CLOSE WINDOW

S312: dpe'i phreng ba
Wyliee-texts produced with BDRC’s OCR application

། !། རྒྱ་གར་སྐད་དུ། དྲི་ཤྭ་ཏ་མཱ་ལ། བོད་སྐད་དུ། དཔེའི་འཕྲེང་བ། འཇམ་དཔལ་གཞོན་ནུར་བ་ལ་ཕྱག་འཚལ་ལོ།། དང་པོར་སྨྲ་བ་རྣམས་ཀྱི་རབ་མཆོག་སྟོན་པ་དང་། སྲིད་པ ་གསུམ་གྱི་འདོད་ཆགས་རྣམས་འཇོམས་ཆོས་དང་ནི། ། ཐམས་ཅད་མཁྱེན་པའི་བསྟན་པ་བདུད་རྩིའི་སྣོད་གྱུར་པ།། གང་ཟག་མཆོག་བརྒྱད་ཀྱིས་རྒྱན་དགེ་འདུན་རབ་བཏུད་ཅིང་།། བསམ་རྫོགས་རྩིབ་ལོགས ་འཚེར་ལ་སོགས་པ་དེ་དང་དེ། ། ཐམས་ཅད་ཡོད་སྤུའི་ཁྱུ་མཆོག་དད་པས་མཆོད་བྱས་ཏེ།། དཔེ་ཡི་འཕྲེང་བ་འདི་ནི་བདག་གིས་བཤད་པར་བྱ།། རབ་བློའི་ལེགས་སྦྱར་མ་སྦས་འདིན་དེ་བསྙུན་གྱིས།། ཡོན་ཏན ་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས། ། མཆོད་པར་བྱ་བ་དང་། མཆོད་པར་བྱ་བ་མ་ཡིན་པ་རྟོགས་པར་འགྱུར་བས། ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལ་རབ་ཏུ་འབད་པར་བྱའོ།། དེའང་འདི་ལྟར་རྗེས་སུ ་ཐོས་ཏེ། ཡུལ་གན་དྷ་ར་ནས་ཚོང་པ་ཁ་ཅིག་ཡུལ་བཅོམ་བརླག་ཏུ་སོང་བ་དང་། དེ་དེ་ན་མཆོད་རྟེན་རྣམས་ལ་ཡང་དང་ཡང་དུ་ཕྱག་འཚལ་ཞིང་། དགེ་སྦྱོང་རྣམས་ལའང་བསྙེན་བཀུར་དང་བཅས་པས་ཕྱག་བྱེད་པར་གྱུར་པ་དང ་དེ་ལ་འདི་ནི་དགེ་བསྙེན་ཡིན་ནོ་སྙམ་དུ་ཤེས་ནས། བྲམ་ཟེ་རྣམས་ཀྱིས་བཞད་གད་བྱས་པར་གྱུར་ཏོ་ཞེས་གག་གོ།། དེ་ནས་རེ་ཞིག་ཅིག་སོས་ཀའི་དུས་ཀྱི་ཕྱི་དྲོའི་ཚེ། བྲམ་ཟེ་ཞིག་འམ་སྲང་ན་དུ། ་གོ། དེར་ཡང་བྲམ་ཟེ་ཁ་ཅིག་ཁྲུས་བྱས་ཤིང་དྲིས་བྱུགས་པ་དང་། ཟས་ལ་སྤྱད་པས་དབང་པོ་ཚིམ་པ་དང་། གང་གཱའི་ཕྱོགས་ན་ལག་ན་རྔ་ཡབ་ཐོགས་ཤིང་། མཆོད་ཕྱིར་དཀར་པོ་ཐོགས་ལ། གཅིག་ཏུ་ཤས་ཆེར་རྒོད ་དེ་གཏམ་ལ་རྗེས་སུ་ཆགས་ཤིང་དགའ་བས་ཀུན་ཏུ་འཁོད་པར་གྱུར་པ་དང་། དེ་རྣམས་ཀྱིས་དགེ་བསྙེན་དེ་ལ་བལྟས་ཏེ་རབ་ཏུ་བརྒད་དོ།། བྲམ་ཟེ་གཞན་ཞིག་གིས་ཀྱང་སྨྲས་པ། སངས་རྒྱས་ཀྱི་དགེ་བསྙེན་ཁྱེད་ཚུར ་ཤོ་ག། སྟན་ཡོད་པར་འདུག་ཅིག། དེ་དེར་འདུག་པ་དང་། བྲམ་ཟེ་ཞིག་གིས་དྲིས་པ། གང་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་སྤངས་ནས། སངས་རྒྱས་ལ་མཆོད་པ་གཙྪ་བ་རྣམས་ཀྱིས་རང་བཞིན ་འདི་ཅི་ཞིག་ཡིན། དེས་བརྒད་དེ་སྨྲས་པ། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་གཅིག་ཤེས་ཀྱི། ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཡོན་ཏན་ནི་མི་ཤེས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད ་པ་བྱེད་པ་ཡིན་ནོ། ། དེས་དེའི་ཚིག་ཐོས་པ་དང་། བྲམ་ཟེ་ཁ་ཅིག་གིས་སྨྲས་པ། ལེགས་ལྡན་ལྷ་ཆེན་པོའི་ཡོན་ཏན་མི་ཤེས་པ་འདི་ནི་ཁྱོད་གླན་པ་ཡིན།། གང་གིས་ཕྱིར། འདི་ན་ལྷ་མིན་གྲོ་ཁྱེར་མཁའ་ལ ་རྒྱུ། ། སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པས།། གཞུ་ཆེན་བླངས་ནས་འབར་བ་མདའ་ཡིས་ནི།། མེ་ཡིས་རྩཝ་བཞིནི་སྐད་ཅིག་བདག་གིས་བསྲེགས།། དགེ་བསྙེན་གྱིས་སྨྲས་པ། གང་རང་བཞིན་གྱི་འཆི ་བའི་ཆོས་ཅན་གྱི་སྲོག་ཆགས་རྣམས་ལ་གསོད་པའི་ཕྱིར་འབད་པ་དང་ལྡན་པའི་སེམས་ཅན་གྱི་ཁྱད་པར་འདྲ་བ་ལ་ནི་ཁོ་བོ་མི་དགའའོ། ། སུ་ཞིག་ཟིལ་པའི་ཐིགས་པ་ནཾ། རྩཝ་ཡི་རྩེ་ལ་རགས་པ་དག། ངང་གིས་འཇིག་པའི་ཆོས ་ཅན་ལ། ། གཞིག་པའི་ཕྱིར་ནི་འབད་པར་བྱེད།། རེ་ཞིག་གཞན་ཐམས་ཅད་རྩཝ་ཞོག་གི། ཅི་ཁྱེད་རྣམས་ང་རོལ་ལ་གནོད་པ་བྱེད་པ་ཡོན་ཏན་ཡིན་པར་ཤེས་སམ། དེ་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ ་སྤྲས་པ། ལྷ་མ་ཡིན་གསོད་པ་ནི་ཡོན་ཏན་ཡིན་པར་རབ་ཏུ་ཤེས་སོ།། དགེ་བསྙེན་གྱིས་དབུགས་ཕྱུང་སྟེ་སྨྲས་པ། ལས་གང་ལ་ནི་དམ་པ་རྣམས།། ངོ་མཚར་གྱུར་པ་དེ་ཉིད་ལ།། དམ་པ་མིན་པ་དྲེགས་གྱུར་པ།། ཀྱེ ་མ་འཇིག་རྟེན་ངོ་མཚར་ཆེ། ། ཞེས་བྱ་བ་ནི་འཇིག་རྟེན་པ་ལེགས་པར་སྨྲས་པ་ཡིན་ནོ།། མདོར་ན། ཡོན་ཏན་སྐྱོན་སོགས་བརྟགས་ལ་བྱ་བ་དང་།། ལྷ་མིན་སད་པས་རྒྱས་པའི་ཡོན་ཏན་ནི།། རྒྱ་ཆེན་རྗེས་ལ་ཡོན་ཏན་ངེས ་དགའ་རྣམས། ། མཆོད་པའི་འབྲས་བུ་འདོད་པ་རྒྱ་ཆེན་ཡིན།། སྐྱོན་རྣམས་ལ་ནི་ཡོན་ཏན་དུ་ཤེས་ཤིང་།། སྐྱོན་དང་ལྡན་ལ་དམ་པར་ཤེས་པས་མཆོད།། འབྲས་བུ་རྒྱ་ཆེན་འཐོབ་པར་མི་འགྱུར་གྱི།། ལྟ་བ་ངན་པ་དག་ཀྱང ་འཕེལ་བར་འགྱུར། ། ཚིག་དེ་བྲམ་ཟེ་རྒང་པོ་ཁ་ཅིག་གིས་ཐོས་པ་དང་། ཁྲོ་བས་འབར་བའི་མིག་གིས་དགེ་བསྙེན་དེ་ལ་བལྟ་ས་བཞིན་བརྙས་པ་དང་བཅས་པས་ལག་པ་གཡོན་པས་སྟོན་ཅིང་སྨྲས་པ། གནྡྷ་ར ་བརྨོངས་པ་རྣམས་དེ་། དམ་སྨྲ་ཞིག། གལ་ཏེ་ལྷ་མ་ཡིན་གསོད་པ་ལ་དགའ་བའི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་མཆོད་པར་བྱ་བ་མ་ཡིན་ན་མཆོད་པར་བྱ་བར་སུ་ཞིག་འགྱུར། དགེ་བསྙེན་གྱིས་སྤྲས་པ། གང་ཡིན ་ཏན་ཡང་དག་པ་དང་ལྡན་པར་གྱུར་ཏེ། བྲམ་ཟེ་ཆེན་པོ་ལྟོས་ཤིག། གང་ཞིག་སྟོབས་ལྡན་འཚེ་བ་རྣམས།། གལ་ཏེ་མཆོད་བྱར་དེ་འགྱུར་ན།། དྲེད་དང་གཟིག་དང་སྟག་ལ་ཡང་།། འགྲོ་བ་རྟག་ཏུ་མཆོད ་པར་འགྱུར། ། ཡོན་ཏན་སྐྱོན་མཁས་དམ་པ་ནི།། སུ་ཡང་འདི་འདོད་མི་བྱེད་དེ།། དྲེད་ལ་སོགས་པའི་གདུག་པ་རྣམས།། ཡོན་ཏན་མེད་ལ་མཆོད་མི་བྱེད།། མི་འཚེ་ལ་སོགས་ཡོན་ཏན་ཡིན།། འཚེ་སྲོགས་སྐྱོན་དུ ་ཤེས་པར་བྱ། ། ཡོན་ཏན་སྐྱོན་རྣམས་མི་ཤེས་པས།། སྐྱོན་ནི་ཡོན་ཏན་དག་ཏུ་ཤེས།། གང་གིས་ཤིན་ཏུ་དྲག་པོའི་ལས།། འཇིག་རྟེན་བྱིས་པས་མཐོང་ནས་སུ།། མཆོད་པའི་རྒྱལ་མི་མཁས་པས།། དེ་ཉིད ་ལ་ནི་མཆོད་བྱར་ཤེས། ། གནྡྷ་ར་བ་ནི་ངེས་པར་ཡང་།། སྐྱོན་དང་ཡོན་ཏན་རྟོག་དང་ལྡན།། དེས་ན་སངས་རྒྱས་བཅོམ་ལྡན་ལ།། དད་ཀྱི་ལྷ་ཆེན་སོགས་ལ་མིན།། བྲམ་ཟེས་སྨྲས་པ། ཀྱེ་གནྡྷ་ར་བ་རེ་ཞིག ་སངས་རྒྱས་ཞེས་བྱ་བ་འདི་སུ་ཞིག་ཡིན། དགེ་བསྙེན་གྱིས་སྨྲས་པ། ཤཱཀྱའི་རིགས་སུ་ལེགས་འཁྲུངས་པ།། ཀུན་མཁྱེན་ཉེས་པ་ཀུན་ལས་རྒྱལ།། སེམས་ཅན་ཀུན་ལ་ཕན་བཞད་པ།། དྲང་སྲོང ་ཆེན་པོ་སངས་རྒྱས་ཡིན། ། བྲམ་ཟེས་སྨྲས་པ། གལ་ཏེ་སངས་རྒྱས་དྲང་སྲོང་ཆེན་པོ་ཡིན་པར་ཤེས་ན། གཞན་ལ་གནོད་པ་བྱེད་པ་དེ་མཆོད་པ་བྱ་བ་མ་ཡིན་པར་སྨྲ་འམ། འདི་ན་འཕོ་བ་དང་། མེ་འབར་བ་དང་། ་རྒྱས་པ་དང་། གནས་འཇོག་དང་། རྒྱུན་ཤེས་དང་། ཕུར་བུ་གསུམ་པ། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་དམོད་པ་འདེབས་སོ་ཞེས་འཇིག་རྟེན་ན་གྲགས་སོ།། གལ་ཏེ་སངས་རྒྱས ་དེ་དྲང་སྲོང་ཆེན་པོར་གྱུར་ན། ངེས་པར་དེས་ཀྱང་དམོད་པ་འདེབས་པར་བྱེད་པར་འགྱུར་རོ།། དགེ་བསྙེན་གྱིས་རྣ་བ་བཀག་ནས་སྨྲས་པ། སྡིག་པར་མ་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་ནི་དམོད་པ་འདེབས་པར་མི་མཛད་དོ།། ་བྲམ་ཟེས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག་ཅེས་འདིར་ཅི་ཕྱིར་སྨྲ། གལ་ཏེ་སངས་རྒྱས་དམོད་པ་འདེབས་པར་མཛད་ན་ནི། དེ་ཡང་དག་པར་འཚེ་བ་ཅན་དུ་འགྱུར་རོ།། འོན་ཏེ་སུ་ལའང་དམོད་པ་མི་འདེབས་ན། ་སངས་རྒྱས་འདི་ལ་མཐུ་ཅིའང་མེད་དོ།། དེ་ནས་བྲམ་ཟེ་དེ་རྣམས་ཀྱིས། གཉིས་ཀ་ལྟར་འགལ་བའི་ཚིག་གནྡྷར་བ་ཁྱད་དུ་བསད་ནས། གསང་མཐོན་པོས་བརྒྱད་པར་བརྩམས་སོ།། དགེ་བསྙེན་དང ་མ་འཁྲུལ་པ་ཉིད་དང་། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་མཐུ་ཆེན་པོ་ནི་མངའ་བ་ཡིན་མོད་ཀྱི། འོན་ཀྱང་དམོད་པའི་རྒྱུ་དང་བྲལ་བས་གང་ལའང་དམོད་པ་མི་མཛད་དོ།། བྲམ་ཟེ་ཆེན་པོ་ལྟོས་ཤིག ་ཆགས་ཅན་གང་ལ་ཀུན་ཏུ་ཆགས། ། དེ་དང་བྲལ་ན་དེ་ཁྲོས་ཏེ།། བྱ་དང་བྱ་མིན་རྣམ་རྨོངས་པས།། ཕྱི་ནས་དམོད་པ་གཏོང་བར་འགྱུར།། དེ་བཞིན་གཤེགས་པའིའདོད་ཆགས་བྲལ།། རྨོངས་པ་དང་བྲལ་ཁྲོ་ལས ་རྒྱལ། ། སེམས་ཅན་ཐམས་ཅད་ཕན་མཛད་ན།། ད་ནི་དམོད་པ་ཇི་ལྟར་མཛད།། དེ་ནས་བྲམ་ཟེ་དེ་ཡིད་ལ་བཟུང་བའི་རྒྱུ་རྣམས་ཀྱིས་རྫས་སུ་དཔོག་ཅིང་། དགེ་བསྙེན་དུ་ལ་སྨྲས་པ།། ཀྱེ་གནྡྷ་ར་ཀ་གལ་ཏེ་སངས་རྒྱས ་དམོད་པ་མི་བྱེད་ན། ངེས་པར་ཕན་འདོགས་པར་ཡང་མི་བྱེད་དོ།། དམོད་པ་དང་ཕན་འདོགས་པའི་ནུས་པ་དང་བྲལ་བ་ནི། དྲང་སྲོང་ཆེན་པོར་ཡང་མི་འགྱུར་རོ།། དགེ་བསྙེན་གྱིས་སྨྲས་པ། སངས་རྒྱས་བཅོམ་ལྡན ་འདས་དམོད་པའི་ནུས་པ་མི་མངའ་བ་འདི་ནི་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་ཕན་འདོགས་པར་ནི་སྤྱོད་པ་ཉིད་ཡིན་ཏེ། ཁྱེད་རྣམས་ཡང་ལྟོས་ཤིག། གཞན་གྱི་སྡུག་བསྔལ་ལ་སྔར་ངས།། དེ་ནི་དམོད། ་པ་མི་མཛད་ཀྱིས།། འཇིག་རྟེན་ཕན་འདོགས་བརྩོན་པས་ན།། ཕན་ཡང་ནི་མཛད་ཡིན།། རྒ་ན་འཆི་བའི་སྡུག་བསྔལ་གྱིས།། ངང་གིས་འཇིག་རྟེན་སྡུག་བསྔལ་ན།། རྨ་ལ་ལན་ཚྭ་ཇི་བཞིན་དུ།། མཁས་པ་སུ་ཞིག་དམོད ་པ་འདེབས། ། དེ་ཡང་བྱམས་པ་ལ་གནས་ཤིང་།། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེས་པ་གསུང་བསིལ་བའི།། ཆུ་ཡིས་འཇིག་རྟེན་ཚིམ་པར་མཛད།། དེ་ནས་བྲམ་ཟེ་དེ་རྣམས་ཡུད་ཙམ་ཞིག ་མགོ་ཐུར་དུ་སྨད་ནས་བསམས་ཏེ། དགེ་བསྙེན་དེ་ལ་ཞེ་ས་དང་བཅས་པའི་མིག་གདངས་པས་བལྟས་ཏེ་སྨྲས་པ། ཀྱེ་གནྡྷ་ར་ཤིན་ཏུ་བཏགས་པའི་གནས་རྙེད་ནས། ཁྱོད་ཀྱི་རབ་ཏུ་དད་པས་བདག་ཅག་ངོ་མཚར་དུ་བྱས་སོ།། ་མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། གནྡྷ་ར་ཞེས་བྱ་བའི་ཡི་གེ་ནི་དོན་ཕྱིན་ཅི་མ་ལོག་པར་གྲགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གོ་ཞེས་བྱ་བས་རུ་བཞེད།། ས་དེ་གང་ཞིག་ཡང་དག་འཛིན།། སྐྱེས་བུ་དམ་པ་དེ་རྣམས་ནི།། དམ་པས ་ས་འཛིན་ཅེས་བཤད་དོ། ། ཅི་ཡི་ཕྱིར་ནས་འདི་ནི།། ཁྱེད་ཅག་རྣམས་ཀྱི་འཛིན་མི་བྱེད།། གང་ཕྱིར་ཁྱེད་ཀྱི་ཡོན་ཏན་བསྔགས།། མགོན་པོ་སངས་རྒྱས་ལ་བརྟེན་ཡིན།། དེ་ནས་དགེ་བསྙེན་དེས་བྲམ་ཟེ་རྣམས་ཀྱི་སེམས་སྣོད ་དུ་རུང་བར་བྱས་པར་ཤེས་ཏེ། ད་ནི་སངས་རྒྱས་ཀྱི་ཡོན་ཏན་བཤད་པའི་དུས་ཡིན་ནོ་སྙམ་ནས། ཡང་དག་པར་དགའ་བའི་བཞིན་གྱིས་གཟེངས་བསྟོད་དེ་སྨྲས་པ། གང་ཁྱེད་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ ་སྐྱེད་པར་གྱུར་པས། བདག་ནི་མཆོག་ཏུའང་དགའ་བ་སྐྱེས་པར་གྱུར་མོད་ཀྱི། འོན་ཀྱང་འདི་ཉིད་འཕེལ་བར་བྱ་བའི་ཕྱིར་ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་རྗེས་སུ་དྲན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ཚེ་འགྲོ་བར་བརྟོགས་དེ་ཡི ་ཚེ། ང་རྒྱལ་བ་ཡོན་ཏན་རྒྱ་མཚོག་ཅིཤི་བར་མཐོང་།། ཞི་དང་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས།། སངས་རྒྱས་དང་མཉམ་གང་ནའང་ཡོད་མ་ཡིན།། དཔེར་ན་རི་རབ་མཉམ་པའི་རི་བོ་མེད།། རྒྱ་མཚོ་མཉམ་པའི་མཚོ་ནི་ཡོད ་མ་ཡིན། ། དེ་བཞིན་སངས་རྒྱས་དང་མཉམ་ས་སྟེང་ངམ།། མཁའ་ལ་ལུས་ཅན་མཆོག་དེ་ཡོད་མ་ཡིན།། ཤཱཀྱའི་ཁྱུ་མཆོག་དེས་ནི་གང་ཕྱིར་ངལ་བ་དཀའ་བར་མ་ཞུགས་ཅི་ཞིག་ཡོད།། ཐུབ་པས་ཕན་པའི་དོན་དུ་ལན ་མང་དགོངས་ཏེ་མ་གཟིགས་དེ་ནི་གང་ཞིག་ཡོད། ། དེ་ལ་སྐྱབས་སོང་དྲང་སྲོང་དེས་ནི་ཕན་གདགས་མ་བྱས་དེ་ནི་གང་ཞིག་ཡོད།། འདི་ནི་དེས་གསུངས་ལམ་གནས་ཉོན་མོངས་དགྲས་བཅོམ་དེ་ནི་སུ་ཞིག་ཡོད།། མུ་སྟེགས་ཀུན ་ལས་རྒྱལ་ཏེ་བདེ་བར་གཤེགས་ཞེས་ཡོན་ཏན་རྣམ་རྒྱས་དྲི་མེད་གྲགས་པའི་ཁ་བྱེ་གཞན་སུ་ཡོད། ། ཕུག་ན་སེང་གེ་ལྟ་བུར་ལྷ་ཡུལ་ས་སྟེང་དག་ན་འཇིགས་མེད་རང་གི་གསུང་ངམ་སྒྲོག་པ་གཞན་སུ་ཡོད།། རྟག་ཏུ་ཡིད་འོང་གསུང་གིས ་ལས་དང་ཉོན་མོངས་དག་གི་གནས་སྐབས་རྗེས་སུ་སྟོན་པར་མཛད་པའང་གཞན་སུ་ཡོད། ། གང་གིས་མཆོད་རྟེན་མཁའ་ལ་སྤྲིན་དཀར་ལྟ་བུར་འགྲོ་བ་ཡང་དག་བརྒྱན་པ་འགའ་ཡང་འདིན་ཡོད་མ་ཡིན།། དེ་ནས་བྲམ་ཟེ་དེ་རྣམས་དེ་བཞིན་གཤེགས ་པའི་ཡོན་ཏན་གྱི་བསྔགས་པ་ཐོས་པ་དང་སངས་རྒྱས་ལ་མངོན་པར་དད་པར་གྱུར་ཏོ། ། འདིས་ཅི་ཞིག་སྟོན་པ་ཡིན་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་བཅོམ་ལྡན་འདས་ལ་མངོན་པར་དད་པར་ཤེས་ལ། དད་པ་ལ་ནི ་གཞན་རྣམས་ཡང་དག་པར་བཞུགས་པར་བྱའོ་ཞེས་ཉེ་བར་སྟོན་པའི་མདོ་བརྩམས་པ་ཡིན་ནོ། ། དེའང་དགེ་སློང་དག་ཁྱེད་རྣམས་ཀྱིས་གང་རྗེས་སུ་བརྩེ་བ་དང་། སྙིང ་བརྩེ་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཏེ། སངས་རྒྱས་མཆོག་ལ་སོགས་པའི་ཡོན་ཏན་གྱི་ཕན་ཡོན་གྱི་མདོ་སྡེ་དག་ལའང་ཉེ་བར་སྦྱར་བར་བྱའོ།། གུས་པར་བྱ་སྟེ་ཆོས་མཉན་པ་ལ་རང ་བརྗོད་པར་བྱའོ། ། ཡང་ཅི་ཞིག་སྟོན་ཅན། ད་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དོན་གཞན་ལ་མངོན་པར་ཞེན་པའི་བྲམ་ཟེ་རྣམས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ན། སངས་རྒྱས ་ཀྱི་ཡོན་ཏན་ཐོས་པ་སྟན་པ་དཀྲུགས་པ་ལྟ་སྤོས་ཀྱང་ཅི་ཞིག་དགོས། ། ཁྱེད་རྣམས་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དྲད་པ་རྣམ་པར་འཕེལ་བར་ཅིའི་ཕྱིར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང་སངས ་རྒྱས་ཀྱི་བཀའ་དག་གི་བསྔགས་པ་མཉན་པར་ཤིན་ཏུ་འདོད་པའི་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་ཁྱད་རྣམས་ཀྱིས་མ་གཡངས་པར་མཉན་པར་བྱའོ་ཞེས་འདི་ནི་ཡང་དག་པར་སྐུལ་བར་བྱེད་པ ་ཡིན་ནོ། ། སངས་རྒྱས་མཆོག་གི་དཔེ་སྐྱེ་དང་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷམ་ཤྲཱི་བྷ་དྲ་དང་། ལོ་ཙོ་བ་བན་ཏེ་ཚུལ་ཁྲིམས་ཡོན་ཏན་གྱིས་བརྒྱར ་