| Wylie | e-texts produced with BDRC’s OCR application |
ཨཱཙུརྱ་ཛི་ན་མི་ཏྲ་དང་། བིནྡྷེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། དཱད་ཤ་ལོ་ཙ་ན་སཱུ་ཏྲ། བོད་སྐད་དུ། མིག ་བཅུ་གཉིས་པ་ཞེས་བྱ་བའི་མདོ་གྲུབ་པར་གྲུབ་ཅིག། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོད་མའི་ཚལ་ན་བཞུགས། དེའི་ཚེ་གློག་བྱུང་། སྐར ་མདའ་ལྷུང་། གནམ་ལྕགས་བབ་པ་དང་། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་ལྟས་མཁན་བྲམ་ཟེ་རྣམས་བཀུག་ནས་རྨས་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་གནམ་ཀུན ་འཁྲུགས་པར་འགྱུར། བྲམ་ཟེ་རྣམས་ཀྱིས་གསོལ་པ། ལྷས་འདི་ལྟ་བུ་དག་མིག་བཅུ་གཉིས་ཞེས་བགྱི་བའི་གཙུག་ལག་ལས་འབྱུང་སྟེ། བདག་གི་ཁྲེལ་པར་རྔོ་མི་ཐོག་གོ།། དེ་ནས་རྒྱལ་པོ ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བར་དགོངས་ཏེ ་མིག་བཅུ་གཉིས་ཀྱི་ལྟས་ཀྱི་གཙུག་ལག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། རབ་ཏུ་བྱུང་བས་ནི་ཕྱི་རོལ་པ་འཇིག་རྟེན་གྱི་གཙུག་ལག་འདི་ལྟ་བུ་དག་བཤད་པའི་ཆ ་མ་ཡིན་ནོ། ། དེ་ནས་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ལ་བསྒྱུར་ཏེ་གསོལ་པ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། ཐེ་ཚོམ་འདྲི་དགྲོལ ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གནང་ནས། སྔོན་གྱི་གླེང་གཞི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་འདས་པའི་དུས་ན། གངས་རིའི་དྲུང་ན་དྲང་སྲོང་བརྒ་ཞེས་བྱ ་བ་ཞིག་གནས་པ་དེ་དུས་གཞན་ཞིག་ན་སྟག་མོ་གཞོན་ནུ་ཞིག་འཁྱམ་པ་མཐོང་བ་དང་། འདོད་ཆགས་སྐྱེས་ཏེ། དྲང་སྲོང་གི་འཁྲིག་པའི་ཆོས་སྤྱད་པ་ལས། ལོ་དུས་སུ་བུ་བཅུ་གཉིས་བྱུང ་བར་གྱུར་ཏོ། ། བུ་བཙས་ནས་ལོ་བདུན་ལོན་པ་དང་། ཕ་མ་གཉིས་ཤི་ནས། ཕྲུག་གུ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཚངས་པའི་དངོས་གྲུབ་བསྒྲུབས་ནས། བསམ་པ་དང་རེ་བ ་བསྐང་བར་གསོལ་པ་དང་། དེ་ནས་ཚངས་པས་སྙིང་རྗེ་བལྟས་ཏེ། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པར་འཛམ་བུའི་གླིང་དུ་ལྷགས་ཏེ། དེ་ནས་ཚངས ་པས་བྱིས་པ་དེ་རྣམས་ལ་སྨྲས་པ། བུ་ཁྱེད་རྣམས་ཅི་འདོད། དེ་ནས་བྱིས་པ་རྣམས་ཀྱིས། ཚངས་པ་ལ་སྨྲས་པ། ལྷ་བདག་ཅག་རྣམས་ནི་བྱིས་པ་རང་བཞིན་ཤིན་ཏུ་བློ་དམན་པ ་ལགས་ཏེ། ལེགས་ཉེས་མ་འཚལ་ལགས་ན། ཉི་ཟླ་དང་། གཟའ་དང་། རྒྱུ་སྐར་གྱི་ལྟས་དང་། དཀྱིལ་འཁོར་དང་། གཙུག་ལག་ཇི་ལྟ་བུ་ལགས་པ་བཤད་དུ་གསོལ། དེ་ནས་བརྒྱ ་བྱིན་ལྷའི་དབང་པོས། ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་སྟོན་པ་ཁྱོད་ཀྱིས་བྱིས་པ་རྣམས་ལ་དངོས་གྲུབ་སྩལ་བའི་རིགས་སོ།། དེ་ནས་ཚངས་པས། བྱིས་པ་རྣམས་ལ་སྨྲས་པ ་བྱིས་པ་ཉོན་ཅོག། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། སྐར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། ལྟས་དང་། ཉི་ཟླ་དང་། གཟའ་དང་། གནམ་ལྕགས་འབབ་པ་དང་། ས་གཡོ་ཞིང ་འགུལ་བ་དང་། ལྟས་ཀྱི་གཙུག་ལག་ཇི་ལྟ་བུ་ཡིན་པ་དག་བསྟན་པར་བྱའོ།། དགུན་ཟླ་ར་བ་ཡར་གྱི་ངོ་དང་། མར་གྱི་ངོ་དང་། ཚེས་བརྒྱད་དང་། བཅུ་བཞི་དང ་བཅོ་ལྔ་ལ་ཉི་མའི་འོད་མུན་པ་འདྲ་བ་ནག་པོར་གྱུར་ན། མི་ཡ་རབས་མཛངས་ཤིང་མཁས་པ་རྣམས་ལ་བགེགས་ཆེན་པོ་འབྱུང་བར་འགྱུར་རོ།། རྒྱུ་སྐར་ཨ་ཤཱི་ནིའི་ཉི་མ་ལ། ཉི་མ་ལས་དུ་བ་འདྲ་བ ་བྱུང་སྟེ། འཁོར་ཞིང་འཐུལ་ན། ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པར་འགྱུར་རོ།། རྒྱུ་སྐར་བྷ་ར་ནའི་ཉི་མ་ལ། ཉི་མ་གསེར་གྱི་མདོག་འདྲ་བར་གྱུར་ན། ཉེན་ཀོར་གྱི་རྒྱལ་ཁམས་ཀྱི་ཡུལ ་འཇིག་པ་དང་། དབུས་སུ་མུ་གེ་ཆེན་པོ་འབྱུང་ངོ་།། དགུན་ཟླ་ཐ་ཆུང་གི་ངོ།། རྒྱུ་སྐར་ཀརྟི་ཀའི་ཉི་མ་ལ། ཉི་མ་ལྷག་པར་གསལ་བར་གྱུར་ན། མཐའི་ཡུལ་ཁམས་འཇིག་ཅིང་། དབུས ་སུ་ཆར་མི་འོང་ངོ་། ། དཔྱིད་ཟླ་ར་བའི་ངོ།། རྒྱུ་སྐར་ཨརྟའི་ཉི་མ་ལ། ཉི་མ་འཁྱིམས་པ་དང་། ཉི་མ་གཉིས་སུ་སྣང་ན། མི་ནད་འབྱུང་།། རྒྱལ་པོ་སྡེ་གཉིས་ལ་གནོད་པའི་བགེགས་འབྱུང་། ་དགུན་ཟླ་འབྲིང་པོའི་ངོ།། རྒྱུ་སྐར་པུཥྤེའི་ཉི་མ་ལ། ཉི་མ་མུན་པ་འདྲ་བར་འགྱུར་ཞིང་། ཉི་མ་ནུབ་ཀར་ཁ་དོག་སྐྱ་བོར་གྱུར་ན། རྒྱལ་པོ་ཆེན་པོ་ལ་བགེགས་འབྱུང་། དཔྱིད་ཟླ་ཐ་ཆུང་གི་ངོ་།། ་རྒྱུ་སྐར་བ་ར་ནའི་དུས་ལ་ཉི་ཟླ་གཟས་ཟིན་ན། བློན་པོས་རྒྱལ་པོ་གསད་པར་འོང་ངོ་།། དབྱར་ཟླ་ར་བའི་ངོ། རྒྱུ་སྐར་བུར་བ་བྷ་ད་ཏྲ་པའི་དུས་ལ་ཉི་མ་དམར་པོར་གྱུར་ན། རྒྱལ་པོ་དང་། ་བློན་པོ་དང་། དེའི་ཡུལ་འཁོར་དུ་གནོད་པའི་བགེགས་ཆེན་པོ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ། རྒྱུ་སྐར་ཨ་ཤ་དའི་དུས་ལ་ཟླ་བ་ཉ་ལ་གཟས་ཟིན་ན། ཡུ་འཁོར་འཁྲུག་པ་དང་། མི་ནད་དང ་མུ་གེ་འབྱུང་། དབྱར་ཟླ་ཐ་ཆུང་གི་ངོ།། རྒྱུ་སྐར་མུ་ལའི་དུས་ལ། ཉི་ཟླ་གས་ཤིང་སེར་ག་བྱུང་བར་སྣང་ན། ཡུལ་དེར་གནོད་པ་ཆེན་པོ་འབྱུང་། སྟོན་ཟླ་ར་བའི་ངོ།། རྒྱུ་སྐར་ཨ་ཤི་ནའི་དུས་ལ ་ཉི་ཟླ་དུས་གཅིག་ཏུ་ཤར་ན། ཡུལ་འཁོར་དེར་ཁྲག་ཁྲུག་ཆེན་པོས་ཁྲག་འབབ་པར་འོང་ངོ་།། སྟོན་ཟླ་འབྲིང་པོའི་ངོ། རྒྱུ་སྐར་ཀརྟི་ཀའི་དུས་ཟླ་བ་ཉ་ལ་ཟླ་བ་མེའི་ཁ་དོག་འདྲ་བར་གྱུར་ན། ་ཡུལ་འཁོར་དེར་དགྲའི་དམག་གིས་ཡུལ་འཇིག་པར་འགྱུར། དགུན་ཟླ་ར་བའི་ངོ།། རྒྱུ་སྐར་བ་ར་ནའི་ཉི་མ་ལ་རླུང་དམར་ནག་པོ་བྱུང་ལ། ཉི་མ་མི་གསལ་བར་གྱུར་ན། དགྲའི་ཚོགས་ཀྱིས་ཡུལ ་འཇིག་པར་འགྱུར་རོ། ། དགུན་ཟླ་ཐ་ཆུང་གི་ངོ།། རྒྱུ་སྐར་དུར་བ་ལ་རྒྱུ་ནའི་ཉི་མ་ལ་ས་བབ་ཅིང་རླུང་དམར་ཆེན་པོ་བྱུང་ན། རྒྱལ་པོ་ཆེན་པོ་ལ་གནོད་པ་འབྱུང་། དཔྱིད་ཟླ་རབ་འབྲིང་པོའི་ངོ ་རྒྱུ་སྐར་སུ་ཤ་ཁ་པའི་ཉི་མ་ལ་སེར་བ་བབ་ན། ཡུལ་འཁོར་དེར་ཁྲག་གི་གནོད་པ་འབྱུང་། དཔྱིད་ཟླ་ཐ་ཆུང་གི་ངོ། རྒྱུ་སྐར་ཛེ་ཏ་ཤའི་ཉི་མ་ལ་ནམ་ནངས་ཀར་སྐར་མ་ཉི་མ་པས་འོད་བཟང་པོར ་གསལ་བ་བྱུང་ན། གཟའ་ཐམས་ཅད་ལ་བགེགས་ཆེན་པོ་འབྱུང་། དབྱར་ཟླ་ར་བའི་ངོ་།། རྒྱུ་སྐར་ཨ་ཤ་དའི་ཉི་མ་ལ་ས་བབ་ཅིང་ཉི་མ་མི་གསལ་ན། རྒྱལ་པོ་སྟོང་འཁྲུག་ཅིང་འཐབ་པར ་འགྱུར། ཡང་དབྱར་ཟླ་ར་བའི་ངོ།། རྒྱུ་སྐར་ཨ་ཤ་དའི་ཉི་མ་ལ་རླུང་ཆེན་པོ་བྱུང་ན། ཆུ་དཀོན། ཁ་ཟས་དང་འབྲུ་ཟན་མ་རུང་བར་འགྱུར། དབྱར་ཟླ་འབྲིང་པོའི་ངོ། རྒྱུསྐ ་ཤ་བ་ནའི་ཉི་མ་ལ་རླུང་དྲག་པོར་ལངས་ཤིང་། ནམ་མཁའ་མུན་པར་གྱུར་ན། ཉེ་འཁོར་གྱི་ཡུལ་ཁམས་གཞན་དུ་འཇིགས་པ་ཆེན་པོ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ།། རྒྱུ་སྐར་པུར་བྷ་བྷ་ཏྲ1 ་མ་ལ་སེར་བ་བབ། གནམ་ལྕགས་གྲུམ་ན། ཡུལ་འཁོར་དེར་ནད་དང་། མུ་གེ་འབྱུང་། དབྱར་ཟླ་ཐ་ཆུང་གི་ངོ། རྒྱུ་སྐར་བད་ཏྲའི་ཉི་མ་ལ་བྱང་ཕྱོགས་ནས་རླུང་དམར་ཆེན་པོ་ལངས་ནས། ལྷ་ཁང ་དང་མཆོད་རྟེན་དང་། ཁང་ཁྱིམ་དང་། ཤིང་སྡོང་པོ་ཆེན་པོ་བསྒྱེལ་ན། ཡུལ་ཁམས་སུ་གནོད་པ་ཆེན་པོ་འབྱུང་། སྟོན་ཟླ་ར་བའི་ངོ། རྒྱུ་སྐར་མ་ཤ་ནའི་ཉི་མ་ལ་ཐོག་བབ་བམ། སྐར་མདའ ་ལྷུང་ངམ། སེར་བ་བབ་ན་ཡུལ་ཁམས་དེར་འཐབ་མོ་ཆེན་པོ་འོང་། དགུན་ཟླ་ར་བའི་ངོ།། རྒྱུ་སྐར་མ་གའི་ཉི་མ་ལ་ཆར་པ་བབ་ན། ཡུལ་ཁམས་ཐམས་ཅད་ཁ་ཟས་མོད་པར་འོང་། དགུན ་ཟླ་ཐ་ཆུང་གི་ངོ་། རྒྱུ་སྐར་ཨ་རྡ་རྔའི་ཉི་མ་ལ་གནམ་མེའི་ཁ་དོག་འདྲ་བར་གྱུར་ན། ལྟས་རབ་ཏུ་ངན་ཏེ། ཡུལ་ཁམས་སུ་མི་བདེ་བ་དང་། འཇིགས་པ་ཆེན་པོ་འབྱུང་། དཔྱིད་ཟླ་ཐ་ཆུང་གི་ངོ།། ་རྒྱུ་སྐར་བ་རའི་ཉི་མ་ལ་བྱང་ཕྱོགས་ནས་སྒྲ་ཆེན་པོ་བྱུང་ངམ། གནམ་སེར་པོར་སོང་ན། དགྲ་ཐམས་ཅད་ཀྱི་ཡུལ་ཁམས་བཤིག་པར་འགྱུར་རོ།། དཔྱིད་ཟླ་ར་བའི་ངོ། རྒྱུ་སྐར་སྭ་རིའི་ཉི་མ ་ལ་ཆར་བ་པ་ལ། རླུང་མ་ལངས་པར་འཇའ་བྱུང་ན། གྲོང་ཁྱེར་ཆེན་པོ་མེས་ཚིག་པར་འགྱུར་རོ།། དབྱར་ཟླ་ར་བའི་ངོ།། རྒྱུ་སྐར་པྲ་ཤའི་ཉི་མ་ལ་གློག་དང་། སྐར་མ་དང་། ཉལ་ཉིལ་གྱི ་ཆར་བབ་ན། ཡུལ་ཁམས་དེར་མུ་གེ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ།། རྒྱུ་སྐར་མུ་ལའི་ཉི་མ་ལ་ཆར་ཆེར་བབ་ལ་འཇའ་བྱུང་ན། རྒྱལ་རིགས་རྣམས་ལ་གནོད་པར་འགྱུར། དབྱར་ཟླ་ཐ ་ཆུང་གི་ངོ་། ། རྒྱུ་སྐར་པད་ཏྲའི་བ་དའི་ཉི་མ་ལ་ས་ལས་སྒྲ་བྱུང་ངམ། རླུང་ནག་པོ་ལངས་ན། ཡུལ་དེར་མུ་གེ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ།། ཕྱོགས་མཚམས་དག་ནས་སྒྲ་ཆེན་པོ་བྱུང ་ནཡུལ་ཕྱོགས་དེར་ཁྲག་ཁྲུག་ཆེན་པོ་འབྱུང་། སྟེན་ཟླ་ར་བའི་ངོ།། རྒྱུ་སྐར་བ་ར་ནའི་ཉི་མ་ལ་གནམ་ལས་སྒྲ་ཆེན་པོ་བྱུང་ན། བཙུན་པ་དང་དཀའ་ཐུབ་ཅན་རྣམས་ལ་གནོད་པ་འབྱུང ་སྟོན་ཟླ་ར་བའི་ངོ། ། དབང་པོ་ཉི་མ་ལ་ག་ནམ་ལས་སྒྲ་བྱུང་ན། མི་ལེ་ལོ་ཅན་དང་ཕྱུགས་ལ་གནོད་པ་འབྱུང་། སྟོན་ཟླ་ཐ་ཆུང་གི་ངོ། རྒྱུ་སྐར་ད་ནི་སྟའི་ཉི་མ་ལ་གནམ་ལས་རོལ་མོའི་སྒྲ་བྱུང་ན ་རྩ་དང་ལོ་ཏོག་ལེགས་པར་འགྱུར། ཆར་དུས་སུ་འབབ། མཇུག་ཏུ་མི་ནད་འབྱུང་། དགུན་ཟླ་ར་བའི་ངོ།། རྒྱུ་སྐར་སྭ་ཏའི་ཉི་མ་ལ་གནམ་ལས་སྒྲ་ཆེན་པོ་འབྱུང་ཞིང་། གནམ་འཁྲུག ་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་། དགུན་ཟླ་ཟ་ཆུང་གི་། རྒྱུ་སྐར་འཛེཤྩའི་ཉི་མ་ལ་ཚུབ་མ་ལངས་ཤིང་ས་གཡོས་ན། དགེ་སྦྱོང་དང་། བྲམ་ཟེ་རྣམས་ལ་བགེགས་དང ་གནོད་པ་འབྱུང་། དཔྱིད་ཟླ་ར་བའི་ངོ། རྒྱུ་སྐར་བུ་རབ་བྷད་ཏྲའི་ཉི་མ་ལ་ཉིན་པར་ས་གཡོས་མ་ལོ་གཉིས་ཀྱི་བར་དུ་དུས་སུ་ཡུལ་ཁམས་དེར་དམག་འོང་། དཔྱིད་ཟླ་འབྲིང་པོའི་ངོ ་རྒྱུ་སྐར་པུར་བ་ཤ་ཏའི་ཉི་མ་ལ་ས་འགུལ་ན། བློན་པོས་རྒྱལ་པོ་བསད་པ་དང་། ཡུལ་ཁམས་དེར་འཁྲུག་པ་ཆེན་པོ་འབྱུང་། དབྱར་ཟླ་འབྲིང་པོའི་ངོ།། རྒྱུ་སྐར་མུ་ལ་དབང་བ་ལ་ནུབ་མོ་ས ་གཡོས་ན། ཁམས་ཀྱི་དབང་པོ་རྣམས་ལ་གནོད་པ་འབྱུང་། དབྱར་ཟླ་ཐ་ཆུང་གི་ངོ། རྒྱུ་སྐར་རོ་ཧི་ནི་དབང་བ་ལ་ནུབ་མོ་ས་གཡོས་ཤིང་། རླུང་དམར་བྱུང་། ཆར་མི་བབ་ན། འབྲུ་ཟན་མ ་རུང་བར་འགྱུར་ཞིང་དམག་འོང་། སྟོན་ཟླ་འབྲིང་པོའི་ངོ། རྒྱུ་སྐར་པ་ཏྲ་བ་དའི་ཉི་མ་ལ་ཉིན་པར་ས་གཡོས་ན། ཕ་རོལ་གྱི་དགྲས་རྒྱལ་པོ་དེ་འཕམ་པར་འགྱུར། ཡུལ་ཕྱོགས་ཀྱང་ཆོམ ་རྐུན་གྱིས་འཇིག་པར་འགྱུར། སྟོན་ཟླ་ཐ་ཆུང་གི་ངོ། རྒྱུ་སྐར་ཏྲི་ཏའི་ཉི་མ་ལས་གཡོས་ན། གྲོང་ཁྱེར་ཆེན་པོ་དང་། ཁང་ཁྱིམ་འཇིག་ཅིང་མུ་གེ་འབྱུང་། དགུན་ཟླ་ར་བའི་ངོ། ་རྒྱུ་སྐར་ཨ་ཤཱི་ནི་དང་། ཕལ་གུན་དབང་པོའི་ནུབ་མོ་ས་གཡོས་ན། བྱིས་པ་ཆུང་ངུ་དང་བུད་མེད་སྦྲུམ་མ་ལ་བགེགས་དང་གནོད་པ་འབྱུང་། དགུན་ཟླ་འབྲིང་པོའི་ངོ། རྒྱུ་སྐར་མྱི་ག ་ཤི་ར་དང་། བྷད་དའི་སྤ་དའི་ཉོན་པར་ས་གཡོས་ན། རྐང་འགྲོས་ལ་བགེགས་དང་གནོད་པ་འབྱུང་། དབང་པོ་འམ། མགའི་ཉི་མ་ལ་གཙུག་ལག་ཁང་སྐུ་གཟུགས་གཡོ་ཞིང ་འགུལ་ལམ། ས་འཕོས་ན། ཡུལ་ཁམས་དེར་མྱུར་དུ་འཇིག་པར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམ། དངུལ་ལྟ་བུ་བྱུང་ངམ། འགྱེལ་ན། ཡུལ་ཁམས་དེ། ་རྒྱལ་པོ་དང་བཅས་པར་རྒྱལ་ཁམས་གཞན་གྱི་དབང་དུ་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་འཕོས་སམ། སྤྱན་ནས་མཆི་མ་བྱུང་ན། ཡུལ་ཁམས་དེའི་མི་དཔའ་བོ་གཅེས་པ་བུ ་སྨད་དང་བཅས་པར་ཡུལ་བྱུང་བར་འགྱུར། གཙུག་ལག་ཁང་གི་སྐུ་གཟུག་གདན་ལས་འཕོས་སམ། འགུལ་ལ། ལྷ་ཁང་ནས་དུད་པ་འདྲ་བ་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་ལ་གནོད ་པར་འགྱུར། གཙུག་ལག་ཁང་ཆེན་པོ་དང་། གནས་ཁ་ལྟ་བུ་གཡོས་ན། གྲོང་ཁྱེར་དེ་ཕྱོགས་རྒྱལ་ཁམས་གཞན་གྱི་གནངས་སུ་བཅད་པ་འམ། མེས་ཚིག་པར་འགྱུར། ཟླ་བའི ་ཟུར་ལ་གཟའ་ཕུར་བུ་བྱུང་ན། མི་ཕྱུག་པོ་ལ་རྒྱལ་པོ་སའི་ཕྲོག་ཅིང་གནོད་པར་འགྱུར། ཉི་མ་དམར་པོར་སོང་ན་ཁམས་ཀྱི་དབང་པོ་ལ་གནོད་པ་འབྱུང་། གཟའ་སྤེན་པ་ཟླ་བའི ་སྟེང་དུ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་དང་བགེགས་འབྱུང་། ལྟས་འདི་རྣམས་བྱུང་བའི་དུས་སུ། ཟླ་བ་གཟས་ཟིན་ན། རྒྱལ་པོ་ཆེན་པོ་རྣམས་ལ་གནོད་པ་དང ་བགེགས་འབྱུང་། རྒྱལ་པོ་དང་པོ་སྐྱེས་པའི་རྒྱུ་སྐར་གྱི་སྟེང་དུ་ཟླ་བ་བྱུང་ཞིང་། ཟླ་བའི་སྟེང་དུའང་གཟའ་མཇུག་རིངས་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་དང་། རྒྱལ་ཁམས་ཏེ ་བ་གཞན་གྱི་རྒྱལ་པོ་དང་འཐབ་མོ་འོང་། གཟའ་སྤེན་པ་རྒྱུ་སྐར་རོ་ཧི་ནི་དང་། ཏྲི་ཏི་ཀའི་དབུས་སུ་ཤར་ན། རྒྱལ་ཁམས་དེའི་མི་ཐམས་ཅད་ལ་གནོད་པ་ཆེན་པོ་དང་། ་བགེགས་བྱུང་ནས་མི་སུམ་ཆ་ཅིག་ལུས་པར་འགྱུར། གཟའ་བ་ཝ་སངས་དང་། རྒྱུ་སྐར་མ་ག་དང་། ཕལ་གུན་ཟླ་བའི་དབུས་སུ་ཤར་ན། ལོ་ཏོག་ལ་གནོད་པ་འབྱུང་། གཟའ་ཕུར་བུ་དང་། ་པ་ཝ་སངས་དང་། སྤེན་པ་རྣམས་དམར་པོར་སོང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་། གཟའ་མཇུག་རིངས་རྒྱུ་སྐར་པུ་ཥྤེའི་སྟེང་དུ་ཤར་ན། རིང་པོར་མི་ཐོགས་པར་ཕྱོགས ་བཞི་ནས་དམག་ཆེན་པོ་འབྱུང་། གཟའ་ཕུར་བུ་དང་མིག་དམར་རྒྱུ་སྐར་ཤྲ་བ་ཎའི་སྟེང་དུ་ཤར་ན། ལོ་གསུམ་གྱི་བར་དུ་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང་གནོད་པ་འབྱུང་། གཟའ ་ཕུ་བུ་དང་སྤེན་པ་རྒྱུ་སྐར་འི་སུ་ཤ་ཀའི་སྟེང་དུ་ཤར་ན། མི་མང་པོ་འཐབ་མོ་ལ་འཆི་བར་འགྱུར་རོ།། ལྷ་ཁང་དང་། ཁང་པ་ཆེན་པོའི་སྟེང་དུ། བྱ་རོག་བྱེད་ཅིང་འཕྱང་མོ་ཉུག་ན ་ཡུལ་ཁམས་དེར་འཐབ་མོ་ཆེན་པོ་འབྱུང་། བུད་མེད་ལ་མི་མ་ཡིན་པའི་བུ་བྱུང་ངམ། ཡང་ན་ཕྱུགས་ལ་མོའི་བུ་བྱུང་ན། ཡུལ་ཁམས་དེའི་བུད་མེད་ལ་བགེགས་དང་གནོད་པ་ཆེན་པོ་འབྱུང་། ་མའི་མངས་ན་བུ་ཡོད་པ་དགོད་དམ། སྨྲ་འམ། དུན་ཡུལ་ཁམས་དེ་འཇོག་པར་འགྱུར། བུད་མེད་ཀྱི་མངལ་ནས་བུ་རྐང་གཅིག་པ་འམ། རྐང་གསུམ་པ་འམ། རྐང་བཞི་པ་འབྱུང་ན། ་ཡུལ་དེའི་རྒྱལ་པོ་ཆེན་པོ་ལ་གནོད་པ་ཆེན་པོ་འབྱུང་། བུད་མེད་ཀྱི་ལྟོ་ནས་བུ་མ་ནིང་མཚན་གཉིས་པ་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་འཆི་བར་འགྱུར། བུད་མེད་ལས་བྱོལ་སོང་གི་བུ་དང ་བུ་མགོ་མང་པོ་ཅན་བྱུང་ན། ཡུལ་ཁམས་དེ་འཇིག་པར་གྱུར། བུད་མེད་ལས་བུ་མགོ་གཅིག་ལ་གདོང་གཉིས། མིག་གསུམ་པ་བྱུང་ན། ཡུལ་ཁམས་དེ་མྱུར་དུ་འཇིག་པར་འགྱུར ་བུད་མེད་ལས་བུ་གྲུལ་བུམ་མགོ་བཞི་པ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་། བུད་མེད་ལས་བུ་ཕག་གི་གདོང་ཅན་བྱུང་ན། ཕྱོགས་བཞི་ནས་ཡུལ་ཁམས་དེ་འཇིག་པར ་འགྱུར། བུད་མེད་ལས་བུ་ཉི་མའི་འོད་བཞིན་འབར་བར་བྱུང་ན། ནང་འཁྲུག་གིས་ཡུལ་ཁམས་དེ་འཇིག་པར་འགྱུར། བྱིས་པ་མཚེ་མ་བུ་ན་གནས་པ་ཆེན་པོ་བཞིན་ཚིག་སྨྲ་ན། ་ཡུལ་འཁོར་དེ་འཇིག་པར་འགྱུར། མ་ཉིད་ཀྱིས་མ་ཚོར་བར་མངལ་ནས་བུ་བྱུང་ན། འདྲ་གདོན་བགེགས་ནད་ཀྱིས་ཡུལ་ཁམས་དེ་འཇིག་ཅིང་། འཇིགས་པ་ཆེན་པོ་འབྱུང་། བུད་མེད ་ལས་སྐྱེ་ནུབ་པ་དང་། སོ་སྐྱེས་པ་བྱུང་ན། ཡུལ་ཁམས་དགོན་པར་འགྱུར་ཏེ། མི་ཐམས་ཅད་ཀྱང་ཕྱོགས་གཞན་དུ་འགྲོ་བར་འགྱུར། བུད་མེད་ལས་བུ་མགོ་མེད་པ་ལག་པ་གཅིག་པ ་བྱུང་ན། ཡུལ་ཁམས་དེར་གནོད་པ་ཆེན་པོ་འབྱུང་། ཡུལ་ཁམས་སུ་མེ་ཏོག་དང་། ཤིང་ཐོག་འབྲས་བུ་ལས་ཁུ་བ་འཛག་ན། རྒྱལ་པོའི་རྒྱལ་ཚབ་ལ་བགེགས་དང་གནོད་པ་འབྱུང་། ་དུས་མ་ཡིན་པར་བཟའ་ཤིང་ལས་མེ་ཏོག་དང་འབྲས་པ་སྐྱེན། རྒྱལ་པོ་དང་ཡུལ་མིར་བཅས་པས་ཡུལ་བོར་བར་འགྱུར། བཟའ་ཤིང་གི་འབྲས་བུ་སྟུག་པར་མདོག ་བཟང་པོར་གྱུར་ཏམ། ཡང་ན་ཁྲག་འདྲ་བ་འཛག་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང་། ནད་དང་མུ་གེ་འབྱུང་།། སྐྱེ་ཤིང་གི་གྲིབ་མ་མི་འཁོར་བར་ཕྱོགས་གཅིག་ཏུ་འདུག་ན ་དགྲའི་དམག་བྱིན་ཆེན་པོས་ཡུལ་ཕྱོགས་དེ་བཅོམ་པར་འགྱུར། སྐྱེ་ཤིང་འགྲོ་བ་ལྟར་སྣང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་།། སྐྱེད་ཤིང་ལྷག་པར་བརྗིད་ཅིང་གསལ་བར་སྣང་ན ་ཡུལ་ཁམས་དེའི་རྒྱལ་པོ་ཆེ་ཐུང་བར་འགྱུར། འཇིག་རྟེན་པའི་ལྷ་མཆོད་པའི་ཚེ། ལྷ་སྨྲ་འམ། འཛུམ་ན། རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང་། མེ་ཏོག་གི་ཆར་འབབ་བམ། རླུང་དམར ་ལངས་ཤིང་། གནམ་ལས་སྲིན་བུ་བབ་ན། ཡུལ་ཁམས་དེར་ཆོམ་རྐུན་གྱིས་འཇིག་པར་འགྱུར། འཇིག་རྟེན་པའི་ལྷ་ཁང་དུ་མེ་མ་བུས་པར་དུ་བ་བྱུང་ཞིང་། ལྷ་ཁང་ཡང་མཚན་དང་ཆོ་འཕྲུལ ་སྟོན་ན། ། རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང་། འཇིག་རྟེན་པའི་ལྷ་ཁང་དུ་མེ་མར་མ་བུས་པར་མེ་མར་འདྲ་བར་སྣང་ན། རྒྱལ་པོའི་གནང་ཆེན་པོ་བགེགས་དང་གནོད་པ་འབྱུང་། རྒྱལ་པོ ་བཙུན་མོའི་འཁོར་དུ་སོང་སྟེ། འདོད་ཆགས་མི་ལྡང་ན། རྒྱལ་པོའི་ཕོ་བྲང་མེས་ཚིག་ཅིང་། རྒྱལ་པོ་ལ་མི་དགེ་བ་སྣ་ཚོགས་འབྱུང་། ཆར་པ་དང་པ་རབ་འབབ་ལ། གནམ་ལ་ཁ་དོག་གས་པ ་བ་དག་བྱུང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང་། གྲོང་ཁྱེར་ཚུབ་མས་བསྐོར་ཅིང་འགྲོ་བ་དང་། རླུང་དམར་ལངས་ཤིང་ཆར་པ་ཁྲག་འདྲ་བ་བབ་ན། ཡུལ་ཁམས་དེར་འཇིགས་པ ་ཆེན་པོ་འབྱུང་། གློག་འབྱུང་ཞིང་ཆར་པ་འབབ་ལ། སྨོན་འཁོར་ལིང་འཁོར་ལིང་དུ་ཆད་དེ། སྤྲིན་ལིང་དུ་ཆད་པའི་བར་བར་ན་དྲི་ཟའི་གྲོང་ཁྱེར་འདྲ་བ་སྣང་ན། ཡུལ་ཁམས་དེར་འཇིགས ་པ་ཆེན་པོ་འབྱུང་། ཟླ་བ་དམར་པོ་འགྱུར་ན། ཡུལ་ཁམས་དེར་གྲོང་ཁྱེར་མེས་ཚིག་པ་དང་། རིམ་གྱིས་མི་ངེས་པར་འགྱུར། ཟླ་བའི་མཐའ་དམར་ལ་དབུས་ནག་པོར་སོང་ན། གུལ ་ཁམས་དེ་འཇིགས་པ་ཆེན་པོར་འགྱུར། ཟླ་བའི་ཁ་དོག་བཙག་འདྲ་བར་དམར་པོར་སྣང་ལ། སླར་ཡང་འཕྲལ་དུ་དཀར་པོའི་རང་བཞིན་དུ་གྱུར་ན། རླུང་མི་ལྡང་བར་དྲག་པོར་འབབ། ་རོ་སྐམ་ལྟ་བུར་ཆུ་མིག་བྱུང་ན། ལོ་ཏེག་ལེགས་པར་འགྱུར། མེ་མ་བུས་པར་ཡུལ་ཁམས་དེར་དུ་བ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང་། མདའ་གཞུ་སྐྱེས་ཀོར་ལ་མེ་འམ། ་དུད་པ་བྱུང་ན། ཡུལ་ཁམས་དེར་དགྲའི་འཇིགས་པ་འབྱུང་ངོ་།། དེ་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་ཡི་རེངས་ཏེ་མངོན་པར་བསྟོད་དོ། ། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་རྫོགས་སོ།། །། ཐུབ་པ་ཆེན་པོ་དྲང་སྲོང་གརྒས། ་