CLOSE WINDOW

S297: pha ma'i mdo
Wyliee-texts produced with BDRC’s OCR application

པའོ། ། @། རྒྱ་གར་སྐད་དུ། བི་ཏྲ་མ་ཏྲི་སཱུ་ཏྲ། བོད་སྐད་དུ། ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད ་པའི་ཁྱིམ་དེ་དག་ནི། ཚངས་པ་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང ་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། སློབ་དཔོན་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས ་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། ་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད ་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། མི་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།། ་དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ལྷ་དང་ལྡན་པ་ཡིན་ནོ།། ་དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕ་མ་གཉིས་ནི་ཚངས་པ་སྟེ།། དེ་བཞིན་དང་པོ་སློབ་དཔོན་ཡིན།། བུ་ཡིས་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་ཕྱིར་དེ ་གཉིས་ཕྱག་གི་གནས། ། དྲིལ་བ་དང་ནི་ཁྲུས་རྣམས་དང་།། རྐང་པ་དག་ཀྱང་བསྐུ་བ་དང་།། ཡང་ན་ཟས་དང་སྐོམ་རྣམས་དང་།། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས ་ཀུར་སྟི་བྱ། ། ཕ་མ་དག་ལ་བཀུར་བྱས་པ།། དེས་ན་མཁས་པ་དེ་དག་ན།། འདིར་ཡང་སྤང་བར་མི་འགྱུར་ལ།། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། བཅོམ་ལྡན་འ་དས་ཀྱིས ་ས་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་ངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མ་རྫོགས་སོ།། ་