| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། ཨཱ་ཡུ་པརྱ་ན་ཏ་སཱུ་ཏྲ། བོད་སྐད་དུ། ཚེའི་མཐའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པ་དུས ་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། ་དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ།། བཅོམ་ལྡན་འདས ་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟན་པ། བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང ་བཤད་དོ། ། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ ་གཅིག་སྡེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལེ ་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་བརྩིས་པའི་ལོ་ལྔ་བརྒྱ་སྟེ། དེའི་མིའི་བརྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དེ། བར་མ་ངོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི ་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཇི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་།། མཆུ་དང་མིག་བསྐམས་ཤིན་ཏུ་སྡུག་བསྔལ་བ།། རང་གི་སྒྲས་ཡོག་ཁ་གདངས་གནམ་དུ་ལྟ།། སྣ་ནི་ཁབ ་ལྟར་རབ་ཏུ་ཕྲ་བ་དང་། ། རུས་གོང་འདྲ་ལུས་གཅེར་བུ་རང་སྒྲས་གཡོག། གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས།། བཀྲེས་དང་སྐོམ་དང་ངལ་བས་རབ་གཟིར་གང་།། ཆོ་ངེས་འདེབས་ཤིང ་ཀུན་ཏུ་རྒྱུག་པ་དག། ཉམ་ཐག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་།། ཕན་ཚུན་ཕྲག་དོག་སེར་སྣ་འདིར་བསྟེན་ཅིང་།། འདིར་ནི་སྡིག་པའི་ལས་ངག་བྱས་པ་ཡིས།། ཡི་དགས་འཇིག་རྟེན་དུ་ནི་དེ་དག ་སྐྱེས། དགེ་སློང་དག་ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་།། དགེ་སློང་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ ་སྟེ། བར་པ་དོར་འཆིབ་ནི་ཡོད་དོ།། དགེ་སློང་དག་བྱང་གི་སྐུ་མི་སྤྱན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་མ་སྟོང་སྟེ། བར་མདོར་འཆི་བ་ནི་མེད་དོ།། མྱུ་གང་གིས་སྒྲ་མི་སྙན་པ་རྣམས་ཀྱི་ཚེའི་ཚང་མ་སྤྱོད། ་ཐུབ་ལ་བར་མ་དོར་འཆི་བ་མེད་ཅེ་ན། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ནི་བདག་གི་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ། ཚེ་ངེས་པ་ཡོད་ཅིང་འདི་ནས་ཤི་འཕོས་ནས་ཀྱང་ཁྱད་པར་དུ་འགྲོ ་སྟེ། ཕྱི་མ་ལ་མཐོ་རིས་སུ་ཉེ་བར་འགྲོའོ།། དགེ་སློང་དག་རྒྱུ་ངེས་ན། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ལོ་སྟོང་ཐུབ་ལ། བར་མདོར་འཆི་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དབུལ་བས་སྡུག་བསྔལ་སེམས་ཅན་དག། གཞན་གྱི་ནོར་ལ་སྨོན་པ་བྱེད།། དེ་དག་དམ་པ་མ་བསྟེན་པས།། གཞན་གྱི་མངག་གཞུག་ངན་ཅིང་དམན།། ལོངས ་སྤྱོད་དག་དང་ལྡན་པ་ཡི། ། ཕྱུག་ཅིང་ནོར་མང་སེམས་ཅན་ནི།། ནོར་དང་འབྲུ་དང་སྐྱེ་བོར་ལྡན།། དེ་དག་དམ་པ་བསྟེན་པ་ཡིན།། བསོད་ནམས་ཕྱུག་པས་ཉེར་འཚོ་བའི།། དགེ་བའི་ལས་ནི་འདིར ་བས་པས། ། འབྱོར་པ་ཆེན་པོ་ཕུན་སུམ་ཚོགས།། ལྷ་བཞིན་དུ་ནི་དགའ་བ་ཡིན།། ལྐོག་གྱུར་གང་ཡིན་མི་སྣང་སྟེ།། མངོན་སུམ་འདི་ལ་ལྟ་བར་བྱོས།། གང་དག་ཁ་ཅིག་འཇིག་རྟེན་ན།། བདེ ་ལྡན་སྔོན་བྱིན་འབྲས་བུ་ཡིན། ། བྱང་ཕྱོགས་གླིང་གི་མི་རྣམས་ནི།། བདག་གི་མེད་ཅིང་ཡོངས་འཛིན་མེད།། དཔག་བསམ་ལས་བྱུང་གོས་སྟེན་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་གྲང་དང ་ཚ་བ་མེད། ། དེ་དག་ལ་ནི་ནད་མེད་ཅིང་།། གཟུགས་དང་ཁ་དོག་ཕུན་སུམ་ཚོགས།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། བྱང་ཕྱོགས་གླིང་ན་མ་ཉམས་ཤིང་།། མ་གྲུགས་དག་ཅིང ་གཙང་བ་དང་། ཤིན་ཏུ་དཀར་བའི་སཱ་ལུ་སྐྱེ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ནོར་བུ་འོད་བྱེད་འབར་བ་ཡིས།། དེ་རྣམས་རྟག་ཏུ་མཛེས་པ་དང་།། དེ་དག་གི་ཟས་འཇུ་བྱེད་གང་།། དེ་ནི་སྔོན ་བྱིན་འབྲས་བུ་ཡིན། ། དེ་དག་ལ་ནི་ཚོད་མ་དང་།། སྲན་ཆོད་ཀྱང་ནི་ཅུང་ཟད་མེད།། ཁ་དོག་དང་རོར་ལྡན་པ་ཡི།། སཱ་ལུ་དག་ནི་རྟག་ཏུ་ཟ།། ཟས་ནི་ལན་ཅིག་བྱིན་པ་ཡིས།། སྟན་ལས་མ་ལངས ་བར་དུ་ནི། ། ཟད་མི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ཀུ་བའི་འབྲས་བུ་འདྲ་བ་དང་།། བཅད་ཀྱང་ཡལ་ག་ལས་སྐྱེས་ཏེ།། བརྡས་ན་བཙོ་མི་དགོས་པར་ཟ།། དེ་ནི་སྔོན་བྱིན ་འབྲས་བུ་ཡིན། ། དེ་དག་འ་བབ་རླུ་བསིལ་བ་དང་།། བཐུངས་ཀྱང་ལྟོ་ལ་མི་གནོད་པའི།། ཡན་ལག་བརྒྱད་ལྡན་ཆུ་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། རོལ་མོའི་ལྗོན་ཤིང་གང་དག་གིས།། ་དེ་དག་རྟག་ཏུ་རྩེ་ཞིང་དགའ།། ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་རོལ་མོའི་ལྗོན་ཤིང་བཟང་།། གོས་ཀྱི་ལྗོན་ཤིང་མང་པོ་དང་།། སྤོས་ཀྱི་ལྗོན་ཤིང་ཕུན་སུམ ་ཚོགས། ། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། སྤོས་དང་མེ་ཏོག་རོལ་མོ་དང་།། དེ་བཞིན་དུ་ནི་གོས་རྣམས་ཀྱང་།། གང་དག་ཇི་ལྟར་འདོད་པ་བཞིན།། དེ་དག་དེ་བཞིན་འབྱུང་བར་འགྱུར།། ནེའུ་གསིང ་དག་ནི་སྔོན་པོ་ལ། ། ཤིང་བལ་ལྟ་བུར་རབ་འཇམ་པ།། གང་དུ་དེ་དག་རྟག་རྩེ་བ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ལ་ནི་ཁྲོ་མེད་ཅིང་།། སེར་སྣ་དང་ནི་ཕྲག་དོག་མེད།། ཕན་ཚུན་དག་ཏུ་རྩེ་བྱེད ་པ། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མཚན་མོ་ཐུན་ཆོད་དང་པོ་ལ།། སྐད་ཅིག་ཙམ་ཞིག་ཆར་འབབ་ཅིང་།། རྡུལ་རྣམས་མེད་པར་བྱེད་པ་སྟེ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ཡོངས་སུ ་འཛིན་མེད་པས། ། མ་དང་བུར་ཡང་མི་ཤེས་ཤིང་།། སྡུག་བསྔལ་བསམ་པས་མྱ་ངན་མེད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མདག་གིས་ཀྱང་རང་གི་བུ།། ལམ་སྟོང་དག་ཏུ་བོར་ཏེ་འགྲོ།། མཐེ་བོ ་ལས་ནི་འོ་མ་འཛག། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དེ་དག་གང་ཡང་ངུ་བ་མེད།། ཤི་ན་ཡང་ནི་བོར་ཏེ་འགྲོ།། བྱ་དག་གིས་ནི་གླིང་བ་ཕྱགས་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ཁོར་ཡུག ་དག་ནི་འོབས་ཀྱིས་བསྐོར། ། གླུ་གར་ཡིད་དུ་འོང་བ་ཡིས།། གང་དུ་རྩེ་ཞིང་དགའ་བྱེད་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མི་ཡི་ཚེ་ནི་ལོ་སྟོང་པོ།། ཟད་པ་དག་ཏུ་བྱས་ནས་ནི།། བར་མ་དོར ་ནི་འཆི་བ་མེད། ། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དཔལ་ནི་རྒྱས་པར་སྤྱད་ནས་སུ།། མི་ཡི་ལུས་ནི་བོར་ནས་ཀྱང་།། ལྷ་ཡི་ནང་དུ་སྐྱེ་བར་འགྱུར།། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དགེ་སློང ་དག་འཛམ་བུ་གླིང་གི་མི་རྣམས་ལ་ནི་ཡར་འཕེལ་བ་དང་། མར་འགྲིབ་པ་ཡོད་དེ། དགེ་སློང་དག་འཛམ་བུ་གླིང་ཀི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་ཡང་འགྱུར། ཚེ་ལོ་བརྒྱད་ཁྲི་པ་དང ་ཚེ་ལོ་བརྒྱ་པ་དང་། ཚེ་ལོ་བཅུ་པར་འགྱུར་རོ།། དགེ་སློང་དག་འཛམ་བུ་གླིང་གི་མི་རྣམས་ཀྱི་ད་ལྟར་གྱི་ཚེའི་ཚད་ནི་ལོ་བརྒྱ་པ་ཡིན་ནོ།། དགེ་སློང་དག་རྩཝར་ནི་འཛམ་བུ་གླིང་གི་ནི། ་རྣམས་ལས་རིང་དུ་འཚོ་བ་གང་ཡིན་པས་ལེགས་པར་བདེ་བར་གནས་ནས་ལོ་བརྒྱ་པ་འམ། ལོ་བརྒྱ་ལས་ཅུང་ཟད་ཅིག་ལྷག་པར་ཐོབ་བོ།། དགེ་སློང་དག་འཚོ་བའི་གནས་སྐབ་ནི་བཅུ་མྱོང་བར་འགྱུར་ཏེ། ་གནས་སྐབས་དང་པོ་ནི་ཞན་ཅིང་གནས་ལ་དུ་ཉལ་བ་སྟེ་བྱིན་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་གཞོན་དུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ་ལང ་ཚོལ་བབ་པ་ཡིན་ནོ། ། གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ།། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན་ནོ།། གནས་སྐབས ་དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ་ཡིན་ནོ། ། གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོ་ས་བཀུར་ཞིང་རྒན་རབས་སུ ་བཀུར་བ་ཡིན་ནོ། ། གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ་རྒན་པོ་ཡིན་ནོ།། གནས་སྐབས་བཅུ་པ་ནི་ཚེའི་ཚད་མཐར་ཐུག་སྟེ་འཆིར་ཉེ་བ་ཡིན་ནོ།། དགེ་སློང་དག་ལོ་བརྒྱར་འཚོ་བས ་གནས་སྐབས་བཅུ་པོ་དེ་དག་མྱོང་བར་འགྱུར་རོ། ། དགེ་སློང་དག་ལོ་བརྒྱར་འཚོ་བ་ནི། དུས་ཚིགས་སུམ་བརྒྱར་འཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚོགས་བརྒྱ་དང་། དབྱར ་གྱི་དུས་ཚིགས་བརྒྱ་རྣམས་སོ། ། དུས་ཚིགས་སུམ་བརྒྱར་འཚོ་བ་ནི། ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་སྟེ། དགུན་བཞི་དང་། དཔྱིད་བཞི་དང་། དབྱར་བཞི་རྣམས་སོ།། ཟླ་བ་བཅུ་གཉིས ་ཕྲག་བརྒྱར་འཚོ་བ་ནི། ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་འཚོ་བ་སྟེ། དགུན་བརྒྱད་དང་། དཔྱིད་བརྒྱད་དང་། དབྱར་བརྒྱད་རྣམས་སོ།། ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་འཚོ་བ་ནི། ཉིན་ཞག་སུམ ་ཁྲི་དྲུག་སྟོང་དུ་འཚོ་སྟེ། དགུན་བཅུ་གཉིས་དང་། དཔྱིད་བཅུ་གཉིས་དང་། དབྱར་བཅུ་གཉིས་རྣམས་སོ།། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ་ནི། བར་ཆད་དུ་འགྱུར་བ་མ་གཏོགས་པར་ཟན་བདུན ་ཁྲི་ཉིས་སྟོང་ཟའོ། ། དེ་ལ་འདི་དག་ནི་ཟན་བར་ཆད་དུ་འགྱུར་པ་ཡིན་ཏེ། འཁྲུགས་ནས་མ་ཟོས་པ་དང་། སྡུག་བསྔལ་བར་གྱུར་པས་མ་ཟོས་པ་དང་། འཕོངས་པ་བྱུང་ནས་མ་ཟོས་པ་དང་། སྨྱུང ་བ་བྱས་ཏེ་མ་ཟོས་པ་དང་། མ་རྙེད་པས་མ་ཟོས་པ་དང་། རྙེད་ཀྱང་མ་ཟོས་པ་དང་། གཉིད་ལོག་ནས་མ་ཟོས་པ་དང་། ར་རོ་སྟེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་སྟེ། ཟོས་པ་གང་ཡིན་པ ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ན། མའི་མུ་ནོ་འཐུང་བ་མ་གཏོགས་པར་བདུན་ཁྲི་ཉིས་སྟོང་དུ་འགྱུར་རོ།། དགེ་སློང་དག་དེ་ལྟར་ངས་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེའང་བཤད།། ་དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཟན་དང་། ཟན་པར་ཆད་དུ་གྱུར་པའང་བཤད་པ་ཡིན་ནོ།། དགེ་སློང་དག་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི ་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། དེ་མིའི་ལྟར་བརྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། ཉིན ་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ ་སྟེ། དེའི་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཁྲི་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལུས་ཀྱིས་ཉེས་པར་སྤྱད ་བྱས་ཤིང་། ། ངག་གིས་ཉེས་པར་སྤྱད་པ་དང་།། ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། གང་ཞིག་ཉེས་པ་གཞན་ལྡན་པའི།། ཡས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ། དེ་ནི་བྱེ་བ ་ཕྲག་སྟོང་དུ། ། བཏགས་ཤིང་བཅོམ་པ་འཚོ་བའོ།། ཕན་ཚུན་ཁོན་དང་ཆགས་པ་ཡི།། མི་རྣམས་གསོད་པའི་མི་དག་ནི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ ་སློང་དག་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྡེ། སུམ་ཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་སྟོང་ཐུབ་བོ། ། ངོ་མོའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི། ལོ ་དེ་ལྟ་བུར་བརྩིས་པའི་ལོ་སྟོང་ཐུབ་བོ། ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་རྩ་གཉིས་ཡོད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ ་བཅད་དེ་བཀའ་སྩལ་པ། ཕ་མ་དག་དང་སངས་རྒྱས་དང་།། ཉན་ཐོས་རྣམས་ལ་འཁྲུ་བྱེད་པ།། དེ་དག་ཐིག་ནག་སྐྱེ་འགྱུར་ཏེ།། སྡུག་བསྔལ་ཚེ་རབ་མྱོང་བར་འགྱུར།། གང་ཞིག་མི་བརྩོན་འཇོག་པ ་དང་། མི་རྣམས་མཛའ་བའི་དབྱེན་བྱེད་པ།། ཐིག་ནག་ཏུ་ནི་སྐྱེ་བར་འགྱུར།། བརྫུན་དུ་སྨྲ་བའང་དེ་བཞིན་ཏེ།། ལས་དེ་ཡིས་ནི་ཐིག་ནག་གི། དམྱལ་བ་རྣམས་སུ་དེ་དག་སྐྱེ།། དགེ་སློང་དག་མི་རྣམས ་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཚེའི ་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ཉིས་སྟོང་ཐུབ་བོ། ། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་ཁྲི་བཞི་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི ་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ཉིས་སྟོང་ཡོད་དེ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ ་ནི་ཡོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་དགེའི་ལས་རྣམས་གསུམ་བྱས་ཤིང་།། ལས་དགེ་རྣམ་གསུམ་མ་བྱས་ཏེ།། ལས་དེ་དག་གིས ་བསྡུས་གཞོམ་གྱི། ། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། བ་ལང་ར་ལུག་མ་ཧེ་དང་།། རི་དགས་བྱ་གག་ཕག་རྣམས་དང་།། དེ་བཞིན་སྲོག་ཆགས་གཞན་གསོད་པ།། བསྡུས་གཞོམ་དུ་ནི་སྐྱེ་བར ་འགྱུར། ། དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དོ་ལྟ་བུར་བརྩིས་པའི་ལྷའི་ལོ་བཞི་སྟོང་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་ས་ཡ་ཕྲག་དྲུག་ཡོད་དེ། བར་མ་དོར ་འཆི་བ་ནི་ཡོད་དོ། ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དྲ་འབོད་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ ་ངུ་འབོད་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་བུར་བརྩིས་པའི་ལོ་བཞི་སྟོང་སྟེ། དེ་མིའི་ལྟར་བརྩིས་ན་ལོ་བྱ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་སྟོང་དང་བྱེ་བ ་ཕྲག་བརྒྱད་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིགས་སུ་རུང་ལ་དྲག་ཤུལ་ཅན།། ལག་པ་གཉིས་ནི་ཁྲག ་གིས་བསྐུས། ། སྡིག་པའི་ལས་ནི་སྤྱད་པ་ཡིས།། རྟག་ཏུ་ངུ་འབོད་འགྲོ་བར་འགྱུར།། གཞལ་གླུགས་གཡོ་དང་སྒྱུ་བྱེད་མི།། སྐྱེ་བོ་དག་ནི་ཡིད་ཕྱུང་བས།། འཇིགས་སུ་རུང་བའི་སྒྲ་འབྱིན ་ཞིང་། ཡུན་རིང་དུ་ནི་འབོད་སྲེག་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ། འཕྲུལ་དགའ་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་ཅུ་དང་། ལོ ་ས་ཡ་ཕྲག་བཞི་ཡོད་དེ་ཁར་མ་དོར་འཆི་བ་ནི་ཡོད་དོ། ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་སེམས་ཅན་རྣམས་ཀྱི་ཚེའི་ནཱི་ལོ་དེ་ལྟ་བུ་བརྩིས་པའི་ལོ་བརྒྱད་སྟོང་ཡོད་དེ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ས་ཡ་ང་སུམ ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྤྲུལ་པ། ་ལྟ་བའི་ཐིབས་པོས་ཁྱེབས་གྱུར་ཅིང་།། སད་པའི་གཡོགས་པས་གཡོགས་པ་དག། སྡིག་པའི་ཆོས་ནི་སྤྱོད་པ་ཡིས།། ངུ་འབོད་དག་ཏུ་སྐྱེ་བར་འགྱུར།། ཡིད་གཅུགས་ཉམས་པའི་མི་དག་ནི།། ་བ་སྤུ་སློང་ཞིང་འབར་བ་ཡིས།། བསྐལ་པའི་ཁྱིམ་གྱི་ནང་ཆུད་ནས།། ངུ་འའོད་ཆེན་པོར་སྲེག་པར་འགྱུར།། གཏམས་པ་བརྣོགས་པའི་མི་དག་ནི།། རལ་གྲི་ཡིས་ནི་ལུས་བཏུབ་ཅིང་།། བྱ་རྒོད་བྱ་རོག ་འུག་པ་ཁྱིས། ། འགུལ་ཞིང་དུ་ནི་ཟ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ཁྲི་དྲུག་སྟོང་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་ས་ཡ་ཕྲག་དྲུག་དང་། ་ལོ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉི་མ་ནག་གཅིག་གོ། ཉི་མ་ནག་དེ་སུམ་ཅུ་ལ་ཟླ་བ་གཅིག། རྒྱུ ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ཁྲི་དྲུག་སྟོང་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུ་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད ་དེ་བཀའ་སྩལ་པ། དགེ་སྦྱོང་བྲམ་ཟེ་དགེ་བ་དང་། དེ་བཞིན་དུ་ནི་ཕ་མ་ལ།། གང་ཞིག་རྟག་ཏུ་བརྡུང་བྱེད་པ།། དེ་ནི་ཚ་བར་སྐྱེ་བར་འགྱུར།། འདིར་ནི་གང་ཞིག་བཟུང་བ་ཡིས།། སྐྱེ་བོ་མང་པོ ་བརྡུང་བྱེད་པ། ། ལས་དེ་དོག་གིས་ཚ་བ་ཡི།། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར།། དགེ་སློང་དག་ཁྱེད་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཉན་པར་འདོད་དམ།། བཅོམ ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། ། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ།། བཅོམ་ལྡན་འདས་ལས་དགེ་སློང་དག་གིས་གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི ་ཚེའི་མཐའ་བསྟན་པ་ཐོས་ནས། དགེ་སློང་དག་འཛིན་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།། དགེ་སློང་དག་འདི་ལྟ་སྟེ། ་འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པ་ཏིལ་གྱིས་བྱུར་བུར་གང་བར་གྱུར་པ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་ན ་ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པ་དེ་ཐབས་འདི་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཀྱང་། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ ་ཚད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ། ། ཆུ་བར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན་ནོ།། ཆུ་བུར་རྡོལ་གྱི་ཉི་ཤུ་ཇི་ལྟ་བུ་དེ་ལྟར་སོ་ཐ་མ་ཐམ་ཀྱི་གཅིག་ཡི ་ནོ། སོ་ཐམ་ཐམ་ཀྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་གྱི་ཧུད་ཟེར་གྱི་གཅིག་ཡིན་ནོ།། ཀྱི་ཧུད་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨ་ཆུ་ཟེར་གྱི་གཅིག་ཡིན་ནོ།། ཨ་ཆུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུཏྤལ ་ལྟར་གས་པའི་གཅིག་ཡིན་ནོ། ། ཨུཏྤ་ལ་ལྟར་གས་པའི་ཉི་ཤུ་ཇི་ལྟར་པདྨ་ལྟར་གས་པའི་གཅིག་ཡིན་ནོ།། པདྨ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པའི་ཆེན་པོའི་གཅིག ་ཡིན་ནོ། ། ལྷས་བྱིན་གྱི་ཕྱོགས་དགེ་སློང་ཀོ་ཀཱ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ལ་ཞེ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་སོ། ། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྡོང་དུམ་ཚིག་པ་ལའང་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱ་ན། རྣམ་པར་ཤེས་པའི ་ལུས་ལྷ་ལ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སྦྱོང་དག་ཁྱེད་ཀྱིས་བསྒྲུབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚོགས་སུ་བཅད་དེ་བཀའ་སྩལ་པ། མི་ཞིག་སྐྱེས་པར ་འགྱུར་བ་ནི། ། གང་གིས་བདག་ནི་གཅོད་བྱེད་པའི།། ཁ་ནས་སྟ་རིའི་ཆོ་ག་འབྱུང་བ།། ཉེས་པར་སྨྲ་བ་སྨྲ་བ་ན།། གང་དག་སྤང་བྱ་སྟོང་བྱེད་ཅིང་།། སྐྱེ་བོ་སྟོང་པ་སྤོང་བྱེད་པའི།། སྡིག ་གང་བདེ་བ་མི་མྱོང་བའི། ། སྡིག་དེ་དེ་ཡི་ཁ་ནས་སོགས།། གང་འདིར་བརྒྱན་པོས་བདག་ནོར་ཡལ།། འདི་ནི་སྡིག་པ་ཆུང་ངུ་སྟེ།། གང་ཞིག་བདེ་གཤེགས་སྡང་སེམས་སྐྱེད།། འདིར་ནི ་སྡིག་པ་ཆེའོ། ། ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱ་ནི་ཆུ་བུར་རྡོལ་རྣམས་སུ།། ཆུ་བུར་ཅན་དུ་སུམ་ཅུ་རྩ་དྲུག་གོ།། སྡིག ་བའི་སེམས་ཀྱིས་བདེན་པར་མི་སྨྲ་བ། ། བདག་ཉིད་བརླག་ཅིང་དམྱལ་བ་འཕེལ་བར་བྱེད།། དེ་ཡིད་དྲི་མས་མ་སྩོགས་པར་བྱེད་དེ།། ཁ་ན་མ་ཐོ་མེད་པ་དེ་བཟོད་དོ།། དགེ་སློང་དག་སེམས་ཅན་དམྱ ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་ཕྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འབྲས་བུ་ཡིད་འོང་མཐོ་རིས ་སུ། ། སྐྱེ་འགྱུར་དགེ་བ་སྤངས་ནས་ནི།། འདིར་ནི་མི་སྡུག་ལས་བྱས་པས།། རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེ་སྦྱོང་བྲམ་ཟེ་དགེ་བ་དང་།། ཕ་དང་མ་ཡང་བདེ་བཞིན་ཏེ།། གང་ཡང་བླ་མ ་གཞན་གསོད་པ། ། རབ་ཏུ་ཚ་བར་དེ་འཚེད་དོ།། དགེ་སློང་དག་དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་གཏི་མུག་ཅན་ལྷས་བྱིན ་གྱིས་དགེ་འདུན་འཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་ངཟ་བཅོམ་པ་བསད་པས་རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པ་དེར ་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཆུ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཕགས་པ་རྣམས་ཀྱིས་བསྟན་པ་ཡིས།། ཆོས་ཀྱིས་འོས་པར་འཚོ་རྣམས་ལ། ་སྡིག་པའི་ལྟ་བ་ལ་བརྟེན་ནས།། བློ་ངན་གང་ཞིག་སྨོད་བྱེད་པ།། ཚེར་ཅན་འོད་མའི་འབྲས་བུ་ལྟར།། དེ་ནི་འབྲས་བུ་རླག་པར་བྱེད།། དགེ་བར་འགྱུར་བ་བརྗོད་བྱ་སྟེ།། སྡིག་པ་ཅན་དག་ནི་མི་བརྗོད ་དོ། ། དགེ་བ་སྨྲས་ན་ལེགས་པར་འགྱུར།། སྡིག་པ་སྨྲས་ན་སྲེག་འགྱུར་བས།། གལ་ཏེ་སྨྲ་ན་དགེ་པར་སྨྲའི།། སྡིག་པའི་སྨྲས་ན་རླག་པར་འགྱུར།། བྱིས་པ་རྣམས་ནི་སྡིག་སྨྲ་སྟེ།། འཕགས ་པ་རྣམས་ནི་མ་ཡིན་ནོ། ། འདིར་ནི་ངན་འགྲོར་འགྲོ་བ་ཡི།། ལས་ནི་ཤས་ཆེར་བྱས་པས་ན།། ལས་དེ་དག་གིས་མནར་མེད་པའི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིས ་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པའི་བའི་ཆ་གསུམ་ཐུབ་སྟེ། བར་མ་དོར ་འཆི་བ་ནི་ཡོད་དོ། ། དགེ་སློང་དག་ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ ་པ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོད ་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་ཐུབ་སྟེ། བར་མ་དོར་འ ་བ་ནི་ཡོད་དོ། ། དགེ་སློང་དག་ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ ་པ་དྲུག་ཅུ་རྩ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག ་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་ལྔ་བཅུ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་ཐུབ་སྟེ། ་བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དགའ་དུ་ཤེས་མེད་པའི་སེམས་ཅན་མི་ཆེ་བ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་མི་གདུང་བའི ་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་ཐུབ་སྡེ། བར་མདོར་འཆི ་བ་ནི་ཡོད་དོ། ། དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཆང་ནི་བསྐལ ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། བར་མ ་དོར་འཆི་བ་ནི་ཡོད་དོ། ། དགེ་སློང་དག་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཅིའང། ་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར ་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་མནར་མེད་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད ་ཀྱི་བར་དེ་དག་ནི་དགེ་སློང་དག་སྲིད་པའི་རྩ་བ་དང་། དེ་དག་ནི་སྲིད་པའི་རྩེ་མོ་ཡིན་ནོ།། དེ་དག་ནི་སྲིད་པ་འབྱུང་བ་ཡིན་ཏེ། དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་། འགྲོ་བ་དང་། ་གནས་པ་དང་། འཆི་བ་དང་། སྐྱེ་བར་སྣང་ངོ་།། སྲིད་པ་འབྱུང་བས་ཆོག་ཤེས་པར་གྱིས་ཤིག། ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལའང་ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི ་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མངོན་པར་སྒྲུབ་པ་ནི། སྡུག་བསྔལ་ཡིན་པའི་ཕྱིར་ཏེ། དཔེར་ན་མི་གཙང་བའི་ཉུང་ངུ་ཡང་མི་ཞིམ། མང་པོ་ལྟ་ཅི་སྨོས་དེ་ལྟར་དེ་བཞིན་དུ་ང་ནི་སྲིད ་པ་མངོན་པར་སྒྲུབ་པ་རླུང་ངུ་ལའང་ཐན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བ་གང་དུ་ཡང་དང་ཡང་དུ་དམྱལ་བ་རྣམས་དང་། ཡང་དང་ཡང་དུ་དུད་འགྲོ་རྣམས་དང་། ཡང་དང་ཡང་དུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ ་རྣམས་སུ་ཀུན་ཏུ་རྒྱུག། ཀུན་ཏུ་རབ་ཏུ་རྒྱུག་གོ།། དགེ་སློང་དག་དེ་ལྟ་བས་ན་ངས་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་། སྲིད་པ་མངོན ་བར་བསྒྲུབ་པར་མི་བྱའོ། ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པར་བསྟོད་དོ། ། ཚེའི་མཐའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང་ཧ་དང་། ལོ་ཙབ་བན་དྷེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ ་