་ཅོག་ཀྱང་མི་སྐྱེ་ལ། བརྔས་པར་ཡང་མངོན་པར་གྱུར་ཏེ། སཱ་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ།། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆེད་ལ་སྨྲེ་སྔགས ་འདོན་ཏེ། ཀྱེ་བདག་ཅག་སྔོན་ནི་གཟུགས་བཟང་ཞིང་ཡིད་ལས་སྐྱེས་པ་དང་། མ་ཉམས་ཤིང་དབང་པོ་ཚང་ལ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ཏེ། རང་ལས་འོད་བྱུང་བ་དང་། ནམ ་མཁའ་ལ་འགྲོ་བ་དང་། བཟང་ཞིང་མདོག་སྡུག་པ་དང་། དགའ་བའི་བཟའ་བ་རྣམས་དང་། དགའ་བའི་ཟས་རྣམས་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་ལས་གང་ཁ་ཟས་ཆེས ་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་ཞིང་། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་ཀྱང་སྣ་ཚོགས་ཡོད་པར་གྱུར་ཏེ། ཁ་དོག ་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་པོ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ལ། བདག་ཅག་ཁ་དོག་གི་མངོན་པའི་ང ་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་སའི་བཅུད་ནུབ་པར་གྱུར་ནས། ས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན ་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ།། རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན ་རིང་དུ་གནས་ཏེ། བདག་ཅག་ལས་གང་དག་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན ་གྱིས་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ། ། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན ་ལ་བརྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས། ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ས་ཞག་ནུབ་པར་གྱུར་ནས། ལྡུམ ་བུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དག་བྱུང་བར་གྱུར་ཏེ། ཁ་དོག་ནི་དཔེར་ན་ཀ་ཏམ་འབུ་ཏ་ཀའི་མེ་ཏོག་བཞིན་ལ། རོ་ནི་དཔེར་ན་སྦྲང ་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་། ཁ་ཟས་དེ་དག་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་ལས་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར ་འགྱུར་ལ། ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་པོར་འགྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ལ། ཁ་དོག་སྣ་ཚོགས་སུ་གྱུར ་པས་ཀྱེ་མ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས ་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ལྡུམ་བུའི་ཚིལ་ནུབ་པར་གྱུར་ཏེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས ་པ་དང་། རོ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཏེ། གཟེག་མ་མེད་ཅིང་། ཕུབ་མ་མེད་ལ་དག་ཅིང་གཙང་སྟེ། སོར་བཞི་ཙམ་ལ་ཡོངས་སུ་གཡོགས་པ་མེད་དེ། ནང་བརྔས་ན་ནུབ་སྐྱེ། ནུབ་བརྔས ་ན་ནང་སྐྱེ་བ་དང་། དེ་ལྟར་བརྔས་ཤིང་བརྔས་ཤིང་སྐྱེ་ལ་བརྔས་པར་ཡང་མི་མངོན་ཏེ། བདག་ཅག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། གང་གི་ཕྱིར་བདག་ཅག་གིས ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཀུན་ཏུ་བསགས་པའི་ཚུལ་གྱིས་ལོངས་སྤྱོད་ལ་ལོངས་སྤྱོད་པ་དེས་ན། སཱ་ལུ་དེ་ལ་གསེག་མ་དང་། ཕུབ་མ་ཡང་བྱུང་བར་གྱུར། བརྔས་སོ་ཅོག་ཀྱང་མི ་སྐྱེ་ལ། བརྔས་པ་ཡང་མངོན་པར་གྱུར་ཏེ། སཱ་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ། ད་ནི་བདག་ཅག་གིས་འདི་ནི་ཁྱོད་ཀྱིའོ།། འདི་ནི་ངའི་འོ་ཞེས་ཞིང་རྣམས་གཞལ་ཅིང་བགོས་ལ། མུ་ཏྲུག་བྲིའོ ་ཞེས་ནས། དེ་དག་འདི་ཉིད་ནི་ཁྱོད་ཀྱིའོ།། འདི་ནི་ངའིའོ་ཞེས་ཞིང་རྣམས་གཞལ་ཞིང་བགོས་ཏེ། མུ་ཏུག་འདྲིའོ།། དེ་ནས་སེམས་ཅན་གཞན་ཞིག་གིས་བདག་གི་སཱ་ལུ་ཡོད་བཞིན་དུ། གཞན ་གྱི་སཱ་ལུ་མ་བྱིན་པར་བླངས་སོ། ། སེམས་ཅན་གཞན་ཞིག་གིས་སེམས་ཅན་དེ་བདག་གི་སཱ་ལུ་ཡོད་བཞིན་དུ། གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་དུ། ངན་ཞིང ་བླུན་པའི་སེམས་ཅན་ཁྱོད་ནི་མ་བྱིན་པར་ལེན་པར་བྱེད་དོ། ། ཀྱེ་སེམས་ཅན་བདག་གི་སཱ་ལུ་ཡོད་བཞིན་དུ། གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་ག་ལ་སྲིད། ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ ་ལྟར་མ་བྱེད་ཅེས་སྨྲས་སོ། ། དེ་ནས་སེམས་ཅན་དེས་བདག་གི་སཱ་ལུ་ཡོད་བཞིན་དུ་ལན་གཉིས་ལན་གསུམ་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ།། སེམས་ཅན་དེ་དག་གི་སཱ་ལུ་ཡོད་བཞིན་དུ། ་ལན་གཉིས་ལན་གསུམ་དུ་མ་བྱིན་པར་ལེན་པ་སེམས་ཅན་དེས་མཐོང་ངོ་།། མཐོང་ནས་ཀྱང་ཡང་འདི་སྐད་དུ། ངན་ཞིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཀྱེ་སེམས་ཅན་ཁྱེད་བདག ་གི་སཱ་ལུ་ཡོད་བཞིན་དུ། གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་ག་ལ་སྲིད་ཅེས་སྨྲས་ཏེ། དེའི་ལག་པ་གཉིས་ནས་ཀྱང་བཟུང་ནས་དེ་ཚུར་འདྲེན་པར་འདྲེན་པ་དེའི་ཚེ་འཁོར་གྱི་ནང་དུ་ཡང་བཀུག་སྟེ། ་སེམས་ཅན་གང་དག་སེམས་ཅན་འདིས་བདག་གི་སཱ་ལུ་ཡོད་བཞིན་དུ། གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་བླངས་པ་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན ་དེ་ལ་འདི་སྐད་དུ། ངན་ཞིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཁྱོད་བདག་གི་སཱ་ལུ་ཡོད་བཞིན་དུ། གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་ག་ལ་སྲིད། ཀྱེ་སེམས ་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ། ། དེ་ནས་སེམས་ཅན་དེ་དག་ལ་སེམས་ཅན་དེས་འདི་སྐད་དུ། སེམས་ཅན་གང་དག་གང་སེམས་ཅན་འདིས་སཱ་ལུའི་ཕྱིར་བདག་ཚུར་དྲངས་པར ་དྲངས་ཏེ། འཁོར་གྱི་ནང་དུ་ཡང་འགུགས་པར་ཤེས་པར་གྱིས་ཤིག། དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་ཀྱིས་སཱ་ལུའི་ཕྱིར་སེམས་ཅན་ཚུར་དྲངས་པར་དྲངས ་ལ། འཁོར་གྱི་ནང་དུ་ཡང་བཀུག་སྟེ་ཅི་བྱ། ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་འདི་སྐད་དུ། སཱ་ལུའི་ཕྱིར་འདྲེན་པ་དང་། འཁོར་གྱི་ནང་དུ་ཡང ་འགུགས་པ་དག་སྣང་གིས་བདག་ཅག་འདུས་ལ། བདག་ཅག་གི་ནང་ན་སེམས་ཅན་གང་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་དེ ་བདག་ཅག་གིས་ཞིང་གི་བདག་པོར་བསྐོས་ན། བདག་ཅག་ལ་དུས་དུས་སུ་ཆད་པས་བཅད་པའི་རིགས་པ་གང་ཡིན་པ་རྣམས་ལ་ན་ཆད་པས་གཅོད་པར་འགྱུར། ཕན་གདགས་པའི་རིགས་པ་རྣམས་ལ ་ནི་ཕན་འདོགས་པར་འགྱུར་ཏེ། གང་བདག་ཅག་གི་ཞིང་རྣམས་ལ་སྐྱེས་པ་དེ་ལས། བདག་ཅག་གིས་དེ་ལ་དུས་དུས་སུ་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ་སྙམ་དུ་བསམས་སོ།། དེ་ནས་སེམས་ཅན ་དེ་དག་འདུས་ནས། དེ་དག་གི་ནང་ན་སེམས་ཅན་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་གང་ཡིན་པའི་སེམས་ཅན་དེ་ལ་འདི་སྐད་དུ། ་ཀྱེ་སེམས་ཅན་ཁྱོད་ཚུར་ཤོག། བདག་ཅག་གི་ཞིང་གི་བདག་པོ་ལེགས་པར་ཁོ་ནར་བྱོས་ལ། སེམས་ཅན་བདག་ཅག་ལས་ཆད་པ་གཅོད་པའི་རིགས་པ་རྣམས་ན་ཆད་པས་ཆོད་ཅིག། ཕན་གདགས ་པའི་རིགས་པ་ལ་ནི་ཕན་ཐོགས་ཤིག། བདག་གི་ཞིང་རྣམས་ལས་སྐྱེས་པ་གང་ཡིན་པ་དེ་ལས་ཀྱང་བདག་ཅག་གིས་དུས་དུས་སུ་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ་ཞེས་སྨྲས་སོ།། དེ་ནས་སྐྱེ་བོ་མང་པོས ་བཀུར་རོ། ། སྐྱེ་བོ་མང་པོས་བཀུར་ཏོ་ཞེས་ནས། མང་པོས་བཀུར་བ་མང་པོས་བཀུར་བ་ཞེས་མིང་དུ་ཆགས་སོ།། ཞིང་རྣམས་ཀྱི་བདག་པོར་གྱུར་པ་དང་། འཕོངས་པ་ལས་སྐྱོབ་པའི་ཕྱིར་རྒྱལ་རིགས ་རྒྱལ་རིགས་ཞེས་བྱ་བར་མིང་དུ་ཆགས་སོ། ། ཆོས་དང་ཚུལ་ཁྲིམས་ཀྱི་ཚུལ་ཀུན་ཏུ་སྤྱོད་པ་དང་། ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བྱ་བར་མང་དུ་ཆགས ་སོ། ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་འཇོག་དང་། བ་ར་དཱ་ཛ་ལུང་བསྟན་པ་ལས་འདི་སྐད་དུ། གནས་འཇོག་ཅིའི་རྒྱུ་དང་ཅིའི་རྐྱེན་གྱིས་རྒྱལ་རིགས་ཀྱི་ཚེ་རིགས་འཇིག་རྟེན་དུ་འབྱུང་ཞེ་ན། འཇིག ་རྟེན་འདི་འཇིག་ཅིང་འཇིག་པའི་ཚེ། འཇིག་རྟེན་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་དེར་གཟུགས་བཟང་ཞིང་ཡིད་ལ ་སྐྱེས་པ་དང་། མ་ཉམས་ཞིང་དབང་པོ་ཚང་བ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་ཞིང་མདོག་སྡུག་པ་དང་། རང་ལས་འོད་འབྱུང་བ་དང་། ནམ ་མཁའ་ལ་འགྲོ་བ་དང་། དགའ་བའི་བཟའ་བ་དང་། དགའ་བའི་ཟས་ཟ་བ་དང་། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཇིག་རྟེན ་འདི་ཆགས་ཤིང་ཆགས་པ་ན། འཇིག་རྟེན་དུ་ས་ཆེན་པོ་འདི་ཆུ་གཅིག་ཅིང་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པའི ་ས་ཆེན་པོ་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་པ་ནས། སྔ་མ་བཞིན་དུ་རྒྱས་པར་སྐྱེ་བོ་མང་པོས་བཀུར་བར་ཞེས་མིང་དུ་ཆགས་པ་དང་། ཞིང་རྣམས་ཀྱི་བདག་པོར་གྱུར་པ ་དང་འཕོངས་པ་ལས་སྐྱོབ་པའི་ཕྱིར་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བའི་མིང་དུ་ཆགས་པ་དང་། ཆོས་དང་ཚུལ་ཁྲིམས་ཀྱི་ཚུལ་ཀུན་ཏུ་སྤྱོད་པ་དང་། ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར ་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགས་པའི་བར་དུ་ཐམས་ཅད་བརྗོད་པར་བྱ་སྟེ། གནས་འཇོག་འདི་ནི་རྒྱལ་རིགས་ཀྱི་ཚེ་རིགས་འཇིག་རྟེན་དུ་བྱུང་བའི་གཏན་ཚིགས་ཀྱི་མཆོག ་ཡིན་ཏེ། དེ་ཡང་ཆོས་བཞིན་དུ་བྱེད་པ་ཡིན་ཏེ། ཆོས་མ་ཡིན་པས་མ་ཡིན་ནོ།། དེ་ལ་འདི་ནི་རྒྱལ་བའི་དབང་པོ་མཆོག་རྣམས་ཀྱི་ཆོས་སོ།། གང་གི་ཚེ་མང་པོས་བཀུར་བ་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ། ་དེ་ན་མི་རྣམས་ཀྱི་མིང་སེམས་ཅན་སེམས་ཅན་ཞེས་བྱ་བར་གྱུར་ཏོ།། མང་པོས་བཀུར་བའི་བུ་ནི་འོད་མཛེས་ཞེས་བྱ་བར་གྱུར་ཏོ།། གང་གི་ཚེ་འོད་མཛེས་རྒྱལ་པོར་གྱུར་པ་དེའི་ཚེ་ནི། མི་རྣམས་ཀྱི་མིང་དུ ་ཆུ་སྟོད་ཆུ་སྨད་ཅེས་བྱ་བར་གྱུར་ཏོ། ། འོད་མཛེས་ཀྱི་བུ་དགེ་བ་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་བ་ཞེས་བྱ་བ་རྒྱལ་པོར་གྱུར་པ་དེའི་ཚེ། མི་རྣམས་ཀྱི་མིང་ཏིལ་ལས་སྐྱེས་ཏིལ་ལས་སྐྱེས་ཞེས་བྱ་བར ་གྱུར་ཏོ། ། དགེ་བའི་བུ་ནི་དགེ་མཆོག་ཅེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་མཆོག་རྒྱལ་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ནི་སྤྲིན་མགྲིན་སྤྲིན་མགྲིན་ཅེས་བྱ་བར་གྱུར་ཏེ། དགེ་མཆོག་གི་བུ་ནི་གསོ ་སྤྱོང་འཕགས་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ་གསོ་སྦྱོང་འཕགས་རྒྱལ་པོར་གྱུར་པ་དེའི་ཚེ། མི་རྣམས་ཀྱི་མིང་ཏ་ལའི་རྗེ་དར་ཏ་ལའི་རྗེ་ངར་ཞེས་བྱ་བར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་གསོ་སྦྱོང་འཕགས ་ཀྱི་སྤྱི་བོར་བོ་ལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། དེ་སྨིན་ཏེ་བརྡོལ་བ ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། མིང་སྤྱི་བོ་སྐྱེས་སྤྱི་བོ་སྐྱེས་ཞེས་བྱ་བ་དང་། ང་ལས་ནུང་ལས་ནུ་ཞེས་བྱ་བར་གྱུར ་ཏོ། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེན་པོར་གྱུར་ཏེ། དེས་གླིང་བཞི་ཆར་དུ་ཡང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཏེ། གང་གི་ཚེ་རྒྱལ་པོ་ང་ལས་ནུ་བྱུང་བ་དེའི་ཚེ་གཞུང་ལུགས་ཆེན་པོ་རྒྱ་ཆེའོ་ཅོག་དཔྱད ་ཅིང་བསམས་ཏེ། ལོད་ཅིང་ཉེ་བར་བརྟགས་ནས་བྱས་པ་ན། དེ་ཕྱིན་ཆད་ནས་ད་ལྟར་གྱི་བར་དུ། མི་རྣམས་ཀྱི་མིང་དཔྱོད་པ་ཅན་དང་། སེམས་པ་ཅན་དང་། ཉེ་བར་རྟོག་པ་ཅན་དང་། ་ཤེད་ལས་སྐྱེས་ཤེད་ལས་སྐྱེས་པ་ཞེས་བྱ་བར་གྱུར་ཏོ།། རྒྱལ་པོ་ང་ལས་ནུའི་བརླ་གཡས་པ་ནས་ཕོལ་མིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལ ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། ་རྐང་པ་གཡས་པ་ནས་བྱུང་བའི་ཕྱིར་དེའི་མིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། ་རྒྱལ་པོ་མཛེས་པའི་བརླ་གཡོན་པ་ནས་ཕོལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད ་ངོདོ། ། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པ་གཡོན་པ་ནས་སྐྱེས་སོ།། རྐང་པ ་གཡོན་པ་ནས་སྐྱེས་སོ་ཞེས་ནས། མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། རྒྱལ ་པོ་ཉེ་མཛེས་ཀྱི་རྐང་པའི་བོལ་ལས་ཕོལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད ་དོ། ། དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། དེ་རྐང་པའི་བོལ་གྱི་སྟེང་ནས་བྱུང་བའི་ཕྱིར། ་མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། རྒྱལ་པོ་མཛེས་ལྡན་གྱི་རྐང་པའི ་མཐིལ་གྱི་འོག་ནས་ཕོལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལ་བ་བཞིན་ཏེ། ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨན་ཏེ་རྡོལ་བ་ལས ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པའི་མཐིལ་གྱི་འོག་ནས་སྐྱེས་སོ་ཞེས་ནས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར ་གྱུར་ཏོ། ། གཞོན་ནུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་ཕྱིན་ཆད་འཁོར་ལོ་སྒྱུར་བའི་རྒྱལ་པོ་རྣམས་ནི་གླིང་གཅིག་ལ་དབང་བ་ཤ་སྟག ་ཡིན་པར་རིག་པར་བྱའོ། ། མཛེས་ལྡན་གྱི་བུ་ནི་བཏང་བའོ།། བཏང་བའི་བུ་ནི་བཏང་བཟུང་ངོ་།། བཏང་བཟུང་གི་བུ་ནི་ཤ་ཀུ་ནའོ།། ཤ་ཀུ་ནིའི་བུ་ནི་ཤ་ཀུ་ནི་ཆེན་པོའོ།། ཤ་ཀུན་ཆེན་པོའི་བུ་ནི་ཀུ་ཤིའོ།། ་ཀུ་ཤིའི་བུ་ནི་ཉེ་བའི་ཀུ་ཤིའོ།། ཉེ་བའི་ཀུ་ཤིའི་བུ་ནི་ཀུ་ཤི་ཆེན་པོའོ།། ཀུ་ཤི་ཆེན་པོའི་བུ་ནི་ལེགས་མཐོང་ངོ་།། ལེགས་མཐོང་གི་བུ་ནི་ལེགས་མཐོང་ཆེན་པོའོ།། ལེགས་མཐོང ་ཆེན་པོའི་བུ་ནི་གནོད་སེལ་ལོ། ། གནོད་སེལ་གྱི་བུ་ནི་ཤེལ་ལྡན་ནོ།། ཤེལ་ལྡན་གྱི་བུ་ནི་སྐལ་ལྡན་ནོ།། སྐལ་ལྡན་གྱི་བུ་ནི་ངན་སྤོང་ངོ་།། ངན་སྤོང་གི་བུ་ནི་ལྷུན་པོའོ།། ལྷུན་པོའི་བུ་ནི་ངེས་འགྲོའོ།། ་ངེས་འགྲོའི་བུ་ནི་རབ་ཏུ་གྲགས་པའོ།། རབ་ཏུ་གྲགས་པའི་བུ་ནི་རབ་ཏུ་སྒྲ་གྲགས་ཆེན་པོའོ།། རབ་ཏུ་སྒྲ་གྲགས་ཆེན་པོའི་བུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཕྱོགས་བདག་གོ། ཕྱོགས་བདག་གི་བུ་ནི ་རྡུལ་བཟང་ངོ་། ། རྡུལ་བཟང་གི་བུ་ནི་རྒྱས་བྱེད་དོ།། རྒྱས་བྱེད་ཀྱི་བུ་ནི་ལྷ་ཆེན་པོའོ།། ལྷ་ཆེན་པོའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་འདྲེས་པའི་གྲོང་ཁྱེར ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་སྟེ། མུ་ཁྱུད་ཀྱི་བུ་ནི་རྒྱལ་པོའོ།། རྒྱལ་པོའི་བུ་ནི་ལྷུན་པོའོ།། ལྷུན་པོའི་བུ་ནི་འཇིགས་བྱེད་ཀྱི་ཤིང ་རྟའོ། ། འཇིགས་བྱེད་ཀྱི་ཤིང་རྟའི་བུ་ནི་ཤིང་རྟ་བརྒྱ་པའོ།། ཤིང་རྟ་བརྒྱ་པའི་བུ་ནི། ཤིང་རྟ་བཅུ་པའོ།། ཤི་རྟ་བཅུ་པའི་འོག་ཏུ་ལྔ་ལེན་གྱི་རྒྱལ་པོ་ལྔ་སྟོང་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས་སོ། ། ལྔ་ལེན་གྱི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཀ་ལང་ཀའི་རྒྱལ་པོ་ལྔ་སྟོང་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། ཀ་ལིང་ཀའི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཨ་སྥ་ཀའི་རྒྱལ་པོ་བདུན ་སྟོང་བྱུང་ངོ་། ། ཨ་སྨ་ཀའི་རྒྱལ་པོ་བདུན་སྟོང་གི་འོག་ཏུ་སྒྲ་མ་སྙན་གྱི་རྒྱལ་པོ་བརྒྱད་སྟོང་བྱུང་ངོ་།། སྒྲ་མ་སྙན་གྱི་རྒྱལ་པོ་བརྒྱད་སྟོང་གི་འོག་ཏུ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་ངོ་།། ཐོད་པ་ཅན་གྱི ་རྒྱལ་པོ་དགུ་སྟོང་གི་འོག་ཏུ་ཡན་ལག་ཅན་གྱི་རྒྱལ་པོ་ཁྲི་བྱུང་ངོ་། ། ཡན་ལག་ཅན་གྱི་རྒྱལ་པོ་ཁྲིའི་འོག་ཏུ་མ་ག་དྷའི་རྒྱལ་པོ་ཁྲི་ཚིག་སྟོང་བྱུང་ངོ་།། མ་ག་དྷའི་རྒྱལ་པོ་ཁྲི་ཆོག་སྟོང་གི་འོག་ཏུ་ཏ་མ་ལི་བ ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ་། ། ཏ་མ་ལི་བ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་གི་འོག་ཏུ་རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བ་བྱུང་ངོ་།། བུ་རམ་ཤིང་པའི་འོག་ཏུ་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་བུ ་རམ་ཤིང་བའི་རྒྱལ་པོ་སྟོང་ཚིག་བརྒྱས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་སྟེ། འཕགས་སྐྱེས་པོའི་བུ་བཞི་བྱུང་བ་ལ་འདི་ལྟ་སྟེ། ་བཞིན་འབར་བ་དང་། ལག་རྣ་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་ནོ།། དེ་ནས་རྒྱལ་པོ་རྐང་གདུབ་ཅན་གྱི་བུ་རྒྱལ་པོ་རྐང་གདུབ་ཅན་གྱི་ཞབས་ཞེས་བྱ་བ་བྱུང་ངོ་།། རྐང་གདུབ་ཅན ་གྱི་ཞབས་ཀྱི་བུ་ནི་གནས་འཇོག་གོ། ། གནས་འཇོག་གི་བུ་ནི་བན་ལང་གནས་སོ།། བན་ལང་གནས་ཀྱི་བུ་ནི་སེང་གེ་འགྲམ་མོ།། སེང་གེ་འགྲམ་གྱི་བུ་ནི་བཞི་ཡོད་པ་ལ་འདི་ལྟ་སྟེ། ཟས ་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ།། ཟས་གཙང་གི་སྲས་ནི་བཅོམ་ལྡན་འདས་སོ།། བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་ཟིན་ནོ།། དེ་ནི་རེ་ཞིག་ཆོས ་མངོན་པ་ལས་བྱུང་བའི་རྒྱལ་པོའི་རིམ་པ་ཡ་ནི་ཏེ། བདག་ཉིད་ཆེན་པོ་དེ་དག་གིས་ཡི་གེ་རྒྱས་པ་དག་ལས་མདོར་བསྡུས་སོ།། འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་དུ་བྲི་བར ་བྱས་ཏེ། མང་པོས་བཀུར་བ་དང་། འོད་མཛེས་དང་། དགེ་བ་དང་། དགེ་མཆོག་དང་། གསོ་སྦྱོང་འཕགས་དང་། ང་ལས་ནུ་བ་དང་། མཛེས་པ་དང་། ཉེ་མཛེས་དང་། མཛེས་ཅན་དང་། ་མཛེས་ལྡན་དང་། རྒྱས་བྱེད་དང་། སྲེད་པ་དང་། ཉེ་སྲེད་དང་། བཏང་བ་དང་། བཏང་བཟུང་དང་། ལུས་ཐུལ་དང་། ཤེས་ལྡན་དང་། ངན་སྤོང་དང་། ཤིང་རྟ་སྡུག་གུ་ཅན་དང་། དུག ་ཅན་དང་། དུག་ཅན་ཆེན་པོ་དང་། ཤ་ཀུ་ནི་དང་། ཤ་ཀུ་ནི་ཆེན་པོ་དང་། ཀུ་ཤི་དང་། ཉེ་བའི་ཀུ་ཤི་དང་། ཀུ་ཤི་ཆེན་པོ་དང་། རྒྱས་བྱེད་དང་། རྒྱས་བྱེད་ཆེན་པོ་དང་། ལེགས་མཐོང་དང་། ་ལེགས་མཐོང་ཆེན་པོ་དང་། གནོད་སེལ་དང་། ཉེ་བའི་གནོད་སེལ་དང་། རྨ་བྱ་དང་། ངེས་འགྲོ་དང་། བདེ་བྱེད་དང་། རབ་འདུལ་དང་། རབ་ཏུ་སྒྲ་གྲགས་དང་། རབ་གདུང་དང་། འོད་བྱེད་དང་། ་ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ལྡན་དང་། མེ་ལྕེ་དང་། མེ་ལྕེ་འཕྲེང་དང་། མེ་ལྕེ་ལྡན་དང་། མེ་ལྕེ་ལྡན་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་འབུམ་གྱིས་གྲོང་ཁྱེར་གྲུ་འཛིན་དུ ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དགྲ་འདུལ་བའི་ཕྱིར་ན་དགྲ་འདུལ་ཞེས་བྱའོ།། རྒྱལ་པོ་དགྲ་འདུལ་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་མ་ཕེབས་འབེབས་ཞེས་བྱ་བ་བྱུང་ངོ་།། རྒྱལ་པོ་མ་ཕེབས ་འབེབས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་དྲུག་ཁྲི་སུམ་སྟོང་གིས་ཝཱ་ར་ཎཱ་སའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་བཟོད་པར ་དཀའ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བཟོད་པར་དཀའ་བའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་འདར་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ཚངས་པས་བྱིན་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་གླང་ཆེན་གནས ་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་གླང་པོས་བྱིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་གླང་པོས་བྱིན་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ལྔ་སྟོང་གིས་གྲོང ་ཁྱེར་རྡོ་འཇོག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་བལ་བུ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བལ་བུའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང ་གིས་གྲོང་ཁྱེར་ཨུར་ཤར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་ཚན་ཆེན་ཐུབ་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ཆེན་ཆེན་ཐུབ་ཀྱི་བུ་ཚ་རྒྱུད་དང་། ཆེ་བོ་དང་། ཡང་ཚའི་རྒྱུད་ཀྱི ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་མ་ཕེབས་འབེབས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱལ་བ ་པོའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཁྲི་ཉིས་སྟོང་གིས་ཀ་ན་ཀུ་བ་ཛའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་རྒྱལ་བའི་སྡེ་ཞེས་བྱ་བ་བྱུང ་སྟེ་རྒྱལ་པོ་རྒྱལ་བའི་སྡེའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་ཙམ་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཀླུ་ལྷ ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ཀླུ་ལྷའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གིས་ཏ་མ་ལའི་ཏའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག ་ཏུ་རྒྱལ་པོ་མའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མིའི་ལྷའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གིས་ཡང་ཏ་མ་ལ་བི་ཏའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དུག་ཅན་པའི་ལྷའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་སོང ་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་བློ་བཟང་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བློ་བཟང་གི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ཆིག ་སྟོང་གིས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་མུན་སེལ་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་མུན་སེལ་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚད ་རྒྱུད་ཀྱི་རྒྱལ་པོ་བརྒྱས་གྲོང་ཁྱེར་ཝཱ་ར་ཎཱ་སིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དབང་ཆེན་སྡེའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་རྒྱ་མཚོ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱ་མཚོའི་ལྷའི ་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་སྟེ། ་རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ ་རྒྱལ་པོ་ས་གསོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་གསོའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་ཝཱ་ར་ཎཱ་ས་རི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག ་ཏུ་རྒྱལ་པོ་ས་བདག་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་བདག་གི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག། ་གི་འོག་ཏུ་རྒྱལ་པོ་ས་འཛིན་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་འཛིན་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་འདྲེས་པའི་གྲོང་ཁྱེར་དུ་རྒྱལ ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ལྷ་ཆེན་པོའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང ་གྲོང་ཁྱེར་འདྲེས་པར་ཡང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། ཐམས་ཅད་ཀྱང་འདྲེས་པ་དེ་ཉིད་དང་། ལྷ་ཆེན་པོས་ཨ་མ་ཚིལ་དེ་ཉིད་དུ་རྒྱལ་པོའི་དྲང་སྲོང་དུ་གྱུར་ཏེ། དྲང་སྲོང་གིས་ཚངས་པར ་སྤྱོད་པ་སྤྱད་དོ། ། དེ་དག་གི་འོག་ཏུ་རྒྱལ་པོ་ངེས་མཁྱེན་ཞེས་བྱ་བ་བྱུང་ངོ་།། ངེས་མཁྱེན་གྱི་བུ་ནི་མུ་ཁྱུད་དོ།། མུ་ཁྱུད་ཀྱི་བུ་ནི་མུ་ཁྱུད་བརྟན་ནོ།། མུ་ཁྱུད་བརྟན་གྱི་བུ་ནི་ཆེན་པོ་ཆེའོ།། ཚན་པོ ་ཚེཆེའི་བུ་ནི་ཟ་བའོ། ། ཟ་བའི་བུ་ནི་ཉེ་ཟ་བའོ།། ཉེ་ཟའི་བུ་ནི་ཟ་བ་ཅན་ནོ།། ཟ་བ་ཅན་གྱི་བུ་ནི་ཟ་ལྡན་ནོ།། ཟ་ལྡན་གྱི་བུ་ནི་གྱ་ནོམ་སྣང་ངོ་།། གྱ་ནོམ་སྣང་གི་བུ་ནི་མཉམ་ལྔའོ།། མཉམ་ལྷའི་བུ་ནི་ཐོས ་པའི་སྡེའོ། ། ཐོས་པའི་སྡེའི་བུ་ནི་ཆོས་ཀྱི་སྡེའོ།། ཆོས་ཀྱི་སྡེའི་བུ་ནི་རྟོགས་པའོ།། རྟོགས་པའི་བུ་ནི་རྟོགས་ཆེན་ནོ།། རྟོགས་ཆེན་གྱི་བུ་ནི་རྟོགས་སྡེའོ།། རྟོགས་སྡེའི་བུ་ནི་མྱ་ངན་མེད་དོ།། མྱ་ངན ་མེད་པའི་བུ་ནི་མྱ་ངན་དང་བྲལ་ལོ། ། མྱ་ངན་དང་བྲལ་བའི་བུ་ནི་མཚམས་བརྟན་ནོ།། མཚམས་བརྟན་གྱི་བུ་ནི་རྒན་མཚམས་སོ།། རྒན་མཚམས་ཀྱི་བུ་ནི་དུན་དུ་མ་རའོ།། དུན་དུ་མ་རའི་བུ་ནི་སྐྱ་རེང་ངོ་།། ་སྐྱ་རེང་གི་བུ་ནི་ཕྱོགས་བདག་གོ། ཕྱོགས་བདག་གི་བུ་ནི་བརྟུལ་བཟང་ངོ་།། བརྟུལ་བཟང་གི་བུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཀུན་དགའ་འོ།། ཀུན་དགའི་བུ་ནི་མེ་ལོང་ཞལ་ལོ།། མེ་ལོང་ཞལ་གྱི ་བུ་ནི་སྐྱེད་པའོ། ། སྐྱེད་པའི་བུ་ནི་རྒྱལ་བའི་ཁྱུ་མཆོག་གོ།། རྒྱལ་བའི་ཁྱུ་མཆོག་གི་བུ་ནི་བཟའ་བཏུང་ལྡན་ནོ།། བཟའ་བཏུང་ལྡན་གྱི་བུ་ནི་བཟའ་བཏུང་མོད་དོ།། བཟའ་བཏུང་མོད་ཀྱི་བུ་ནི་ཐུབ་མེད་དོ།། ་ཐུབ་མེད་ཀྱི་བུ་ནི་གཞན་གྱིས་མི་ཐུབ་པའོ།། གཞན་གྱིས་མི་ཐུབ་པའི་བུ་ནི་བརྟན་པའོ།། བརྟན་པའི་བུ་ནི་རབ་བརྟན་ནོ།། རབ་བརྟན་གྱི་བུ་ནི་སྟོབས་པོ་ཆེའོ།། སྟོབས་པོ་ཆེའི་བུ་ནི་བཞོན་པ་མང་ངོ་།། ་བཞོན་པ་མང་བའི་བུ་ནི་བློ་བཟང་ངོ་།། བློ་བཟང་གི་བུ་ནི་བརྟན་བཞོན་ནོ།། བརྟན་བཞོན་གྱི་བུ་ནི་གཞུ་བཅུའོ།། གཞུ་བཅུ་པའི་བུ་ནི་གཞུ་བརྒྱའོ།། གཞུ་བརྒྱ་པའི་བུ་ནི་གཞུ་དགུ་བཅུ་པའོ།། གཞུ་དགུ ་བཅུ་པའི་བུ་ནི་རྣམ་པར་རྒྱལ་བའོ། ། རྣམ་པར་རྒྱལ་བའི་བུ་ནི་རྣམ་པར་རྒྱལ་བའི་གཞུའོ།། རྣམ་པར་རྒྱལ་བའི་གཞུའི་བུ་ནི་གཞུ་བཀྲའོ།། གཞུ་བཀྲའི་བུ་ནི་གཞུ་སྲའོ།། གཞུ་སྲའི་བུ་ནི་གཞུ་བརྟན ་ནོ། ། གཞུ་བརྟན་གྱི་བུ་ནི་ཤིང་རྟ་བཅུ་པའོ།། ཤིང་རྟ་བཅུ་པའི་བུ་ནི་ཤིང་རྟ་བརྒྱའོ།། ཤིང་རྟ་བརྒྱ་པའི་བུ་ནི་ཤིང་རྟ་དགུ་བཅུ་པའོ།། ཤིང་རྟ་དགུ་བཅུ་པའི་བུ་ནི་ཤིང་རྟ་སྣ་ཚོགས་པའོ།། ཤིང་རྟ་སྣ ་ཚོགས་པའི་བུ་ནི་ཤིང་རྟ་རྣམ་པ་སྣ་ཚོགས་པའོ། ། ཤིང་རྟ་རྣམ་པ་སྣ་ཚོགས་པའི་བུ་ནི་ཤིང་རྟ་སྙིང་པོའོ།། ཤིང་རྟ་སྙིང་པོའི་བུ་ནི་ཤིང་རྟ་བརྟན་པའོ།། རྒྱལ་པོ་ཤིང་རྟ་བརྟན་པའི་བུ་ཚ་རྒྱུད་དང ་ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བདུན་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ནམ་མཁའི་བདག ་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ནམ་མཁའི་བདག་པོའི་བུ་ནི་ཀླུས་བསྲུངས་སོ།། རྒྱལ་པོ་ཀླུས་བསྲུངས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་གྲོང་ཁྱེར་ཝཱ་ར་ཎཱ་སིར་རྒྱལ་སྲིད་ཀྱི ་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་ཀྲི་ཀྲྀ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུངས ་འཇིག་རྟེན་དུ་བྱུང་སྟེ། དེར་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལས། མ་འོངས་པའི་དུས་སུ་བྱང་ཆུབ་པའི་ཕྱིར་སྨོན་ལམ་བཏབ་ཅིང་། ་ཚངས་པར་སྤྱོད་པ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་ཏེ། དེ་དེ་ན་ཚེའི་ཚད་ཇི་སྲིད་པ་དེ་སྲིད་དུ་གནས་སོ།། རྒྱལ་པོ་ཀྲི་ཀྲིའི་བུ་ནི་ལེགས་པར་སྐྱེས་ཞེས་བྱ་བར་གྱུར་ཏོ།། རྒྱལ་པོ་ལེགས་སྐྱེས ་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་རྣ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ ་རྣ་བའི་བུ་གོའུ་ཏ་མ་དང་། བ་ར་དྭཱ་ཛ་གཉིས་སོ།། དེ་གཉིས་ལ་གོའུ་ཏ་མའི་བུ་ནི་བུ་རམ་ཤིང་པ་ཞེས་བྱའོ།། རྒྱལ་པོ་བུ་རམ་ཤིང་པའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་བུ་རམ་ཤིང་བའི ་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། ། དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པོ་བྱུང་སྟེ། རྒྱལ་པོ་འཕགས་སྐྱེས་པོའི་བུ་བཞི་ལ་འདི་ལྟ་སྟེ། བཞིན ་འབར་དང་། ལག་རྣ་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་རྣམས་ཏེ། རྐང་གདུབ་ཅན་གྱི་བུ་ནི་གནས་འཇོག་གོ། གནས་འཇོག་གི་བུ་ནི་བན་ལང་གནས་སོ།། བན་ལང་གནས་ཀྱི་བུ ་ནི་སེང་གེ་འགྲམ་དང་། སེང་གེ་སྒྲ་གཉིས་སོ།། སེང་གེ་འགྲམ་གྱི་བུ་བཞི་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ།། བུ་མོ་ནི་གཙང་མ་དང་། དཀར ་མོ་དང་། བྲེ་མོ་མ་དང་། བདུད་རྩི་མ་རྣམས་སོ།། ཟས་གཙང་གི་བུ་གཉིས་ལ། བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་དགའ་བོའོ།། ཟས་དཀར་གྱི་བུ་གཉིས་ལ། ཚེ་དང་ལྡན་པ་རྒྱལ་བ་དང་། ་བཟང་ལྡན་ནོ།། བྲེ་བོ་ཟས་ཀྱི་བུ་གཉིས་ལ། མིང་ཆེན་དང་། མ་འགགས་པའོ།། བདུད་རྩི་ཟས་ཀྱི་བུ་གཉིས་ལ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་སྦྱིན་ནོ།། བདུད་རྩི་མའི་བུ་ནི་བཞི་ལེན་ནོ།། ་བཅོམ་ལྡན་འདས་ཀྱི་བུ་ནི་སྒྲ་གཅན་ཟིན་ནོ།། དེ་ལྟར་ན་མང་པོས་བཀུར་བའི་རྒྱུད་ནི་སྒྲ་གཅན་ཟིན་ལ་ཐུག་ཅིང་། སྒྲ་གཅན་ཟིན་དུ་ཟད་དེ། སྒྲ་གཅན་ཟིན་གྱིས་མཇུག་བཅད་ནས། སྲིད་པའི་ལུགས་ཆད་ཅིང་སྐྱེ་བའི་རྒྱུ་ཟད་དོ།། ་ང་སྲིད་པར་སྐྱེ་བ་མེད་དོ།། འཇིག་རྟེན་བཞག་པ་ལས་ཚིགས་བཅུ་གཅིག་པའོ།། ། བམ་པོ་བདུན་པ། སྡོམ་ལ། རླུང་དང་ཆུ། ་དང་ས་གཞི་དང་།། ནང་དང་ཕྱི་ཡི་རྒྱ་མཚོ་དང་།། རི་རབ་ཀྱི་ནི་ངོས་རྣམས་དང་།། རྩེ་མོ་བང་རིམ་རི་རྣམས་ཏེ།། ས་ནི་ཇི་ལྟར་བྱུང་བ་དང་།། རླུང་དང་ཆུ་ནི་རབ་གནས་པ།། དེ་དག་ཐམས་ཅད་རིམས་བཞིན་དུ།། རབ ་ཏུ་བཤད་ཀྱིས་རྟོགས་པར་གྱིས། ། གང་ལ་ཆུ་ནི་རབ་གནས་པའི།། རྫིང་རླུང་ཕྱེད་པའི་རླུང་མར་ནི།། ནམ་མཁའ་ལས་ནི་ལྡང་བར་འགྱུར།། རླུང་དང་ས་དང་ཆུ་རྣམས་དང་།། རི་དང་གླིང་ནི་བཞི་པོ་རྣམས།། ཆུ་མིག ་མཚོ་དང་འབབ་པ་དང་། ། ཉ་མིག་འཛིན་ཁྲི་གང་བ་ཡི།། རྒྱ་མཚོ་ཆེན་པོ་ཡངས་པ་དང་།། འབྱོར་ཅིང་རྒྱས་པའི་ལྗོངས་དང་ནི།། གྲོང་དག་དང་ནི་གྲོང་ཁྱེར་རྣམས།། དེ་དག་ཐམས་ཅད་ས་ཆེན་ལ།། རིམས་ཀྱིས ་སུ་ནི་རབ་ཏུ་གནས། ། ནམ་མཁའ་གང་ལ་རླུང་གི་དཀྱིལ་འཁོར་གནས་པ་ཡིས། རླུང་གི་དཀྱིལ་འཁོར་དེའི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་དེ། རྒྱར་ནི་གྲངས་མེད་ཚད་མེད་དོ།། ་རླུང་གི་དཀྱིལ་འཁོར་གང་ལ་ཆུའི་དཀྱིལ་འཁོར་གནས་པའི་ཆུའི་དཀྱིལ་འཁོར་དེའི་རྔམས་སུ་ནི་དཔག་ཚད་བརྒྱད་འབུམ་ཡོད་དོ།། རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་ཉིས་འབུམ་བཞི་བརྒྱ་ལྔ་བཅུ་ཡོད་དོ།། ་མཐའ་སྐོར་དུ་ནི་དཔག་ཚངས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ཆུའི་དཀྱིལ་འཁོར་གང་ལ་གསེར་གྱི་ས་གཞི་ཆེན་པོ་གནས་པའི་གསེར་གྱི་ས་གཞི་ཆེན་པོ་དེའི་རྔམས་སུ་ནི་དཔག་ཚད ་སུམ་འབུམ་ཉི་ཁྲི་ཡོད་དོ། ། རྒྱར་ནི་དཔག་ཚངས་ལ་གཅིག་དང་ཉིས་འབུམ་བཞི་བརྒྱ་ལྔ་བཅུ་ཡོང་དོ།། མཐའ་སྐོར་དུ་ནི་དཔག་ཚང་ས་ལ་ཕྲག་གསུམ་དང་། དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ནང་གྱི ་རྒྱ་མཚོ་ཆེན་པོ་ནི་ཆུར་དཔག་ཚད་ཉིས་འབུམ་བཞི་ཁྲི། ཞེང་དུ་ཡང་དཔག་ཚད་ཉིས་འབུམ་བཞི་ཁྲི་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་དགུ་འབུམ་དྲུག་ཁྲི་ཡོད་དོ།། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི ་ཡོད་དེ། གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ནོ།། ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི་ཞེང་དུ་གླིང་མ་གཏོགས་པར་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། གླིང་གཏོགས་པར་ནི་ཞེང་དུ་དཔག་ཚད་སུམ་འབུམ་ཉི་ཁྲི ་ཉིས་སྟོང་ཡོད་དོ། ། ཆུར་ནི་ཡང་དེ་དང་འདྲའོ།། མཐའ་སྐོར་དུ་ནི་ཚད་མེད་དོ།། ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་དེ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། རིའི་རྒྱལ་པོ་ཆེན་པོ་རི་རབ་ནི་དཔག་ཚད ་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། ། དཔག་ཚད་བརྒྱད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་ཏེ། འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ།། ཆུར་ནི་དཔག་ཚད་བརྒྱད་ཁྲི། ཞེང་དུ་ཡང ་དཔག་ཚད་བརྒྱད་ཁྲི་ཡོད་དོ། ། མཐའ་སྐོར་དུ་ནི་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན་ཏེ། དེ་ལ་སུམ་ཅུ་རྩ་གསུམ་པའི ་ལྷ་རྣམས་གནས་སོ། ། རིའི་རྒྱལ་པོ་རི་རབ་ཀྱི་ངོས་ནི་བཞི་ཡོད་དེ།། ཤར་ཕྱོགས་ཀྱི་ངོས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་ངོས་སོ།། ཤར་ཕྱོགས་ཀྱི་ངོས་ནི་ཤེལ་ལས ་གྲུབ་པའོ། ། ལྷོ་ཕྱོགས་ཀྱི་ངོས་ནི་བཻ་ཌཱུཪྻ་ལས་གྲུབ་པའོ།། ནུབ་ཕྱོགས་ཀྱི་ངོས་ནི་དངུལ་ལས་གྲུབ་པའོ།། བྱང་ཕྱོགས་ཀྱི་ངོས་ནི་གསེར་ལས་གྲུབ་པའོ།། རིའི་རྒྱལ་པོ་རི་རབ ་ཀྱི་རྩེ་མོ་ནི་བཞི་ཡོད་དེ། ། ཤར་ཕྱོགས་ཀྱི་རྩེ་མོ་དང་། ལྷོ་ཕྱོགས་ཀྱི་རྩེ་མོ་དང་། ནུབ་ཕྱོགས་ཀྱི་རྩེ་མོ་དང་། བྱང་ཕྱོགས་ཀྱི་རྩེ་མོའོ།། ཤར་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ ་ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས ་པ་ཤེལ་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ།། ལྷོ་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད ་ལྔ་བརྒྱ་ཡོད་དོ། ། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཻ་ཌཱུཪྻ་ལས་གྲུབ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས ་སོ། ། ནུབ་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས ་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་དངུལ་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ།། བྱང་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ་ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས ་པ་གསེར་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ནི་བཞི་ཡོད་དེ། བང་རིམ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ།། ་བང་རིམ་དང་པོ་ནི་ཆུ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི ་ལས་གྲུབ་པ་སྟེ། དེ་ན་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་གནས་སོ།། བང་རིམ་གཉིས་པ་ནི་བང་རིམ་དང་པོ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བརྒྱད ་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་འཕྲེང་ཐོགས་ཀྱི་ལྷ་རྣམས་གནས་སོ།། བང་རིམ་གསུམ་པ་ནི་བང་རིམ་གཉིས ་པ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བཞི་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། ་དེ་ན་རྟག་ཏུ་མྱོས་པའི་ལྷ་རྣམས་གནས་སོ།། བང་རིམ་བཞི་པ་ནི་བང་རིམ་གསུམ་པ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ཏེ། རིའི་རྒྱལ་པོ་རི་རབ་དག་ལས་དཔག་ཚད་ཉིས་སྟོང་ཕྱིར་འཕགས་ཏེ། ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་གནས་སོ།། རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་བ ་ནི་རིའི་རྒྱལ་པོ་རི་རབ་ནས་དཔག་ཚད་བརྒྱད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་པོ་ཆེན་པོ་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ་ཅིའི་ཕྱིར་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་ཤིང་རྟའི་གཉའ་ཤིང ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱའོ།། རིའི་རྒྱལ་པོ་གཤོལ་མདའ་འཛིན་ཅེས་བྱ་བ་ནི། རིའི་རྒྱལ་པོ་གཉའ་ཤིང་འཛིན་ནས་དཔག་ཚད་བཞི་ཁྲི་བོར་ཏེ། དཔག་ཚད ་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ནོ། ། དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས ་གྲུབ་པ་སྟེ། དེ་ན་རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། དེ་ཅིའི་ཕྱིར་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་གཤོལ ་མངའ་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་གཤོལ་མངའ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཅེས་བྱའོ།། རིའི་རྒྱལ་པོ་སེང་ལྡེང་ཅན ་ཞེས་བྱ་བ་ནི། རིའི་རྒྱལ་པོ་གཤོ་ལ་མདའ་འཛིན་ནས་དཔག་ཚད་ཉི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས ་སོ། ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར ་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་ཕྱོགས་དེ་དང་དེ་དག་ན། ཇི་ལྟར་གསེར་གྱི་སེང་ལྡེང་ཡོད་པ་དེ་བཞིན་དུ། རི་གཞན་དག་ལ་མེད་དེ། དེ་བས་ན་རིའི་རྒྱལ ་པོ་སེང་ལྡེང་ཅན་ཞེས་བྱའོ། ། རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་བ་ནི། རིའི་རྒྱལ་པོ་སེང་ལྡེང་ཅན་ནས་དཔག་ཚད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག ་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ་འཕགས་སོ། ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ཁས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང ་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་བལྟ་ན་སྡུག་གི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཞིན་དུ་རི་གཞན ་དག་ལ་མེད་དེ། དེ་བས་ན་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱའོ།། རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་བ་ནི། རོའི་རྒྱལ་པོ་བལྟ་ན་སྡུག་ནས་དཔག་ཚད་ལྔ་སྟོང་བོར་ཏེ། དཔག་ཚད་བརྒྱ་པ་ཐ ་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། ། དཔག་ཚད་ཉིས་སྟོང་ལྔ་བརྒྱ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར ་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་རྟ་རྣ་རིའི་རྩེ་མོ་དབྱིངས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་རྟའི་རྣ་བ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱའོ།། རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ནི། རིའི་རྒྱལ་པོ་རྟ་རྣ་རི་ནས་དཔག་ཚད་ཉིས ་སྟོང་ལྔ་བརྒྱ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེག ་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ཞེ་ན། སྨྲས་པ། ་རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རྩེ་མོ་དཔའ་ཞིང་འདུད་པ་ནི། དཔེར་ན་སྨན་རུ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱའོ།། རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་བ་ནི། རིའི་རྒྱལ་པོ་རྣམ ་པར་འདུད་ནས་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང ་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི ་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་ཤིང་མུ་ཁྱུད་འཛིན་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་མུ་ཁྱུད ་འཛིན་ཅེས་བྱའོ། ། རིའི་རྒྱལ་པོ་ཁོར་ཡུག་གི་རི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྒྱ་མཚོ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་བཅུ་གསུམ ་ནི་ཆུ་ལས་གྱེན་དུ་འཕགས་སོ། ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ལྕགས་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་གོས་སྔོན་པོ་ཅན་རྣམས་གནས་སོ།། ཅིའི་ཕྱིར་རིའི ་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་ཁོར་ཡུག་རིའི་ཕྱོགས་དེ་དང་དེ་དག་ན་ཇི་ལྟར་གསེར་གྱི་འཁོར་ལོ་ཡོད་པ་བཞིན་དུ། རི་གཞན་དག་ལ་མེད་པ་དང་། གཞན་ཡང་རིའི་རྒྱལ་པོ ་ཁོར་ཡུག་རིས་གླིང་བཞི་པ་འདི་འཁོར་ལོའི་ཚུལ་དུ་བསྐོར་ཏེ། དེ་བས་ན་རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱའོ།། གཉའ་ཤིང་འཛིན་གྱི་འཕང་དུ་ནི། དཔག་ཚད་བཞི་ཁྲི་ཡོད་པར་བསྟན།། གཤོལ་མངའ ་འཛིན་ནི་ཉི་ཁྲི་སྟེ། ། ཁྲི་ནི་སེང་ལྡེང་ཅན་གྱི་རི།། བལྟ་ན་སྡུག་གི་འཕང་དུ་ནི།། དཔག་ཚད་ལྔ་སྟོང་ཡོད་པར་བསྟན།། དཔག་ཚད་ཉིས་སྟོང་ལྔ་བརྒྱར་ནི།། རྟ་རྣ་རིའི་མངོན་པར་འཕགྲ།། ་སྟོང་དང་ཉིས་བརྒྱ་ལྔ་བཅུ་ཡིས།། གྲངས་སྙེད་རྣམ་པར་འདུད་པ་འཕགས།། མུ་ཁྱུད་འཛིན་གྱི་འཕང་དུ་ནི།། དྲུག་བརྒྱ་ཉི་ཤུ་རྩ་ལྔར་བསྟན།། རྒྱ་མཚོ་འདི་ཡི་ཕ་རོལ་ན།། རྒྱ་མཚོ་གང་གིས་བསྐོར་བ་ཡི།། ་ཁོར་ཡུག་དཔག་ཚད་སུམ་བརྒྱ་དང་།། དཔག་ཚད་ཕྱེད་དང་བཅུ་གསུམ་ཡོད།། དེ་ནི་ཁོར་ཡུག་རིར་བཤད་དེ།། འཇིག་རྟེན་བར་མཚམས་ཕན་ཆད་དུ།། ཉི་ཟླ་དེ་བཞིན་སྐར་མ་དང་།། རྒྱུ་སྐར་ཚེགས་རྣམས ་རྒྱ་ཆེན་ཀུན། ། ཁོར་ཡུག་མི་འདའ་འཇིག་རྟེན་གྱི།། བར་མཚམས་ཕན་ཆད་མུན་པར་འདུག། མུ་ཁྱུད་འཛིན་དང་རྣམ་པར་འདུད།། དེ་བཞིན་རྟ་རྣ་རི་དང་ནི།། བལྟ་ན་སྡུག་དང་སེང་ལྡེང་ཅན།། གཤོལ ་མདའ་འཛིན་དང་གཉའ་ཤིང་འཛིན། ། རི་བོ་དེ་དག་བདུན་པོ་རྣམས།། རི་ཡི་མཆོག་སྟེ་གསེར་ལས་གྲུབ།། རི་རབ་ལ་སོགས་རི་བོ་རྣམས།། དེ་དག་གསེར་གྱི་གཞི་ལ་བརྟེན།། འཇིག་རྟེན་བཞག ་པ་ལས་ཚིགས་བཅུ་གཉིས་པའོ། ། སྡོམ་ལ། རོལ་མཚོ་རྒྱལ་པོའི་ཕོ་བྲང་འཁོར།། གླིང་དེ་དག་དང་གླིང་ཕྲན་རྣམས།། སྟེང་དང་འོག་ན་སྡིག་བྲལ་གྱི།། ཤེས་པས་ཉམས་སུ་མྱོང་བ ་ཡོད། རིའི་རྒྱལ་པོ་གཉའ་ཤིང་འཛིན་དང་། རིའི་རྒྱལ་པོ་གཤོལ་མདའ་འཛིན་གྱི་བར་དེའི་སྐབས་ན། གཉའ་ཤིང་འཛིན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། ཞེང་དུ་དཔག་ཚད་བཞི་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས ་པར་འདུག་གོ། ། རིའི་རྒྱལ་པོ་གཤོལ་མདའ་འཛིན་དང་། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་བར་དེའི་སྐབས་ན། གཤོལ་མདའ་འཛིན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི ་ཡོད་ལ། གསེར་གྱི་ས་ག་ཞི་ཆེན་པོ་ལ་བརྟེན་ཏོ།། ཞེང་དུ་ནི་དཔག་ཚད་ཉི་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག ་གིས་རྒྱས་པར་འདུག་གོ། ། རིའི་རྒྱལ་པོ་སེང་ལྡེང་ཅན་དང་། རིའི་རྒྱལ་པོ་བལྟ་ན་སྡུག་གི་བར་སྐབས་ན། སེང་ལྡེང་ཅན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར ་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། ། ཞེང་དུ་དཔག་ཚད་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། ་རིའི་རྒྱལ་པོ་བལྟ་ན་སྡུག་དང་། རིའི་རྒྱལ་པོ་རྟ་རྣའི་བར་དེའི་སྐབས་ན། བལྟ་ན་སྡུག་གི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། ་ཞེང་དུ་ནི་དཔག་ཚད་ལྔ་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་རྟ་རྣ་རི་དང ་རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་བར་དེའི་སྐབས་ན། རྟ་རྣ་རིའི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། ཞེང ་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་རྣམ ་པར་འདུད་དང་། རིའི་རྒྱལ་པོ་མུ་ཁྱུད་ཀྱི་བར་དེའི་སྐབས་ན། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན ་ཏོ། ། ཞེང་དུ་ནི་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། ་གཉའ་ཤིང་འཛིན་གྱི་རོལ་མཚོ་ཡི།། མཚམས་ན་གཉའ་ཤིང་འཛིན་གྱི་རི།། གཤོལ་མདའ་འཛིན་གྱི་རོལ་མཚོ་ཡི།། མཚམས་ན་གཤོལ་མདའ་འཛིན་གྱི་རི།། སེང་ལྡེང་ཅན་གྱི་རོལ་མཚོ་ཡི།། ་ཕ་རོལ་སེང་ལྡེང་ཅན་གྱི་རི།། བལྟ་ན་སྡུག་གི་རོལ་མཚོ་ཡི།། བར་མཚམས་ན་ནི་བལྟ་ན་སྡུག། རྟ་རྣ་རི་ཡི་རོལ་མཚོ་ཡི།། བར་མཚམས་ན་ནི་རྟ་རྣ་རི།། རྣམ་པར་འདུད་ཀྱི་རོལ་མཚོ་ཡི།། ཕ་རོལ་རི ་བོ་རྣམ་པར་འདུད། ། མུ་ཁྱུད་འཛིན་གྱི་རོལ་མཚོ་ཡི།། བར་མཚམས་ན་ནི་མུ་ཁྱུད་འཛིན།། ཆུ་འཛིན་རོལ་མཚེ་བདུན་པོ་རྣམས།། དང་བའི་བཻ་ཌཱུཪྻ་མཆོག་བཞིན།། རབ་ཏུ་བསིལ་བའི་ཆུ་དག་དང་།། ་སྦྲང་རྩི་ལྟ་བུའི་ཆུས་ཀྱང་གང་།། མེ་ཏོག་དུས་ཀྱི་རྗེས་འབྲང་བས།། རོལ་མཚོ་མཛེས་བྱས་རྒྱ་སྤོས་འཁྲུང་།། དེ་བཞིན་བལ་བུ་སྤང་སྤོས་དང་།། སྨན་ནི་སྣ་ཚོགས་དག་གིས་གང་།། དེ་བཞིན་འཇིག ་ཤིང་ལུས་ཆེ་བ། ། དྲག་ཅིང་མི་བཟད་འདུག་པ་ཡི།། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་རྒྱུས།། རོལ་མཚོ་བདུན་པོ་ཡིད་འོང་བ།། རི་བོ་དག་གི་འོད་རྣམས་དང་།། ཉི་མའི་འོད་ཟེར་རྣམས་ཀྱིས་ཀྱང་།། ་ཉི་མ་འཆར་ཀ་ཐང་ཅིག་ཙམ།། ཕྱོགས་བཅུ་དག་ཏུ་ལམ་མ་སྣང་།། གསེར་གྱི་རི་བོ་བདུན་པོ་ཡིས།། རོལ་མཚོ་བདུན་པོ་ཀུན་ནས་བསྐོར།། རི་རྣམས་གཙོ་བོ་རི་རབ་ནི།། རྩེ་མོ་བྲིས་པ་བཞིན་དུ ་འཕགས། ། རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་འཁོར་ཡུལ་འཁོར་སྲུང་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད ་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཤིང་གསེར་གྱི་ར་བས་བསྐོར་ཏེ། ར་བས་འཕང་དུ ་དཔག་ཚད་ཕྱེད་ཡོད་དེ། རབ་དེ་དག་གི་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད་དོ།། མདའ་ཡབ་དང་། ་ཟམ་པ་རྒྱུད་མ་རྣམ་པ་བཞི་ཡོད་དེ། དེ་དག་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ ་@འཇམ་པ་ནི། དཔེར་ན་ཤིང་བལ་གྱི་ལ་བ་འམ། རས་བལ་གྱི་ལབ་བཞིན་ཏེ། རྐང་པ་བཞག་ན་ནི་ནམས་ཞེས་བྱེད། རྐང་པ་བཏེག་ན་ནི་བར་ཞེས་བྱེད་ལ། མེ་ཏོག་མནྡ་ར་བ་དག་གིས་པུས་མོ་ནུབ་པ་ཙམ་དུ ་ཡོངས་སུ་ཁེབས་ཏེ། མི་མ་ཡིན་པ་རྣམས་ཀྱི་རླུང་ག་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ཡུལ་འཁོར་སྲུང་གི་བསོད་ནམས་དབང་གི་མཐུས། ཡུལ་འཁོ།། ་སྲུང་གི་གྲོང་ཁྱེར་རླུང་ཆེན་ལྡང་།། མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད།། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས།། ཞེས་ཀྱང་བྱའོ།། དེའི་ནང་ན་ལམ་སྲང་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཆད་ཕྱེད་དང ་གཉིས་པ་ཞིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་འདི་ལྟ་སྟེ། གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་བུ་དེ་དག་གི་ཕྱོགས་བཞིན། ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུཪྻ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩེགས་སོ།། རྫིང་བུ་དེ་དག་ཀྱང་ལན་ཀན་རྣམ་པ་བཞིས་སྐོར་རོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས ་པ། ཆུབ་སིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་སུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཏེ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙམ་ཅིང་འཇེབས་པ་དང་། སྐད་ཡིད་དུའོ ་བ་དང་། སྐད་བཞེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་མས་དང་སྙན་པ་འབྱིན་ཏོ།། རྫིང་བུ་དེ་དག་གི་ཉིན་ཀོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིངས་ལེགས ་ལ་ཡོངས་སུ་གྲུབ་པ་སྟེ། དེ་དག་འཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་འཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་འཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་ན་རྒྱན ་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་དག་སྐད་སྙན་པ་འབྱིན། ་ཏོ།། དེ་དག་གི་ཉེ་འཁོར་ན་དཔག་བསམས་ཀྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམས་ཀྱི ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་རྒྱན་གྱི་ཤིང་རྣམ་པ་བཞི་ཡོད་དེ། ལྷ་འམ་ལྷའི ་བུ་མོ་དག་གིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། ། རོལ་མོའི་ཆ་བྱང་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁ ་རྔ་དང་། ཧབ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ། ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར ་འགྱུར་རོ། ། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆར་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང ་ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོ་གས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བསྟེན་པ་དང་། སིལ་སྙན་དང་། ་ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། ཇི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་ཡོད་དེ། དེ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ ་རྩེ་ཞིང་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ན་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཕོ ་བྲང་འཁོར་འཕགས་པར་སྐྱེས་ཞེས་བྱ་བ་ཞིག་ཡོད་དེ། ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ།། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ ་ན་སྡུག་ལ་མཛེས་པ་སྟེ། གསེར་གྱི་ར་བས་བསྐོར་ལ། ར་བའི་འཕང་དུ་དཔག་ཚད་ཕྱེད་ཡོད་དེ། སྔ་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་རིའི་རྒྱལ་པོ་གཉའ ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་ཕོ་བྲང་འཁོར་སྣ་ཚོགས་གཟུགས་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ན་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང ་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ།། དྲི་ཟ་དག་གི་དབང་པོའི་རྒྱལ།། ཤར་གྱི་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། ་གྲོང་ཁྱེར་ཡུལ་འཁོར་སྲུང་ན་གནས།། གྲུལ་བུམ་དག་གི་དབང་པོའི་རྒྱལ།། ལྷོ་ཡི་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ།། གྲོང་ཁྱེར་འཕགས་པར་སྐྱེས་ན་གནས།། ་ཀླུ་རྣམས་ཀྱི་ནི་བདག་པོའི་རྒྱལ།། ནུབ་ཀྱི་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་མིག་མི་བཟང་།། གྲོང་ཁྱེར་སྣ་ཚོགས་གཟུགས་ན་གནས།། གནོད་སྦྱིན་རྣམས་ཀྱི་བདག་པོའི་རྒྱལ།། བྱང ་གི་ཕྱོགས་རྣམས་སྐྱོང་བྱེད་པ། ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ།། གྲོང་ཁྱེར་ལྕང་ལོ་ཅན་ན་གནས།། ཤར་ཕྱོགས་ན་ནི་གནས་སྲུངས་པོ།། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ།། ནུབ་ཕྱོགས་ན་ནི་མིག ་མི་བཟང་། ། བྱང་ཕྱོགས་ན་ནི་ཀུ་བེ་ར།། རྒྱལ་པོ་ཆེན་པོ་འདི་བཞི་དག། འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན།། ཕྱོགས་བཞི་དག་ནི་སྐྱོང་བ་སྟེ།། རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ།། དེ་དག་ཚོགས་ནི ་གསུམ་པོ་རྣམས། ། བསྲུང་བའི་ཕྱིར་ནི་སྤྲོ་བ་སྟེ།། སུམ་ཅུ་རྩ་གསུམ་ལྷ་རྣམས་དང་།། སངས་རྒྱས་བདེ་བ་གཟིགས་པ་དང་།། འཁོར་ལོ་ཆོས་བཞིན་བསྐོར་བ་ཡི།། ལྗོངས་ཀྱི ་བདག་པོ་གང་ཡིན་པ། ། འཁོར་ལོ་སྒྱུར་བའི་དེ་ལ་ཡང་།། བསྲུང་བའི་ཕྱིར་ནི་སྤྲོ་བ་ཡིན།། རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན། ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང ་ནང་རྒྱ་ཆེ་ལ། ཕྱི་རོལ་ཟླ་གམ་ལྟར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། ཤར་གྱི་ལུས་འཕགས་པོའི་གླིང་གི ་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དེ། ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་དྲུག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་དུ། ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་གནས་སོ།། རིའི ་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན། འཛམ་བུ་གླིང་ཞེས་བྱ་བའི་གླིང་ནང་རྒྱ་ཆེ་ལ་ཕྱི་རོལ་ཤིང་རྟའི་དབྱིབས་ལྟར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན ་བོ་ལ་བརྟེན་ནོ། ། སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། འཛམ་བུ་གླིང་གི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ།། ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ།། ་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་འཛམ་བུ་གླིང་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ ་འཁོར་དང་། ཕོ་བྲང་འཁོར་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན། ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ནང་རྒྱ་ཆེ་ལ་ཕྱི་རོལ་ཀུན་ནས་ཟླུམ་པོར་གྲུབ་པ་ཡོད་དེ། ་དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་རྒྱ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ། མཐའ་སྐོར་ནི ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་ནུབ་ཀྱི་བ་ལང་སྤྱོད་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན། བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང་ནང་རྒྱ་ཆེ་ལ། ཕྱི་རོལ་གྲུ་བཞི ་ལྷམ་པར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཆུར་དཔག་ཚད་ཉིས་སྟོང་། ་ཞེང་དུ་ཡང་དཔག་ཚད་ཉིས་སྟོང་། མཐའ་སྐོར་དུ་དཔག་ཚད་བརྒྱད་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ནི་བྱང་གི་སྒྲ་མི་སྙན་པའི་མི་རྣམས ་གནས་སོ། ། གླིང་ཕྲན་བརྒྱད་ཡོད་པ་ལ་འདི་ལྟ་སྟེ། ལུས་དང་། ལུས་འཕགས་དང་། རྔ་ཡབ་དང་། རྔ་ཡང་གཞན་དང་། གཡོ་ལྡན་དང་། ཉེ་བའི་གཡོ་ལྡན་དང་། ་སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་རྣམས་སོ།། གླིང་ཕྲན་བརྒྱད་པོ་འདི་དག་གི་ནང་ན། བདུན་ན་ནི་མི་རྣམས་སོ།། གཅིག་ན་ནི་མི་མ་ཡིན་པ་རྣམས་གནས་སོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་འོག ་མ་ལ་ཤེས་པའི་མཐོང་བ་འཇུག་གོ། ། གོང་མ་ལ་ནི་མ་ཡིན་ཏེ། རྫུ་འཕྲུལ་ལམ། གཞན་གྱི་མཐུ་ནི་མ་གཏོགས་སོ།། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། ་འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས ་སྐྱེས་པ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་པོ་རྣམས་ཀྱང་འོག་མ་ལ་ཤེས་པའི་མཐོང་བ་འཇུག་གི། གོང་མ་ལ་མ་ཡིན་ཏེ། རྫུ་འཕྲུལ་ལམ། ་གཞན་གྱི་མཐུ་ནི་མ་གཏོགས་སོ།། འོག་མིན་གྱི་ལྷ་རྣམས་ནི་ཐམས་ཅད་དུ་ཤེས་པའི་མཐོང་བ་འཇུག་གོ།། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་འོག་གི་གཞི་ནི། འདི་ནས་ཐུར་དུ་དཔག་ཚད་བཞི་ཁྲི་ལ ་ཐུག་གོ། ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་སྟེང་གི་ངོས་ནི་འདི་ནས་མར་ཐུར་དུ་དཔག་ཚད་ཉི་ཁྲི་ལ་ཐུག་གོ།། དེའི་སྟེང་ནི་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ ་ཆེན་པོ་ཚ་བ་འདུག་གོ། ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ ་འདུག་གོ། ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་འདུག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ནི་མཐོ་དམན་དུ་རིམ་པས ་གནས་ལ། ལྷག་པའི་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ།། འདི་ནས་དཔག་ཚད་བཞི་ཁྲིའི་སྟེང་ན་ནི་རྒྱལ་པོ་ཆེན་པོ་བཞི་པའི་ལྷ་རྣམས་འདུག་གོ།། རྒྱལ་པོ་ཆེན་པོ་བཞི་པའི་ལྷ་རྣམས་ཡན་ཆད་ནས ་དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུག་གོ།། དེ་བཞིན་དུ་རྒྱས་པར་བྱ་སྟེ། དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན། གྱ་ནོམ་སྣང་བའི་ལྷ་རྣམསའདུག ་གོ། གྱ་ནོམ་སྣང་བའི་ལྷ་རྣམས་ཡན་ཆད་ནས། དང་པོ་ཡན་ཆད་ཀྱི་ཚད་ནི་ཇི་ཙམ་པ་དེ་སྲིད་ན། ཤིན་ཏུ་མཐོང་བའི་ལྷ་རྣམས་འདུག་གོ།། ཤིན་ཏུ་མཐོང་བའི་ལྷ་རྣམས་ཡན་ཆད་ནས། དང་པོ་ཡན་ཆད་ཀྱི་ཇི ་ཙམ་པ་དེ་སིང་ན་འོག་མིན་གྱི་ལྷ་རྣམས་འཇུག་གོ། ། སྤྲིན་ནི་བརྒྱད་ཡོད་དེ། སྤྲིན་ནང་གི་མཐོན་པོ་གང་ཡིན་པ་དེའི་འཕང་དུ་ནི་དཔག་ཚད་ཕྱེད་དང་གཉིས་ཡོད་དོ།། གཉིས་པ་ནི་དཔག་ཚད་གཅིག་དང ་དཔག་ཚད་ཀྱི་བཞི་ཆ་གཅིག་གོ། ། གསུམ་པ་ནི་དཔག་ཚད་གཅིག་གོ།། བཞི་པ་ནི་དཔག་ཚད་གཅིག་ལས་བཞི་ཆ་གཅིག་མེད་པའོ།། ལྔ་པ་ནི་དཔག་ཚད་ཕྱེད་དོ།། དྲུག་པ་ནི་རྒྱང་གྲགས ་གཅིག་གོ། ། བདུན་པ་ནི་རྒྱང་གྲགས་བྱེད་དོ།། བརྒྱད་པ་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ།། འཇིག་རྟེན་བཞག་པ་ལས་ཚིགས་བཅུ་གསུམ་པའོ།། ། གླེང་གཞི་ནི་མཉན་དུ ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་ཀྱིས། དེ་ཉོན་ལ་ལེགས ་པར་ཤིན་ཏུ་ཡིད་ལ་བྱོས་ཤིག་དང་ངས་བཤད་དོ། ། གནོད་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། སྐྱེས་པ་འམ། བུད་མེད་གང་ཡང་རུང་སྟེ། འཆལ་པའི་ཚུལ་ཁྲིམས་ཅན་དང་། སྡིག་པའི་ཆོས་ཅན་ལུས ་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དེ་ནི། གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ། ནད་ཚབས་ཆེན་པོས་བཏབ ་ནས། ཁྲིའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ་འདུག་གམ། ཉལ་ཡང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ ་རྣམས་ཀྱིས་ཐེབས་ན། དེ་ལ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱོད་པ་དང་། ངག་གི་ཉེས་པར་སྤྱོད་པ་འམ། ཡིད་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ། དེ་ལ་དམིགས་པར་འགྱུར་ཞིང་ཆེར ་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དཔེར་ན་ཕྱེ་མ་རེད་ཀྱི་དུས་སུ་རི་ཆེན་པོ་རྣམས་སམ། རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་ཤོང་དུ་འབབ་ཅིང་ཆེར་འབབ་སྟེ། མངོན་པར་འབབ་པར་འགྱུར་བ་དེ་བཞིན་དུ ་དེ་ལ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱོད་པ་འམ། ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེའི་ཚེ་དེ་ལ་དམིགས་པར་འགྱུར་ཞིང་། ཆེར་དམིགས་ལ་མངོན་པར་དམིགས ་པར་འགྱུར་ཏེ། དེ་འདི་སྙམ་དུ་ཀྱི་ཧུད་བདག་གི་སྡིག་པ་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱིས་བྱས་སོ།། ཀྱི་ཧུད་བདག་གིས་བསོད་ནམས་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱིས་མ ་བྱས་སོ། ། སྡིག་པ་རྣམས་བྱས་པ་དང་། བརླང་པོ་རྣམས་བྱས་པ་དང་། གདུག་པ་རྣམས་བྱས་པ་དང་། བསོད་ནམས་དག་མ་བྱས་པ་དང་། དགེ་བ་དག་མ་བྱས་པ་དང་། འཇིགས་པ་དང་སྐྲག་པ་རྣམས་ཀྱི ་སྐྱབས་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་ཚེ་ཕྱི་མ་ལ་བགྲོད་དགོས་སོ་སྙམ་དུ་སེམས་ཏེ་འགྱོད་པར་འགྱུར་རོ། ། དགེ་སློང་དག་འགྱོད་བཞིན་དུ་འཆི་བ་ནི་ལེགས་པ་མ་ཡིན་ནོ།། དུས་བྱེད ་པ་ནི་ལེགས་པ་མ་ཡིན་ནོ། ། ཚེ་ཕྱི་མ་ནི་ལེགས་པ་མ་ཡིན་ནོ།། དེ་ལུས་ཀྱི་ཉེས་པར་སྤྱོད་པ་སྤྱད་ཅིང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་སྤྱད་པ་ལས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་དང་བྲལ་ཏེ། ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བའི་ཆོས་རྣམས་ཞེས་བྱའོ།། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས ་གང་ཞེ་ན། སྐྱེས་པ་འམ། བུད་མེད་གང་ཡང་རུང་སྟེ། ཚུལ་ཁྲིམས་དང་དགེ་བའི་ཆོས་ཅན་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ ་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དེ་ནི། གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ། ནད་ཚབས་ཆེན་པོས་བཏབ་ནས། ཁྲིའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ ་འདུག་གམ། ཉལ་ཡང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ་རྣམས་ཀྱིས་ཐེབས་ན། དེ་ལ་སྔོན་གྱི་ལུས་ཀྱི་ལེགས་པར ་སྤྱོད་པ་འམ། ངག་གིས་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ་དེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། ་དཔེར་ན་ཕྱེ་མ་རེད་ཀྱི་དུས་སུ་རི་ཆེན་པོ་རྣམས་སམ། རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་ཤོད་དུ་འབབ་ཅིང་ཆེར་འབབ་སྟེ། མངོན་པར་འབབ་པར་འགྱུར་བ་དེ་བཞིན་དུ། དེ་ལ་སྔོན་གྱི་ལུས་ཀྱི་ལེགས་པར་སྤྱོད ་པ་འམ། ངག་གིས་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ་དེ་ལ་དམིགས་ཤིང་ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དེ་འདི་སྙམ་དུ། ་ཀྱེ་མ་བདག་གིས་བསོད་ནམས་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱིས་བྱས་སོ།། ཀྱེ་མ་བདག་ཅག་གིས་སྡིག་པ་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱིས་མ་བྱས་སོ།། བསོད་ནམས ་དག་བྱས་པ་དང་། དགེ་བ་དག་བྱས་པ་དང་། འཇིགས་པ་དང་། སྐྲག་པ་རྣམས་ཀྱི་སྐྱབས་བྱས་ཤིང་སྡིག་པའི་ལས་རྣམས་མ་བྱས་པ་དང་། བརླང་པོ་རྣམས་མ་བྱས་པ་དང་། གདུག་པ་རྣམས་མ་བྱས ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་ཚེ་ཕྱི་མ་ལ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ཏེ། འགྱོད་པ་མེད་པར་འགྱུར་རོ།། དགེ་སློང་དག་འགྱོད་པ་མེད་པར་འཆི་བ་ནི་ལེགས་སོ།། དུས་བྱེད་པ་ནི་ལེགས ་སོ། ། ཚེ་ཕྱི་མ་ནི་ལེགས་ཏེ། དེ་ལུས་ཀྱི་ལེགས་པར་སྤྱོད་པ་སྤྱད་ཅིང་། ངག་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་སྤྱད་ནས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་བདེ ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་ན་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་ཞེས་བྱའོ།། དགེ་སློང་དག་གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་པར ་བྱའོ་ཞེས་ངས་སྨྲས་པ་གང་ཡིན་པ་དེ་བཤད་པ་འདི་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་དུ། ་མི་རིགས་འཚོ་བའི་མི་རྣམས་ཀྱིས།། འདིར་ནི་གནོད་འགྱུར་རྣམས་བྱས་པའི།། འགྲོ་བ་ཕྱི་མ་གང་ཡིན་པ།། དམྱལ་འགྲོ་དེ་དག་ང་ལས་ཉོན།། ཡང་སོས་དང་ནི་ཐིག་ནག་དང་།། བསྡུས་གཞོམ་དང་ནི་ངུ་འབོད། ་གཉིས།། གཞན་ཡང་མནར་མེད་ཆེན་པོ་དང་།། ཚ་བ་དང་ནི་རབ་ཏུ་ཚ།། དམྱལ་བ་བརྒྱད་པོ་འདི་དག་ནི།། ཐར་པར་དཀའ་བ་བསྟན་པ་སྟེ།། བརླང་བའི་ལས་བྱས་རྣམས་ཀྱི་གང་།། རེ་རེའི་འཁོར་ནི ་བཅུ་དྲུག་ཡོད། ། ཆ་བཞི་དང་ནི་སྒོ་བཞིར་ལྡན།། ཚ་བའི་ནང་ནི་རྣམ་པར་ཕྱེ།། ལྕགས་ཀྱི་རབས་ཀུན་ནས་བསྐོར།། ལྕགས་ཀྱིས་ས་ནི་ཤིན་ཏུ་ཁེབས།། ལྕགས་ཀྱི་ས་གཞི་རབ ་ཚ་བ། འབར་ཞིང་གཟི་བརྗིད་ལྡན་པ་སྟེ།། དཔག་ཚད་བརྒྱ་ཕྲག་དུ་མར་ཡང་།། མེ་ལྕེ་དག་གིས་མཆེད་པར་གནས།། འཇུངས་པ་འདུལ་བ་དྲག་པོ་སྟེ།། མེ་ལྕེར་ལྡན་ཞིང་བསྙེན་པར་དཀའ།། དེ་དག ་བ་སྤུ་སློང་བའི་གཟུགས། ། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ།། དྲང་སྲོང་དག་དང་སྡོམ་ཅན་དང་།། དཀའ་ཐུབ་ཅན་ལ་ཁ་ཟེར་བ།། རྐང་པ་མཐོ་ཞིང་སྤྱིའུ་ཚུགས་སུ།། དམྱལ་བ་དེར་ནི་ལྟུང ་བར་འགྱུར། ། དབང་པོ་ཉམས་པ་དེ་དག་འཚེད།། ཉ་ནི་སྐམ་ལ་བོར་བ་བཞིན།། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་དང་མཚན་དུ་ཆོ་ངེས་འདེབས།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་མདུང་གིས ་ཕོག་གླང་ཆེན་བཞིན། ། ལུས་ཀྱི་ཉེས་པ་སྤྱད་བྱས་ཤིང་།། ངག་གི་ཉེས་པ་སྤྱོད་རྣམས་དང་།། ཡིད་ཀྱི་ཉེས་པ་སྤྱད་བྱས་ནས།། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ།། ཞེས་གསུངས་སོ།། སེམས་ཅན ་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་བ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། ་བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་འགྱུར་བའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་རལ་གྲི་རྣོ་ཞིང ་ཤིན་ཏུ་རྣོལ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ། ། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས ་པར་འགྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་དགས་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསང་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དག་སེམས་ཅན་གཅིག་ལ་གཅིག ་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དེ་དག་རལ་གྲི་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་གཅོད་ཅིང་ཀུན་ཏུ་ཕུག་སྟེ། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤག། ་པར་བྱེད་དོ།། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤག་སྟེ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤེགས་ནས། གང་གི་ཚེ་གཅིག་གིས་གཅིག་བསད་དེ། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། དུས ་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས ་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲགས་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་པང་འཚོ་བར་འགྱུར་རོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་རལ་གྲི་དག་ལག་ཏུ་འོང་བར་འགྱུར་རོ།། ་དེ་ནས་ཡང་སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསང་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་རགས ་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི ་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དེ་དག་རལ་གྲི་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་གཅོད་ཅིང་འབུགས་ཏེ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤག་པར་བྱེད་དོ།། ཀུན་ཏུ་གཅོ ་ཅིང་ཀུན་ཏུ་ཕུག་སྟེ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤེགས་ནས། གང་གི་ཚེ་གཅིག་གིས་གཅིག་བསད་ཅིང་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ ་ཡང་སོས་སུ་སེམས་ཅན་གང་ཡང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་ཏུ་རྣོ་ལ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག་མཐོང་ན ་ཤས་ཆེར་སྡང་བའི་སེམས་དང་། བསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་ལ་ཤང་ལང་དེ་དག་གིས་གཅིག་གིས་གཅིག་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབིགས་ཏེ། ་ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤག་པར་བྱེད་དོ།། ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབིགས་ཏེ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤེགས་ནས། སྔ་མ་བཞིན་ཏེ། གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ ་ཕྱོགས་གཅིག་ཏུ་འདུའོ། ། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཅང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་བྱེད་རྣམས་ཡང་སོས ་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲགས་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་སེམས་ཅན་དེ་དག་གི་སྡིག་པ་མི་དགེ ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་ཏུ་རྣོལ་སྤུ་གྱེན་དུ་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། སྔ ་མ་བཞིན་དུ་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དེ་དག་ཤང་ལང་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབིགས་ལ། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤག་པར་བྱེད་དོ།། ་སྔ་མ་བཞིན་དུ་ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང ་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཆུ་གྲི་ལག་ཏུ་འོང་བར་འགྱུར་རོ།། ་སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་ཆུ་གྲི་དེ་དག་གིས ་གཏུབ་ཅིང་རབ་ཏུ་གཏུབ་ལ། ཀུན་ཏུ་རབ་ཏུ་གཏུབ་པར་འགྱུར་རོ།། གཏུབས་ཤིང་རབ་ཏུ་གཏུབས་ལ། ཀུན་ཏུ་རབ་ཏུ་གཏུབས་ནས། གང་གི་ཚེ་གཅིག་གིས་གཅིག་བསད ་དེ། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། འདི་སྐད ་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲགས་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་ཡང ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཆུ་གྲི་དག་ལག་ཏུ་འོང་བར་འགྱུར་བ་ནས། གཅིག་གིས་གཅིག་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ ་འདྲ་བའི་བར་དུ་རྒྱས་པར་བྱའོ། ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སེཾས་སུ་སེམས་ཅན་གང་སྐྱེས་པ་ནས། སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་སེན་མོ་ན ་ཞིང་ཤིན་ཏུ་ནོ་ལ། རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་བའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི ་སེམས་དང་། བསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་སེན་མོ་དེ་དག་གིས་གཤག་ཅིང་རབ་ཏུ་བཟལ་ཏེ། གཅིག་གིས་གཅིག་གཤག་ཅིང་རབ་ཏུ་བཟལ་ནས ་གང་གི་ཚེ་གཅིག་གིས་གཅིག་བསད་དེ། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། ་སྐབས་ཀྱང་ཡོད་དེ། དེ་ནས་ཡང་སེམས་ཅན་དག་ཡང་འཚོ་བར་འགྱུར་བའི་བར་དུ་རྒྱས་པར་བྱའོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི ་སེན་མོ་རྣོ་ཞིང་ཤིན་ཏུ་རྣོ་ལ། རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། སྔ་མ་བཞིན་ཏེ། ཤི་བར་གྱུར་ནས་ཕྱོགས ་གཅིག་ཏུ་འདུའོ། ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ ་པར་སྨིན་པས། ལྕགས་ཀྱི་མདུང་ཐུང་རྣོ་ཞིང་ཤིན་ཏུ་རྣོལ། རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས ་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་མདུང་ཐུང་དེ་དག་གི་གཅིག་ལ་གཅིག་ཀུན་ཏུ་འབིགས་ཤིང་ངེས་པར་འབིགས་ཏེ། གང་གི་ཚེ་གཅིག་གིས་གཅིག་བསད ་ནས་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ། ། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན ་དེ་དག་ཡང་འཚོ་བར་འགྱུར་བའི་བར་དུ་རྒྱས་པར་བྱའོ། ། དེ་ནས་ཡང་སེམས་ཅན་དེ་དག་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་མདུང་ཐུང་ལག་ཏུ་འོང་བར ་འགྱུར་བ་ནས། ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པའི་བར་དུ་སྔ་མ་བཞིན་ནོ།། ་སེམས་ཅན་དེ་དག་གི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཐོ་བ་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། ་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རྔོན་པ་བཞིན་ཏེ། སྔ་མ་བཞིན་ནོ།། དེ་དག་ཐོ་བ་དེ་དག་གིས་གཅིག་ལ་གཅིག་འཇོམས་ཤིང་རབ་ཏུ་འཇོམས་ལ། ཀུན་ཏུ་འཇོམས་ཏེ། ་བཅོམ་ཞིང་རབ་ཏུ་བཅོམ་ལ། ཀུན་ཏུ་རབ་ཏུ་བཅོམ་ནས། གང་གི་ཚེ་གཅིག་གིས་གཅིག་བསད་དེ། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས ་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲགས་པར ་གྱུར་ཏེ། དེ་ནས་ཡང་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཐོབ་དག་ལག་ཏུ་འོང་བར་འགྱུར་རོ།། ་སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག་མཐོང་ནས། ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུ་བའི་བར་དུ་སྔ་མ་བཞིན་ནོ།། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་རྩེ་གཅིག་པ་དང ་འཕང་མདུང་དང་། གཞུ་ལ་སོགས་པའི་མཚོན་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟང་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ ་དག་ཀྱང་ཡོད་དེ། འདི་སྐད་དུ། ཕན་ཚུན་འཁོན་ཞིང་ཞེ་ནོན་ལ།། མི་རྣམས་མི་ལ་གསོད་པ་དག། ལོ་ནི་བྱེ་བ་ཕྲག་སྟོང་དུ།། སད་ཅིང་གསད་ཅིང་ཕྱིར་ཡང་འཚོ།། ཞེས་ཀྱང་བྱའོ།། གང་དག ་ཕ་མ་སངས་རྒྱས་དང་། ། ཉན་ཐོས་རྣམས་ལ་སྡང་བ་ནི།། དམྱལ་བ་ཆེན་པོ་ཐིག་ནག་ཏུ།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཅེས་བྱ་བ་ལ། ཅིའི་ཕྱིར་སེམས ་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཅེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་ནས། འཐོན་པར་འགྱུར། ་བའི་བར་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་ངག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར ་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ། གན་ཀྱལ་དུ་བཞག་ནས། ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱི་སྟེའུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། ་འབར་བ་གཅིག་ཏུ་གྱུར་པ་དག་གིས་འཇོག་ཅིང་རབ་ཏུ་འཇོག་ས། ཀུན་ཏུ་རབ་ཏུ་འཇོག་སྟེ། དཔེར་མ་ཤིང་ས་ཁན་གྱིས་ཤིང་ས་ལ་བཞག་ནས་ཐིག་གིས་བཏབ་ཨུ0f7f། སྟེ་ལུས་འཇོག་ཅིང་རབ་འཇོག་ལ@#། ་རབ་ཏུ་འཇོག་པ་དེ་བཞིན་དུ། སེམས་ཅན་དམྱལ་བ་ཆེན་པོའི་སྲུངས་མ་དག་གིས། སེམས་ཅན་དེ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ ་གཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག་ནས་ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱི་སྟེའུས་འཇོག་ཅིང་རབ་ཏུ་འཇོག་ལ། ཀུན་ཏུ་རབ་ཏུ་འཛེག་གོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག ་ནག་ཏུ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས། སེམས་ཅན་དེ་དག ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག་ནས། ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱི་སྟ་རེ་འབར་ཞིང ་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པས་བསལ་ཏེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་བཞག་ནས་ཐིག་བཏབ་སྟེ། སྟ་རེས་བསལ་བ་དེ་བཞིན་དུ་སེམས་ཅན་དམྱལ ་བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་སྟ་རེས་བསལ་བའི་བར་དུ་སྔ་མ་བཞིན་ནོ།། གཞན ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པའི་བར་དུ་སྔ་མ་བཞིན་ནོ།། སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས ་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ། མགོ་ཐུར་དུ་བསྟན་ཏེ་བཞག་ནས། སོག་ལེ་ཁ ་གཉིས་སམ། ཁ་གསུམ་མམ། ཁ་མང་དུ་གཤག་པར་བྱེད་དེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་མགོ་ཐུར་དུ་བསྟན་ཏེ་བཞག་ནས། ཁ་གཉིས་སམ། ཁ་གསུམ་མམ། ཁ་མང་དུ་གཤག་པར ་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བ་དག་གི་སྲུངས་མ་དེ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་འབར་བ་ལ་མགོ་ཐུར་དུ་བསྟན་ཏེ་བཞག་ནས། ཁ་གཉིས་སམ། ཁ་གསུམ་མམ། ཁ ་མང་དུ་གཤེགས་པའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ། ། གཞན་ཡང་སེམས་ཅན་དམྱལ་བ་ཐིག་ནག་ཏུ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དག་གི་སྡིག་པ ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་གཤེད་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་རྒྱུད་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར ་པས་མགོ་བོ་དཀྲི་བར་བྱེད་དོ། ། མགོ་བོ་དཀྲིས་ནས་མགུལ་པ་དཀྲི་བར་བྱེད་དོ།། མགུལ་བ་དཀྲིས་ནས་ཕྲག་པ་གཉིས་དཀྲི་བར་བྱེད་དོ།། ཕྲག་པ་གཉིས་དཀྲིས་ནས་ལག་པ་གཉིས ་དཀྲི་བར་བྱེད་དོ། ། ལག་པ་གཉིས་དཀྲིས་ནས་མཆན་ཁུང་གཉིས་དཀྲི་བར་བྱེད་དོ།། མཆན་ཁུང་གཉིས་དཀྲིས་ནས་སྟ་ཟུར་གཉིས་དཀྲི་བར་བྱེད་དོ།། སྟ་ཟུར་གཉིས་དཀྲིས་ནས་བརླ་གཉིས་དཀྲི་བར ་བྱེད་དོ། ། བརླ་གཉིས་དཀྲིས་ནས་རྗེ་ངར་གཉིས་དཀྲི་བར་བྱེད་དོ།། རྗེ་ངར་གཉིས་དཀྲིས་ནས་ལོང་བུ་གཉིས་དཀྲི་བར་བྱེད་དོ།། ལོང་བུ་གཉིས་དཀྲིས་ནས་རྐང་པའི་བོལ་གཉིས་དཀྲི་བར་བྱེད་དོ།། ་རྐང་པའི་བོལ་གཉིས་དཀྲིས་ནས་རྒྱུད་དེའི་ཐོར་ཏོ་ནས་བཟུང་སྟེ། སེན་མོ་ཡན་ཆད་ཀྱང་དཀྲི་བར་བྱེད་དོ།། སེམས་ཅན་དེ་དག་གི་པགས་པ་དང་། ཤ་དང་། ཁྲག་ཡན་ཆད་ཐམས་ཅད་ཕྱིར་འབྱུང་ངོ་།། ་དེ་ལ་སོགས་པ་དེ་ལས་གཞན་པའི་གནོད་པ་རྣམས་ཀྱང་བརྗོད་པར་བྱ་སྟེ། མ་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ ་བ་ཆེན་པོ་ཐིག་ནག་ཅེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟད་ལ། རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ་ལས་ཀྱང་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། ་འདི་སྐད་དུ། བྱ་མིན་བྱེད་དུ་འཇུག་པ་དང་།། མི་རྣམས་མཛའ་བོ་འབྱེད་པ་དང་།། ཕྲ་མ་བརྫུན་སྨྲ་སྨྲ་བྱེད་པ།། ཐིག་ནག་ཏུ་ནི་སྐྱེ་བར་འགྱུར།། ཞེས་ཀྱང་བྱའོ།། ་བམ་པོ་བརྒྱད་པ་སྟེ་ཐ་མའོ།། བར་སྡོམ་ལ། རལ་གྲི་ཤང་ལང་ཆུ་གྲི་དང་།། སེན་མོ་མདུང་ཐུང་ཐོ་བ་རྣམས།། སྟེའུ་སྟ་རེ་སོག་ལེ་དང་།། རྒྱུད་བཞི་དག་ནི་ཐིག་ནག་གི། སྡིག་པ ་རྣམ་གསུམ་བྱས་པ་དང་། ། དགེ་བ་རྣམ་གསུམ་མ་བྱས་པའི།། བློ་ངན་བསྡུས་གཞོམ་སོང་ནས་ནི།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ཞེས་བྱ་བ་ལ ་ཅིའི་ཕྱིར་སེམས་ཅན་དམྱལ་བ་བསྡུས་གཞོམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་གཞི་དཔག་ཚད་མང་པོ་དང་། ་དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་ཡོད་པར་འབྱུང་ངོ་།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི ་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། དེ་དག་དེར་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། བརྒྱ་སྟོང ་ཕྲག་མང་པོ་འདུས་པར་གྱུར་པ་དེའི་ཚེ། དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་དྲ་བ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འགེབས་ཤིང་རབ་ཏུ་འགེབས་ལ། ཀུན་ཏུ་རབ་ཏུ་འགེབས་སོ།། བཀའ ་ཅིང་རབ་ཏུ་བཀབ་ལ། ཀུན་ཏུ་རབ་ཏུ་བཀབ་ནས། དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་ཐོ་བ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འཇོམ་ཞིང་རབ་ཏུ་འཇོམ་ལ ་ཀུན་ཏུ་རབ་ཏུ་འཇོམ་མོ། ། བཅོམ་ཞིང་རབ་ཏུ་བཅོམ་ལ། ཀུན་ཏུ་རབ་ཏུ་བཅོམ་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོ་སྡུག་བསྔལ་ཞིང་མི་བཟང་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པའི་ཚོར་བ་དག་ཉམས ་སུ་མྱོང་བར་འགྱུར་ཏེ། དེ་དག་ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་དག་གཏན་ནས་མ་ཟད་མ་བྱང་གི་བར་དུ་རེ་ཞིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན་ཡང ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ་ལྕགས་ཀྱི་ས་གཞི་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་ཡོད་པར་འབྱུང་ངོ་།། དེ་ནས་སེམས་ཅན་དེ་དག་གནས ་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། དེ་དག་དེར་ཕྱོགས་གཅིག་ཏུ་འདུ་བ་ནས། བརྒྱ་ཕྲག་མང་པོའི་བར་དུ་སྔ་མ ་བཞིན་ཏེ། དེའི་ཚེ་དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་རྦ་བ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འགེབས་ཤིང་རབ་ཏུ་འགེབས་ལ། ཀུན་ཏུ་རབ་ཏུ་འགེབས་སོ།། དེའི་ཚེ་དེ་དག་འཁོད་པའི་སྟེང ་དུ་གླང་པོ་ཆེ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འཆག་ཅིང་རབ་ཏུ་འཆག་ལ། ཀུན་ཏུ་རབ་ཏུ་འཆག་གོ།། བཅགས་ཤིང་རབ་ཏུ་བཅགས་ལ། ཀུན་ཏུ་རབ་ཏུ་བཅགས་ནས། གང་གི་ཚེ་བསད་དེ ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ། ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ ་སེམས་ཅན་དམྱལ་བ་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ་ལྕག་ཀྱི་གརྒྱན་གྱི་ནང་དུ་བཅུག་སྟེ། ལུག་ཀྱི་གཏུན་དག་གིས་མྱུར་བསྒྱུར་བར་བརྡུང་འི་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་སྟེ། དཔེར་ན་མ་རྣམས་ཀྱིས་གཏུན་གྱི་ནང་དུ་འབྲས་ཐུགས་ནུས། གཏུན་བུས་མྱུར་བ ་མྱུར་བར་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི་གཏུན་གྱི་ནང་དུ་བཅུག་སྟེ། ལྕགས་ཀྱི་གཏུན་བུ་ཞེས ་བྱ་བ་ནས། ཀུན་ཏུ་རབ་ཏུ་བརྡུངས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་ནས། ་འཐོན་པར་འགྱུར་བའི་བར་དུ་རྒྱས་པར་བྱ་སྟེ། སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་སྒྲོམ་གྱི་ནང་དུ་བཅུག་སྟེ། ལྕགས་ཀྱི ་གཏུན་བུ་དག་གིས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་སྟེ། དཔེར་ན་མི་རྣམས་ཀྱིས་ས་གར་སྒྲོམ་གྱི་ནང་དུ་བླུག་ནས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་བ་དེ་བཞིན་དུ ་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་ལྕགས་ཀྱི་སྒྲོམ་གྱི་ནང་དུ་བཅུག་ནས། ལྕགས་ཀྱི་གཏུན་བུ་དག་གིས་ཞེས་བྱ་བ་ནས། མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ནོ།། གཞན ་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་གྱུར་པའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱ་སྟེ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ་ལྕགས་ཀྱི་འཁྲུལ་འཁོར་དག་གི་ནང་དུ་བཅུག་སྟེ། འཚིར་ཞིང་རབ་ཏུ་འཆིར་ལ། ཀུན་ཏུ་རབ་ཏུ་འཚར་ཏེ། དཔེར་ན་མི་རྣམས་ཀྱིས་བུ་རམ་ཤིང་དག་འཁྲུལ་འཁོར་གྱི་ནང་དུ་བཅུག་སྟེ། འཆིར་ཞིང་རབ ་ཏུ་འཆིར་ལ། ཀུན་ཏུ་རབ་ཏུ་འཚོར་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་འཁྲུལ་འཁོར་གྱི་ནང་དུ་བཅུག་པ་ནས། ཀུན་ཏུ་རབ་ཏུ་འཆིང ་བའི་བར་དུའོ། ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད ་དུ་མི་འོང་བའི་ཚོར་བ་དག་མྱོང་བར་འགྱུར་ཏེ། དེ་དག་ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་མ་བྱང་མ་ཟད་ཀྱི་བར་དུ་རེ་ཞིག་དུས་བྱེད་པར་མི་འགྱུར་རོ།། གཞན ་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག ་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། རི་ཆེན་པོ་རྒྱ་ཆེ་བ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་ཡོད་དེ། ་སྟེང་གི་ངོས་ནི་མཉམ་ཞིང་སྡུག་ལ། འོག་ན་ནི་ཁྲག་འབྱིན་པར་བྱེད་པའི་ལྕགས་ཡོད་དོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་པ། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང ་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཞིང་དེ་དག་དེའི་ཕྱོགས་གཅིག་ཏུ་འདུག་སྟེ། གང་གི་ཚེ་བརྒྱ་ཕྲག་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱ་སྟེ། དེའི་ཚེ་རི་དེ་སེམས་ཅན་དེ་དག་གི་སྟེང་དུ་ལྷུང་སྟེ ་སེམས་ཅན་དེ་དག་གླེམས་ཤིང་རབ་ཏུ་གླེམ་ལ། ཀུན་ཏུ་རབ་ཏུ་གླེམ་མོ།། གླེམ་ཞིང་རབ་ཏུ་གླེམ་ལ། ཀུན་ཏུ་རབ་ཏུ་གླེམས་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་གྱུར་ཏོ།། དེ ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པའི ་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། རིའི་སུལ་ཆེན་པོ་དག་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོའི་བར ་དུ་སྔ་མ་བཞིན་ནོ། ། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་པ་ནས། འབྱུང་བའི་ཐབས་ཚོལ་བའི་བར་དུ་སྔ་མ་བཞིན་ནོ།། དེ་དག་དེར་ཞུགས་པ་ནས། བརྒྱ་ཕྲག་མང་པོའི་ནང་དུ་ཞུགས ་པའི་བར་དུ་སྟེ། དེའི་ཚེ་རི་ཡུལ་དེ་དག་ཕྱིར་གྱེད་དེ། སེམས་ཅན་དེ་དག་འཇིགས་པ་དང་། སྤངས་པ་དང་། སྤུ་ལྡང་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡི་ཆེད་དེ། ་སྤུ་ལངས་ནས་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། བརྒྱ་སྟོང་ཕྲག་མང་པོ་དག་འདུས་པར་གྱུར་པ་དེའི་ཚེ། རྀ་དེ་དག་ཕྱོགས་གཉིས་ཀ་ནས་འདུས་ཏེ། ་སེམས་ཅན་དེ་དག་བཅོམ་ཞིང་རབ་ཏུ་བཙེམ་ལ། ཀུན་ཏུ་རབ་ཏུ་བཙེམ་མོ།། བཅོམ་ཞིང་རབ་ཏུ་བཅོམ་ལ། ཀུན་ཏུ་རབ་ཏུ་བཙེམས་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱིར་འགྱེད་དོ།། ་དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་སྐྱེས་པ་དང་། འཐོན་པར་འགྱུར་བའི་བར་དུ་སྟེ ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་གཞི་དེའི་ནང་ནགས་ཚལ་དཔག་ཚད་མང་པོ་ནས། སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ ་དེར་ཀུན་ཏུ་རབ་ཏུ་རྒྱུག་པའི་བར་དུ་རྒྱས་པར་བྱ་སྟེ། དེ་དག་དེའི་ནང་དུ་འགྲོའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། བརྒྱ་སྟོང་ཕྲག་མང་པོ་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་དག ་འཁོད་པའི་འོག་དང་། སྟེང་དང་། ཕྱོགས་བཞི་ནས་མེ་ལྕེ་འབྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། དངང་བ་དང་། སྤུ་ལྡང་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡ ་ཆད་དེ། སྤུ་ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་འདུས་པར་གྱུར་པའི་བར་དུ་རྒྱས་པར་བྱ་སྟེ། དེའི་ཚེ་མེ་དེ་དག་གིས་ས་གཞི་རབ་ཏུ་འབར་བར་བྱེད་དོ།། ས་གཞི་རབ་ཏུ ་འབར་བར་བྱས་ནས། ནགས་ཚལ་རབ་ཏུ་འབར་བར་བྱེད་དོ།། ནགས་ཚལ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འབར་ཞིང་རབ་ཏུ་འབར་ལ། ་། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཅི་སྟེ་ཤར་ཕྱོགས་སུ་འགྲོན་ཡང་མ་འབའ་ཞིག་མཐོང་ངོ་།། ཅི་སྟེ་ལྷོ་དང་། ནུབ་དང་། བྱང་དུ་བརྒྱུགས་ན་ཡང་མེ་འབའ་ཞིག་མཐོང་ཞིང་ཚིག་སྟེ། ་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ཏེ། འདི་སྐད་དུ། བ་ལངར་ལུག་མ་ཧེ་དང་།། རི་དགས་ཕག་དང་བྱ ་གག་དང་། ། དེ་བཞིན་གཞན་གྱི་སྲོག་གཅོད་པས།། བསྡུས་གཞོམ་དུ་ནི་བཅོམ་པར་འགྱུར།། ཞེས་ཀྱང་བྱའོ།། སྡོམ་ལ་ས་གཞི་དང་ནི་ཐོབའི་སྒོམ།། འཁྲུལ་འཁོར་དང་ནི་འཇོམས ་དང་རི། ། དེ་ནས་རི་སུལ་ནགས་ཚལ་རྣམས།། བསྡུས་གཞོམ་ན་ནི་གནོད་པ་བརྒྱད།། དེ་ལ་སོགས་པའི་གནོད་པ་མང་པོ་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་།། ་འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་བསྡུས་གཞོམ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བ་སྲོག་གཅོད་པར་བྱེད་པ ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དོ།། སྲོག་གཅོད་པ་ཡི་སེམས་ཅན་རྣམས།། བརླང་ཞིང་ཁྲག་ནི་འཐུང་བ་དང་།། ངན་པའི་ལས་ནི་ཀུན་སྤྱོད་པ།། ངུ་འབོད ་ཆུང་ངུར་འགྲོ་བར་འགྱུར། ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་ངུ་ཞེས་བྱ་བ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་ངུ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་ངུར ་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་གཞི་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱའོ།། ། ་དེའི་ནང་ན་ནགས་ཐིབས་པོ་ཡོད་དེ། དེ་ནས་སེམས་ཅན་དེ་དག་གིས་དེར་རྒྱུག་ཅིང་། དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏོ།། དེ་དག ་དེར་ཕྱོགས་གཅིག་ཏུ་འདུའོ། ། གང་གི་ཚེ་བརྒྱ་ཕྲག་མང་པོ་ནས། འདུས་པར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ། དེ་ནས་དེ་དག་གི་འོག་དང་། སྟེང་དང་། ཕྱོགས་བཞི་ནས་མེ་འབྱུང་སྟེ། སེམས་ཅན་དེ་དག ་འཇིགས་པ་དང་། སྐྲག་པ་དང་། ཡི་ཆད་དེ། སྤུ་ལྡང་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ། ཡི་ཆད་དེ། བ་སྤུ་ལངས་པར་གྱུར་ནས། ནགས་ཐིབས་པོའི་ནང་དུ་འགྲོའོ།། གང་གི ་ཚེ་བརྒྱ་ཕྲག་མང་པོ་ནས། དེ་དག་ནུས་པར་གྱུར་པའི་བར་དུ་སྟེ། དེའི་ཚེ་མེ་དེས་ས་གཞི་རབ་ཏུ་འབར་བར་བྱེད་དེ། ས་གཞི་རབ་ཏུ་འབར་བར་བྱས་ནས་ནགས་ཐིབས་པོ་རབ་ཏུ་འབར་བར་བྱེད་དོ།། ནགས ་ཐིབས་པོ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་དག་དེར་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས། ཅི་སྟེ་ཤར་ཕྱོགས་སུ ་བརྒྱུགས་ན་ཡང་མེ་འབའ་ཞིག་མཐོང་བ་ན། དེ་དག་དེ་ལྟ་བུའི་ཚུལ་གྱིས་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ཏེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ ་ངག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་ངུ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟང་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བ་སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན ་མང་པོ་དག་ཀྱང་ཡོད་དེ། འདི་སྐད་དུ། མི་རྣམས་བརླང་འདེབས་རྒྱུ་བྱེད་པའི།། སྐྱེ་བོ་དག་ནི་བསྡུས་ནས་ཀྱང་།། ངུ་འབོང་དུ་ནི་རབ་བསྒྲགས་ཅིང་།། འཇིགས་པའི་ང་རོ་ཚེ་ངེས་འདེབས།། ཞེས་ཀྱང་བྱའོ།། ་ལྟ་བའི་ཐིབས་པོས་ཁེབས་པ་དང་།། སྲེད་པའི་བཅིང་བས་བཅིངས་པ་དང་།། དམའ་བའི་ལས་ཀྱི་ཀུན་སྤྱོད་པ།། ངུ་འབོད་ཆེན་པོར་སྐྱེ་བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད ་ཆེན་པོ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོར་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར ་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ས་གཞི་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱའོ།། ནགས་ཐིབས་པོ་དེའི་ནང་ན་ཁྱིམ་ཡོད་དེ། དེ་ནས་སེམས་ཅན ་དེ་དག་རྒྱུག་པའི་བར་དུ་རྒྱས་པར་བྱའོ། ། དེའི་ཚེ་དེ་དག་གི་འོག་དང་། སྟེང་དང་། ཕྱོགས་བཞི་ནས་མེ་བྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། སྐྲག་པ་དང་། སྤུ་ལྡང་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང ་སྒྲག་ལ་ཡི་ཆད་དེ། བ་སྤུ་ལངས་ནས། ནགས་ཐིབས་པོའི་ནང་དུ་འགྲོའོ།། ནགས་ཐིབས་པོའི་ནང་དུ་ཞུགས་ནས། གང་གི་ཚེ་བརྒྱ་སྟོང་མང་པོར་ཞུགས་པར་གྱུར་པ་དེའི་ཚེ། མེ་དེས་ས་གཞི་རབ་ཏུ་འབར་བར་བྱེད་དོ།། ས་གཞི་རབ ་ཏུ་འབར་བར་བྱས་ནས། ནགས་ཐིབས་པོ་རབ་ཏུ་འབར་བར་བྱེད་དོ།། ནགས་ཐིབས་པོ་རབ་ཏུ་འབར་བར་བྱས་ནས། ཁྱིམ་རབ་ཏུ་འབར་བར་བྱེད་དོ།། ཁྱིམ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། ་དེ་ནས་སེམས་ཅན་དེ་དག་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ནས། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མ་དགེ་བའི་ལས་དེ་གཏན་ནས་མ་བྱངམ་ཟད ་ཀྱི་བར་དུ་སྔ་མ་བཞིན་ནོ། ། དེ་ལ་སོགས་པའི་གནོད་པའི་ལས་རྣམས་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཆེན ་པོ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་། སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་པའི་བར་དུ་རྒྱས་པར་བྱས་ཏེ། འདི་སྐད་དུ། དོར་སྤུ་བྱེད་པའི་མི་རྣམས་ནི།། ངུ་འབོད་ཆེན་པོར་སོང ་གྱུར་ནས། ། ཚིག་ཅིང་སྤུ་ཡང་ལྡང་གྱུར་ལ།། ཁྱིམ་གྱི་ནང་དུ་སྲུང་ཞིང་སྲེག། ཅེས་ཀྱང་བྱའོ།། སྐྱེ་བོ་མང་ལ་གནོད་བྱས་ཤིང་།། ཚ་བར་འགྱུར་བའི་ལས་བྱས་པ།། བློ་ངན་ཚ་བར་སོང་ནས་ནི།། སྡུག་བསྔལ་ཚོར་བ་ཉམས་སུ་མྱོང ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཆེ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱི་ས་གཞི་ལ་དོང་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། ་འབར་བ་གཅིག་ཏུ་གྱུར་པའི་ནང་དུ་རབ་ཏུ་བསྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱིར་ཕྱུང་སྟེ། ལྕགས་ཀྱི་ཏི་ཙ་ལ་བཞག་ནས། ལྕགས་ཀྱི་ཐོ་བས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུངས་ཏེ། དཔེར ་ན་ལྕགས་མགར་གྱིས་ལྕགས་དང་། ཚོན་མོ་སྟེང་གི་མགར་བས་ཚོན་མོ་སྟེང་དང་། ལུགས་མགར་གྱིས་ལུགས་སུ་བྱ་བ་དང་། ཞ་ཉེའི་མགར་བས་ཞ་ཉེ་དང་གསེར་མགར་གྱིས་གསེར་དང་། དངུལ ་མགར་གྱིས་དངུལ་མདག་མའི་དོང་དུ་བསྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱུང་སྟེ། ལྕགས་ཀྱི་ཏི་ཙ་ལ་བཞག་ནས། ལྕགས་ཀྱི་ཐོ་བས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ ་བརྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་དོང་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར ་པའི་ནང་དུ་བསྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱིར་ཕྱུང་སྟེ། ལྕགས་ཀྱི་ཏི་ཙ་ལ་བཞག་ནས། ལྕགས་ཀྱི་ཐོ་བས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས ་བྱ་བ་ནས། རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བར་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་ཏེ། དེ་དག་སེམས་ཅན ་དམྱལ་བའི་སྲུངས་མ་རྣམས་ཀྱིས་བཟུང་ནས། ལྕགས་ཀྱི་མདུང་རྩེ་གསུམ་པའི་སྟན་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་འདུག་ཏུ་བཅུག་སྟེ། རྩེ་མོ ་གཅིག་གིས་ནི་དེའི་རྐུ་བ་གཡས་ལོགས་སུ་བརྟོལ་ཏེ། ཕྲག་པ་གཡས་པར་ཕྱུང་ངོ་།། རྩེ་མོ་གཉིས་པས་ནི་རྐུ་བ་གཡོན་ལོགས་སུ་བརྟོལ་ཏེ། ཕྲག་པ་གཡོན་པར་འབྱུང་ངོ་།། རྩེ་མོ་གསུམ་པས་ནི་ལྟོའི་ནང ་ནས་བརྟོལ་ཏེ། སྤྱི་བོར་འབྱུང་ངོ་།། དེའི་མིག་གི་བུག་གཉིས་ནས་ཀྱང་མེ་འབྱུང་ལ། རྣ་བ་དང་། སྣ་དང་། ཁའི་ནང་དང་། བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབྱུང་སྟེ། དེ་དག་དེ་ལྟ་བུའི་ཚུལ ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ། ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། འཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་ཏེ། ་སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་བཟུང་ནས། དབུགས་པའི་གནོད་པ་ཆེན་པོ་བྱེད་དེ། དེའི་མིག་གི་བུ་གུ་གཉིས་ནས་ཀྱང་མེ་འབྱུང་ལ། རྣ་བ་གཉིས་དང་། སྣ་དང་། ཁའི་ནང ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་འབྱུང་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན ་ནས་མ་བྱང་མ་ཟད་ཀྱི་བར་དུ་དེ་ལ་སོགས་པའི་གནོད་པ་མང་པོ་དག་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན ་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟད་པ་དང་། རྩུབ་ཤིང་ཚ་བ་དང་། ཡིད་དུ་མི་འོང་བའི་སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། ་འདི་སྐད་དུ། དགེ་སྦྱོང་བྲམ་ཟེ་དགེ་བ་དང་།། དེ་བཞིན་གང་ཞིག་ཕ་མ་ལ། གནོད་པ་མིན་པས་གནོད་བྱེད་པ།། དེ་ནི་ཚ་བར་རབ་ཏུ་སྲེག། ཅེས་ཀྱང་བྱའོ།། བདེ་འགྲོར་འགྲོ་བའི་ལས་དང་ནི།། ་འདོད་པའི་འབྲས་བུ་འགྱུར་བ་སྤོང་།། བློ་ངན་འདོད་མིན་ལས་བྱེད་པ།། དེ་ནི་རབ་ཏུ་ཚ་བར་སྲེག། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ ་ཚ་བ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་བཟུང་སྟེ། ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར་བཅང་ནས། ལྕགས་ཀྱི་གསལ་ཤིང་ལ་བཙུགས་ཏེ། ལྕགས ་ཀྱི་དེང་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པའི་ནང་དུ་སྲེག་ཅིང་ཟློག་པར་བྱེད་དེ། དཔེར་ན་གཡོས་མཁན་གྱི་ཤ་མཚོན་གྱིས་དུམ་བུ་དུམ་བུར་བཅད་ནས་ཐུར་མ་ལ ་བཙུགས་ཏེ། མདག་མའི་དོང་བུར་བསྲེག་ཅིང་བསྲེག་ཅིང་ཟློག་པར་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་ནས། དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ།། ་གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་སྐྱེས་པ་དང་། འཐོན་པར་འགྱུར་བའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས།། ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར་བཅད་དེ། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། ་འབར་བ་གཅིག་ཏུ་གྱུར་པ་ལ་རབ་ཏུ་བསྒྲེ་ཞིང་ཤིན་ཏུ་རྡོ་བར་བྱེད་དེ། དཔེར་ན་གཡོས་མཁན་གྱིས་ཤ་ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར་བཅད་ནས་སྣོད་དུ་བཅུག་སྟེ། རབ་ཏུ་བསྒྲེ་ཞིང་ཤིན་ཏུ་རྡོ་བར ་བྱེད་དེ། ཁུ་བ་ཡང་སྐམ་པར་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་ནས། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ ་རབ་ཏུ་ཚ་བར་སེམས་ཅན་གང་སྐྱེས་པ་ནས། སྔ་མ་བཞིན་ཏེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་མཚོན་གྱིས་ཁ་གཉིས་སམ། ཁ་གསུམ་མམ། ཁ་མང ་དུ་གཤག་སྟེ། ལྕགས་ཀྱི་སླ་ངའི་ནང་དུ་བཅུག་ནས་རྡོ་བར་བྱེད་དེ། དཔེར་ན་ཉ་དུམ་བུ་གཉིས་སམ། གསུམ་མམ། དུམ་བུ་དུམ་བུར་གཏུབས་ནས། སླ་ངའི་ནང་དུ་བཅུག་སྟེ་རྡོ་བ་དེ་བཞིན་དུ། སེམས ་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་ཞེས་བྱ་བ་ནས། དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག ་སྐྱེས་པ་ནས། སྔ་མ་བཞིན་ཏེ། ལྕགས་ཀྱི་རྫ་དུས་དགའ་བ་ཞེས་བྱ་བ་དང་། ཉེ་དགའ་བྱ་བ་གཉིས་ཡོད་པ་ལ། རྫ་བུམ་དགའ་བ་ལ་ནི་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ། འཕང ་དུ་དཔག་ཚད་དྲུག་ཅུ། སྦོམས་སུ་དཔག་ཚད་བརྒྱ་ལྔ་བཅུ་ཡོད་དོ།། རྫ་བུམ་ཉེ་དགའ་ལ་ནི་ཆུར་དཔག་ཚད་བརྒྱ་ལྔ་བཅུ་རྩ་གཅིག། ཞེང་དུ་ཡང་དཔག་ཚད་བརྒྱ་ལྔ་བཅུ་རྩ་གཅིག། འཕང་དུ་དཔག་ཚད་དྲུག ་ཅུསྦོམས་སུ་ནི་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ལ། བ་ཚའི་ཆུ་ཁོལ་བས་གང་སྟེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་བཟུང་ནས། རྫ་བུམ་དགའ་བ་དང་། ་ཉེ་དགའ་གཉིས་ཀྱི་ནང་དུ་སྤྱིའུ་ཚུགས་སུ་བོར་ཏེ། དེ་དག་དེ་ན་ཞབས་སུ་ཡང་འགྲོ་སྟེ། སྐོལ་ཞིང་འཚེད་ལ། སྟེང་དུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་དོ།། ཕྱོགས་དང་། ཕྱོགས་འཚམས་སུ་ཡང་འགྲོ ་#། སྟེ་སྒྲོལ་ཞིང་འཚེད་དོ།། དབུས་ན་ནི་བུ་པ་འདུས་ཤིང་འདུགསྟེ། དཔེར་ན་ཏིལ་ལས། འབྲས་སས།། སོན་སྲན་གྲེའུ་འམ། རྒྱ་ཤུག་གི་འབྲས་བུ་འམ། རྒྱ་སྲན་ནས།། ་མང་པོ་སྣོད་ཀྱི་ནང་དུ་བླུགས་ཏེ། འོག་ནས་མེ་དྲག་ཏུ་སྦར་ན། འོག་ཏུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་ལ། སྟེང་དུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་དོ།། དབུས་ན་ནི་དབུ་བ་འདུས་ཤིང་འདུག་པ་དེ་བཞིན་དུ། ་སེམས་ཅན་དམྱལ་བའི་སྲུངས་མ་ནས། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་དག་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་རྒྱས་པར་བྱའོ།། དེ་ལ་སོགས་པའི་གནོད ་པ་མང་པོ་དག་ཀྱང་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱའོ།། དེ་སྡུག ་བསྔལ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། སྔ་མ་བཞིན་ནོ།། འདི་སྐད་དུ། དགེ་སྦྱོང་བྲམ་ཟེ་དགེ་བ་དང་།། དེ་བཞིན་གང་གི་ཕ་མ་དང་།། གང་ཞིག་བླ་མ་གཞན་གསོད་པ།། དེ་ནི་རབ་ཏུ ་ཚ་བར་སྲེག། ཅེས་ཀྱང་བྱའོ།། སྡོམ་ལ། དོང་དང་ལྕགས་དང་དབུག་པ་དང་།། ཚ་བ་དང་ནི་གནོད་པ་གསུམ།། གསལ་ཤིང་སྡོད་དང་སྤང་དང་།། རྫ་བུམ་བཞིན་དུ་རབ་ཏུ་ཚ།། ངན ་འགྲོར་འགྲོ་བའི་ལས་རྣམས་ལས། ། ཤས་ཆེར་བྱས་པར་གྱུར་ན་ནི།། བློ་ངན་མནར་མེད་སོང་ནས་ཀྱང་།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་ཅེས་བྱ་བ་ལ། ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེད ་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག ་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག་ནས། མི་བཟད་པའི་བཅིང་བ་རྣམ་པ་ལྔའི་བཅིང་བས་གནོད་པ་བྱེད་དེ། ལག་པ་གཉིས་ཀྱང་ལྕགས་ཀྱི་ཕུར་པས་འདེབས་ལ། རྐང་པ་གཉིས་དང་། དབུས་སུ་སྙིང ་ཀར་ཡང་ལྕགས་ཀྱི་ཕུར་པས་འདེབས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས། རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་སྐྱེས་ཞེས་བྱ་བ་ནས། ་སྔ་མ་བཞིན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག ་ནས། ཁ་ནས་ལྕེ་ཕྱུང་སྟེ། ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས། སེམས་ཅན་དེ་དག་གི་ལྕེ་དག་ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་པས་གཉེར་མ་རངས་པར་འགྱུར་ཞིང་། ཐང་ཆད་པར་འགྱུར་ཏེ། ་དཔེར་ན་གླང་གི་ཀོ་བ་ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས། གཉེར་མ་རངས་པར་འགྱུར་ཞིང་། ཐང་ཆད་པར་གྱུར་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་ཞེས་བྱ་བ་ནས། རྒྱས་པར་དེ་དག་དེ་ལྟ ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དེ་དག་སེམས་ཅན་དམྱལ་བ ་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་སྤྱིའུ་ཚུགས་སུ་བཞག་ནས། གློ་གཉིས་ཀ་ནས་པགས་པ་བཤུས ་ཏེ། ལྷག་པར་ཐུག་པར་བཤུས་ནས། ལྕགས་ཀྱི་ཤིང་རྟ་འདྲེན་དུ་བཅུག་སྟེ། ལམ་གྱི་བརྒྱད་མདོར་གང་འདོད་པ་དང་། ཅི་དགའ་བ་དང་། ཇི་སྲིད་དུ་འདོད་པར་འགྲོར་བཅུག་ཅིང་ཕྱིར་ཡང་ཟློག་པར་བྱེད་དེ། ་དཔེར་ན་རྟ་གཡུང་པོ་བཞི་དང་སྦྱར་བའི་ཤིང་རྟ་སྲབ་མདའ་རིང་པོ་དང་། རྟོད་པ་དང་། ལྕགས་དང་སྦྱར་ཏེ། ལམ་གྱི་བཞི་མདོ་ཆེན་པོར་བཞག་པ་དེ་གཉའ་ཤིང་གིས་འདུལ་བའི་ཁ་ལོ་བ་མཁས་པས ་མྱུར་ཞིང་མྱུར་བར་ཞོན་ཏེ། ལག་པ་གཡོན་པས་ནི་སྲབ་མདའ་བཟུང་ལག་པ་གཡས་པས་ནི་གཞུ་བའི་ལྕགས་ཐོགས་ཏེ། ལམ་གྱི་བརྒྱད་མདོར་གང་དུ་འདོད་པ་དང་། ཅི་དགའ་བ་དང་། ཇི་སྲིད ་འདོད་པར་འགྲོར་བཅུག་ཅིང་། ཕྱིར་སླར་ཡང་བཟློག་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ཞེས་བྱ་བ་ནས། རྒྱས་པར་དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བའི་བར་དུ་སྔ་མ ་བཞིན་ནོ། ། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ་ལྕགས་ཀྱིས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་བཞག་ནས། ལྕགས་ཀྱི་ཞིབ་མས་ལྕགས་ཀྱི་མདག་མ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་འཁྲབ་ཏུ་འཇུག་ཅིང་གཅིག་ཏུ་འཇུག་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན ་པོ་མནར་མེད་པར་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བསྲུངས་ནས། ལྕགས་ཀྱི་རི་འབར་ཞིང་། རབ་ཏུ་འབར་ལ། ་ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་འཛེག་ཏུ་འཇུག་པའི་ཕྱིར་ཡང་འབབ་ཏུ་བཅུག་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱ་སྟེ། དེ་ལ་སོགས་པ ་དེ་ལས་གཞན་པ་རབ་ཏུ་མང་པོ་དག་ཀྱང་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པས་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་མནར ་མེད་པ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟང་ལ་རྩུབ་ཤིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། འདི་སྐད་དུ ་གང་ཞིག་ཆོས་ལ་ཆོས་མིན་དང་། ། ཆོས་མ་ཡིན་ལ་ཆོས་སུ་སྨྲ།། སྐྱེ་བོ་དམ་པ་དག་ལ་སྣང་།། མེད་པར་ལྟ་བ་མནར་མེད་ལྟུང་།། སྡོམ་ལ། མི་བཟད་འཆིང་བའི་གནོད་པ་དང་།། དེ་ནས ་ལྕེ་ནི་ཕུར་བརྒྱས་བརྒྱངས། ། ཤིང་རྟ་ཁྲིད་དང་འཁྲབ་དང་རི།། གནོད་པ་ལྔ་ཚན་སྦྱར་བ་ཡིན།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱ ་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན་དེ་དག་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། ངེས་པར་འབྲོས་པར ་བྱའོ་སྙམ་མོ། ། དེ་དག་ཕལ་ཆེར་དེར་ཕྱིན་ན་ཤར་ཕྱོགས་ཀྱི་སྒོ་གཅད་པར་འགྱུར་ཏེ། དེ་དག་དེར་སྣད་ཅིང་སྨས་ཏེ། འགྱེལ་ནས་གཅིག་གི་སྟེང་དུ་གཅིག་འཕུངས་པར་འགྱུར་ཏེ། དཔེར་ན་རྩཝའམ་ཤིང ་བཞིན་ལ། ཉམ་ཐག་པའི་སྐད་ཀྱིས་ཆོ་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟོད་ལ་ཚ་ཞིང་རྩུབ་པ་དང་། ཡིད་དུ་མི་འོང་བའི་ཆོས་ཉམས་སུ་མྱོང་སྟེ། སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར ་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་རེ་ཞིག་དུས་བྱེད་པར་མི་འགྱུར་རོ། ། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཡུན་རིང་མོ་ཞིག་འདས ་ནས། ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། སེམས་ཅན་དེ་དག་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། ་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། འདིར་བྱུང་སྟེ་འདི་ནས་འབྲོས་པར་བྱའོ་སྙམ་མོ།། དེ་དག་དེ་ནས་བྱུང་ནས་འབྲོས་ཏེ། བྱིས་པ་དེ་དག་ནི་ཐར་པ་མ་ཡིན་པ་ལ་ཐར་པར་འདུ ་ཤེས་ཏེ། མི་ཤེས་པའོ།། དེ་ནས་ཡང་ལྷག་པའི་འཁོར་མྱོང་བར་བྱེད་པ་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དེའི་འདབ་དྲུང་ཉིད་ན། མེ་མར་མུར་པུས་མོ་ནུབ་པ ་ཙམ་ལ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོའི་བར་དུ་རྒྱས་པར་བྱས་ཏེ། དེ་དག་དེར་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི ་ཐབས་ཚོལ་ཏེ། དེ་དག་དེར་རྐང་པ་བཞག་ན་ནི་པགས་པ་དང་། ཤ་དང་། ཁྲག་ཀུན་ཞིགས་པར་འགྱུར་ལ། རྐང་པ་བཏེག་ན་ནི་པགས་པ་དང་། ཤ་དང་། ཁྲག་ཀུན་ཕྱིར་ཡང་སྐྱེ་བར་འགྱུར་ཏེ། ་དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོར་ཞེས་བྱ་བ་ནས། སྔ་མ་བཞིན་ནོ།། མེ་མར་མུར་པུས་མོར་ཕྱིན་པ་ཙམ་གྱིས་འདབ་དྲུང་ཉིད་ན་རོ་མྱགས་པ་དང་། ཕྱི་སའི་འདམ་དཔག་ཚད་མང་པོའི་བར་དུ ་རྒྱས་པར་བྱ་སྟེ། འཕང་དུ་ནི་མི་ཡས་ལ་བརྩོག་ཅིང་དྲི་ང་བ་དང་། བཤུལ་ཞིང་ཡིད་དང་འཐུན་པ་མ་ཡིན་པ་ཡོད་དོ།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས ་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། འབྲོས་པར་བྱེད་དོ།། རོ་མྱགས་པ་དང་། ཕྱི་སའི་འདས་དེ་ན་འབུ་མཆུ་རྣོན་ཞེས་བྱ་བ་ཐལ་ཀར་དུ་འདུག་ཅིང་མགོ་བོ་གནག་ལ ་མཆུ་ཁབ་འདྲ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་པགས་པ་འབིགས་སོ།། པགས་པ་ཕུག་ནས་ཤ་འབིགས་སོ།། ཤ་ཕུག་ནས་རྒྱས་པ་འབིགས་སོ།། རྒྱས་པ་ཕུག་ནས་རུས་པ་འཇིག ་སོ། ། རུས་པ་ཕུག་ནས་རྐང་འབྲུ་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས། རྒྱས་པར་བྱའོ།། རོ་མྱགས་པ་དང་། ཕྱི་སའི་འདམ་གྱི་འདབ་དྲུང་ཉིད་ན་ལམ་པོ་ཆེའི་སྤུ་གྲིའི་སོ ་བལྟམས་པ་ཞེས་བྱ་བ་ཡོད་དེ། དཔག་ཚད་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱའོ།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན ་ཏུ་རབ་ཏུ་རྒྱུག་གོ། ། དེ་དག་དེར་རྐང་པ་བཞག་ན་ནི་པགས་པ་དང་། ཤ་གཅོད་ཅིང་ཁྲག་འབྱིན་ཏོ།། རྐང་པ་བཏེག་ན་ནི་པགས་པ་དང་། ཤ་དང་། ཁྲག་ཀུན་ཕྱིར་ཡང་སྐྱེས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས ་ལོ་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱའོ།། ལམ་པོ་ཆེ་སྤུ་གྲིའི་སོ་བལྟམས་པ་ཞེས་བྱ་བའི་འདབ་དྲུང་ཉིད་ན་ལོ་མ་རལ་གྲིའི་སོ་ལྟ་བུའི་ཚིལ། ཤིང་ཨ་མྲའི་ཚལ་སྔོན་པོ་ལྟར་སྣང་བ་ཡོད་དེ། དཔག་ཚད ་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱ་སྟེ། སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ་ནང་དུ་འཇུག་གོ།། དེ་དག་དེར་ཞུགས་ནས་དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ ་ལས་བྱུང་བའི་རླུང་ཚ་བ་ལྡང་སྟེ། རལ་གྲི་དེ་དག་རྩ་བ་ནས་གློག་སྟེ། སེམས་ཅན་དེ་དག་གི་སྟེང་དུ་ལྷུང་ནས་ལག་པ་དག་ཀྱང་གཅོད་ཅིང་། རྐང་པ་དག་དང་། རྣ་བ་དང་། སྣ་དག་དང་། ཡན་ལག་དང་། ཉིང ་ལག་དང་། གཞན་དང་གཞན་དག་ཀྱང་གཅོད་དེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས། སྔ་མ་བཞིན་ནོ།། ལོ་མ་རལ་གྲི་སོ་ལྟ་བུའི་ཚལ་དེ་ན་ཁྱི་ནག་བཀྲ་ཞེས་བྱ་བ་གནས་ཏེ། སེམས་ཅན་དེ་དག་ས་ལ ་སྤྱིའུ་ཚུགས་སུ་བརྡབས་ནས། མཚན་གཡས་གཡོན་གྱི་པགས་པ་དང་། སྒལ་ཚིགས་ཕྱུང་ཞིང་ཕྱུང་ཞིང་ཟའོ།། ལོ་མ་རལ་གྲིའི་སོ་ལྟ་བུའི་ཚལ་དེའི་འདབ་དྲུང་ཉིད་ན། ལྕགས་ཀྱི་ཤིང་ཤལ་མ་ལི་དཔག་ཚད ་མང་པོ་ཞེས་བྱ་བ་ནས། སྔ་མ་བཞིན་ཏེ། མི་འགྲེང་བརྒྱ་ཕྲག་ས་ཡའི་སྲིད་ཙམ་ཡོད་པ། ཚེར་མ་རྣོ་ཞིང་སོར་བཅུ་དྲུག་པ་ལ་ཚལ་སྔོན་པོའི་འཕྲེང་བ་ལྟར་སྣང་བ་ཡོད་དེ། སེམས་ཅན་དེ་དག་དེའི་ནང་དུ་འགྲོ་ཞིང ་གནས་ཚོལ་བ་ནས། སྔ་མ་བཞིན་ཏེ། དེ་དག་དེ་ལ་འཛེག་གོ།། དེ་དག་དེ་ལ་འཛེག་ན་ཚེར་མ་རྣམས་ཁ་ཐུར་དུ་ལྟ་ལ། ཕྱིར་འབབ་ན་ཚེར་མ་རྣམས་ཁ་གྱེན་དུ་ལྟའོ།། ལྕགས་ཀྱི་ཤལ་མ་ལིའི་ཚལ་དེ་ན ་ཁཱ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ཕྲག་པ་འམ། མགོ་བོར་འདུག་ནས་མིག་འབྲུ་ཞིང་འབྲུ་ཞིང་ཟའོ།། མགོ་བོ་བརྟོལ་ནས་ཀླད་པ་འབྲུའོ།། ལྕགས་ཀྱི་ཤིང་ཤལ་མ ་ལའི་ཚལ་དེ་ན་ལྕགས་ཀྱི་རྫ་རུམ་དང་། འཁར་ཟངས་པ་ཚའི་ཆུ་ཁོལ་བས་གང་ཞིག་འདུག་པ་ཡོད་དེ། གང་གི་ཚེ་སེམས་ཅན་དེ་དག་ལྕགས་ཀྱི་ཤིང་ཤལ་མ་ལའི་ཚལ་ལས་སྣང་ཅིང་སྨས་ཏེ། འབབ་པར ་གྱུར་པ་དེའི་ཚེ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་རྫ་རུམ་འཁར་ཟངས་ཀྱི་ནང་དུ་སྤྱིའུ་ཚུགས་སུ་འདོར་རོ།། དེ་དག་དེའི་ནང་དུ་འོག་ཏུ་ཡང་འགྲོ་སྟེ ་སྐོལ་ཞིང་འཚེད་དོ། ། དེ་བཞིན་དུ་སྟེང་དང་། ཐད་ཀ་དང་། ཕྱོགས་མཚམས་སུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་པ་ནི། དཔེར་ན་ཏིལ་ལམ། མོན་སྲན་གྲེའུ་ཞེས་བྱ་བ་ནས། དེ་དག་དེ་ལྟ་བུའི་ཚུལ ་གྱིས་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ། ། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དེའི་འདབ་དྲུང་ཉིད་ན། ཆུ་ཀླུང་རབ་མེད་ཅེས་བྱ་བ་ཞིག་ཡོད་དེ། བ་ཚའི་ཆུ་རོལ་བས་གང་བ་དཔག་ཚད ་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱ་སྟེ། སེམས་ཅན་དེ་དག་གིས་རྒྱང་རིང་པོ་ནས་མཐོང་ན་ཆུ་གྲང་མོ་འདྲ་བར་སྣང་ངོ་།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། འབྲོས་པར་བྱེད་དོ།། ཆུ་ཀླུང་དེའི་འགྲམ་གཡས་གཡོན་ན། གཤིན་རྗེའི་མི་ལག་ན་རལ་གྲི་ཐོགས་པ་དང་། ལག་ན་མདུང་ཐུང་ཐོགས་པ་དང་། ་ལག་ན་འཕང་མདུང་ཐོགས་པ་དག་འདུག་སྟེ། སེམས་ཅན་དེ་དག་བརྒལ་དུ་ཡང་མི་སྟེར། ཕྱིར་འབྱུང་དུ་ཡང་མི་སྟེར་རོ།། དེ་དག་དག་གི་ནང་ན་འོག་ཏུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་པ་ནི། དཔེར་ན་ཏིལ་ལམ ་འབྲས་སམ། རྒྱ་ཤུག་གི་འབྲས་བུ་ནས། རྒྱས་པར་བྱ་སྟེ། དེ་དག་ཆུ་ཀླུང་རབ་མེད་ཅེས་བྱ་བ་དེན་ནུའི་འབབ་ཕྱོགས་སུ་སྒྲ་ཐམས་ཅད་བྱི་ཞིང་། བསྡུ་ཐམས་ཅད་འགས་པ་དང་། ཤ་དང་། ཁྲག་ཐམས་ཅད ་འཇིག་སྟེ། ཀེང་རུས་འབའ་ཞིག་ལུས་པར་འགྱུར་རོ།། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ལྕགས་ཀྱི་རྒྱས་ཉ་བཅུ་བ་བཞིན་དུ་བཅུས་ནས། ལྕགས་ཀྱིས་གཞི་བབར་བ་ནས། རྒྱས་པར་བྱསྟེ། ་གན་ཙམ་དུ་མནན་ནས། ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འཕྲོག། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་ཉིད་ཀྱང་མི་ཤེས་ལཾ། བདག་ཅག་ཤིད་ཀྱང་མི་མཐོང་ངོ་།། བེན་ཀྱང་བདག་ཅཅནི་ཐམས ་ནས། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ལྕགས་ཀྱི་སྤྱད་ཀྱིས་ལ་ཕྱེ་ནས། ལྕགས་ཀྱི་སྐམ་པས་ལྕགས་ཀྱི་ཐུ་ལུམ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ ་གཅིག་ཏུ་གྱུར་པ་དག་ཁར་འཛུད་དེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་ཅིང་། ལྕེ་དང་། རྐན་དང་། ལྐོག་མ་དང་། མིད་པའི་སྔགས་དང་། སྙིང་དང་། སྙིང་ཀའི་གཉེར་ཀོར་དང་། རྒྱུ་མ་དང་། ་གཉེ་མ་རྣམས་ཀྱང་ཚིག་ནས་ཐུར་དུ་འབྱུང་ངོ་།། གཞན་ཡང་སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་སེམས་ཅན་དེ་དག་མཆིལ་པས་ཉ་དབྱུང་བ་བཞིན་དུ་ཕྱུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང ་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་མནན་ནས། ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འདྲིན།། དེ་དག་གིས་སྨྲས་པ། ཀྱི་བདག་ཅག་ཉིད་ཀྱང་མི ་ཤེས་ལ། བདག་ཅག་ཉིད་ཀྱང་མི་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་སྐོམ་མོ་ཞེས་ནས། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ལྕགས་ཀྱི་སྤྱད་ཀྱིས་ཁ་ཕྱེ་ནས། ཟངས་ཀྱི་སྐོལ་བ ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ཁར་བླུགས་ཏེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་པ་ནས། ཟུར་དུ་འབྱུང་བའི་བར་དུ་སྟེ། དེ་དག་དེ་ལྟ ་བུའི་སྡུག་བསྔལ་གྱིས་ཞེས་བྱ་བ་ནས། རྒྱས་པར་བྱའོ།། དེ་དག་མཐུ་ཉམས་ཤིང་གཟི་བྱིན་ཉམས་ལ། བརྩོན་འགྲུས་ཉམས་ཏེ། རབ་མེད་ཀྱི་འགྲམ་ན་འཁོད་དོ།། རབ་མེད་དེའི་འགྲམ་ན་ཁཱ་ལྕགས་ཀྱིསཆུ ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ཞེས་བྱ་བ་ནས། སྔ་མ་བཞིན་ནོ།། དེ་ལ་སོགས་པའི་གནོད་པ་མང་པོ་དག་བྱེད་དེ། དེར་ནམ་སེམས་ཅན་དེ་དག་གི་སེམས་ཅན ་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་ཡོངས་སུ་མ་བྱང་མ་ཟད་ཀྱི་བར་དུ་དེ་དག་ཡང་ཆུ་ཀླུང་རབ་མེད་ལ་འབོག་གོ། ། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དེ་ལ་འཛེག་གོ།། ལོམ ་རལ་གྲི་ལྟ་བུའི་ཚལ་དུ་འཇུག་གོ། ། ལམ་པོ་ཆེ་སྤུ་གྲིའི་སོ་བལྟམས་པ་ལྟ་བུར་འགྲོའོ།། རོ་མྱགས་པ་དང་། ཕྱི་སའི་འདམ་དུ་འབོག་གོ།། མེ་མར་མུར་པུས་མོར་ཕྱིན་པ་ཙམ་དུ་འགྲོའོ།། དེ་ནས་ཡང་སེམས་ཅན་དམྱ ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོར་འཇུག་གོ། ། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོའི་སྐབས་སུ་བཤད་པ་དེ་བཞིན་དུ། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུའང་བརྗོད་པར ་བྱའོ། ། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་འཁོར་དང་བཅས་པར་བསྟན་པ་དེ་བཞིན་དུ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་དང་། རབ་ཏུ་ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང ་བསྡུས་གཞོམ་དང་། ཐིག་ནག་དང་། ཡང་སོས་རྣམས་ཀྱང་འཁོར་དང་བཅས་པར་བརྗོད་པར་བྱའོ།། དེ་དག་ཏུ་ནམ་སེམས་ཅན་དེ་དག་གིས་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་གྱུར་པ་དེ་དག་གི་སྡིག ་པ་མི་དགེ་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ་གྱུར་པ་དེ་དག་གནས་དེ་གནས་ཤི་འཕོས་ཏེ། ཁ་ཅིག་ནི་དུང་འགྲོ་རྣམས་དང་སྐལ་བཔ་མཉམ་པར་སྐྱེ་བར་འགྱུར། ཁ་ཅིག་ནི་ཡི་དགས་རྣམས་ཀྱི་ནང་དུ ་ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ། ཁ་ཅིག་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས ་དང་། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་ལ་སེམས་ཅན་སྔོན་མིར་གྱུར་པའི་ཚེ། ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་དེ། གཅིག་ཏུ་གནས་པའི་ལས་བྱེད ་བྱེད་པ་ལས་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མང་པོ་དག་གི་སྐལ་བ་ཅན་དུ་འགྱུར་རོ།། དེ་ལ ་སེམས་ཅན་སྔོན་མིར་གྱུར་པའི་ཚེ། ཆེས་སྤྱོད་ཅིང་རིགས་པ་བྱེད་ལ། གཅིག་ཏུ་དཀར་བའི་ལས་བྱེད་བྱེད་པ་ལས། ཉེས་པ་སྤྱོད་པ་འགའ་ཞིག་གིས་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པ་གང་ཡིན་པ་དེ་དག་ནི ་སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་བདེ་བ་དང་། ཡིད་བདེ་བ་མང་པོའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་ལྷའི་ཕོ་ཉ་ལྔ་ལུང་བསྟན་པའི་མདོ་ལས་འདི་སྐད་དུ། དགེ་སློང་དག་སེམས་ཅན ་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ་ཞེས་བྱ་བ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་རྒྱས ་པར་སྦྱར་ཏེ། དགེ་སློང་དག་དེ་ལ་སེམས་ཅན་གང་དག་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནངན་རྒན་རབས་ལ་རི་མོ་མི་བྱེད་པ་དང་། ་བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་རྣམས་མི་བྱེད་པ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་པ་རོལ་ལ་ཁན་མཐོ་རྣམས་ཀྱིས་འཇིགས་པར་མི་ལྟུ་བ་དང་། སྤྱན་པ་དག་ས་། ་ཞིང་བསོད་ནམས་དག་མི་བྱེད་ལ། ཟགཅིག་པ་ལ་མི་གནས་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་མི་འདུག་པ་དེ་དག་ནི་ཚུལ་འདི་ལྟ་བུར་སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྐལ་པ་ཅན་དུ་འགྱུར་ཏེ། ་དཔེར་ན་སེམས་ཅན་དམྱལ་བ་ན་འདུག་པའི་སེམས་ཅན་རྣམས་བཞིན་ནོ།། དེ་ལ་སེམས་ཅན་གང་དག་པར་འཛིན་པ་དང་། ཕར་འཛིན་པ་ནས། སྔ་མ་བཞིན་ཏེ། དེ་དག་གི་ཚུལ་འདི་ལྟ་བུར་བདེ་བ་དང་། ་ཡིད་བདེ་བའི་སྐལ་བ་ཅན་དུ་འགྱུར་ཏེ། དཔེར་ན་གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་བཞིན་ནོ་ཞེས་གསུངས་སོ།། དེ་ལ་གནོད་པར་འགྱུར་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། སྲོག ་གཅོད་པ་རས། ལོག་པར་ལྟ་པའི་བར་དག་གོ། བྱས་ནས་ཤེས་བྱ་བ་ནི་ཡང་དག་པར་བླངས་ཏེ་འདུག་ཅེས་བྱ་བ་ཡིན་ནོ།། མི་རིགས་འཚོབ་མོ་རྣམས་ཀྱིས།། ཞེས་བྱ་བ་ལ་མི་རིགས་པས་འཚོ་བ་ཞེས་བྱང་ན ་དང་། ཕྱགག་འཅོང་བ་དང་། བག་སོང་བ་དང་། བྱང་དང་། རི་བོང་རྒྱས་འཚོར་བ་དང་། ནཔ་དང་། རིགས་ཀྱི་རྔོན་པ་དང་། ཆོམ་རྐུན་དང་། གཤེད་མ་དང་། བ་ཡང་གསོད་པ་དང་། ་གས་ཅན་དང་། བཅོན་སྲུངས་དང་། ཐམ་ཅན་དང་། གནོད་བྱེད་དང་། དེ་ལ་སོགས་པ་གཞན་ཡང་གང་བག་གང་ཡིན་པ་དེ་དག་ཅེས་བྱ་བའི་བར་དུ་རྒྱས་པར་བྱའོ།། འགྲོ་བ་ཁྱི་མ་གང་ཡིན་པ། པ ་ཨ་ནི་མི་རིགས་པ་བྱེད་པ་དང་། མི་རིགས་པས་འཚོ་བ་གང་ཡིན་པ་དེ་དག་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་སྤྱད་པས་དེ་ལྟ་བུའི་ལས་ངེས་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུ། ་རོ།། དམྱལ་བ་བརྒྱད་པོ་འདི་དག་ནི།། ཞེས་བྱ་བ་ནི་ཡང་སོས་ནས་བཟུང་སྟེ། མནར་མེད་པའི་བར་རམ། ཡང་ན་མནར་མེད་པ་ནས་བཟུང་སྟེ། ཡང་སོས་ཀྱི་བར་དག་གོ།། དེ་བས་ན། དམྱལ་བ ་བརྒྱད་པོ་འདི་དག་ནི། ། ཞེས་བྱའོ།། བསྟན་ཅེས་བྱ་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་དང་། སྐྱེས་བུ་ངམ ་པ་རྣམས་ཀྱིས་ཡང་དག་པར་བསྟན་པས། དེ་བས་ན་བསྟན་ཅེས་བྱའོ།། ཐར་པར་དཀའ་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ནས་ཐར་པར་དཀའ་ཞིང་འདའ་བར་དཀའ་བ་ཡིན་ཏེ།། དེ་བས ་ན་ཐར་པར་དཀའ་བ་ཞེས་བྱའོ། ། བརླང་བའི་ལས་བྱས་རྣམས་ཀྱིས་ཀྱང་།། ཞེས་བྱ་བ་ནི་ཤེས་པ་ནས་གནོད་བྱེད་ཀྱི་བར་དག་གི་བརླང་བའི་ལས་བྱས་ཏེ། དེ་བས་ན་དམྱལ་བ་བརྒྱད་པོ་འདི་དག་ནི་ཐར་པར་བསྟན ་པ་སྟེ། བརླང་བའི་ལས་བྱས་རྣམས་ཀྱིས་གང་།། ཞེས་ཀྱང་བྱའོ།། རེ་རེའི་འཁོར་ནི་བཅུ་དྲུག་ཡོད།། ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ན། ལྷག་པའི་འཁོར་བཞི་ཡོད་དེ ་རོ་མྱགས་པ་དང་། ཕྱི་སའི་འདམ་དང་། ལོ་མ་རྣམས་རལ་གྲིའི་སོ་ལྟ་བུའི་ཚལ་དང་། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚིལ་དང་། ཆུ་ཀླུང་རྣམ་པར་རྒལ་ཅེས་བྱ་བ་རྣམས་སོ།། ཤར་ཕྱོགས་ཇི་ལྟ་བ་དེ ་བཞིན་དུ། ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཇི་ལྟ་བ་བཞིན་དུ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་བར ་ཡང་དེ་བཞིན་ཏེ། དེ་བས་ན། རེ་རེའི་འཁོར་ནི་བཅུ་དྲུག་ཡོད།། ཅེས་བྱའོ།། ཆ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལ་ཆ་བཞི་ཡོད་དེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོ ་ཀྱི་ཆའོ། ། མནར་མེད་པ་ལ་ཇི་ལྟ་བ་དེ་བཞིན་དུ། ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན་ཆ་བཞི་ཞེས་བྱའོ།། སྒོ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལ་སེམས་ཅན་དམྱལ ་བའི་སྒོ་བཞི་པོ་དེ་དག། ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་སྒོ་རྣམས་སོ།། མནར་མེད་པ་ལ་ཇི་ལྔ་བ་དེ་བཞིན་དུ། ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན་སྒོ་བཞི་ཞེས་བྱསྟེ། ་ཆ་ཡི་ཚད་ནི་རྣམ་པར་བྱ།། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཆུར་ཇི་ཙམ་པ་དེ་བཞིན་ནོ།། ཞེང་དུ་ཡང་དེ་ཙམ་སྟེ། དེ་བས་ན། ཆ་ཡི་ཚད་ནི་རྣམ་པར་ཕྱེ། ཞེས་བྱའོ།། ལྕགས ་ཀྱི་རབས་ཀུན་ནས་བསྐོར། ། ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་རབས་ཀུན་ནས་བསྐོར་ཏེ། མནར་མེད་པ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན་ལྕགས ་ཀྱི་ར་བས་ཀུན་ནས་བསྐོར། ། ཅེས་བྱའོ།། ལྕགས་ཀྱིས་ས་ནི་ཤིན་ཏུ་ཁེབས།། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་དྲ་བས་ཡོངས་སུ་ཁེབས་ཏེ། མནར་མེད་པ་ཇི་ལྟ་བ ་། དེ་བཞིན་དུ། ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན། ལྕགས་ཀྱིས་ནི་ཤིན་ཏུ་ཁེབས།། ཞེས་བྱའོ།། ལྕགས་ཀྱིས་གཞི་རབ་ཚག།། འབར་ཞིང་གཟི་བརྗིད་ལྡན་པ་སྟེ། དཔག ་ཚད་བརྒྱ་ཕྲག་དུ་མར་ཡང་། ། མེ་ལྕེ་རྣམས་ནི་མཆེད་པར་གནས།། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད ་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོར་ལྕགས་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་ཅིང་སྲེག་པའོ།། སེམས་ཅན་དམྱལ་བ་ཆེན་པོ ་མནར་མེད་པ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན། ལྕགས་ཀྱི་ས་གཞི་རབ་ཚག། འབར་ཞིང་གཟི་བརྗིད་ལྡན་པ་སྟེ།། དཔག་ཚད་བརྒྱ་ཕྲག་དུ་མར་ཡང་།། མེ་ལྕེ ་རྣམས་ནི་མཆེད་པར་གནས། ། ཞེས་ཀྱང་བྱའོ།། འཇུངས་པ་འདུལ་བ་དྲག་པོ་སྟེ།། མེ་ལྕེ་ལྡན་ཞིང་བསྙེན་པར་དཀའ།། དེ་དག་བསྤུ་སློང་བའི་གཟུགས།། འཇིགས་ཤིང་སྡུག་བསྔལ་འཇིགས་པར། ་བྱེད།། ཅེས་བྱ་བ་ལ། འཇུངས་པ་ཞེས་པ་ནི། གང་དག་སེར་སྣ་ཅན་སྤར་འཛུམས་ཤིང་། ཡོ་བྱད་རྣམས་ཀུན་ཏུ་འཛིན་ལ་སྦྱིན་པ་དག་ཀུན་ཏུ་འགྱེད་པར་མི་བྱེད་པ་གང་ཡིན་པ་དེ་དག་གོ།། གཞན་ཡང ་གང་ཟག་གང་དག་ཉེས་པར་སྤྱོད་པའི་ལས་རྣམ་པ་སྣ་ཚོགས་བྱེད་པ་དེ་རྣམས་ཡིན་ཏེ། དེ་བས་ན་འཇུངས་པ་ཞེས་བྱའོ།། འཇུངས་པ་དེ་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཤིན་ཏུ་ཚ་ཞིང་རབ་ཏུ ་ཚལ། ཡོངས་སུ་ཚ་བར་འགྱུར་ཏེ། དེ་བསན། འཇུངས་པ་འདུལ་བདྲག་པོ་སྟེ།། ཞེས་བྱའོ།། མེ་ལྕེར་ལྡན་ཞིང་བསྙེན་པར་དཀའ།། ཞེས་བྱ་བ་ནི་སེམས་ཅན་དམྱལ ་པོ་བརྒྱད་པོ་འདི་དག་མེ་འབར་བའི་འཕྲེང་བས་བསྐོར་ཏེ། འཇུངས་པ་དེ་དག་གིས་མི་བཟོད་ཅིང་བརྣག་པར་དཀའ་སྟེ། དེ་བས་ན། མེ་ལྕེ་ལྡན་ཞིང་བསྙེན་པར་དཀའ།། ཞེས་བྱའོ།། དེ་དག་པ་སྤུ་སློང་པ ་གཟུགས། ། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ།། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་བརྒྱད་པོ་འདི་དག་འཇུངས་པ་དག་འཇིགས་པ་དང་། སྐྲག་པ་དང་། ཡི་ཆད་པར་བྱེད་ཅིང་བ་སྤུ་སློང་བར་བྱེད ་ལ། སྡུག་བསྔལ་སྐྱེད་པར་བྱེད་དེ། དེ་བས་ན། དེ་དག་པ་སྤུ་སློང་བའི་གཟུགས།། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ།། ཞེས་ཀྱང་བྱའོ།། དྲང་སྲོང་དག་དང་སྡོམ་ཅན་དང་།། དཀའ་ཐུབ་ཅན་ལ ་ཁཟེར་བ། ། ཞེས་བྱ་བ་ལ། དྲང་སྲོང་ཞེས་བྱ་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། དེ་རྣམས་དང་མི་མཐུན་པའི་ལུས་ཀྱི་ལས་ཀུན་ཏུ་སྤྱོད་པ་དང་། མི་མཐུན་པའི་ངག་གི་ལས ་དང་། ཡིད་ཀྱི་ལས་ཀུན་ཏུ་སྤྱོད་པ་སྟེ། དེ་བས་ན་དྲང་སྲོང་དག་ཅེས་བྱའོ།། སྡོམ་ཅན་ཞེས་བྱ་བ་ནི། ལུས་སྡོམ་པ་དང་། ངག་སྡོམ་པ་དང་། ཡིད་སྡོམ་པ་རྣམས་ཏེ། དེ་བས་ན་སྡོམ་ཅན་ཞེས་བྱའོ། ་དག་འཐུབ་ཅན་ཞེས་བྱ་བ་ནི་སྤངས་པའི་ཡོན་ཏན་སྔ་ཚོགས་ཡང་དག་པར་བླངས་པར་ཕྱིར། དཀའ་ཐུབ་ཅན་ཞེས་བྱསྟེ། དེ་བས་ན་དཀའ་ཐུབ་ཅན་ཞེས་བྱའོ།། རྐང་པ་མཐོ་ཞིང་སྦྱི་ན་ཚུགས་སུ།། དམྱལ་བདེར ་ནི་ལྷུང་བར་འགྱུར། ། ཞེས་བྱ་བ་ནི་འཇུངས་པ་དེ་དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པ་དང་། ཀུན་ཏུ་སྤྱད་པས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་འདོར་ཏེ། དེ་བས་ན།། རྐང ་པ་མཐོ་ཞིང་སྤྱིའུ་ཚུགས་སུ། ། དམྱལ་བ་དེར་ནི་ལྷུང་བར་འགྱུར།། ཞེས་བྱའོ།། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱ་བ་ནི་དེ་དག་དབང་པོ་མ་དུལ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག ་ཏུ་སྐྱེ་ཞིང་། ཉིན་མཚན་དུ་འཚེད་དེ། དེ་བས་ན། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བ་བཞིན།། ཞེས་བྱ་བ་ནི་ཇི་ལྟར་ཉ་ཆུ་ནས་བཏོན་ཏེ། སྐམ་སར་བོར་བ་རྣམས་སྡུག ་བསྔལ་ཞིང་ཉམ་ཐག་ནས་འདར་བ་དེ་བཞིན་དུ། འཇིག་རྟེན་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བོར་ཏེ། སྡུག་བསྔལ་ཞིང་ཉམ་ཐག་ནས་འདར་ཏེ། དེ་བས་ན། དབང་པོ ་ཉམས་པ་དེ་དག་འཚེད། ། ཉ་ནི་སྐམ་ལ་བོར་བ་བཞིན།། ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཚེ་ངེས་འདེབས།། ཞེས་བྱ་བ་ནི་ལས་དཀར་པོ་སྤངས་ཤིང་མི་དགེ་བའི་ཆོས་ལ ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས། རྟག་པར་རྒྱུན་མ་ཆད་པར་ཡུན་རིང་པོར་ཉམ་ཐག་པའི་ང་རོས་ཆོ་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟོད་ལ་རྩུབ་ཅིང་ཚ་བ་དང ་ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ་མྱོང་སྟེ། དེ་བས་ན། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཆོ་ངེས་འདེབས།། ཞེས་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་མདུང་གིས་ཕོག ་@#། གླང་ཆེན་བཞིན།། ཞེས་བྱ་བ་ནི་དེ་དག་སྡུག་བསྔལ་མི་བཟད་པས་ཟིལ་གྱིས་ནོན་ཏེ། གླང་པོ་ཆེ་དགུ་འབང་མདུང་གིས་ཕོག་པ་དང་། ལྕགས་ཀྱུས་དྲུངས་པ་བཞིན་དུ་སྐད་ཤིན ་ཆེཚེཆེབས་སྒྲ་སྒྲོགས་ཏེ། དེ་བས་ན། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་མདུང་གིས་ཕོག་གླང་ཆེན་བཞིན།། ཞེས་བྱའོ།། མི་རྣམས་ཀྱི་ལོ་སུམ་ཁྲི་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ལ ་ཅིག་གི་ནམ་གྱི་ཆ་སྟོད་དོ། ། ཁ་ཅིག་གི་ནི་ནིམ་གྱི་གུང་ཐུན་གྱི་བར་རོ།། ཁ་ཅིག་གི་ནི་ནེམ་གྱི་ཆ་སྨད་ཀྱི་བར་རོ།། ལོ་དགུ་ཁྲི་ལ་ནི་མཚན་གཅིག་གོ།། ལོ་དགུ་ཁྲི་ལ་ནི་ཉིན་གཅིག་གོ། ལོ་འབུམ་ཕྲག ་བརྒྱད་ཁྲི་ལ་ནི་ཉིན་ཞག་གཅིག་གོ། མི་རྣམས་ལོ་ནི་འདི་དག་ན།། དགུ་ཁྲི་རྙེད་ནི་གང་ཡིན་ཏེ།། དམྱལ་བ་དག་ན་མཚན་གཅིག་སྟེ།། ཉིན་གཅིག་ཚད་ཀྱང་དེ་ཙམ་མོ།། བྱིས་པ་མི་ཁོམ་སོང་བ་རྣམས།། ་བརླང་བའི་ལས་ནི་རབ་རྫོགས་པས།། འདི་ལྟ་བུ་ཡི་ལོ་བགྲངས་པར།། ཡུན་རིང་དག་ཏུ་འཚེད་པར་འགྱུར།། འདི་དག་དང་ནི་གཞན་ཡང་རབ་མང་མཐའ་ཡས་པའི།། སྡུག་བསྔལ་དམྱལ་བ་རྣམས་སུ ་བྱིས་པ་དག་གིས་མྱོང་། ། དེ་དག་མཐའ་ཡས་པས་ན་བརྗོད་པར་སླ་བ་མིན།། བདག་གིས་སུ་ནི་ཕྱོགས་ཆ་ཙམ་གཅིག་བརྗོད་པར་ཟད།། འཇིག་རྟེན་བཞག་པ་ལས་ཚིགས་བཅུ་བཞི་པ་སྟེ་འཇིག་རྟེན་བཞག་པ ་རྫོགས་སོ། ། ། རྒྱ་གར་སྐད་དུ། ཨུ་དཱན་པར་ག། བོད་སྐད་དུ། ཆེད་དུ་བརྗོད་པའི་ཆོམས། བམ་པོ་དང་།། ཐམས་ཅད་མཁྱེན་པ་ལ ་