| Wylie | e-texts produced with BDRC’s OCR application |
པོས་ཞུས་ཏེ་གཏན་ལ་ཕབ་པ། @རྒྱ་གར་སྐད་དུ། ཀུན་ལ་ཨ་པ་དནྟྲ་མ། ཟོད་སྐད་དུ། ཀུནཱ་ལའི་རྟོགས་པ་བརྗོད་པ། སས་རྒྱས་ང་བྱང་ཆུབ ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཀུན་ལའི་རྟོགས་པ་བརྗོད་པ་ལ། འདི་ལྟར་རྒྱལ་པོ་ཨ་ཤོ་ཀ་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ། དེན་ཚོད་དང་པོ་ལ་ནི་འདོད་པའི་ཨ་ཤོ་གར་གྱུར་ཏེ། ན་ཆོད་གཉིས་པ་ལ་ནི ་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བཙོན་ར་བཟང་པོ་བྱས་ནས་སྐྱེ་བོའི་སྲོག་བརླག་པར་གྱུར་ཏོ།། ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་བརྒྱད ་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་ཕྱེའོ། ། དེ་ནས་ཉི་མ་དེ་ཉིད་ལ་རྒྱལ་པོ་ཨ་ཤོ་ཀའི་བཙུན་མོ་པདྨ་ཅན་ཞེས་བྱ་བ་ལ་བུ་བཙས་པ་དང་། དེ་ལས་བུ་གཟུགས་བཟང་བ། མཛེས་པ། བལྟ ་ན་སྡུག་པ། དེའི་མིག་ཤིན་ཏུ་མཛེས་པ་ཞིག་སྐྱེས་སོ།། དེ་ནས་སྐྱེས་བུ་ཉུང་རུམ་ཞིག་རྒྱལ་པོའི་ཐད་དུ་སོང་སྟེ་སྨྲས་པ། ལྷ་ཁྱེད་ལ་སྲས་བལྟམ་གྱིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས ་སྨྲས་པ། དེ་ནི་ང་ཡིས་དགའ་བ་རྒྱ་ཆེན་ཐོབ།། དཔའ་བོའི་རིགས་ཀྱི་སྒྲ་ནི་བསྒྲགས་གྱུར་ཅིང་།། ཆོས་ཀྱི་རྒྱལ་སྲིད་རྣམ་པར་འཕེལ་བ་ན། བུ་སྐྱེས་པས་ན་ཆོས་ནི་རྣམ་འཕེལ་འགྱུར།། དེ་ནས ་རྒྱལ་པོ་མྱ་ངན་མེད་དེས་བཙས་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་པ་ཏ་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ། ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་འདར་བྱས་ཤིང་སྦྱངས་ཏེ། རྡོ་དང་། གསན ་མ་དང་། གྱོ་མོ་བསལ་ཞིང་། ཤིང་དང་། སོ་བག་དང་། མི་གཙང་བའི་འདམ་རྫབ་དང་། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་དར་དང་མེ་ཏོག་གི་ཆུན་འབྱུང་བཏགས་ཏེ ་བདུག་སྤོས་ཀྱི་སྣོད་ལས་སྤོས་བརྟུལ་ནས་ཁྱིམ་དང་། སྲང་བར་དང་། བཞི་མདོ་དང་། སུམ་མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང་། དར་དང་། བེའུ་རས་དང་། དར ་ལ་དང་། ཟར་མའི་རས་དང་། དུ་གུ་ལའི་རས་དང་། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང་། རྔ་ཡབ་དང་། མཛེས་པའི་གདུ་བུ་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ ་དང་མུ་ཏིག་གི་ཆུན་འཕྱང་དང་། དྲིལ་བུ་དང་། ནོར་བུ་ཆུ་ཤེལ་དང་། མེ་ཤེལ་ལ་སོགས་པ་དང་། ནོར་བུ་ཆེན་པོའི་རྣ་རྒྱན་བཏགས་པ་དང་། བ་དན་སྔོན་པོ་དང་། སེར་པོ་དང་། དམར ་པོ་དང་། དཀར་པོ་དང་། ལེ་བརྒན་བསྒྲེང་བ་ཤིང་དང་ཁྱིམ་ལ་བཏགས་པ་དང་། རས་ཀྱི་བླ་རེ་དང་། དར་གྱི་བླ་རེས་སྤུད་པས་གྲོང་ཁྱེར་པ་ཏ་ལའི་པུ་ཏྲ་ཀུན་ནས་དྲི་ཟའི་རྒྱལ་པོའི་གནས་དང ་འདྲ་བར་རྣམ་པར་བཞག་པར་གྱུར་ཏོ། ། པ་ཏ་ལ་པུ་ཏྲ་དང་། པ་ཏ་ལ་པུ་ཏྲའི་ཉེ་འཁོར་ཇི་སྙེད་པར་སིལ་སྙན་གྱི་སྒྲ་སྒྲོགས་པ་རྣམས་རབ་ཏུ་གནས་པ་ནི་འདི་ལྟ་སྟེ། གར་མཁན་དང་། གར ་སྟོན་པ་དང་། གཏམ་བརྗོད་པ་དང་། བཞད་གང་ཕྱེད་པ་དང་། མཛེས་པ་བྱེད་པ་དང་། གླུ་ལེན་པ་དང་། མིག་འཕྲུལ་མཁན་དང་། མཆོང་པ་དང་། བུད་མེད་ཀྱི་ཆ་ལུགས་འགེབས་པ་དང་། ་འཁར་གསིལ་དཀྲོལ་བ་དང་།། རྔ་རྐེད་ཉེག་བརྡུང་བ་དང་། བྱིས་པ་ལྔ་ཚོགས་པ་དང་། སྲང་བར་ན་རྩེ་བ་སྟེ། དེ་དག་ཐམས་ཅད་སྲུང་དང་། སྲང་བར་དང་། བཞི་མདོ་དང་། སུམ་མདོ་དེ་བྲམ ་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱིས་མཛེས་པར་བྱས་སོ། ། གྲོང་ཁྱེར་གྱི་སྒོ་བཞིར་ཡང་སྦྱིན་པ་ནི་གཏོང་། བསོད་ནམས་དག་བྱེད་པ་ནི་འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། གོས་འདོད ་པ་རྣམས་ལ་ནི་གོས། དྲི་དང་། འཕྲེང་བ་དང་། བྱུག་པ་འདོད་པ་རྣམས་ལ་ནི་དྲི་དང་། འཕྲེང་བ་དང་། བྱུག་པ། རས་ཟུང་དང་། ར་ས་ཡ་བ་དང་། ཀར་ཤ་པ་ན་འདོད་པ་རྣམས་ལ་ནི། ་རས་ཟུང་དང་། རས་ཡ་བ་དང་། ཀཱར་ཤ་པ་ན་སྦྱིན་པར་བྱེད་པ་དང་། ཀུན་ཏུ་དགའ་བའི་རོལ་མོ་རྣམས་རྡུང་། སྤྱི་བོ་ལ་ཏིལ་མར་གྱིས་ནི་ཉུག་པར་བྱེད་དོ།། ཞག་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ ་གསུམ་པ་ནས། བདུན་པ་ནས། ཉིན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བ་ཙས་སྟོན་རྒྱ་ཆེར་བྱས་ཏེ། པང་ན་འཚེ་བའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། ནུ་མ་བསྣུན་པའི ་མ་མ་གཉིས་དང་། རྩེད་གྲོགས་ཀྱི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏོད་དོ།། དེ་ལྟར་གཞོན་ནུ་དེ་མ་མ་བརྒྱད་པོ་ཐམས་ཅད་ཀྱིས་རང་གི་བཟོ་ལེགས་པར་བྱས་པས་ཡོངས་སུ་བསྐྱངས་ཤིང་།། ་མཁས་པ་དང་ལྡན་པ་རྣམས་ཀྱིས་འོ་མ་དང་། མར་གསར་དང་། ཞོ་དང་། མར་གྱི་སྙིང་པོ་དང་། སྦྲང་རྩིས་སྐྱེད་པར་བྱེད་པར་རྩོམ་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨ་ཤོ་ཀ་བུ་ལྟ་བར་མངོན ་པར་དཀའ་བས་སྔས་རྣམས་ལ་གཞོན་ནུ་ཅི་འདྲ་བ་བལྟ་བར་བྱའོ་ཞེས་སྨྲས་སོ། ། དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟེན་པའི་ཕྱིར་ཁྱེར་བ་དང་། མཐོང་ནས་རྒྱལ་པོས ་གཞོན་ནུའི་མིང་ཇི་ལྟར་གདགས་པར་བྱ་ཞེས་བསམ་པ་དང་། གང་གི་ཕྱིར་ད་འདི་ཆོས་ལ་རབ་ཏུ་ཞུགས་པ་ན་སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་མིང་གདགས་པར་བྱའོ་ཞེས་སྨྲས་ནས ་གཞོན་ནུ་རྒྱལ་པོ་ཨ་ཤོ་ཀས་བླངས་སོ། ། དེ་ནས་རྒྱལ་པོ་ས་གཞོན་ནུ་ལ་བལྟས་ཏེ་དགའ་བཞིན་དུ་སྨྲས་པ། ང་ཡི་བུ་ལ་མིག་བཟང་ལེགས་སྐྱེས་པ།། ཨུཏྤལ་སྔོ་འདྲ་རབ་ཡངས་རྫི་མ་ཅན། ་གང་གིས་བཞིན་བརྒྱན་མཛེས་པར་བྱས་པ་ནི།། སྒྲ་གཅན་ཁ་ལས་ཐར་པའི་ཟླ་བ་འདྲ།། ཇི་ཙམ་ན་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མིག ་ཡོད་པར་མཐོང་ངམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མ་མཐོང་ལགས་སོ།། དེ་ནས་དེ་ན་གནས་པའི་འཁོར་རྣམས་ལ་དེ་སྐད་རྒྱལ་པོས་སྨྲས་པ་དང་། རིའི་རྒྱལ་པོ་ཁ་བ་ཅན་ན་ལོང ་བསྟེན་པའི་ཟམ་ཟེ་རྣམས་དེ་ཉིད་དུ་ལྤགས་པ་དང་། དེ་རྣམས་ལ་རྒྱལ་པོས་གཞོན་ནུ་བསྟན་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པ་མཐོང་ངམ། ལྷ་མིར་གྱུར ་བ་རྣམས་ལ་ནི་མ་མཐོང་སྟེ། དེ་ལྷ་མོད་ཀྱི་འོན་ཀྱང་ལྷ་རིའི་རྒྱལ་པོ་ཁ་བ་ཅན་ན་ཀུན་ནལ་ཞེས་པའི་བྱད་ལ་འདི་ལྟ་བུའི་མིག་མཆིས་སོ།། སང་སྨྲས་པ། རི་རྒྱལ་ཁ་བ་ཅན་ནི་བྲག་གི་རྩ།། མེ་ཏིག ་མང་ཞིང་ཆུ་བྲན་རབ་འབབ་པ། ། དེ་ན་ཀུན་ལ་ཞེས་བྱ་བའི་བྱ།། འདི་ཡི་མིག་དང་རྣམ་པར་འདྲ་བ་ཡོད།། དེ་ནས་རྒྱལ་པོས་བྱ་ཀུན་ལ་མྱུར་དུ་ཁྱེར་ལ་ཤོག་ཅིག་ཅེས་སྨྲས་པ་དང་། དེའི་སྟེང་གི་དཔག་ཚད ་གཅིག་ཙམ་དུ་གནོད་སྦྱིན་རྣམས་ཀྱིས་ཐོས་སོ། ། འོག་གྲི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱིས་ཐོས་སོ།། དེ་ནས་གནོད་སྦྱིན་གྱིས་སྐད་ཅིག་མ་དེ་ཉིད་ལ་བྱ་ཀུན་ལ་ཁྱེར་ཏེ་འོངས་སོ།། དེ་ནས་རྒྱ ་པོས་གཞོན་ནུ་དང་། ཀུ་ན་ལའི་མིག་ལ་ཤིན་ཏུ་ཡུན་རིང་པོར་བཏགས་ན་ཅུང་ཟད་ཀྱང་མ་རྟགས་སོ།། དེ་ནས་རྒྱལ་པོས་སྨྲས་པ། ཨེ་མའོ་གཞོན་ནུ་དང་ཀུན་ལའི་མིག་ཤིན་ཏུ་འདྲ་བ་ཡིན་པས་ན། ་གཞོན་ནུ་ལ་མིང་ཀུན་ལ་ཞེས་གདགས་པར་བྱའོ།། ཡང་སྨྲས་པ། ས་བདག་དེ་ནི་མིག་ལ་རྗེས་དགའ་བས།། དེ་ཚེ་བུ་ལ་ཀུན་ལ་ཞེས་སྨྲས། དེ་ནས་འཕགས་པའི་སེམས་ཀྱི་རྒྱལ་པོའི་བུ།། ་དེ་ཡི་མིང་ནི་ས་སྟེངས་རབ་ཏུ་གྲགས།། དེ་ནས་རྒྱ་ཆེར་གཞོན་ནུ་ཆེན་པོར་གྱུར་པའི་བར་དུ་སྟེ། དེ་ལ་གསེར་འཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མའི་དོན་དུ་བཀུག་ནས་བྱིན་ཏེ། ཕའི་བཟོའི་གནས ་དང་ལས་ཀྱི་གནས་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། མདའ་གཞུའི་ཐབས་དང་། ལྕགས་ཀྱུས་བསྒྱུར་བའི་ཐབས་དང་། མདའ་བོ ་ཆེ་འཕེན་པའི་ཐབས་དང་། ལྕགས་མདའ་འཕེན་པའི་ཐབས་དང་། ཐག་མདུང་འཕེན་པའི་ཐབས་དང་། མདུན་དུ་བརྩུ་བ་དང་། ཕྱིར་བསྣུར་བ་དང་། བཅད་པ་དང་། དྲལ་བ་དང་། རྒྱང ་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དང་། དགས་པ་དང་། འཛིན་སྟངས་དང་། ཀོམ ་སྟབས་ལ་བྱང་བར་གྱུར་ཏོ། ། རྒྱལ་པོ་ཨ་ཤོ་ཀས་དེའི་དོན་དུ་ཁྱིམ་གསུམ་བྱེད་དུ་བཅུག་སྟེ། གཅིག་ནི་དགུན་གྱིའོ།། གཉིས་པ་ནི་སོ་ཀའི་འོ།། གསུམ་པ་ནི་དབྱར་གྱིའོ།། དེ་ལ་རེ་ཞིག་དགུན ་གྱི་ནི་གཅིག་ཏུ་དྲོ་བའོ། ། སོ་ཀའི་ནི་གཅིག་ཏུ་བསིལ་བའོ།། དབྱར་གྱི་ནི་གཉིས་ཀ་ཡོད་པ་སྟེ། ཤིན་ཏུ་གྲང་བའང་མ་ཡིན། ཤིན་ཏུ་དྲོ་བའང་མ་ཡིན་པའོ།། ཆུང་མ་རྣམ་པ་གསུམ་འཇོག་སྟེ། ་ཆེ་བ་དང་། བར་མ་དང་། ཆུང་བའོ།། དེ་ནས་གཞོན་ནུ་ལྷའི་བུ་མོ་དང་འདྲ་བའི་བུད་མེད་ཀྱི་རབ་མཆོག་དགོད་པ་དང་། མིག་ཟུར་དང་། སྐྲག་པ་དང་། གར་དང་། ཀླུའི་ཉེ་བར་སྤྱོད་པ་ལ་མཁས ་བ་རྣམས་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་གཞིར་གཏིགས་པ་ན། བཙུན་མོ་ཀ་སེར་འགྲེང་ཅན་དང་ལྷན་ཅིག་དགའ་བ་དང་། རྩེ་བ་དང་། ཡོངས་སུ་སྤྱོད་པ་ནས། ཇི་སྲིད་དུས་གཞན་ཞིག་ན ་རྒྱལ་པོ་ཀུན་ལ་དང་ལྷན་ཅིག་ཁྱིམ་བྱའི་ཀུན་དགའ་ར་བར་སོང་བ་དང་། དེ་ནས་གནས་བརྟན་གྲགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེ་མཐོང་ངོ་།། མཐོང་ནས་ཀྱང་ཀུན་ལའི་མིག་ནི་ཡུན་རིང ་པོར་མི་ཐོགས་པར་འཇིག་པར་འགྱུར་རོ། ། འགྱུར་ནས་དེས་རྒྱལ་པོ་ལ་སྨྲས་པ། ཅིའི་ཕྱིར་གཞོན་ནུའི་ལས་ལ་མ་སྦྱར། དེ་ནས་རྒྱལ་པོ་ཀུ་ན་ལ་ལ་སྨྲས་པ། ཀུན་ལ་དགེ་འདུན་གྱི་གནས་བརྟན་ཇི ་སྐད་གསུང་བ་དེ་གྱིས་ཤིག། དེ་ནས་གཞོན་ནུས་གནས་བརྟན་གྱི་རྐང་པ་གཉིས་ལ་བཏུད་དེ་སྨྲས་པ། གནས་བརྟན་ཅི་ཞིག་བཀའ་སྩལ་པ། གནས་བརྟན་གྱིས་སྨྲས་པ། ཀུན་ལའི་མིག་ནི་མི་རྟག ་པའོ་ཞེས་ཡིད་ལ་གྱིས་ཤིག། ཡང་སྨྲས་པ། གང་དུ་འགྲོ་མང་རྗེས་སུ་ཆགས་གྱུར་ནས།། མི་ཕན་ཐོབ་པའི་ལས་རྣམས་བྱེད་པ་ཡི།། མིག་ནི་རབ་གཡོ་སྡུག་བསྔལ་སྟོང་ལྡན་པར།། རྟག་ཏུ་སོ་། ་སོར་རྟོགས་བྱོས་ཀུན་ལ།། དེ་དེ་བཞིན་སློབ་པར་བྱེད་པའི་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་ཞིང་གཅིག་པུར་མངོན་པར་དགའ་བ་དང་། རབ་ཏུ་ཞི་བ་ལ་མངོན་པར་དགའ་བར་གྱུར་ཏོ།། དེའང་རྒྱལ་པོའི ་ཕོ་བྲང་གི་གནས་དབེན་པར་འདུག་ཅིང་། མིག་གིས་ཉེས་དམིགས་དང་སྐྱེ་མཆེད་མི་རྟག་པ་ལ་སོགས་པའི་རྣམ་པ་ཡོངས་སུ་རྟོག་པར་བྱེད་དོ།། དེ་ནས་རྒྱལ་སྲུངས་མ་ཞེས་བྱ་བའི་བཙུན་མོ་དམ ་པས་ཕྱོགས་དེར་སོང་བ་དང་། དེས་ཀུན་ལ་དེ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེས་སུ་ཆགས་པས་ལུས་ལ་ཀུན་ཏུ་འཁྱུད་དེ་སྨྲས་པ། ཁྱོད་ཀྱི་ལུས་ལས་ངེས་འབབ་པའི།། འདོད ་ཆགས་མ་ནི་སྟོབས་ཅན་གྱིས། ། ནགས་མེ་སྟོབས་ཅན་གཡོ་བ་ནི།། མང་པོས་རྣམ་པར་བསྲེགས་པར་གྱུར།། གཞོན་ནུ་བདག་དང་ལྷན་ཅིག་ཏུ།། དགའ་བ་རྗེས་སུ་མྱོང་བར་བྱ།། དེ་ཐོས་པ་དང་། ཀུ ་ནལས་ལག་གཉིས་ཀྱིས་རྣ་བ་བཀག་སྟེ་སྨྲས་པ། ཁྱེད་ནི་ཚིག་འདི་སྨྲ་བར་མི་རིགས་ཏེ།། བུ་ཡི་མ་བཞིན་ཁྱེད་ནི་བདག་གི་མ།། འདི་ནི་ངན་འགྲོ་ལམ་གྱི་སྒོ་ཡིན་པས།། ཆོས་མིན་འདོད་ཆགས་ཡོངས་སུ ་སྤངས་པར་གྱིས། ། དེ་ནས་རྒྱལ་སྲུངས་མས་སྨྲས་པ། འདིར་ཉེས་པ་ཅི་ཞིག་མཐོང་། གཞན་ཡང་གཞོན་ནུ་རེ་ཞིག་ཉོན་ཅིག། དཔེར་ན་ཉི་མའི་གཟི་བརྗིད་བསྟེན་པའི་ཚ་བས ་གདུངས་ཏེ་ཆུ་ནི་འཐུང་བ་དང་། ། ཇི་ལྟར་ལུས་ནི་ཆུ་ཡིས་ཚིམ་པར་བྱེད་ལ་སྡིག་པ་ཡོད་པར་རིག་མ་ཡིན།། དེ་བཞིན་འདོད་པའི་མེ་ནི་ཆེན་པོས་ལྷག་པར་ཤིན་ཏུ་གདུངས་པར་གྱུར་པ་ན།། ལུས་ལ་རེག ་པའི་ཆུ་ཡི་དགའ་བ་དེ་ལས་ཁྱོད་ལ་ཆོས་མིན་ཅི་ཞིག་འབྱུང་། ། ཀུ་ན་ལས་སྨྲས་པ། ང་ཡི་གྲགས་པར་མི་འགྱུར་མཆོག་ཏུ་བརྙས་ཤིང་ཕྱི་ནས་རྗེས་སུ་འགྱོད་པར་འགྱུར།། ང་ཡི་ཀུན་དུ་སྤྱོད་པ ་མི་དེ་བཞིན་རིགས་ཉམས་པ་ཡང་ཉིད་དུ་འགྱུར། ། འཕགས་པ་ཉིད་དུ་མི་འགྱུར་བཀྲེན་གྱུར་ངན་པར་ཚིག་གིས་གཅད་པར་འགྱུར།། སྤྲོས་པས་འགྱུར་གྱིས་གྲགས་པར་མི་འགྱུར་ཆོས་ཀྱང་མི་སྣང ་ཉིད་དུ་འོང་བར་འགྱུར། ། རྒྱལ་སྲུངས་མས་སྨྲས་པ། ཀུན་ལ་དེ་ལྟ་བ་ཡིན་མོད་ཀྱི། གང་འཇིགས་པར་འགྱུར་འདི་འགའ་ཞིག་གིས་མཐོང་ནས་གྲགས་པར་འགྱུར་བ་མ་ཡིན་ཏེ། དེའང་རྣམ ་པར་དབེན་ཞིང་མིའི་འདུ་བ་དང་བྲལ་བའི་ཕྱིར་རོ། ། ཡང་སྨྲས་པ། ཡུ་བུའི་མཐོང་ནས་སྨྲ་བ་ནི།། བུད་མེད་དག་གམ་སླས་རྣམས་ཀྱང་།། གང་ཡང་ཡོད་པ་མ་ཡིན་ཏེ།། དེ་བས་བདག་གི་ཚིག་ཉོན ་ཅིག། འདོད་དང་བཅས་པའི་བུད་མེད་ནི།། དབེན་པར་ཡོངས་སུ་སྤོང་བྱེད་ན།། དེ་ཡི་ཆོས་ཆེན་འཇིག་འགྱུར་ཞིང་།། ཐོས་པ་ལས་གྲགས་ཐོས་ཙམ་ཅི།། གཟུགས་ཀྱི་རྗེས་སུ་འཐུན་པ་ཡི།། སྦྱིན ་གནས་སྡིག་མེད་མཐོང་ནས་ནི། ། དེར་གང་ལེགས་པའི་མདངས་རྣམས་དང་།། ད་ཚོད་དང་ནི་འདྲ་བར་གྱིས།། ཀུན་ལས་སྨྲས་པ། གང་ཁྱོད་ཀྱིས་འདི་ན་གནས་ཀྱང་མི་མཐོང་ངོ་ཞེས་སྨྲས་ན། དེ་རེ ་ཞིག་ཉོན་ཅིག། འདི་ནི་གཟི་བརྗིད་འབར་བའི་ཤིང་ལ་གནས་པའི་མེ་ལྷས་བདག་ནི་མཐོང་འགྱུར་ལ།། ཚངས་པས་མཐོང་ཞིང་བརྒྱ་བྱིན་དག་དང་ཆུ་ལྷ་ཟླ་བ་གཤིན་རྗེ་དག་གིས་མཐོང་།། གཞན་ཡང ་གཞལ་ཡས་ཁང་པ་མཆོག་ན་གནས་པ་གཞན་གྱིས་ངེས་པར་མཐོང་འགྱུར་ན། ། བྱིས་པ་ཁྱེད་ཀྱིས་བདག་དང་གཉེན་གྱི་སྐྱེ་བོ་མི་མཐོང་རང་ཡང་མཐོང་མ་གྱུར།། མི་ནི་གང་ཞིག་དབེན་པར་མི་འཇུག ་བྱེད་ན་དེ་ཅི་མེ་ཡིས་མི་ཚིག་གམ། ། གང་ཞིག་དེགས་པས་འབྲས་བུ་དང་ར་ལྟར་གང་ཟག་དེ་ནི་ཉམས་པར་མི་འགྱུར་རམ།། མི་ནི་གང་ཞིག་བྲང་འགྲོ་གདུག་པས་ཟིན་པ་དེ་ནི་གནོད་པར་མི་འགྱུར་རམ། མི་ནི་གང་ཞིག་དབེན་པར་རྟོགས་པར་སྡིག་བྱེད་གོས་མི་འགྱུར་དེ་མི་སྲིད་དམ།། ་དེ་ནས་རྒྱལ་སྲུངས་མས་སྨྲས་པ། གཞོན་ནུ་རེ་ཞིག་ཁྱོད་དེ་ལྟར་བུར་ཞེན་པས་གནས་པར་མ་བྱེད་ཅིག། དེ་ཡང་དུས་ཀྱི་སྒོ་ཡི་རྫོང་བྱི་དའི་རིར་ཡང་འདོད་པའི་དོན་དུ་རབ་འཇུག་ལ།། འདོད་པའི་རྒྱ་མཚོ ་ཆུ་ཡང་རྒལ་ཅིང་མཛའ་བོ་གང་ཡིན་དག་ཀྱང་དབྱེ་བ་ཡོད། ། འདོད་པའི་ཕྱིར་ནི་བརྟུལ་ཞུགས་ཐལ་བ་ཤིང་གོས་འཆང་བའི་དཀའ་ཐུབ་དེ་དེས་དུག།། དེ་འདིར་བདེ་བར་ཡང་དག་ཐོབ་པ་འདི་ལ་ཅི ་ཕྱིར་ཀུན་ཏུ་ཆགས་མི་བྱེད། ། ཀུན་ལས་སྤྲས་པ། ཁྱེད་ཀྱིས་ང་ནི་ཟིལ་གནོན་མི་འགྱུར་ཏེ།། ལྷ་ཡི་བུ་མོ་འདྲ་བའི་བུད་མེད་དག། དེ་ཡང་དམྱལ་བ་སྡུག་བསྔལ་ཡོད་པས་ན།། གཞན་གྱི ་བུད་མེད་ཡོངས་སུ་སྤོང་བ་ཡིན། ། དེ་ནས་རྒྱལ་སྲུངས་མས་རང་གི་འདོད་པའི་རྣམ་པ་ཐོབ་པར་མ་གྱུར་པས་ཁྲོས་ཏེ་སྨྲས་པ། ཤིན་དུ་འདོད་པས་གདུངས་པར་གྱུར་པ་ན།། གལ་ཏེ ་འདི་ནི་ང་ནི་མི་འདོད་ན། ། བློ་ངན་ཁྱོད་ནི་རིང་པོ་མི་ཐོགས་པར།། དངོས་པོ་ཐམས་ཅད་མེད་པར་འགྱུར་བར་འོང་།། མིག་ནི་གཉིས་པོ་གང་ཡིན་པས།། ཁྱོད་ནི་འདི་ནི་དྲེགས་ཐོས་པས།། མི་རིགས་པར ་ནི་དེ་དག་གི། རྒུད་པར་གྱུར་ལ་བལྟ་བར་བྱ།། ཀུན་ལས་སྨྲས་པ། ཆོས་ནི་རྣམ་དག་གྱུར་ན་བདག་ནི་མྱུར་དུ་འཆི་བར་གྱུར་ཀྱང་བླ།། སྐྱེ་བོ་དམ་པས་དག་སྨད་གྱུར་པའི་འཚེ་བ་བདག་ལ་དགོས་མ་ཡིན། ་གང་ལས་མཐོ་རིསེ་དག་དང་ཆོས་འཇིག་འགྱུར་བའི་འཚེ་དེས་ཅི་ཞིག་བྱ།། མཁས་པས་ཟིལ་གྱིས་མནན་པའི་བཀྲེན་འགྱུར་བ་དག་ནི་འཆི་བ་ཡིན་མོད་ཀྱི།། ཇི་ཙམ་ན་རྒྱས་སྲུངས་མ་དེ་ཀུན་ལའི་གླགས། ་སྐབས་ཚོལ་ཞིང་གནས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་པ་ཐོས་པ་དང་། རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ།། དེ་ནས་བློན་པོ་རྣམས་ཀྱིས ་སྤྲསྨྲས་པ། ལྷ་གཞོན་ནུ་བརྫང་དུ་གསོལ། དེས་ནི་ཐུལ་བར་འགྱུར་ལགས་སོ།། དེ་ནས་རྒྱལ་པོས། ཀུན་ལ་བོས་ཏེ་སྨྲས་པ། ཀུ་ན་ལ་གྲོང་ཁྱེར་རྡོ་འཇོག་གདུལ་བར་འགྲོ་ནུས་སམ། ཀུན་ལས ་སྨྲས་པ། ལྷ་རབ་ཏུ་མཆི་ལགས་སོ།། དེ་ནས་རྒྱལ་པོས་ཡིད་ལ་རབ་དད་པའི།། བུ་ཞེས་བྱ་བའི་བསམ་པ་ཤེས་པ་དང་།། བརྩེ་བ་ཕུན་ཚོགས་ན་ཆོད་ལ་རིགས་པའི།། ཆས་པའི་རྐྱེན་ནི་ལུང་དུ ་བསྒོ་བར་གྱུར། ། དེ་ནས་རྒྱལ་པོ་ཨ་ཤོ་ཀས་གྲོང་ཁྱེར་བརྒྱན་པ་དང་། ལམ་མཛེས་པར་བྱས་ཏེ། རྒན་པོ་དང་། ནད་པ་དང་། བཀྲེན་པ་རྣམས་རང་གི་ལམ་ནས་བསལ་ཏེ། གཞོན་ནུ་དང་ལྡན ་ཅིག་ཤིང་རྟ་ལ་ཞོན་ཏེ། པ་ཏ་ལི་པུ་ཏྲ་ནས་བྱུང་སྟེ། བསྐྱལ་ནས་ལྡོག་པ་ན་ཀུ་ནཱ་ལའི་མགུལ་ནས་ཡོངས་སུ་འཁྱུད་ནས་མིག་ལྟ་ཞིང་ངུས་ཏེ་སྨྲས་པ། འདབ་ཆགས་རབ་མཆོག་ཀུན་ལ་མཚུངས ་པབའི། མིག་ནི་ཡངས་ཤིང་ཨུཏྤལ་སྔོན་པོ་དང་།། འདྲ་བ་འདི་ལ་ལྟ་བ་གང་ཡིན་པ།། དེ་ནི་དཔལ་ཡོད་བདེ་ལྡན་རིམ་ནད་བྲལ།། ཇི་ཙམ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་བ་དང་། ཀུན ་ལའི་མིག་ཡུན་རིང་པོར་མི་ཐོགས་པར་འཇིག་པར་འགྱུར་ཏེ། རྒྱལ་པོ་ཨ་ཤོ་ཀ་དེའི་མིག་གཉིས་ལ་ཤིན་ཏུ་ཆགས་པ་ལྟས་མཁན་དེས་མཐོང་ནས་སྨྲས་པ། མི་དབང་བུ་ཡི་མིག་ནི་རྣམ་དག་ལ། ་ས་དག་ཀྱང་ནི་མིག་ལ་རྗེས་ཆགས་པས།། རྣམ་དག་དཔལ་ཡིད་དང་རྗེས་འཐུན་པ།། རིང་པོ་མི་ཐོགས་འཇིག་པར་འགྱུར་བར་མཐོང་།། ལྷ་ཡུལ་ལྟ་བུར་རབ་དགའི་གྲོང་ཁྱེར་འདི།། གཞོན་ནུ ་མཐོང་བ་ལས་བྱུང་སྐོམ་པ་དག། མིག་དང་བྲལ་ནས་དེ་བཞིན་འདི་ཡི་སེམས།། མྱ་ངན་དག་གིས་ཡོངས་སུ་གདུངས་པར་འགྱུར།། ཇི་ཙམ་ན་ཀུན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང་།། ་རྡོ་འཇོག་གི་གྲོང་ཁྱེར་པས་ཐོས་ནས། དཔག་ཚད་ཕྱེད་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང་། ལམ་མཛེས་པར་བྱས་ཏེ། བུམ་པ་གང་བ་མར་གསར་གྱིས་བརྒྱན་པས་མདུན་བསུས་སོ།། ཡང ་བཤད་པ། རྡོ་འཇོག་པ་ཡི་གྲོང་བས་ཐོས་ནས་ནི།། རིན་ཆེན་བུམ་པས་གང་བ་ལ་སོགས་པའི།། མཆོད་པ་ཐོགས་ཏེ་མདུན་དུ་སོང་ནས་ནི།། ས་བདག་དེ་ལ་མང་དུ་རྗེད། ་པར་གྱུར།། མདུན་བསུས་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ནུ་ལ་འགལ་བར་བགྱིད་པའང་མ་ལགས་ལ། རྒྱལ་པོ་ཨ་ཤོ་ཀ་ལའང་མ་ལགས་མོད་ཀྱི། འོན་ཀྱང་བློན་དེ། ་མི་བསྲུན་པ་དག་འོངས་ནས་བརྙས་པར་བགྱིས་ལགས་མོད། ཇི་ཙམ་ན་ཀུ་ན་ལ་བསྙེན་བཀུར་ཆེན་པོས་གྲོང་ཁྱེར་རྡོ་འཇོག་ཏུ་ཞུགས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཨ་ཤོ་ཀ་ནད་ཆེན་པོ་ཞིག་བྱུང་བར་གྱུར ་ཏོ། ། དེའི་ཁ་ནས་ངན་སྐྱུགས་འོང་ཞིང་བ་སྤུའི་བུ་ག་ཐམས་ཅད་ནས་མི་གཙང་བ་འཛག་པར་གྱུར་ཀྱང་གསོ་བར་མ་ནུས་སོ།། དེ་ནས་རྒྱལ་པོས་སྨྲས་པ། ཀུ་ན་ལ་ཁུག་ཅིག། དེ་རྒྱལ་སྲིད་ལ་གཞག་པར་བྱ་སྟེ།། ་ཁོ་བོའང་སླར་འཚོ་བས་ཅི་ཞིག་བྱ། དེ་ཐོས་ནས་རྒྱལ་སྲུངས་མས་བསམས་པ། གལ་ཏེ་ཀུན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ་མེད་པར་འགྱུར་རོ་སྙམ་ནས། དེས་སྨྲས་པ། ལྷ་བདག་གིས་སོས ་བར་བགྱི་ལགས་ཀྱིས། འོན་ཀྱང་སྨན་པ་རྣམས་ནང་དུ་མཆི་བ་དགག་ཏུ་གསོལ། ཇི་ཙམ་ན་རྒྱལ་པོས་སྨན་པ་རྣམས་འོང་བ་བཀག་པར་གྱུར་ཏོ།། དེ་ནས་རྒྱལ་སྲུངས་མས། སྨན་པ་རྣམས་ལ་སྨྲས་པ། གལ ་ཏེ་སྐྱེས་པ་འམ། བུད་མེད་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ཡོད་ན་དེ་ཁྱེད་རྣམས་ང་ལ་སྟོན་ཅིག། དེ་ནས་རི་ཁྲོད་པ་གཞན་ཞིག་དེ་ལྟ་བུའི་ནད་ཀྱིས་ཟིན་པ་དང་། དེའི་ཆུང་མས་སྨན་པ་ལ་ནད་དེ་སྨྲས་པ་དང་། ་སྨན་པས་སྨྲས་པ། ནད་པ་དེ་ཉིད་འོང་དུ་ཆུག་ཅིག། བལྟས་ལ་སྨན་བསྟན་པར་བྱའོ།། ཇི་ཙམ་ན་དེ་བཀུག་ནས་སྨན་པའི་གམ་དུ་ཕྱིན་པ་དང་། སྨན་པས་རྒྱལ་སྲུངས་མའི་གམ་དུ་ཁྱེར་རོ།། རྒྱལ ་སྲུངས་མས་ཀྱང་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་དེ་བསད་ནས་བལྟས་པ་དང་། དེ་ཞུ་བའི་གནས་ན་རྒྱུ་མའི་འབུ་ཆེན་པོ་ཞིག་བྱུང་བ་སྟེ། དེ་སྟེང་དུ་འགྲོ་བ་དང་། དེའི་ངན་སྐྱུགས་གྱེན་དུ་འབྱུང་ངོ་།། ་གལ་ཏེ་ཐུར་དུ་འགྲོ་ན་ནི་འོག་ཏུ་འབྱུང་ངོ་།། དེས་དེར་ན་ལེ་ཤམ་བཏགས་ཏེ་བླུགས་ཀྱང་མ་ཤིའོ།། དེ་བཞིན་དུ་པི་པི་ལིང་དང་། སྲིང་ག་དང་། ལན་ཚྭ་ལ་སོགས་པ་བླུད་པ་ནས། ཇི་ཙམ་ན་སྒོག་སྐྱ ་བྲུད་པ་དང་རེག་པ་ཙམ་གྱིས་ཤེ་ནས་བཤང་བའི་ལམ་ནས་བྱུང་ངོ་། ། དེས་དེ་ལྟ་བུའི་རྣམ་པ་རྒྱལ་པོ་ལ་གོ་བར་བྱས་ཏེ། ལྷ་སྒོག་སྐྱ་གསོལ་ཅིག། དེ་ནས་ཁྱེད་སོས་པར་འགྱུར་རོ།། རྒྱལ་པོས་སྨྲས་པ། ་ལྷ་མོ་ང་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ན། ཇི་ལྟར་ན་སྒོག་པ་ལ་ཡོངས་སུ་ལོངས་སྤྱོད། བཙུན་མོས་སྨྲས་པ། ལྷ་འདི་ནི་སྲོག་གི་དོན་གྱི་སྨན་ཡིན་པས་ཉེ་བར་སྤྱོད་པར་མཛོད་ཅིག། ཇི ་ཙམ་རྒྱལ་པོས་ཡོངས་སུ་ལོངས་སྤྱད་ནས་འབུ་དེའང་ཤི་སྟེ་བཤང་བའི་ལམ་ནས་བྱུང་ངོ་། ། རྒྱལ་པོ་སོས་པར་གྱུར་ནས། དེས་རྒྱལ་སྲུངས་མ་ལ་མཆོག་སྦྱིན་པར་བརྩམས་ཏེ། ཁྱོད་ལ་མཆོག་ཅི་ཞིག ་སྦྱིན་པར་བྱ། དེས་སྨྲས་པ། བདག་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་གསོལ་ཅིག། འོ་ན་ཁོ་བོ་ཅར་འགྱུར། བཙུན་མོས་སྨྲས་པ། ཞག་བདུན་འདས་པ་དང་། ལྷ་ཉིད་རྒྱལ་པོ་མཛོད་ཅིག། ཇི་ཙམ་ན་རྒྱལ ་@སྲུངས་མ་ལ་ཞག་བདུན་གྱི་བར་དུ་རྒྱུལ་སྲིད་བྱིན་ནོ། ། དེ་བློ་སྐྱེས་པ་དང་། དེ་ནི་བདག་གིས་ཀུན་ལ་ཁོ་ན་གཅུགས་མངོན་དུ་བྱའོ་ཞེས་དེས་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱིས། ་ཀུན་ལའི་མིག་བརླག་པར་གྱིས་ཤིག་ཅེས་བཅོས་མའི་ཡི་གེ་བྲིས་ཏེ། དེའང་རྒྱལ་པོ་མྱ་ངན་མེད་ཀྱིས་བཀའ་སྩལ་པ། ཤིན་ཏུ་དཔའ་ཞིང་སྟོབ་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་རྩལ་གྱིས ་རྣམ་པར་གནོན་པ་ཐོབ་པའི་རྒྱལ་པོ་རྒྱ་མཚོ་བཞི་དང་། སའི་བདག་པོ་སྤྱི་བོའི་ཅོད་པན་གྱིས་སྟན་དང་། རྐང་པར་ཡོངས་སུ་གཏུགས་པ། མྱ་ངན་དང་བྲལ་བས་མྱ་ངན་མེད་པ། མ་ག་དྷའི་གྲོང་ཁྱེར་ནས ་པ་ཏ་ལའི་པུ་ཏྲ་དང་། རྡོ་འཇོག་ལ་གནས་པའི་བར་ལ་རྒྱུན་མི་འཆད་པར་དགེ་བའི་ལས་ཀྱི་རྩོམ་པས་ཉེ་བར་འཚོ་བ། སྡེ་ཆོམས་གསུམ་པའི་གྲོང་ཁྱེར་གྱི་སྐས་ལ་གནས་པའི་སྐྱེ་བོ་རྣམས་ལ་ཇི་ལྟར ་གྲོང་ཁྱེར་བ་རྣམས་ཀྱིས་ཤེས་པར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་གྱིས་ཤིག། འདིར་ངའི་བུ་ཞེས་བཏགས་པའི་དགྲ་བཅོས་མའི་སྤྱོད་པ་འཇམ་པ་ལ་མཁས་པས་སྦྱར་བའི་རྒྱུའི་བསྒྱིངས་པས ་ཐལ་མོ་སྦྱར་བ་བྱས་པ། རིགས་ཀྱི་སོལ་བར་གྱུར་པའི་ཀུ་ན་ལ་དེས། ཤིན་ཏུ་གཅམ་སག་གི་ཚུལ་གྱིས་ཁོ་བོ་ཕེབས་པར་བྱས་ནས་བག་ཕེབས་པས་གནོད་པ་བྱེད་ཅིང་། བཙུན་མོའི་འཁོར་ལ་གྷ ་བར་བྱེད་པས། གང་གི་ཕྱིར་འདི་ནི་མ་བརྟགས་པར་བྱེད་པ། སྙིང་རྗེ་མེད་པ། འཇིག་རྟེན་ཕ་རོལ་སྤངས་པ། ཕའི་ཆུང་མ་ལ་ཡོངས་སུ་ལྟ་བས་དེའི་མོད་ལ་དངོས་པོའི་རྗེས་སུ་ཞུགས་པ། གཟུགས ་ཀྱིས་ཁེངས་ཤིང་མའི་ཕྱོགས་ལ་དྲེགས་པས་འཕེལ་བར་བྱེད་པ། རིགས་ཀྱི་ཆོས་གཞུང་ལུགས་སུན་འབྱིན་པར་བྱེད་པའི་མིག་གཉིས་མྱུར་དུ་ཕྱུང་ནས་བཀྲེན་པ་ཉིད་དུ་གྱིས་ལ་ཤིན་ཏུ་དེངས ་པའི་གོས་བསྐོན་ཏེ། ཆུང་མ་དང་བཅས་པར་ཕྱི་རོལ་དུ་སྐྲོད་ཅིང་། གང་གི་མིག་གཉིས་ཀྱིས་དྲེགས་ཤིང་ཁེངས་ཞེས་གྱིས་ལ། དེའང་སྐྱེ་བོ་རྣམས་ཀྱིས་མཐོང་བར་གྱིས་ཤིག། ལན་གྱི་ཡི་གེའང་གཏོང ་བར་མ་བྱེད་ཅིག། བྱས་པ་མི་གཟོ་བའི་འཕོངས་པ་ཐོས་པས་ཀྱང་ངའི་སྙིང་འདར་བར་མ་བྱེད་ཅིག། ངས་ཁྱེད་རྣམས་ལ་གཞུང་ལུགས་སུ་བཞག་པའི་ལུང་བསྒོ་བ་འདི་ཁྱེད་རྣམས་ཀྱིས་གྱིས་ཤིག། ་ཡང་སྨྲས་པ། རྒྱལ་པོ་མྱ་ངན་མེད་གཏུམ་སྟོབས་ལྡན་པའི།། བཀའ་བཞིན་རྡོ་འཇོག་གྲོང་ཁྱེར་པ་ཡིས་གྱིས།། རྒྱལ་པོ་ལ་གནོད་ཀུན་ལ་ཞེས་བྱའི།། མིག་གཉིས་མྱུར་དུ་དབྱུང་བ་ཉིད་དུ་གྱིས།། དེ་ལྟར་རྒྱལ ་སྲུངས་མ་དེས་ཡི་གེ་བྲིས་ནས། རྒྱལ་པོ་མྱ་ངན་མེད་པའི་བ་སོའི་རྒྱས་ཡི་གེ་ལ་རྒྱ་གདབ་པར་བྱའོ་སྙམ་ནས། ཇི་ཙམ་ན་རྒྱལ་སྲུངས་མས་ཡི་གེ་དེ་རྒྱལ་པོ་གཉིད་ལོག་པ་དང་། བ་སོའི་རྒྱས་གདབ་པར་བྱའོ།། ་སྙམ་སྟེ། རྒྱལ་པོ་དང་ཉེ་བར་སོང་བ་རྒྱལ་པོ་སྐྲག་པས་སད་གྱུར་ཏོ།། ཆུང་མས་སྨྲས་པ། ལྷ་འདི་ཅི་ཞིག་ལགས། རྒྱལ་པོས་སྨྲས་པ། ལྷ་མོངས་རྨི་ལམ་མི་དགེ་བ་མཐོང་སྟེ། བྱ་རྒོད་གཉིས་ཀྱིས་ཀུ་ན་ལའི ་མིག་བྱིན་པར་འདོད་པར་མཐོང་ངོ་། ། བཙུན་མོས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱིས། དེ་བཞིན་དུ་རྒྱལ་པོ་སྐྲག་པས་སད་ནས་སྨྲས་པ། ལྷ་མོ་ངས་རྨི་ལམ་རྨིས་སོ།། རྒྱལ་སྲུངས་མས་སྨྲས་པ། ་རྨི་ལམ་ཇི་ལྟ་བུ། རྒྱལ་པོས་སྨྲས་པ། ཀུ་ན་ལ་ལ་སྒྲ་དང་སེན་མོ་རིང་པོ་འཆང་ཞིང་གོས་དྲི་མ་ཅན་གྱོན་པ་མཐོང་ངོ་།། བཙུན་མོས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱིས ་ཇི་ཙམ་ན་རྒྱལ་པོ་གཉིད་ཀྱིས་ལོག་པ་དང་། རྒྱལ་སྲུངས་མས་ཡི་གེ་དེ་བ་སོའི་རྒྱས་བཏབ་ནས་རྡོ་འཇོག་ཏུ་བསྐུར་རོ།། ཡང་རྒྱལ་པོ་གཉིད་ལོག་པ་ན་རང་གི་སོ་ལྷགས་པར་གྱུར་པ་རྨིས་སོ།། དེ་ནས་རྒྱལ་པོ ་མཚན་མོ་དེ་ཉིད་འདས་པ་དང་། ལྟས་མཁན་རྣམས་བོས་ཏེ། རྨི་ལམ་བཟླས་ནུས་འདི་དག་སྟོན་པར་གྱིས་ཤིག་ཅེས་བསྒོའོ།། ལྷས་མཁན་རྣམས་ཀྱིས་སྨྲས་པ། ལྷ་གུང་གིས་འདི་ལྟ་བུའི་ལྟས་མཐོང ་བ་དེས་ནི་བུའི་མིག་འཇིག་པར་མཐོང་བར་འགྱུར་རོ། ། ཡང་སྨྲས་པ། གང་གིས་ནི་དེངས་པ་དང་།། རྨི་ལམ་ནང་ན་སོ་ལྤགས་པ།། བུ་ཡི་མིག་ནི་འཇིག་པ་དང་།། བརླག་པའི་བུ་ནི་དེས་མཐོང་འགྱུར།། དེ་སྐད་ཐོས་པ ་དང་ང་རྒྱལ་པོ་མྱ་ངན་མེད་སྟན་ལས་མྱུར་བར་ལངས་ཏེ། ཕྱོགས་བཞིར་ལྷ་རྣམས་ལ་གསོལ་པ་འདེབས་པ་ལ་ཞུགས་པར་གྱུར་ཏོ།། སྨྲས་པ། སངས་རྒྱས་ཆོས་དང་ཚོགས་ཀྱི་གཙོར་གྱུར་པའི།། དགེ་འདུན ་མངོན་དང་ལྷ་ནི་གང་ཡིན་དང་། ། གང་སང་འཇིག་རྟེན་དྲང་སྲོང་དཀའ་ཐུབ་མཆོག། བདག་གི་བུ་སྡུག་འཕོངས་ལས་བསྲུང་བར་མཛོད།། ཡི་གེ་དེའང་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་ཏོ།། དེ་ནས་རྡོ་འཇོག་པའི་གྲོང ་ཁྱེར་བ་རྣམས་ཀྱིས་ཡི་གེ་དེ་མཐོང་ནས་ཀུན་ལའི་ཡོན་ཏན་རྒྱ་ཆེན་པོས་ཡོངས་སུ་མགུ་བས་མི་དགའ་བ་དེས་བརྡ་སྤྲོད་པར་མ་ནུས་ཏེ། ཡུན་རིང་པོར་རྣམ་པར་དཔྱའ་ནས་རྒྱལ་པོ་གཏུམ་པོ་ངང་ཚུལ་ངན་པ་བུ ་ལའང་བཟོད་པར་མི་བྱེད་ན། བདག་ཅག་རྣམས་ལ་བཟོད་པར་ལྟ་ག་ལ་བྱེད། ཡང་སྨྲས་པ། ཐུབ་པའི་ཚུལ་ངན་དུབ་པ་དང་།། འབྱུང་པོ་ཀུན་ལ་ཕན་འདོད་པའི།། ཀུན་ལ་ལའང་སྡང་བྱེད་ན།། བདག་ཅག་རྣམས་ལ་ཅིས་ནི། ་འབྱུང་།། ཇི་ཙམ་ན་གྲོང་ཁྱེར་བའི་སྐྱེ་བོ་དེ་རྣམས་ཀྱིས་ཡི་གེ་དེ་གཞོན་ནུ་ལ་བསྟན་ཏོ།། དེ་ནས་གཞོན་ནུས་པའི་ཡི་གེ་སྤྱི་བོས་བླངས་ཏེ་ཡི་གེ་པ་ལ་སྨྲས་པ། ཡི་གེ་པ་ཁྱེད་ཀྱིས་རྒྱལ་པོས་འདི་ཅི་ཞིག་བྱས་པ་ཡི་གེ་ཀློཿ ་ཤིག། རྒྱལ་པོ་མྱ་ངན་མེད་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཡི་གེ་བཀླགས་པ་དང་། མིག་མཆི་མ་དང་བཅས་པར་གྱུར་ཅིང་ཀུན་ཏུ་རྨོངས་པར་གྱུར་པས་ལག་པ་ལས་ཡི་གེ་ལྷུང་བར་གྱུར་ཏོ།། མི ་གེ་བ་གཉིས་པས་བླངས་པ་དང་། དེའང་ཀུན་རྨོངས་པར་གྱུར་ནས་དེ་བཞིན་དུ་ལག་པ་ལས་ལྷུང་བར་གྱུར་ཏོ།། དེ་བཞིན་དུ་ཡི་གེ་པ་མང་པོས་བླངས་ཏེ། ཡི་གེའི་དོན་ཐོས་པ་དང་། ཀུན་ལའི་ཡོན་ཏན་དྲན་པས་ཀྱི་ཧུད་འདི ་ཅི་ཞིག་ཡིན་ཞེས་རྣམ་པར་ཤཱིང་ཡི་གེ་ལྷུང་བར་གྱུར་ཏོ། ། དེ་ནས་གཞོན་ནུ་དེ་རྣམས་ཀྱི་སྦྱོར་བ་དེ་མཐོང་ནས་སྤྲས་པ། རི་དགས་གཞོན་ནུའི་མིག་འདྲ་ཞིང་།། བཞིན་ནི་པདྨའི་འདབ་འདྲ་བ།། པདྨ་ཞེས་བྱ་སྙན་སྨྲ་བའི།། ་ངའི་མའི་དུས་ནི་མ་བྱས་སམ།། ལྷ་ཡིས་མཐོང་ན་དགའ་བ་ཡི།། རྒྱལ་སྲུངས་མ་ཞེས་བྱ་བ་དེ།། གང་ཞིག་མྱ་ངན་ནད་ཀྱིས་ནི།། དེ་ནི་དུས་བྱས་མ་གྱུར་ཏམ།། མིག་བཟང་འཇིག་རྟེན་གྲགས་པར་གསལ་བར་ནི།། གྲོང ་ཁྱེར་མཆོག་གི་བདེ་འབྱོར་མཐོང་ནས་ནི། ། ཇི་ལྟར་མཆིམས་མིག་ཁེབས་འཁྲུགས་པ་དང་།། སྐྱེ་བོའི་དུ་སྨ་འདྲ་བ་འདི་ཅི་ཡིན།། དེ་བས་ན་རེ་ཞིག་ཡི་གེ་ཁྱེར་ལ་ཤོག་དང་། འདིར་ཅི་ཞིག་བྲིས་པ་ང་ཉིད་ཀྱིས་བཀླག་པར ་བྱའོ་ཞེས་གཞོན་ནུ་རང་ཉིད་ཡི་གེ་ཀློག་པ་ལ་ཞུགས་པར་གྱུར་པ་དང་། རྒྱལ་པོ་ཨ་ཤོ་ཀ་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་རོ།། དེ་ནས་གཞོན་ནུས་ཡི་གེ་བཀླགས་ནས་གནས ་བརྟན་གྲགས་པས་སྨྲས་པ། མངོན་དུ་གྱུར་པར་བྱས་ཏེ། གནས་བརྟན་གྲགས་པས་མིག་ནི་མི་རྟག་པའོ་ཞེས་ལེགས་པར་གསུངས་སོ།། དེ་ནས་གཞོན་ནུས་སྨྲས་པ། ཁྱེད་རྣམས་ལ་འགའ་ཞིག་གིས་བག་ཕེབས་པ ་ཉིད་ཀྱིས་མིག་འབྱིན་པར་སྤྲོ་འམ། དེ་ནི་བྱ་དགོས་སོ།། དེ་རྣམས་འགའ་ཡང་སྤྲོ་བར་མ་གྱུར་ཏོ།། ཇི་ཙམ་ན་རིགས་ངན་རྣམས་བཀུག་ནས་ཀུན་ལའི་མིག་ཕྱུང་ཞིག་ཅེས་སྨྲས་པ་དང་། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། ་བདག་ཅག་རྣམས་ཀྱིས་རྔོ་མི་ཐོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཟླ་བའི་མདངས་ལྡན་པ།། བཞིན་ལས་འབྱིན་པར་བྱེད་པའི་མི།། དེ་ནི་ཟླ་འདྲའི་ཞལ་ལས་ནི།། ཁྱེད་ཀྱི་སྤྱན་ནི་འབྱིན་པར་བགྱིད།། དེ་ནས་གཞོན་ནུས་རྡོ་འཇོག ་པའི་གྲོང་ཁྱེར་པ་རྣམས་ལ་གང་བསོད་ནམས་འདོད་པ་དེ་ཆོས་ཀྱི་རྒྱལ་པོ་ཅན་དུ་ཤོག་ཅིག་ཅེས་དྲིལ་བསྒྲགས་སོ། ། ཇི་ཙམ་ན་ཆོས་ཀྱི་རྒྱལ་པོ་ཅན་དུ་མར་མེའི་འཕྲེང་བ་བྱས་ནས། ཉི་མ་གཉིས་པ་ལ་དགེ་སློང་རྣམས་བཟའ ་བ་དང་བཅའ་བས་བསྙེན་བཀུར་བྱ་བ་དང་། མེ་ཏོག་གི་གདུགས་བཏགས་པར་བྱས་སོ།། དེ་ལྟར་བྱས་ནས་ཆོས་ཀྱི་རྒྱལ་པོའི་གནས་ནས་བྱུང་སྟེ། སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ནས་རྡོ་ལབ་གཞན་པ་གང་ན་བ ་དེར་སོང་སྟེ་ཕྱིན་པ་དང་། དེར་འདུག་སྟེ་གསེར་གྱི་སྒོམ་བླངས་ནས་སྨྲས་པ། གང་ཞིག་སྤྲོ་བ་དེས་གསེར་གྱི་སྒྲོམ་འདི་ལོང་ལ་ངའི་མིག་འདི་ཕྱུང་ཞིག་ཅེས་སྨྲས་ཀྱང་ཐམས་ཅད་དུ་འགའ་ཡང་སྤྲོ་བར་མ་གྱུར་ཏོ།། ་ཙམ་ན་རྒྱལ་པོ་མྱ་ངན་མེད་པའི་རྨི་ལམ་དུ་སྐྱེས་བུ་སྤྱི་ཅེར་མིག་སེར་བ་གཉིས་ཀྱིས་གཞོན་ནུའི་མིག་འབྱིན་པ་བྱེད་པར་མཐོང་བ་ཅི་འདྲ་བ་དེ་ལྟ་བུ་ཉིད་རིང་པོ་ཁོ་ནས་འོང་བ་གཞོན་ནུས་མཐོང་ནས་སྨྲས་པ། ཀྱེ་གྲོང ་ཁྱེར་པ་རྣམས་སྐྱེས་བུ་འོང་བ་འདི་དག་ངས་ངའི་མིག་དབྱུང་བར་བྱའོ། ། གཞོན་ནུས་སྐྱེས་བུ་དེ་གཉིས་ལ་བོས་ཏེ་དྲིས་པ། ཁྱེད་ཀྱིས་ངའི་མིག་འབྱིན་པར་སྤྲོ་འམ། སྐྱེས་བུ་གཉིས་ཀྱིས་སྨྲས་པ། གལ་ཏེ་ཁྱེད ་དགའ་ན་མགོ་བོའང་འགས་པར་ནུས་ན། ཆུའི་ཆུ་བུར་ལྟ་བུའི་མིག་གཉིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཞོན་ནུ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་བ་བྱས་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ ་བཟོད་པ་ལ་ཞུགས་པར་གྱུར་ཏོ། ། བདག་ནི་བྱིས་པར་གྱུར་པས་གང་བྱས་དང་།། དབང་ཆེར་གྱུར་པ་འོན་ཏེ་མི་རིགས་བྱས།། དེ་ནི་དཔལ་ཉམས་ཤིན་ཏུ་སྡུག་བསྔལ་བ།། བདག་ལ་བརྩེ་བས་བཟོད་པར་བྱ་བའི་རིགས།། གཞན ་ཡང་། གཟུགས་རྣམས་མཐོང་བར་གྱུར་པ་འདི།། ཐ་མ་དག་ཏུ་གྱུར་པ་ཡི།། གཞོན་ནུ་ཀུན་ལ་ལ་ནི།། གནོད་བྱས་གང་ཡིན་བཟོད་པར་གྱིས།། དེའི་ཚེ་གཞོན་ནུས་གནས་བརྟན་གྱི་ཚིག་མངོན་སུམ་དུ་བྱས་ནས། དེ་རྗེས་སུ ་དྲན་བཞིན་དུ་སྨྲས་པ། རྒུད་པ་འདི་ནི་མཁྱེན་ནས་སུ།། མིག་གི་བདག་ཉིད་ཀུན་ལ།། མི་རྟག་ཡང་དག་ལྟོས་ཤིག་ཅེས།། དེ་ཉིད་སྨྲ་བ་དེ་ཡིས་གསུངས།། དེ་ནི་བདག་གི་དགེ་བའི་བཤེས།། དོན་ཡོད་ཕན་པར་བཞེད་པ་ཡིན།། ་གང་ཞིག་ཆོས་འདི་སྟོན་པ་ནི།། འཕོངས་ལ་བརྟན་པར་བྱེད་པ་ཡིན།། མི་རྟག་འགྱུར་བས་དེ་ནི་རྟག་མིན་པར།། བླ་མས་བསྟན་པ་ཁྱེད་ཀྱིས་ཡིད་ལ་གྱིས།། དངོས་པོ་འདི་དག་རང་བཞིན་གཡོ་བས་ན།། དེང་ཁྱོད་གནོད་ལའང ་ང་མི་འཇིགས། ། ཇི་ལྟར་ས་བདག་གནོད་པ་ལྟར།། ཁྱེད་ཀྱི་མིག་ནི་འབྱུང་བར་གྱིས།། མི་རྟག་སོགས་ཀྱིས་ཟག་མེད་པའི།། སྙིང་པོའི་མིག་ནི་ང་ལེན་ཏོ།། དེ་ནས་ཀུན་ལས། སྐྱེས་བུ་དེ་ལ་སྨྲས་པ། ཀྱེ ་སྐྱེས་བུ་དེས་ན་ངའི་མིག་གཅིག་ཕྱུང་ལ་ངའི་ལག་ཏུ་བྱིན་ཅིག། ཇི་ཙམ་ན་སྐྱེས་བུ་དེས་ཀུན་ལའི་མིག་འབྱིན་པར་བརྩམས་སོ།། དེ་ནས་སྲོག་ཆགས་བརྒྱ་སྟོང་ཆོས་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་སྡུག ་བསྔལ་ལོ། ། དྲི་མེད་ཟེར་ལྡན་ཟླ་བ་འདི།། ནམ་མཁའ་ལས་ནི་ལྟུང་བར་གྱུར།། པདྨ་དཀར་པོའི་ནགས་ལས་ཀྱང་།། དཔལ་གྱི་པདྨ་འབྱིན་པར་བྱེད།། དེ་ནས་སྲོག་ཆགས་བརྒྱ་སྟོང་དུ་བཞིན་དུ་དེས་ཀུན་ལའི་མི ་གཅིག་ཕྱུང་སྟེ་ལག་ཏུ་བྱིན་ནོ། ། དེ་ནས་གཞོན་ནུས་མིག་དེ་བླངས་ཏེ་ཡོངས་སུ་བསྒོ་བས་སྨྲས་པ། འབྱུང་བ་ཆེན་པོའི་མཐུ་དང་ནི།། ལས་ཀྱི་རྒྱུ་ལས་འདི་བྱུང་སྟེ།། སྲོག་མེད་འཚེ་བ་མེད་སྟོང་པ།། མེའི་སྲོག ་གིས་རྣམ་སྤངས་པའོ། ། ཇི་ལྟར་སྔོན་ཆད་ཤ་ཡི་གོང་བུ་ཁྱོད།། བྱེད་བཞིན་དེང་ནི་གཟུགས་ལ་ཅིས་མི་ལྟ།། མི་མཁས་ཁྱོད་ལ་བདག་ཏུ་གནས་བྱེད་པ།། དེ་བསླུས་དེ་ན་སྨྲས་པར་བྱ་བ་ཡིན།། དབུ་བ་འདྲ་ཞིང་ཆུ་བུར ་དག་དང་མཚུངས། ། ཤིན་ཏུ་ཉམ་ཆུང་གནོད་བྱེད་རང་དབང་མེད།། དེ་ལྟར་མཐོང་བ་བརྟག་ཏུ་དྲེགས་མེད་ཅིང་།། དེ་ནི་སླར་ཡང་སྡུག་བསྔལ་མཐོང་མི་འགྱུར།། དེ་ལྟར་རྣམ་པར་བསམས་པ་དང་།། དེས་དངོས་པོ ་ཐམས་ཅད་ལ་མི་རྟག་པ་ཉིད་དུ་མཐོང་ཞིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པར་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀྱང་ཤེས་སོ། ། དེ་ནས་གཞོན་ནུས་བདེན་པ་མཐོང་བ་དང་། སྐྱེས་བུ་དེ་ལ་སྨྲས་པ། ་བག་ཕེབས་པས་ཇི་ལྟར་མངོན་པར་འདོད་པར་མིག་གཉིས་པའང་ཕྱུང་ཞིག། ཇི་ཙམ་ན་སྐྱེས་བུ་དེས་མིག་ནི་གཉིས་པའང་ཕྱུང་ནས་ཀུན་ལའི་ལག་ཏུ་བྱིན་ནོ།། དེ་ནས་ཀུན་ལའི་ཤའི་མིག་བྱུང་བ་དང་། ཆོས་ཀྱི ་མིག་རྣམ་པར་དག་པས་སྨྲས་པ། ང་ཡི་ཤ་ཡི་མིག་ཕྱུང་ཡང་།། འོན་ཀྱང་ཤིན་ཏུ་རྙེད་དཀའ་འདི།། ཤེས་རབ་མིག་ནི་དྲག་པས།། མ་སྨད་པ་ནི་ང་ཡིས་ཐོབ།། རྒྱལ་པོས་རང་གི་མིག་གི་ནི།། བཏགས་པ་སྤངས།། ་པར་གྱུར་ཀྱང་ནི།། ཆོས་ཀྱི་རྒྱལ་པོའི་སྲས་གྱུར་པ།། བདག་ཉིད་ཆེན་པོ་ཐོབ་པར་གྱུར།། དབང་ཕྱུག་ལས་ནི་ཉམས་གྱུར་ཀྱང་།། མྱ་ངན་སྡུག་བསྔལ་རྣམ་སྤངས་པས།། སྡུག་བསྔལ་མྱ་ངན་རྣམ་འཇིག་པའི།། ་ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར།། དེ་ནས་ཀུ་ན་ལའི་མིག་ཕྱུང་བ་མཐོང་བ་དང་། སྐྱེ་བའི་ཚོགས་ཆེན་པོས་མགྲིན་གཅིག་ཏུ་སྨྲེ་སྔགས་འདོན་ཅིང་། ལ་ལ་ནི་གོས་དང་རྒྱན་རྣམས་གཅོད་པར་བྱེད།། ལ་ལ་ནི་ས་ལ ་འགྲེ་ཞིང་ལྡོག་པར་བྱེད། ལ་ལ་ནི་དབྱིག་པ་དང་གཏུན་ཤིང་ལག་ན་ཐོགས་ཏེ་སྐྱེས་བུ་གཉིས་པོ་དེ་བརླག་པའི་ཕྱིར་བརྩོན་པར་བྱེད་དོ།། གཞན་དག་ནི་རྒྱལ་པོ་ལ་ཡོངས་སུ་སྨོད་དེ། ཀྱེ་མའོ་རྒྱལ་པོ་ཁྲོ་བོའི་སྟོབས ་ཅན། ཀྱེ་མའོ་རྒྱལ་པོ་ཤེས་རབ་ཞན་པ། ཀྱེ་མའོ་རྒྱལ་པོ་དབང་ཕྱུག་གིས་དྲེགས་གང་ན་བུ་གཅིག་པར་གྱུར་ལ་ཡང་གནས་སྐབས་འདི་ལྟ་བུའི་ཚུལ་རྣམས་མང་པོར་སྨྲ་བཞིན་དུ། གྲོང་ཁྱེར་དུ་ཞུགས་པར ་གྱུར་ཏོ། ། ཇི་ཙམ་དུ་ཀུན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་མ་ཡིན་གྱི། གཞན་དུ་སྦྱོར་བ་འདི་ནི་རྒྱལ་སྲུངས་མ་ཡིན་ནོ་ཞེས་ཐོས་སོ།། ཐོས་ནས་ཡང་སྨྲས་པ། གང་གིས་སྦྱོར་བ་འདི་ནི་བསྐུར ་@#པ་ཡིས། ། གང་ཞིག་མྱོང་གནས་རང་དོན་བྱས་གྱུར་པའི།། རྒྱལ་པོ་ཞེས་པ་ཡུན་རིང་བདེར་གྱུར་ཅིང་།། ལྷ་མོའི་ཚེ་དང་སྟོབས་ནི་བསྐྱངས་པར་ཤོག། དེ་ནས་གསེར་འཕྲེང་ཅན་ཀུན་ལའི། ་མིག་ཕྱུང་ངོ་ཞེས་ཐོས་སོ།། ཐོས་ནས་ཀྱང་ཁྱོ་ལ་བརྩེ་བས་ཀུན་ལའི་ཐད་དུ་སོང་སྟེ། འཁོར་རྣམས་བསལ་ནས། ཀུན་ལའི་མིག་ཕྱུང་བ་ལུས་ལ་ཁྲག་གིས་གང་བ་མཐོང་བ་དང་། བརྒྱལ་ཏེ་ས་ལ ་འགྱེ་གྱུར་ཏོ། ། དེ་ཇི་ཙམ་ན་ཆུས་གཏོར་ཏེ་བསླང་ངོ་།། དེ་ནས་ཅི་ཞིག་ལྟར་འདུ་ཤེས་རྙེད་པ་དང་། ང་རོ་དང་བཅས་པར་རབ་ཏུ་ངུ་ཞིང་སྨྲས་པ། ཁྱེད་ཀྱི་མིག་ནི་ཡིད་དུ་འོང་བ་དང་། ང་ཡིས་བལྟས་ན ་ཤིན་ཏུ་དཀར་གྱུར་པ། ། དེ་ན་ད་ལྟར་བལྟས་ན་འཇིགས་སྐྱེད་ཅིང་།། སེམས་ཀྱི་མྱ་ངན་མ་ལུས་འབྱིན་པར་བྱེད།། དེ་ནས་ཀུན་ལས་ཆུང་མ་ལ་རྗེས་སུ་བརྩེ་བས་སྨྲས་པ། མྱ་ངན་ལ་སྟེན་རིགས་པ་མ་ཡིན ་གྱིས་འདུ་བཐོང་ཅིའི་ཕྱིར་ཞེ་ན། འདི་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་གནས་པ་ཡིན་ནོ།། འཇིག་རྟེན་འདི་ལས་བདག་ཉིད་ཅན་དུ་ཤེས།། འགྲོ་བ་སྡུག་བསྔལ་དངོས་པོ་དང་ལྡན་པར།། ་ཤེས་ནས་སྡུག་དང་། བྲལ་བ་ཞེན་མི་བྱ།། དེ་བས་སྡུག་པ་མཆི་མ་འབྱིན་མི་རིགས།། གཞན་ཡང་མིག་བྱུང་བ་ངས་ད་ཅི་ཞིག་བྱ། ཉེ་དུའི་གན་དུ་སོང་། ཁྱོད་ཀྱིས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་མ་བྱེད་ཅིག། ་གསེར་འཕྲེང་མས་སྨྲས་པ། སྐྱེས་བུ་གང་ཞིག་དཔལ་རྒྱས་བུད་མེད་ནི།། བརྩེ་བས་རྗེས་འཇུག་པ་ལ་ངོ་མཚར་མེད།། གང་ཚེ་དཔལ་ཉམས་པ་ན་རྗེས་འབྲང་བའོ།། བུད་མེད་དེ་ནི་མི་ནང་ལྷ་དང་མཚུངས།། ་དེ་ནས་ཀུན་ལ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་ནས་བྱུང་བ་དང་། དེ་མངལ་དུ་ཞུགས་པ་ནས་བརྩམས་ཏེ་ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་དང་ལྡན་པས། ལས་ཅིའང་བྱེད་པར་མི་ནུས་ཀྱི། གཞན ་དུན་པི་ཝང་དག་བརྡུང་ཞིང་གླུ་དག་ལེན་པར་ནུས་སོ། ། དེ་ནས་དེ་གསེར་འཕྲེང་མའི་ལག་པ་ལ་འཇུས་ཏེ། གཞོན་ནུ་སྐྱེད་བྱེད་ཕྲག་པར་ཁུར་ནས་འདི་སྨྲས་སོ།། བུ་སྡུག་དཔའ་བོའི་རིགས་ལས་སྐྱེས།། ཁྱོད ་དངང་རབ་སྡུག་བསྔལ་ཏེ། ། ཡུ་བུས་མཐར་ནི་སློངས་མོ་ཐོབ།། མི་བཟད་ལས་ནི་སྔོན་བྱས་ཡིན།། སྒྱུ་མ་ལྟ་བུར་མི་བརྟན་པའོ།། དབང་ཕྱུག་ལ་ནི་སུ་ཡི་སྟོན།། མྱ་ངན་མེད་ཀྱི་བུར་གྱུར་ལ།། གནས་སྐབས ་འདི་འདྲ་ཐོབ་པར་གྱུར། ། ལས་བྱས་པ་ནི་ཚིགས་པ་དང་།། ལྡན་པའི་འབྲས་འདི་ལྟ་བུ།། ལས་ནི་ལྷན་ཅིག་བྱས་པ་ན།། ལྷན་ཅིག་ལོངས་ནི་སྤྱད་པར་གྱུར།། དེ་བས་ན་ཅི་ཞིག་བྱ་སྟེ་ཁ་ཏ་ལི་པུ་ཏྲར་སོང ་ལ་རྒྱལ་པོ་མྱ་ངན་མེད་ལ་གསོལ་བ་གདབ་པར་བྱའོ། ། འཛམ་གླིང་དབང་ཕྱུག་མངའ་བདག་དེ།། ང་ཡི་དཀའ་བ་བྱེད་པའི་ཕ།། དེ་ནི་སྦྱིན་པའི་གནས་ཡིན་ཞིང་།། ང་ལ་རྟག་ཏུ་རྗེས་བརྩེ་ཡིན།། དེ་ནས་ཀུན་ལ ་པིབི་ཝང་བརྡུང་ཞིང་གླུ་ལེན་པ་དང་། གཞན་གྱི་ཁྱིམ་རྣམས་སུ་ཚུལ་འདིས་འཚོ་བ་སྒྲུབ་ཅིང་ཆས་སོ།། བསྙེན་བཀུར་ཆེན་པོ་ལས་ཉམས་ཤིང་།། ལོང་བ་སྐལ་དམན་སེམས་ཅན་ནི།། སློངས་མོས་རྒྱུ་བར་བྱེད ་པ་ལ། ། ཆོས་ལྡན་སྐྱེས་བུར་སུ་ཞིག་སྟེར།། ཕ་དང་མ་སྤངས་ལོངས་སྤྱོད་དང་།། ཟས་དང་མལ་ཆ་ཁྱིམ་མེད་པ།། ཉམ་ངར་རབ་ཞུགས་ལོང་བ་ལ།། སློངས་མོ་སུ་ཡིས་སྟེར་བར་མཛད།། ལོངས་སྤྱོད་གློག་འགྱུ་འདྲས ་@བཞིན། ཟིལ་པའི་ཆུ་ཐིགས་འདྲ་བ་ལས།། འགྲོ་བཀྲེན་སྙན་ཚིག་སྦྱིན་པ་ཡིས།། སྙིང་པོ་མྱུར་དུ་ལེན་པར་གྱིས།། དབུལ་པོ་སྒྲ་ནི་མཛེས་གྱུར་ཅིང་།། འཇིག་རྟེན་ཀུན་གྱིས་བརྙས་པ་དང་།། ་དཔལ་ཉན་ཁྱིམ་ཁྱིམ་སློངས་མོས་རྒྱུ།། ང་ལ་མ་ཡིས་སྤོངས་མོ་བྱིན།། དེ་ནས་ཀུན་ལས་སློངས་མོ་རྙེད་པ་རྣམས་ཆུང་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ།། གསེར་འཕྲེང་མའང་ལམ་གང ་ནས་པ་ལི་པུ་ཏྲ་ནས་འོངས་པའི་ལམ་དེ་ཉིད་ནས་རྗེས་སུ་འབྲང་བས་འགྲོའོ། ། ད་སོང་བ་དང་ཆོས་ཀྱི་འཁོར་ལོའི་གནས་སུ་ཕྱིན་ཏོ།། དེ་ནས་ཀུན་ལས། གསེར་འཕྲེང་མ་ལ་དྲིས་པ། བཟང་མོ་གང་ཡུ ་བུས་ཕྱིན་པའི་གྲོང་ཁྱེར་འདི་གང་ཞིག་ཡིན། བཙུན་མོས་མཐོང་བ་དང་། བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ།། སྐད་ཅིག་ཙམ་ན་འདུ་ཤེས་རྙེད་དེ། སྨྲས་པ། གང་ཚེ་དཔལ་དང་ལྡན་པར་འགྲོ་བ་ན།། སྐྱ་བོ་བྱེ ་བ་གནས་འདིར་ལྷག་པར་ལྷགས། ། ཁྱེད་མིག་བྲལ་ནས་དེང་ནི་འདིར་འོངས་པས།། འདུ་བྱེད་གཡོ་བ་དེ་ཉིད་ཅིར་མི་རུང་།། ཇི་ཙམ་གྱིས་ན་པ་ཏ་ལི་པུ་ཏྲར་བྱིན་ཏོ།། དེ་ནས་སྐྱེད་མོས་ཚལ་ཡིད་འཕྲོག་པ་ཞེས་བྱ ་བརྒྱལ་པོ་མྱ་ངན་མེད་ཀྱིས་རང་གི་བུ་ཀུན་ལའི་དོན་དུ་བྱས་པ་ཞིག་ཡོད་པ་དེར་ཞུགས་པར་བརྩམས་ཏེ་ཞུགས་པ་དང་། ཇི་ཙམ་ན་སྐྱེད་མོས་ཚལ་བསྲུང་གྱིས་མཐོང་ནས་སྨྲས་པ། ལོང་བ་བཀྲ་མི་ཤིས་ཤིང་མ ་བསྔགས་པ་འདི་སུ་ཞིག་ཡིན་ན། སྐེད་མོས་ཚལ་འདིར་ཞུགས། ཀྱེ་མའོ་ལོང་བ་འཛམ་བུ་གླིང་གི་དབང་ཕྱུག་གི་རྒྱལ་པོ་མྱ་ངན་མེད་ཀྱི་བུ་ཀུ་ན་ལ་ཞེས་བྱ་བའི་དོན་དུ་སྐྱེད་མོས་ཚལ་འདི་བསུང་བ་ཁྱེད་ཀྱིས་མི ་སམ། གསེར་འཕྲེང་མས་སྨྲས་པ། ཀྱི་ཧུད་སྡུག་བསྔལ་ལོ།། སྐྱེད་མོས་ཚལ་ནི་ནགས་རྒྱས་པར།། ང་ཡི་བུ་འདིར་དགའ་འགྱུར་ཞེས།། བུ་ལ་བརྩེ་བས་ས་བདག་གིས།། གང་གི་དེ་ནི་བྱས་གྱུར་པ།། བདག་ཅག ་གནས་པའི་དོན་དུ་དེར། ། འཆི་བ་ཞན་པས་ཕྱིན་གྱུར་ན།། སྐལ་དམན་པས་མ་ཤེས་ནས།། དེ་ལས་ད་ལྟར་སྨོད་པར་གྱུར།། གང་དུ་གཞོན་ནུ་གྲུའི་སྒྲ་སྙན་ཅིང་ཡིད་དུ་འོདྲ་བ་དང་། བཻ་ཌཱུཪྻའི་རྐང་རྟེན་དང་ལྡན་པའི ་མལ་ཁྲི་ལ་ཉལ་ནས་རྩེ་ཞིང་རོལ་པའི་གནས་པས་དགའ་བའི་གནས་པ་གང་ཡིན་པ་དེ་བགྲོད་པ་ཙམ་ཡང་ཐོས་པར་མ་གྱུར་ཏོ། ། དེ་ནས་ཀུན་ལས་དེ་ཡིད་བསྲིང་བར་བྱ་བའི་ཕྱིར་སྨྲས་པ། བདེ་བར་གཤེགས་པས ་རྒྱལ་སྲིད་དཔལ་དག་ནི། ། སྒྱུ་མ་རྨི་ལམ་སྨིག་རྒྱུ་འདྲ་བར་གསུངས།། ཕུན་ཚོགས་རྒུད་པ་དེ་ལ་རིམ་བྱུང་ན།། མཁས་པ་སུ་ཞིག་རྒྱལ་སྲིད་བདེ་བར་འདོད།། དེ་ནས་གཞོན་ནུ་སླར་ལོག་ནས།། བ་ཏ་ལི་པུ་ཏྲར་འཇུག་པར ་བྱའོ་ཞེས་ངེས་པར་བསམས་ནས་དེར་ཕྱིན་པ་དང་སྒོར་གསེར་འབྲེང་མ་ངུ་བ་ལ་ཞུགས་པར་གྱུར་ཏོ། ། ཀུན་ལས་སྨྲས་པ་འདི་ཅི་ཞིག་ཡིན། དེས་སྨྲས་པ། གང་ལ་སྔོན་ནི་བྱུང་བ་ནི།། གང་གིས་གྲོང་ཁྱེར་བརྒྱན་གྱུར ་པའི་འད་ནི་དེ་ལ་དེ་མེད་དེ། ། འཕྲེང་བ་བསྐམས་པ་དོར་བར་གྱུར།། ཇི་ཙམ་ན་རིམ་གྱིས་པའི་གླང་པོ་ཆེའི་བྲེས་སུ་མཚན་མོ་གནས་བཅས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་མྱ་ངན་མེད་དེའི་མཚན་མོ་ཁང་བཟངས་ཀྱི ་སྟེང་ན་ཉལ་བ་དང་། མཚན་ཕྱེད་ཀྱི་དུས་འདས་པ་ན་སད་པ་དང་། དེ་གཞོན་ནུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། ངའི་བུ་བདེན་པའི་ཚིག་ཅན་དེ་ཅིར་འགྱུར་ཞིག་གུ། རྒྱལ་སྲུངས་མས་སྨྲས་པ། གཞོན་ནུ ་བདེ་བར་གནས་ལགས་ཀྱིས། རྒྱལ་པོས་སྨྲས་པ། ང་ཡི་བུ་ཡི་ཕོ་ཉ་མེད།། འཕྲིན་མེད་ཡི་གེའང་ཡོད་མིན་ན།། དེ་ཡིས་ང་ནི་བརྗེད་གྱུར་ཏམ།། འོན་ཏེ་ང་ལ་སྡོས་པར་གྱུར།། དེ་ནས ་གླང་པོ་རེའི་རྫི་བོ་དེས་སྨྲས་པ། ཀྱེ་གླུ་མཁན་ལོངས་ཤིག། རེ་ཞིག་པི་ཝང་བསྒྲེངས་ལ་གླུ་ལོང་ཞིག། ཁོ་བོས་མཉན་པར་བྱའོ།། དེ་ནས་ཀུན་ལ་ལངས་ནས་པི་ཝང་ལེན་པ་ལ་ཞུགས་ཏེ། དེ་ཇི་ལྟར་མིག ་ཕྱུང་བས་བདེན་པ་མཐོང་བ་ཡང་བྱས་ནས། སློངས་མོ་པའི་ཚུལ་གྱིས་པ་ཏ་ལི་སུ་འཕྱིན་པ་དང་། རིགས་ལས་བྱུང་བའི་གླུ་ལེན་པར་བརྩམས་སོ།། མི་གང་མིག་དང་བྲལ་བར་གྱུར་པ་དེ་ལ་སྲོག་གིས་དགོས ་པ་ཅི་ཞིག་ཡོད། གཉེན་གྱི་སྐྱེ་བོས་སྤངས་ཤིང་ཁྲོས་པའི་བཞིན་རས་དག་ལ་ལྟ་བར་བྱེད་པ་ན། མུ་ཤིང་བཤིག་ལྟར་སྙིང་པོ་མེད་པའི་འདུས་བྱས་དག་ལ་མཁས་པ་སུ་མི་སྐྱོ།། གང་གིས་ང་ནི་རིན་ཆེན་རང ་བཞིན་ཤིང་ལྟར་འབད་པས་རྣམ་པར་གསོས་གྱུར་ཅིང་། ། བུ་ཡི་སྲེད་པས་ཀུ་ན་ལ་ཞེས་མིང་བཏགས་བྱ་དང་མིག་ནི་འདྲར་གྱུར་པ།། མི་ཡི་བདག་པོར་བུར་གྱུར་ཀྱང་བཀྲེན་པའི་ཚུལ་དུང་ནི་སྤྱོད་པ་བྱེད་གཞན་ཡང ་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད། ། མིག་སོགས་ཡེ་ཤེས་སྒྲོན་མ་ནི།། དག་པའི་ཤེས་རབ་ཀྱིས་མཐོང་གང་།། དེ་ནི་སྐྱེ་བ་རྣམས་ལས་གྲོལ།། གལ་ཏེ་ཁྱོད་ནི་སྲིད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར།། སྲིད་པའི ་ཉེས་པ་རྣམ་པར་ངེས་བྱས་ཐོ་རུ་བྱ། ། གལ་ཏེ་འདི་ན་བརྟན་པའི་འདོད་གྱུར་ན།། སྐྱེ་མཆེད་རྣམས་ལ་བརྟན་པ་ཉིད་དུ་གསོལ་བ་ཐོབ།། དེའི་ཀླུའི་སྒྲ་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཐོས་སོ།། ཐོས་ནས་ཀྱང ་དགའ་བཞིན་དུ་སྨྲས་པ། ཀླུ་ནི་ཀུ་ན་ལའི་དང་རབ་ཏུ་འང་ལྡན་གྱུར་ཅིང་།། ཡུན་རིང་ཞིག་ན་པི་ཝང་སྒྲ་ཡང་ཐོས་གྱུར་ཅིང་།། ཅི་འདིར་ཀུན་ལ་ནི་འོངས་གྱུར་ཏམ།། མ་འོངས་པར་ནི་བདག་ནི་མཐོང་བར་གྱུར། ་དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས། ཉུང་རུམ་གྱི་སྐྱེས་བུ་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་གཅིག་གླུའི་སྒྲ་འདི་ནི་ཀུན་ལ་དང་རབ་ཏུ་འདྲ་བས། བརྟན་དང་ཞུམ་པ་མི་མཐུན་པར།། སྟོན་པ་ལྟ་བུར་ཤེས་པར་གྱུར། ་དེབས་འདིར་ནི་སྒྲ་འདི་ཡིས།། བརྟན་ལས་ཤིན་གཡོས་གྱུར་ཏེ།། སེང་གེ་ཉིད་ཀྱི་སྒྲ་ཡིས་ནི།། གླང་པོ་རབ་ཏུ་སྐྲག་པར་གྱུར།། དེ་ནས་ཉུང་རུམ་གླང་པོ་མེའི་བྲེས་སུ་སོང་བ་དང་། ཀུན་ལ་མིག་ཕྱུང་བ་རླུང ་དང་ཚ་བས་ལུས་ཚིག་པ་དེ་མཐོང་བ་དང་ངོ་མ་ཤེས་སོ། ། དེ་ནས་གླང་པོ་ཆེ་སྐྱོང་བ་ལ་སྨྲས་པ། འདི་སུ་ཞིག་ཡིན། གླང་པོ་ཆེའི་རྫི་བོས་སྨྲས་པ། འདི་ནི་ལོང་བ་མིག་མེད་པ་ཞིག་གོ། དེ་སོང་ནས་རྒྱལ་པོ ་ལ་གསོལ་པ། ལྷ་ལོང་བ་ཞིག་པི་ཝང་ཐོགས་ནས་རླུང་མ་དང་ལྷན་ཅིག་ལྷའི་གླང་པོའི་བྲིས་ན་མཆིས་སོ།། དེ་ཐོས་ནས་རྒྱལ་པོས་བསམས་པ། ཇི་ལྟར་ན་རྨི་ལམ་མི་དགེ་བ་མཐོང་བ་ལས་ན། གཞོན་ནུའི ་མིག་ངེས་པར་ཉམས་པར་གྱུར་ཏོ་སྙམ་མོ། ། ཡང་སྨྲས་པ། ང་ཡིས་སྔོན་ནི་རྨི་ལམ་དུ།། མཚན་མ་ཇི་ལྟར་མཐོང་བ་ལས།། ཐེ་ཚོམ་མེད་པར་ཀུན་ལའི།། མིག་ནི་བརླག་པ་ཉིད་དུ་ངེས།། དེ་ནས་རྒྱལ་པོ་རབ་ཏུ་དཀའ་ཞིང ་སྨྲས་པ། བུ་ཡི་སྡུག་བསྔལ་དོགས་པ་ཡིས།། ང་ཡི་སེམས་ནི་ཞིར་མ་གྱུར།། དེ་ནི་ང་ཐད་ཉིད་དུ།། མྱུར་དུ་ཁོ་ནར་ཁྱེར་ལ་ཤོག། ཇི་སྲིད་ན་སྐྱེས་བུ་དེའང་གླང་པོའི་བྲེས་སུ་སོང་སྟེ། ཀུན་ལ་ལ་སྨྲས་པ།། ཁྱེད་སུའི་བུ་ཡིན།། ་ཁྱེད་ཀྱི་མིང་ནི་ཅི་ཞེས་བྱ། ཀུན་ལས་སྨྲས་པ། མྱ་ངན་མེད་པ་ཞེས་བྱ་རྒྱལ།། དཔའ་བོ་ཡི་རིགས་དཔའ་བ།། གང་གིས་ས་འདི་རྒྱས་པར་ནི།། མངག་གཞུག་པར་ནི་དབང་དུ་གྱུར། ་ང་ནི་རྒྱལ་པོ་དེ་ཡི་བུ།། ཀུན་ལ་ཞེས་རྣམ་པར་གྲགས།། སངས་རྒྱས་ཉི་མའི་གཉེན་གྱུར་པ།། ཆོས་ཅན་སྲས་ཀྱང་ང་ཡིན་ནོ།། དེ་ནས་ཀུན་ལ་ཆུང་མ་དང་ལྡན་ཅིག་རྒྱལ་པོ་མྱ་ངན་མེད་ཀྱི་གན་དུ་སོང་ངོ་།། དེ་ནས་རྒྱལ་པོ་མྱ ་ངན་མེད་ཀྱིས་ཀུན་ལའི་མིག་ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ཕྱག་དར་གྱི་དུམ་བུ་བསྡུས་པའི་གོས་གྱོན་པ་དང་། སྨད་དཀྲིས་བྱས་པས་ངོ་ཤེས་པར་མ་གྱུར་གྱི། དབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ ་ཁྱོད་ཀུན་ལ་ཡིན་ནམ། ལྷ་དེ་ལྟ་ལགས་ཏེ་བདག་ནི་ཀུན་ལའོ།། དེ་ཐོས་པ་དང་རྒྱལ་པོ་བརྒྱལ་ནས་ས་ལ་འགྱེལ་ཏོ།། དེ་ནས་ཀུན་ལའི་གདོང་ལ་བལྟས་ན། མིག་བྲལ་མྱ་ངན་གྱིས་ནི་སེམས་གདུངས་ཤིང་།། མྱ་ང ་མེད་བ་སར་ལྷུང་འདུ་ཤེས་བྲལ། ། ཀྱི་ཧུད་བུ་གཅིག་པུ་གཅིག་གཅེས་པར་སྨྲ།། ཛིཿམན་རྒྱལ་པོ་ཆུས་གཏོར་ནས་ས་ལས་བསླང་སྟེ་སྟན་ལ་བཞག་གོ། དེ་ནས་རྒྱལ་པོ་ཅི་ཞིག་ལྟར་འདུ་ཤེས་རྙེད་ནས་ཀུན་ལ་པང ་པར་བཞག་སྟེ་སྨྲས་པ། དེ་ནས་ཡུད་ཙམ་དབུགས་ནི་ཕྱུང་ནས་སུ།། མགུལ་པའི་མཆི་མར་བཅས་པས་མགུལ་འཁྱུད་དེ།། བུ་ཡི་གདོང་པ་ལ་ཡོངས་སུ་བྱུགས་ནས་སུ།། རྒྱལ་པོ་རྣམ་པ་མང་པོ་སྨྲ་བར་གྱུར།། ་ཀུན་ལ་དང་མཚུངས་པའི་མིང་བཏག་ནས།། ང་ཡིས་རང་བཞིན་དེ་ཡི་མིང་བཏགས་གང་།། བུ་དེའི་མིག་ནི་ཕྱུང་བ་ལ་བརྟགས་ནས།། ཀུན་ལ་ཞེས་ཇི་ལྟར་སྨྲ་བར་བྱ།། ཡང་སྨྲས་པ། ཁྱེད་ཀྱི་མཛེས་ཤིང་མཛེས་ལྡན ་བཞིན་འདི་ནི། ། ནམ་མཁའ་ཟླ་བ་སྐར་མ་དང་བྲལ་ལྟར།། མཛེས་པའི་མིག་དང་བྲལ་བར་ཁྱེད་སུས་བྱས།། བུ་སྡུག་རེ་ཞིག་སྨྲོས་ཤིག་སྨྲོས་ཤིག་དང་།། སྙིང་རྗེ་མེད་པའི་སེམས་ལྡན་སུ་ཡིད་ཁྱེད།། ཐུབ་འདྲའི་འཕགས ་བའི་བདེན་པ་རྟོགས་གྱུར་པ། ། ཁྱོད་ཀྱི་མིག་བཟང་དགྲ་མེད་ཁོ་ན་བཟུང་ནས།། རང་བཞིན་འདི་བྱས་ང་ཡི་མྱ་ངན་རྩ།། དོན་འདི་མྱུར་བ་ཉིད་དུ་སྨྲོས་ཤིག་སྨོས།། ངའི་ལུས་འདི་ཡང་འཇིག་པར་འགྱུར ་དུ་འོང་། ། ཁྱེད་ཀྱི་བཞིན་རྒུད་མྱ་ངན་གྱིས་དྲེགས་པ།། དགྲ་ཡིས་དྲེགས་བཅད་བསྲེགས་པ་ལྟ་བུར་གྱུར།། དེ་ནས་ཀུན་ལས། ཕ་ལ་སྨྲས་པ། འདས་པའི་དོན་ལ་མྱ་ངན་བྱ་བའི་མི་རིགས་ཏེ།། སྔོན་ལས ་རྣམས་ལ་སངས་རྒྱས་ཀྱང་མི་གདའ། ། དེ་བཞིན་རང་རྒྱལ་འབྲས་བུ་ལ་གནས་དང་།། སོ་སོའི་སྐྱེ་བོའང་གྲོལ་བར་མི་འགྱུར་ཞེས།། ཐུབ་པའི་གསུང་ནི་ཁྱོད་ཀྱིས་མ་གསན་ནམ།། རྒྱལ་པོ་སྐྱེས་བུས་མི་དགེའི་ལས ་བྱས་རྣམས། ། འབྲས་བུ་མེད་པར་ནམ་ཡང་མི་འགྱུར་ན།། འདི་ནི་རང་བྱས་ལས་ཀྱི་འབྲས་བུ་ལགས།། འདི་ནི་གཞན་གྱིས་བྱས་ཞེས་ཇི་ལྟར་སྨྲ།། རྒྱལ་པོ་ཆེན་པོ་བདག་ཉིད་ནོངས་བགྱིས་ཏེ།། ནོངས་ཅན་མ་ཡིན ་ནམ་ཡང་འདྲ་བ་མིན། ། མཚོན་དང་རྡོ་རྗེ་དུག་དང་སྦྲུལ་རྣམས་ཀྱིས།། ནམ་མཁའ་འགྱུར་ཞིང་གནོད་བྱེད་མི་ནུས་སོ།། ལས་ཀྱི་བདག་ཉིད་ཅན་ནི་ལུས་མཚོན་པའི།། ལུས་ཅན་རྣམས་ལ་མི་དགེའི་སྡུག་བསྔལ་འབྱུང་།། ་དེ་ནས་རྒྱལ་པོ་མྱ་ངན་མེད་མྱ་ངན་གྱི་མེས་གདུངས་པའི་ཡོད་ཀྱིས་སྨྲས་པ།། ང་ཡི་བུ་ཡི་མིག་བཟངས་སུ་ཡིས་ཕྱུང་བར་གྱུར།། སུ་ཡིན་ཤིན་ཏུ་སྡུག་པའི་སྲོག་ནི་གཏོང་བར་ཞུགས།། ང་ཡི་ཡིད་འདི་མྱ་ངན་མ ་ཡིས་བསྲེགས་གྱུར་གྱི། ། གང་ལ་ཆད་པས་གཅད་བྱ་བུ་སྡུག་མྱུར་དུ་སྤྲོས། ཀུན་ལས་སྨྲས་པ། གཞོན་ནུ་ཀུན་ལ་ཡི་ནི།། མིག་ནི་གཉིས་ཀ་ཕྱུང་ཞིག་ཅེས།། ཚེམས་ཀྱི་རྒྱུ་ཡིས་རྒྱས ་བཏང་ནས། ། ཡི་གེ་གྷ་ཡིས་བསྐུར་བ་ལགས།། རྒྱལ་པོས་སྤྲས་པ། བྱ་བ་འདི་དག་རྣམས་བསམས་པ།། རྨི་ལམ་དུ་ཡང་མདྲན་ན།། ཅི་ཡོ་ཕྱིར་ན་ཚིག་འདི་དག། ང་ནི་རབ་ཏུ་སྨྲ་བར་བྱེད།། དེ་ནས་གནོན། ་ནུའི་མིག་མཆི་མས་གང་བ་དང་བཅས་པའི་རྒྱལ་པོ་ལ་བལྟས་ནས་སྨྲས་པ། མི་ཡི་བདག་པོ་མྱ་ངན་དག་གིས་འཁྲུགས་མ་མཛད།། རང་གི་མིག་དང་བྲལ་བས་མཛེས་པ་མིན་ལ་གཟིགས།། འདི་ནི་མི་ཡིས་རང་བྱས ་སྡིག་པའི་ཁུར་བསྐུར་ཏེ། ས་བདག་གཞན་བྱས་འབྲས་བུ་གཞན་ནི་སྤྱོད་མི་འགྱུར།། ས་བདག་མི་དགེའི་ལས་རྣམས་བྱས་པར་གྱུར་པ་བདག། སྨིན་པའི་དུས་སུ་འཇིག་པར་ནམ་སང་མི་འགྱུར་ཏེ།། དེ ་འདྲའི་འབྲས་བུ་འདི་ནི་རང་གིས་བྱས་པ་ལ། ། གཞན་གྱིས་འདི་དག་བྱས་ཞེས་ཇི་ལྟར་བརྗོད་པར་བགྱི།། ལྷ་གཞན་ཡང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་མ་གསན་ནམ། འཇིག་རྟེན ་གསུམ་གྱི་སྙིང་པོ་ལྷ་མིས་མཆོད་གྱུར་པ། ། སྟོབས་ཀྱིས་སྟོབས་ཕྱུག་པ་ཡང་སྟོབས་མཐའ་ལས་མི་ཐར།། མངོན་བྱས་ལས་ལས་ནམ་ཡང་ཐར་པར་མི་འགྱུར་ན།། འདི་ན་བདག་འདྲ་གཞན་དག་སྤོས་ཀྱང་ཅི ་ཞིག་འཚལ། ། ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱི་སྦྱོར་བ་འདི་ནི་རྒྱལ་སྲུངས་མས་བྱས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་རྒྱལ་པོས། རྒྱལ་སྲུངས་མ་བོས་ཏེ་སྨྲས་པ། སྐལ་མེད་ཅི་ཕྱིར་སར་ནི་ནུབ་མ་གྱུར།། ་ཆོས་ཤིག་ང་ཡང་མི་དགར་བྱས་པ་ནས།། ཆོས་མིན་ལྡན་པ་བདག་དཔལ་འཕྲོག་འདྲ་བ།། ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར་བྱ།། དེ་ནས་རྒྱལ་པོ་ཁྲོ་བ་མ་འབར་བ་དང་། རྒྱལ་སྲུངས་མ་ལ་བལྟས་ཏེ་སྨྲས་པ། འདིའི ་མིག་བྱུང་ངམ་འོན་ཏེ་འདི་ཡི་ལུས། ། སེན་མོ་ཤིན་ཏུ་རྣོ་བས་དྲལ་བ་འམ།། ཡང་ན་གསོན་པོར་མདུང་རྩ་བསྐྱོན་པའམ།། འདིའི་ལུས་སོག་ལེས་རྣམ་པར་དག་པར་བྱ།། ཡང་ན་ལྕེ་ནི་སྤུ་གྲོས་གཏུབ་བྱ་ཞིང་།། ་གྲ་སྟས་བསྣུན་པས་མགོ་བོ་གཅོད་བྱེ།། ཡང་ན་བསྐལ་བའི་མེ་འདྲར་གཞུག་བྱ་ཞིང་།། འོན་ཏེ་དུག་གིས་ལུས་ནི་དགང་བར་བྱ།། དེ་ལ་སོགས་པ་གསོད་བྱས་སྦྱོར་བ་ནི།། རྣམ་མང་མི་ཡི་དབང་པོས་སྨྲས་པ་དང་།། ་སྙིང་རྗེའི་བདག་ཅན་ཀུན་ལས་ཐོས་ནས།། བདག་ཉིད་ཆེན་པོ་དེ་ལ་གསོལ་བ་འདེབས།། དེ་ནས་རྒྱལ་པོ་མྱ་ངན་མད་ཁྲོ་བའི་མེ་ཀུན་ཏུ་འབར་བས་དཀྲུགས་པ་དང་། རྒྱལ་སྲུངས་མ་རླགས་པའི་ཐབས་ཚོལ་བ་ལ་ཀུན་ལས ་སྤྱི་བོས་ཕྱག་བྱས་ཏེ། སྙིང་རྗེ་རྗེ་སྐད་དུ་སྨྲས་པ། དེད་ལྟ་བུད་མེད་ནི་གསད་པར་རིགས་པ་མ་ལགས་སོ།། རྒྱལ་པོས་སྨྲས་པ། གང་གིས་ཁྱོད་དང་ངའི་ལུས་བཅོམ་རབ་ཏུ་བྱས་གྱུར་ལ།། འདི་ལྟའི་ཚིག་ནི་སྨྲ་བྱེད་པ།། ་ཁྱོད་ནི་རིགས་པ་མ་ཡིན་ནོ།། ཀུན་ལས་སྨྲས་པ། དེ་དེ་ལྟར་ལགས་སུ་ཟིན་ཀྱང་། བདག་ནི་དེའི་ཚེ་ནས་ད་ལྟ་དང་དེའི་བར་དུ་འདི་དང་། གཤད་མའི་སྐྱེས་བུ་དེ་གཉིས་ལ་གཞོན་ནུ་སྐྱེད་བྱེད་ལ་ཁོང་ཁྲོ་བའི་སེམས་མེད ་བ་དེ་བཞིན་དུ་དེ་རྣམས་ལ་སྙིང་རྗེ་དང་བྱམས་པའི་སེམས་ཉིད་ཤིན་ཏུ་བསྒོམས་ལགས་སོ། ། རྒྱལ་པོས་སྨྲས་པ། ཁྱོད་སྙིང་རྗེའི་དབང་དུ་གྱུར་པ་ཡིན་པར་ཚིག་འདི་ལྟ་བུ་ལ་སུ་ཞིག་ཡིད་ཆེས་པར་གྱུར། ཀུན་ལས ་སྨྲས་པ། ངེས་པར་ནང་དུ་བདག་ཉིད་ཚད་མར་གྱུར་པ་དང་།། དེ་བཞིན་དུ་མངོན་པར་ཤེས་པ་དྲུག་དང་ལྡན་པ་བདག་ཆེན་པོ་གཞན་གྱི་སེམས་ཤེས་པ་གཞན་དག་དབང་དུ་གྱུར་པ་ལགས་སོ།། རྒྱལ་པོས་སྨྲས ་བ། གལ་ཏེ་དེ་ལྟ་ཡིན་ན། ང་དང་འཇིག་རྟེན་རྣམས་ཀྱི་མངོན་དུ་གྱིས་ཤིག། དེ་འདྲ་འདི་ལྟར་ཤི་བའི་རྒྱལ་པོ་ཕུག་རོན་གྱི་དོན་དུ་ལུས་བཅད་ནས་བདེན་པ་བརྡར་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་ཐོས་ཀྱིས ་ཀྱང་བདེན་པ་བརྡར་བས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱིས་ཤིག། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཀུན་ལས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་འདུས་པ་དང་། རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་བཅོམ་ལྡན་འདས ་ཀྱི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་མངོན་དུ་བྱས་ཏེ་ཤར་ཕྱོགས་སུ་བལྟས་ནས་བདེན་པའི་ཚིག་འདི་སྐད་ཅེས་བརྗོད་དོ། ། བདེན་པ་གང་གིས་རྒྱལ་སྲུངས་མ་དང་སྐྱེས་བུ་གཉིས་པོའི་བར་ལ་དེའི་ཚེ་དང་ད་ལྟའི་བར་དུ་སྐྱོ་བའི་སེམས ་མེད་ཅིང་། བདག་བུ་གཅིག་པ་སྐྱེད་བྱེད་ཇི་ལྟར་སྙིང་རྗེ་དང་བྱམས་པའི་སེམས་མཉམ་པར་གྱུར་པའི་བདེན་པའི་ཚིག་དེས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱུར་ཅིག། ཚིག་བརྗོད་པ་དང་དུས་མཉམ་པ་ཉིད་དུ་ཀུན་ལའི་མིག་སྔོན་གྱི་ཇི་ལྟ་བ་ནི་ན ་དུ་གྱུར་ཏོ། ། དེ་ནས་རྒྱལ་པོ་དང་གྲོང་ཁྱེར་བ་རྣམས་ཀྱེ་མ་ཀྱེ་མ་ཞེས་སྒྲགསང་མཐོན་པོ་སྒྲོགས་ཤིང་རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་ལྷའོ།། དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུན་ལ་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་ཞུགས་པ་དང་། ཀུན ་ལས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་ནི་རྒྱལ་སྲིད་དགོས་པ་མ་མཆིས་ཏེ། བདག་གིས་ནི་བདེན་པ་མཐོང་ལགས་སོ།། དེ་ནས་གཞོན་ནུ་སྐྱེད་བྱེད་རྒྱལ་ཚབ་ཏུ་དབང་བསྐུར་རོ།། དེ་ནས་པར་སྐབས་སུའང་རྒྱལ་སྲུངས ་མའི་ཕྱིར་གསོལ་བ་འདེབས་པ། གལ་ཏེ་རྒྱལ་སྲུངས་མ་ནི་འཕགས་མིན་ལས་བགྱིད་ཀྱང་།། ཁྱེད་འཕགས་ལས་མཛོད་བུད་མེད་འགུམ་མི་བགྱིད།། བཟོད་དང་འདྲ་བའི་སྟོབས་ནི་ཡོད་མིན་ཞེས།། བདེ་གཤེགས་བསྔགས ་པས་གཙོ་བོ་བཟོད་མཛད་རིགས། ། ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ།། རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ཀྱང་རབ་ཏུ་བཅོམ་མོ།། ་