CLOSE WINDOW

S269: gnas btran spyan drang ba
Wyliee-texts produced with BDRC’s OCR application

ཡང་ཞུས་པ། ཀྱེ་བཙུན་པ་ཡོན་ཏན་ཆེན་པོའི་གནས་ཁྱོད་ལ།། བློ་གྲོས་ངན་པས་འཁྲུལ་ཏེ་མ་རིག་ནས།། ནོངས་པ་ཆེན་པོ་སྨྲས་པའི་ཚིག་དེ་རྣམས།། ཐུགས་རྗེ་ཆེན་པོའི ་སྐུ་ལ་བཟེད་པར་གསོལ། ། བདག་ཀྱང་རབ་ཏུ་འབྱུང་བར་ཅིག་ནང་ལགས།། ཞེས་ཞུས་པས། རབ་ཏུ་འབྱུང་བར་གནང་ནས། སྒྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས། རྒྱལ་བུའི་གཡས ་གྲལ་དུ་གནབ་པར་གྱུར་ཏོ། ། དེའི་ཚེ་འབངས་རྣམས་ཀྱིས་བསམ་པ་ལས། རྒྱལ་ཁམས་གཉིས་ཀྱི་རྒྱལ་པོ་རབ་ཏུ་བྱུང་བ་ལས་བསམས་ན། དམ་པའི་ཆོས་བྱ་བ་འདི་བཟང་བར་ཡིད་ཆེས་ནས ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་ཅི་གནང་ཞེས་ཞུས་པས། རབ་ཏུ་འབྱུང་བར་གནང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་གྱོན་ནས། རྒྱལ་བུའི་གཡོན་གྲལ་དུ་གནང་བར་གྱུར་ཏོ།། དེའི ་ཚེ་དེའི་དུས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས། ས་བོན་མ་བཏབ་པར་རྩེ་ཤིང་དང་ནགས་ཚལ་ཐམས་ཅད་ཀྱང་ཟས་དང་སྐོམ་དུ་གྱུར་ཏོ།། དེའི་ཚེ་དེའི་དུས་ན། རྒྱལ་བུ་ཀུན་ཏུ་དགེ་རབ ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དོ།། རྒྱལ་པོ་དགའ་བའི་འོད་རབ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། འཕགས་པ་བྱམས་པ་ཉིད་དོ།། འཁོར ་བློན་པོ་དང་འབངས་རྣམས་རབ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་ཚེ་དང་ལྡན་པ་རྣམས་སོ།། རྒྱལ་བུ་ཀུན་ཏུ་དགེ་རབ་ཏུ་བྱུང་བའི་སྐུའི་ཡོན ་ཏན་གྱིས་རྒྱལ་ཁམས་གཉིས་ཀྱི་བློན་པོ་དང་འབངས་རྣམས་མངོན་པར་རྫོགས་པར་སངས་རྒྱས་སོ། ། @རྒྱ་གར་སྐད་དུ། སྤྲི་བི་རོ་པ་ནི་མན་ཏྲ་ན། ་བོད་སྐད་དུ། གནས་བརྟན་སྤྱན་དྲང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང་ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ད ་དང་ཁ་བའི་ཕུང་པོ་དང་། ཟླ་བའི་ཟེར་དང་། སྟོན་གྱི་ཆུ་དང་། ནམ་ཐང་བ་དང་། པདྨའི་རྩ་ལག་ལྟར་དྲི་མ་མེད་པར་མཛོད་ལ། རླུང་གི་སྟོབས་ཀྱིས་ཤིང་གི་ལྕུག་ཕྲན་བསྐྱོད་པ་དང་། སྨིག ་རྒྱུ་དང་སྒྱུ་མ་དང་རྨི་ལམ་དང་། གློག་དེས། རྟའི་ཤིང་རྟའི་རྡུལ་དང་། བལ་གླང་གི་ཕྲུག་གུའི་རྣ་མཆོག་དང་། སྦྲུལ་གྱི་ལྕེ་དང་ཟིལ་པ་དང་། རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི ་ཡོད་སྐད་ཅིག་རེ་རེ་ལའང་མི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དགག་ཏུ་གསོལ། སྨྲས་པ། རི་གཟར་འབབ་པའི་དབའ་རླབས་འགྱུར ་བས་ཀྱང་། ། གང་གོ་དབའ་རླབས་འགྱུར་ལ་བསྐྲུན་མེད་པར།། འཇིག་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི།། ཡུད་ཙམ་རྩེ་གཅིག་མཛོད་ཅིག་བཙུན་པ་རྣམས།། ལྷ་ཡི་བུ་མོ་ཡིད་ཆད་ཤུགས ་ཕྱུང་སྐད་ཅིག་ཟིམ་མེར་བྱས་པའི་མིག། རིང་ཞིང་རྫི་ལྡན་བཀྲལ་འོད་ཟེར་མིག་ཆགས་ལྟ་བའི་གཡོ་བ་ཡིས།། གང་གི་ཐུགས་ནི་སྐྱེ་བ་རྒྱུན་གཅོད་རྒྱུ་ལས་འཁྲུགས་པར་མ་གྱུར་པ།། བདུད་རྩི ་དཔུང་འཇོམས་མཁས་གཅིག་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག། སྐྱེ་ལྡན་གང་དུ་བརྟེན་ནས་དུད་འགྲོའི་སྐྱེ་གནས་སེམས་དམྱལ་མ་ཞི་དང་།། ཡི་དགས་འཇིག ་རྟེན་གནས་སུ་འགྲོ་བར་མི་འགྱུར་སྡུག་བསྔལ་འཇིག་བྱེད་པ། ། འཁོར་བ་དག་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་འགྱུར་འཕགས་གཅིག་པུ།། ཞི་བདེ་གྲོང་ཁྱེར་སྒོར་གཞོལ། ཆོས་དེ་ལ་ནི་གུས་པས ་སྟེན་པར་མཛོད། ། ཞི་བའི་བདག་ཉིད་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང་།། གང་ལ་གུས་པར་ཅུང་ཟད་ཙམ་ཞིག་བྱིན་ཡང་སྦྱིན་པ་འཕེལ་འགྱུར་ལ།། ཡེ་ཤེས་སྣང་བས་མུན ་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི། ། ཉོན་མོངས་གཅོད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་ཅིག། ལྕང་ལོ་ཆུན་པོའི་སྐུ་མང་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས་ཡོག་ལ།། ་རང་གི་འོད་ཟེར་ཕྱོགས་མཐར་འཕྲོ་བ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ།། ལྷ་དབང་བརྒྱ་བྱིན་ཅོད་པན་བཏུད་དེ་ཚངས་ལ་ཕྱག་བྱ་གང་ཡིན་དེ།། བྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ ་ཆེན་པོའི་འབྲས་བུ་ཡིན། ། རྡོ་རྗེ་འོད་འཕྲོ་འཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང་།། ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན་པ།། དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར། ་དུས་ཉམས་དགའ་ཞིང་།། མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམ་ཡིན།། ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིང་མིག་གི་མཐའ་དམར་ལ།། དབུགས་འབྱུང་དོ་ཤལ་གཡས ་པས་ནུ་མ་འབུར་ལ་འདྲུད་བྱེད་པ། ། སྡུག་གུ་ལྷན་ཅིག་ནོར་བདག་དགའ་ཚལ་འདུག་པ་གང་ཡིན་པ།། དེ་ཡང་འགྲོ་ཉམས་དགའ་སྦྱིན་པའི་བདག་ཉིད་ཆེན་པོ་ཡིན།། འབྲུག་སྒྲ་སྒྲོག་ཅིང་སྤྲིན་རྣམས་ཆུ་ནི།། ་ཀུན་ཏུ་ལེན་བྱེད་པ།། རླབས་འབྱུང་དུས་ན་ནོར་བུ་བྱུ་རུ་དུང་དང་ཉ་ཕྱིས་འབྱུང་།། རིན་ཆེན་གནས་ནི་ཆུ་ལ་ཉིད་ཀྱི་འབྱོར་པས་གང་སྲུང་བ།། དེར་ཡང་རྒྱུ་ནི་སྦྱིན་པ་མཆོག་ཅེས་ཐུབ་པས་བཀའ་སྩལ ་ཏོ། གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང་། ཀུ་མུ་ད་ཡི་རྫིང་ཡངས་རྣམས་སུ་དཔལ་ནི་རབ་ཏུ་རྣམ་ཕྱེ་ནས།། གླང་པོའི་ཆེ་བའི་དཔལ་དང་ལྡན་ཞིང ་མཚན་མོ་ཤིན་ཏུ་རབ་མཛེས་པ། ། དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱིས་འབྲས་བུ་རོ་བྲོ་མང་པོ་ཡིན།། རཾ་རེབ་རྩེ་ལ་ཤིང་རྟས་ལམ་ཀ་འདུག་པའི་རིན་ཆེན་རྡོ་གཅོག་ཅིང་།། རྟ་ཡི་རྐང་ལག་རྣམས ་ཀྱི་དགུ་ཚིག་ཆུ་བོའི་རླབས་ནི་གཅོད་བྱེད་ལ། ། མུན་པ་བསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལམ་མེ་གང་ཡིན་པ།། དེ་རྒྱུ་ཡིད་ཀྱི་ཏིང་ངེ་འཛིན་གྱི་བསྐྱེད་པའི་སྦྱིན་པར་ཐུབ་པས་གསུངས།། ་རྒྱལ་མཚན་རྩེར་གཏགས་རིན་ཆེན་འོད་ཟེར་སྣང་བ་ནམ་མཁའ་དམར་གྱུར་ཅིང་།། རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི་འཕྲེང་བ་དག་ཀྱང་འདྲལ་བྱེད་ལ།། རྔ་ཡབ་དཀར་པོས་གཡབས ་ཤིང་འཁོར་ལོས་སྒྱུར་བ་སོང་བ་གང་ཡིན་པ། ། འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཞེས་ཐུབ་པས་བཀའ་སྩལ་ཏོ།། གསེར་གྱི་པདྨའི་རྡུལ་གྱི་ཕྱེ་མས་དམར་བྲིས་མཚོར་ནི་ཁྲུས ་བྱས་ཏེ། ། དེ་ཡི་གནས་འདབ་བུང་སྒྲ་འབྱིན་རྣམས་སུ་ཉལ་བའི་བདེ་རྙེད་ནས།། རིག་འཛིན་ཆུང་མ་ལྷན་ཅིག་འཇིགས་མེད་མཁའ་ལས་འགྲོ་བ་གང་ཡིན་པ།། དེ་ཡང ་སེར་སྣ་འཇིལ་ཞིང་སྐྱོན་མེད་དགའ་བའི་སྦྱིན་པའི་གཟི་བརྗིད་ཡིན། ། མཱ་ལ་ཡི་རི་རྩེ་ཙན་དན་གྲིབ་མས་བསིལ་བ་ཡངས་པ་དང་།། འབིགས་བྱེད་རི་དང་གངས་དང་ལྷུན་པོའི་རི་དང་མནྡ་རིའི་བོ་ལ ་གྲུབ་པའི་ཚོགས་ཆེན་ཆུང་མ་ལན་ཅིག་འཇིགས་བྲལ་དགའ་བ་གང་ཡིན་པ། ། འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་པ་དེ་ཡང་གཏོང་བའི་ཡིན།། བུད་མེད་རྐང་གདུབ་འཁྲོལ་བའི་འགྲོགས ་ནས་འཕུར་བའི་ཕུག་རོན་གནས་པ་ཡིན། ། ཁང་པ་མཐོན་པོ་རྣམས་དང་འབིགས་བྱེད་རི་རྩེ་འགྲན་པའི་བ་གླང་དང་།། གདུགས་དང་རྔ་ཡབ་བུད་མེད་གཡོག་འཁོར་རིན་ཆེན་གསེར་དང ་རྟ་རྣམས་དང་། ། བཟང་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དགེ་བའི་རྣམ་སྨིན་ཡིན།། བན་དྷུ་ཀ་ལྟར་རྩ་དམར་རྒུན་ཆང་གསེར་སྣོད་བཟང་པོར་ལེགས་བླུགས་པ།། ཡོངས་འདུ་ཨ ་མྲ་སྨིན་གས་ལྟ་བུར་དྲི་ཞོམ་ཨུཏྤལ་འགྱིང་ཞིང་ལྡེམ། ། ནོ་ཆུང་ཤིན་མ་ནམ་སྒོགས་དུས་ཀྱིས་སྟོབས་ཤིང་ཡམས་གྲངས་མང་འགྲིམ་པ།། མཆོག་ཏུ་དགེ་བ་དེ་རྒྱ་སྨྱོན་པ་ཡིན་ཞེས་བློ་གྲོས་དག ་པས་གསུངས། ། གསེར་གྱི་ཕག་སྐད་སྐེད་བཅིངས་སྙན་སྨྲ་འཛིན་ཞིང་སྨིན་པ་ཡ་གཅིག་སྐྱོད།། མིག་ཡངས་རྣར་ཐུག་དཀར་གནག་འབྱེས་ལ་སྐྲ་བགབ་མེ་ཏོག་འཕྲེང་དཀྲིགས་པའི།། ་ན་ཆུང་བཟང་པོ་བརྡ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱིས་བྲན་ལྟར་བྱེད།། ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ་ཉིད་ཅེས་ཟས་གཙང་རྒྱལ་པོས་གསུངས།། དེ་ལྟར་ལགས་པས་བདེ ་བར་གཤེགས་པས་གསུང་རབ་མཐའ་དག་ཐུགས་སུ་ཆུད་པ་ཤིན་ཏུ་རྒྱས་པའི་ཆུ་ལྟར་གྱུར་པ། སྙིང་པོ་དྲི་མ་མེད་པ་དང་། ལྷའི་སྐྱེ་བོས་ཀླུའི་གནས་སུ་གྱུར་པ་ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང ་རྒྱ་ཆེ་བའི་ཆུ་དང་ལྡན་པ། དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གིས། ཏིང་ངེ་འཛིན་སྣ་ཚོགས་རྒྱས་པའི་དུས་ཀྱི་རླབས་ཀྱིས་བྱང་ཆུབ་ཡན་ལག་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན ་ཏུ་གཡེངས་པ། སེམས་ཀྱིས་གཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རི་བོ་ཆེན་པོ་རྟེན་པ། འབྲས་བུའི་བྱེ་བྲག་ཐོབ་པ། གང་ཟག་ཆེན་པོའི་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན ་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པའི་ཤིང་ལྗོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་བཞག་པའི་ངོགས་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། སྦྱངས་པའི་ཡོན ་ཏན་གོམས་པ། དག་པའི་མུ་ཏིག་གི་ཉེ་ཕྱིས་ཀྱི་ཁོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མི་འཆད་པར་ཀློག་པ་དང་ཁ་ཏོན་བྱེད ་པའི་སྒྲ་ཆར་འབྱུང་བ། འཕགས་པའི་དགེ་སློང་དགེ་འདུན་གྱི་ཚོགས་རྒྱ་ཆེན་པོ་ལ་བདག་གསོལ་བ་འཚལ་ལོ།། འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ། དུ་མ་ནས ་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པའི་གཞལ་མེད་ཁང་གི་ས་གཞི་གཅིག་པུར་གྱུར་པ་བཟོད་པ་དང་། ངེས་པ་དང་། བྱམས་པ་དང་། ཚུལ ་ཁྲིམས་དང་། ཐོས་པ་དང་། ཞི་བའི་གནས། བདག་དང་གཞན་གྱི་གཞུང་གི་དོན་གྱི་དེ་ཁོ་ན་མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་པ་བསྒོམས་པས་དྲན་པ་ཉེ་བར་གནས་པ། ཡང་དག ་པའི་ཡེ་ཤེས་དང་མཐོང་བས། ལོག་པར་ལྟ་བའི་རབ་རིབ་བསལ་བ། ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མིང་དང་ལྡན་པ། སྐྱེ་བོ་བླ་མ་ལ་བསྙེན་བཀུར་བྱེད་པ་དང་། མངོན་དུ་སྨྲ ་པབ་དང་། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང་། མདོངས་གསོལ་བས་སྙན་པ་རྣམས་བསྙད་པ། སྟོན་གྱི་ཟླ་བ་ཉ་བའི་འོད་ཟེར་དག་པ་ལྟ་བུའི་ཡིད་འབྱུང་བ་སྦྱིན ་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མིང་འདི་ཞེས་བྱ་བ་འདི་ནི། ཁྱིམ་བདག་ལེགས་སྦྱིན་དང་། བཟང་ལྡན་དང་། བཙུན་མོ་འཁོར་གྱི་བློ་དང་། མུ་ཤིལ་དང་། ཏྲ་པུ་ས་དང་། གཽ་ཤི ་ལ་དང་། རྟ་པ་གར་ནི་ཀ་དང་། མགོན་མེད་ཟས་སྦྱིན་དང་། དྲག་པོ་དང་། ནག་པ་དང་། ནམ་གྲུ་ལ་སོགས་པ་དང་། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་དད་པ་གསལ་རྒྱལ་དང ་ཚངས་པས་བྱིན་དང་། རྒྱལ་པོ་ཤར་པའི་བུ་དང་། གཏུམ་པོ་རབ་ཏུ་སྣང་ལ་སོགས་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པར་སྤྲད་པའི་རྗེས་སུ་སློབ་སྟེ། ལུས་དང་། ་ལོངས་སྤྱོད་དང་། སྲོག་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེ་བསྐོར་བ་དང་རྨི་ལམ་དང་། རིའི་འབབ་ཆུའི་ཆུ་ལྟར་གཡོ་བར་རིག་ནས། སྟོབས་བཅུ་མངའ ་བས་གསུངས་པའི་ཚིགས་སུ་བཅད་པ་དང་། ཆོས་མངོན་པ་དང་། འདུལ་བ་དང་། མདོ་སྡེ་འཛིན་ཅིང་། དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨོན་པ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན ་སྐྱེད་པའི་རྒྱུ། འཁོར་བའི་བདེ་བ་ཕུན་སུམ་ཚོགས་པའི་གན། སྐྱེ་བོ་ངན་པས་རྙེད་པར་དཀའ་བ། སེར་སྣ་ཅན་གྱི་ཡིད་འཇོམས་པ་སྒྲུབ་པ་ན། སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟར་དང་བའི་ཐུག ་མངའ་བ། སྲིད་པའི་ཉོན་མོངས་པའི་ས་བོན་གཅོད་པ། སེམས་ཅན་ཐམས་ཅད་དུ་བསམ་པ་མཁྱེན་པ། གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ་པ། བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད ་པའི་རྒྱུ། སྐྱབས་སུ་འོས་པ། ཆོས་སྟོན་པ། འགྲོ་བ་ལ་དགེ་བའི་ཕྱིར་བྱ་དཀའ་བའི་འཕྲིན་ལས་རྣམས་ཀྱིས། ཆོས་ཐམས་ཅད་ཐུགས་སུ་ཆུད་པས་རྣམ་པར་སངས་རྒྱས་པའི་སངས་རྒྱས ་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས་རིག་ནས་པདྨའི་འདབ་མ་རྒྱས་པ་ལྟར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ། གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས་ཀྱི་སོར ་མོ་ཀུན་ཏུ་བསྐོར་བ་གསེར་གྱི་མཆོད་སྡོང་ལྟར་གསལ་བ་བས། སྐུ་ལ་རྡོ་རྗེ་དང་། ལྕགས་ཀྱུ་དང་། པདྨ་དང་། ཉ་དང་། རྒྱལ་མཚན་དང་། གདུགས་དང་། འཁོར་ལོ་ལ་སོགས ་པའི་མཚན་རྣམས་ཀྱི་མཚན་མངའ་བ། པདྨའི་འབྱུང་གནས་རྣམས་ལ་སྣང་བ་མཛད་པའི་འོད་ཀྱི་འཕྲེང་བས་བྱེ་བྲག་མེད་པར་ཁྱབ་པར་འགེངས་པ། བུང་བའི་ཚོགས་ལྟར་སྔོ ་བའི་གཙུག་ཏོར་གྱི་ནང་ནས་ཀུན་ཏུ་འབྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲམ་པར་བྱས་པ། ཁ་ན་མ་ཐོ་བ་མེད་པར་ཞུགས་པ། འཕགས་པའི་བདེན་པ་སྟོན་པ། ཞི་བར ་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་སྒྲོལ་བ་མཉེས་གཤིན་པའི་གཉེན་གཅིག་པུ། མུ་སྟེགས་ཅན་ངན་པའི་རྒོལ་བ་རྣམས་ཀྱིས་གསུང་དང་། ཐུགས་དང་། དགའ་བ་དང་། མཐུ་ལ་མི་ནོན ་པ་ཟས་གཙང་མའི་སྲས། ཡུལ་རྣམས་ཀུན་ལ་སྲེད་པ་འབྱུང་བའི་རྒྱུན་སྐབས་བྱེད་པའི་རྒྱུ། སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར་གྱུར་པ། བག་ལ་ཉལ་གྱི་རབ་རིབ་སེལ་བ་ཡེ་ཤེས ་སྣང་བའི་མཆོག། ས་རྣམས་མཐའ་དག་སྣང་བ་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ། ཕྱག་དང་ཞབས་དང་དབུ་ནི་རབ་ཏུ་བྱིན་ཞིང་ཚུལ་ཁྲིམས་དང་། སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང ་ཡང་དག་བསྒྲུབས་གྱུར་པ། ། སྲིད་པའི་འགྲོ་བའི་དུག་གི་སྙེ་མའི་སྟེང་དུ་ལྷུང་བ་ཡི།། སྐྱེ་དགུ་རྣམས་ལ་ཁ་ན་མ་ཐོ་མེད་པ་སྟོན་མཛད་པ།། སྲིད་པ་རྣམ་པ་གསུམ་འཇིག་པ། བཅོམ་ལྡན ་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞི་མངའ་བ། དཔའ་བ་དང་མཐུ་ཁ་ན་མ་ཐོ་བ་མེད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་སྐུ་བརྗིད་པ། ཕ་རོལ་ཏུ ་ཕྱིན་པ་དྲུག་དང་། དཀའ་བ་བརྒྱ་ཕྲག་དུ་དམ་པའི་ཆོས་དཀོན་མཆོག་བསྒྲུབས་པ། བཙལ་བ་ཙམ་གྱིས་སེམས་ཅན་མཐའ་དག་གི་བསམ་པ་ཐུགས་སུ་ཆུད་པ། ཐམས་ཅད་མཁྱེན་པ ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། བཟོད་པ་དང་། བྱམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ། ཉོན་མོངས ་པའི་རབ་རིབ་དང་ལིང་ཏོག་མ་ལུས་པར་བསལ་བ། འཁོར་བའི་རང་བཞིན་རིག་པ་དང་། ཕྱོགས་ཕྱོགས་ཀྱི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། རི་དང་། ནགས་འདབ ་དང་ཁྲད་ཁྲོད་དང་། ཆུ་དང་། རི་སུལ་དང་། གཤེས་དང་། ནེའུ་གསིང་དང་། ཤིང་གི་གྲིབ་མ་རྣམ་པ་སྣ་ཚོགས་ལ་དགྱེས་པ། ཡུལ་དང་ལྗོངས་དུ་མ་ལ་ཕན་གདགས ་པ་སྩོལ་བར་མཛད་པ། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། དགའ་བ་ཐོབ་པ་ལས་མ་ཉམས་པ། ཕུང་པོ་ལྔ་སྤྱིར་སྐད་ཅིག་པར་ཡང་དག་པར་སོ་སོར་རྟོག་པའི་ཡིད་ལ ་བྱེད་པར་བསྐྱེད་པ། མདོ་དང་། འདུལ་བ་དང་། ཆོས་མངོན་པ་དང་། སྐྱེས་པའི་རབས་དང་། གླེང་གཞི་དང་། ཚོགས་སུ་བཅད་པ་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ ་དུ་བྱུང་བ་གཏན་ལ་བབ་པའི་གཏམ་གྱིས་སེམས་སྦྱངས་པ། རང་གི་ལུས་དང་། ངག་དང་། ཡིད་ཀྱི་འཇུག་པ་དྲན་པ་ཉེ་བར་གནས་པར་རྒྱུ་བ། དབང་པོ་དང་། སྟོབས་དང ་བྱང་ཆུབ་ཀྱི་ཡན་ལག་དང་། བདེན་པ་དང་། འཕགས་པའི་ལམ་དང་། དྲན་པ་ཉེ་བར་གཞག་པ་བསྒོམ་པ་གོམས་པས་དད་པ་ཐོབ་པ་དང་། ཚེ་རབས་གཞན་དང ་གཞན་ན་བསགས་པའི་རྣམ་པར་སྨིན་པས་གྲུབ་པ། ཇི་ལྟར་འབྱོར་པར་ནུས་པ་དང་འཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ། སེམས་ཅན་ཐམས་ཅད་གནས་པར་བྱེད ་པ་འཇིག་རྟེན་ཕ་རོལ་ཏུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ། ཡིད་དུ་འོང་བ་གྱ་ནོམ་པའི་བཟའ་བ་དང་། བཅའ་བ་དང ་བལྡག་པ་དང་། བརྔུབ་པ་དང་། གཞིབ་པ་ལ་སོགས་པ་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གྱིས་སྤྱན་འདྲེན་ཏོ།། དེ་ལ་ཐོག་མར་བཅོམ་ལྡན་འདས ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གྱི་སྦྱིན་པའི་ས་བོན ་འཕེལ་བའི་རྒྱུར་གྱུར་པ། ཕྲ་བ་གཟིགས་པ་མཁས་པ། དེ་ཁོ་ན་ལ་སྒོམ་པ་འདི་ལྟ་སྟེ། གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། འཕགས་པ་སྒྲ་གཅན་འཛིན་དང་། སྦྱིན་བྱེད ་དང་ལམ་བསྟན་པ་དང་། སྐྱེད་བོད་དང་། གསེར་བེའུ་དང་། རྟོགས་བྱེད་དང་། རྡོ་རྗེ་ཅན་གྱི་བུ་དང་། འཕགས་པ་བསྲུངས་པའི་ཀླུ་དང་། ཀླུ་སྡེ་ལ་སོགས་པ་སློབ་མ་བསྟན་པ ་གནས་པར་བྱ་བའི་ཕྱིར། གནོད་པར་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང་། གཞན་ཡང་གང་དག་སུམ་ཅུ་རྩ་གསུམ་པའི་སྐྱེ་བ་ལ་ཕན་པའི་ཕྱིར། གསེར་གྱི་རྡོ་ལེབ་ཆེན་པོའི་སྟེང་ན་འདུག ་པའི་རིག་སྔགས་འཆང་མ་གྲུ་ལེན་པས་གླང་པོ་ཆེ་ཡུར་བ། བུང་བའི་པདྨ་ལ་འཇིབ་ཅིང་འཁོད་པའི་མ་མདའ་ཀའི་རྫིང་གི་ཆུ་དང་ལྡན་ཞིང་། ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི ་འཕྲེང་བ་བྲེས་པའི་ཤིང་ཡོངས་སུ་འདུས་ཀྱིས་ཀུན་ཏུ་མཛེས་པར་བྱས་པའི་རི་ལྷུན་པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་པ་རྣམས་དང་། ཡང་གང་དག། གསེར་གྱི་རྐེད་ནས་བསིལ་བའི ་ཆུ་འབབ་ལ། ། ཆུ་ལ་ཟླ་བའི་གཟུགས་བརྙན་འབྱུང་འགྱུར་ཞིང་།། ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ།། ཀུ་མུ་ཏ་ཚལ་ན་སྐད་སྙན་ངང་པ་གནས།། དང་མོ་མཚེའུ་ན་སྒྲ་སྐད་སྙན་པ་འབྱིན།། ་མཚོ་ངོགས་རྨ་བྱ་དགར་བཅས་རྒྱགས་པ་གནས།། རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པ་གྲགས།། རི་སུ་ལ་ཡལ་ག་གླགས་པས་རི་རྩེ་འཁྲིས།། རི་རྩེ་སྟོང་རྣམས་ན་ནི་སྤྲིན་ཆགས་ལ།། ལང་ལིང ་སྤྲིན་གྱི་སྨིན་ཤོང་ཁྲ་ཁྲོ་སྡང་། ། སྨན་ཤོང་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ།། ལྡུམ་བུ་ལས་བྲུལ་ལྷུང་བའི་མེ་ཏོག་ལྡན།། མེ་ཏོག་རྒྱས་པའི་དཔག་བསམ་ཤིང་ཚལ་མཛེས།། མཛེས་པའི ་ལྷ་མོས་གསེར་གྱི་ཕག་སྐད་དྲུད། ། གསེར་གྱི་ཕག་སྐའི་སྒྲས་ནི་བྱ་འདྲོགས་ཤིང་།། བྱས་ཆོས་ཤིང་ཐོག་རྩ་ལས་ཆད་ཅིང་ཐུལ།། རྩ་འཕྱང་ཁུ་བ་ཟག་པ་སྤོས་ཀྱི་དྲི།། སྤོས་གླང་དབང ་པོ་འདྲེག་ཟག་དྲི་རབ་ཞིམ། ། དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་མང་།། བལ་གླང་མོ་རྒྱགས་དྲག་འགྲོ་ལང་ལོང་གྱུར།། བུང་བའི་ཁྱུ་ཡིས་མེ་ཏོག་ཟེགས་གྱུར་ཅིང་།། ་ཡལ་ག་མེ་ཏོག་རྒྱས་པས་གད་པ་དཀར།། གད་པ་ཆད་པས་ནོར་བུའི་དུམ་བུ་སྣང་།། མེ་ཏོག་མགོ་ལྡོག་བྲུལ་བས་རྣམ་པར་བཀྲ།། ནོར་བུ་སིལ་མ་མང་པོས་རི་ཞོལ་སྤྲས།། མེ་ཏོག་ཟེགས ་པའི་ཤིང་གི་ཡལ་གར་གནས་པའི་བུང་བ་དགའ་བས་ཕུང་རྣམས་དང་། ། ཟླ་བ་འདོག་ཟེར་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆ་ག་བཏབ།། ལྷུན་པོ་མཐོ་བའི་རྀ་ལེ་ཐུག་པ་གང་དག ་། རབ་ཏུ་ཞི་བའི་ཐུགས་ཀྱིས་ཞུགས།། དྲི་དག་དྲི་མེད་ཟླ་འདྲའི་གྲག་ལྡན་འདི་ཡི་སྦྱིན་པའི་གནས་ལ་སྟེན་དུ་གསོལ།། རྒྱ་མཚོ་ཉེ་བའི་ཆུ་འགྲམ་རི་བོ་མ་ལ་ཡའི།། རི་ངོས་ཏ་མ་ལ་སྦལ་མིག ་འཐོན་པ་ཡི་འཕྲེང་བ་ཅན། ། སྦྲུལ་མ་འཁྲིས་པ་ཙན་དན་ཤིང་གི་ནགས་ཚལ་ནོ།། བསྟན་པ་གང་དག་བཞུགས་པར་གྱུར་པ་དེ་དག་དང་།། ཉི་མའི་ཤིང་རྟའི་རྨིག་པས་རྡོ་བཅག་ཅིང་།། ་མི་འམ་ཅི་མི་ཕྲུགས་ཀྱི་ཉམས་དགའ་བ།། རི་སུལ་མཐོན་པོ་དཔག་བསམ་ནགས་མང་དང་།། རི་བགབ་རྣམས་ན་གང་དག་བཞུགས་པ་དང་།། ཤིང་གི་མེ་ཏོག་འབྲུལ་བས་དྲི་ཞིམ ་བྱས་པའི་སེར་བུ་ངད་ལྡང་ཞིམ། ། ནགས་ན་གླང་པོ་དྲེགས་པ་ཟགས་པས་བསྒོམ་པའི་རིན་ཆེན་འཁྲི་ཤིང་ཁྱིམ།། ཁྱིམ་ལ་ཆགས་པ་མེད་པས་བསྟེན་པའི་བསོད་ནམས་ཆུ་གླིང་གི ་གཉའ་ཤིང་འཛིན་རི་བྱ་རྒྱགས་ཁྱུག་གནས་པ་ན་གང་དག་བཞུགས་པ་དང་། ། བལ་གླང་མོ་སྙོགས་སྣང་བ་རོ་བྲོའི་ཚལ།། མེ་ཏོག་ལྡན་ཞིན་སེར་བུ་དད་ལྡན་པ།། ས་ཧྱ་རི་བོ་ངོ་ངོས་ཡངས་པ་ལ ་ཡོངས་དག་ཐུགས་མངའ་ཐུབ་པ་བཞུགས་དགུ་དང་། ། པདྨ་ཨུཏྤལ་རྒྱས་པ་འབྱུང་བའི་གནས།། ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྣད་ཅན།། སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད་འོང་བ།། འཆར ་བའི་རི་སྟེང་གང་དག་བཞུགས་པ་དང་། ། རི་ཡི་རྩེ་མོས་སྔོ་སངས་སྤྲིན་ཐལ་སྨན་ལྗོངས་ཅན།། དོགས་ལྡན་ཆུ་བོ་ན་ར་མ་དས་ན་སུལ་བཀྲུས།། གླང་པོ་ཆེ་ཡི་མཆེ་བ་སྙོམས་པས་ཕྱོགས་གྲོགས ་པ་ཡི་རི། ། འབིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང་།། སྣ་ཚོགས་འབྱུང་ཁུང་ཚོན་གྱིས་ཁ་བསྒྱུར་ཕུག་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་ལ།། ཀོ་ལྤགས་ལྡན་པ་གཙང ་མའི་ཆུ་ཡིས་ངོགས་ཀྱིས་རྡོབ་མང་པོ་བཀྲུས་གྱུར་ཅིང་། ། ངོས་ལ་བ་གླང་མཇུག་མ་མང་པོ་འཕྱང་ཞིང་གློག་འགྲུས་སྣང་བྱས་པ།། ཡོངས་འདུས་རི་རྩེ་ཕྲོག་ན་གཅིག་པུ་སྲེད་དང་བྲལ་བ་གང ་དག་བཞུགས་པ་དང་། ། ཡང་གང་དག་ཤིང་དང་འཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་པར་གནས་པ། ནེའུ་གསིང་འཇམ་ཞིང་སྔོ་བའི་སྟེང་ན་རྨ་བྱའི་ཁྱུ་གར་བྱེད་ཅིང་སྒྲ་སྙན་པ་འབྱིན་པ ་རི་དགས་ཀྱི་ཚོགས་བག་ཡངས་སུ་གནས་པའི་སོས་བཅད་པའི་རྩཝའི་མྱུ་གུ་ཡོད་པ། མེ་ཏོག་གི་དྲི་ཞིམ་པོས་བསྒོས་པས་བསེར་བུ་འཇམ་ཞིང་བསིལ་བའི་ངང་ལྡང་བའི་ནགས་འདབ་རྣམས་སུ ་གནས་བཅས་ཏེ་བཞུགས་པ་རྣམས་དང་། ཡང་གང་དག་དུས་སུ་རླབས་འབྱུང་བའི་ཆུའི་དབའ་རླབས་ཀྱིས་གཡེངས་པའི་ན་ལེ་ཤམ་དང་། ལི་ཤི་དང་། ལ་པ་ལིའི ་འབྲས་བུ་སྔོན་པོ་མང་པོ་འགྲིགས་པའི་ཙེན་དན་དང་། ཨ་ཀ་རུའི་ཤིང་ཁྲོད་ན་གནས་པའི་སྦྲུལ་མགོ་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ། གླང་པོ་ཆེ་དྲེགས་པ་དང་བཅས་པའི་སྣས་བྱུ་རུའི ་སྡོང་བུ་བསྒྱེལ་བ་དང་ལྡན་ཞིང་། ། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་གིས་ཡོད་པའི་ཉ་ཕྱིས་ཁ་བྱེ་བའི་ཁོག་པས་རྣམ་པར་སྤྲས་པ། ཉེ་བར་བུལ་བ་དང་ལྡན་པ། ནོར་མཆོག་གི་རྡོལ ་གྲུབ་པའི་ཆུང་མའི་སྐྱེ་བོ་གནས་ཤིང་བྱ་འི་ཁྱུ་དགའ་སྟེ་སྒྲ་འབྱིན་པས་གླུ་ལེན་པ་ལྟ་བུ་ཡོད་པའི་རྒྱ་མཚོའི་གླིང་དག་ན། ཀླུའི་བདག་པོས་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གདུགས ་ཀྱིས་ཉི་མའི་འོད་ཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང་། སྨན་ལྗོངས་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གིས་རྡོ་བ་ཁེབས་པའི་ཁྱུ་འཁོད་ཅིང་།། འཁོར་བཅས་ལན་ཅིག་མ་ཡིན་ར་རེ། ་བའི་གནོད་སྦྱིན་མོ་དག་གནས་གྱུར་ལ།། ཀླུ་ཡི་རྒྱལ་པོ་མགོ་བོས་བསྟོད་དེ་ཁ་ནས་འོད་འབར་འབྱུང་བས་ཤིང་འབར་ཤིང་།། གངས་རི་ཏེ་ས་ལ་ནི་བློ་གཙང་གང་དག་ཞལ་ཏོན་མཛད་ཅིང་བཞུགས ་པ་དང་། ། རྒྱ་མཚོའི་རླབས་ཀྱིས་བཤལ་བའི་རོ་འགབ་ལྡན་པ་མ་སྨད་པ།། རི་བོ་མནྡ་ར་ལ་ཉིན་ཕྱེད་ཚུན་ཆད་བཞུགས།། བཞུགས་ཤིང་ཉི་མ་ཕྱེད་པར་འགྱུར་ནས་གང་དག་གཞན ་བཞུགས་པའི་ཕྱིར། ། ནོར་བུས་རྩེ་མོ་བཀྲམ་པའི་ཁོར་ཡུག་རི་ལ་སྟེན་པ་དང་།། གང་དག་འཁྲི་ཤིང་གཞོན་ནུས་རྡོ་བས་ཁེབས་གྱུར་པའི།། དབང་ཆེན་རྩེ་མོ་ཡིད་དུ་འོང་བར་བདེར་གནས་ཏེ། ་མཁའ་ལྡིང་ཤུགས་ཀྱིས་ནང་དུ་ཀླུ་རྣམས་ཀྲུགས་པ་ཡི།། རྒྱ་མཚོ་རིན་ཆེན་གནས་པ་གཟིགས་པ་དང་།། ངང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཅན་གྱི་ཆུ་ཡིས་རི་བགབ་བཀྲུས་གྱུར་ཅིང་།། ་ཕྱོགས་ཀྱི་གླང་པོས་བསྒྱེལ་བའི་ས་ལ་ཀ་ཡིས་རྡོ་བ་ཆེན་པོ་མང་པོ་འཁེབས་གྱུར་ལ།། གཅན་གཟན་དབང་པོ་རལ་པ་འཁྱིལ་ཅིང་གསལ་བས་དཔུང་བའི་ཕྱོགས་འབར་ཉལ་བས་གང་གྱུར་ཅིང་།། ་སྦལ་མིག་འཐོན་པའི་ལྕུག་མས་འཁོར་བ་གྲུབ་པ་ངལ་སོས་རི་བོ་ཀྲོན་ཛར་གང་གཤེགས་དང་།། གང་དག་མུན་བསལ་ཁྱད་པར་ཅན་གྱི་བློས།། ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས་གྱུར་ཅིང ་རིདགས་རྒྱུ་བས་ནེའུ་གོ་སེང་གཞོན་བསྣང་བ། ། གཟི་རྡོནགས་རྣམས་མི་སྤོང་བཞུགས་པ་དང་།། ཡང་གང་དག་ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན ་དང་གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སྣུམ་ཞིང་སྡེ་ལ་འཇམ་པར་མང་པོས་ས་གཞི་ཀུན་ཏུ་ཁེབས་པ་ཤིང་གི་གྲོབ་མའི་དཀྱིལ་འཁོར་བསིལ་བ་དང་། འཁྲི་ཤིང་གིས་འཁོར ་ཅིང་རི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང་། ཡུལ་དར་དང་། གན་ད་ར་དང་། གུ་ཟན་དང་། ལི་དང་། ཤི་རིང་དང་། བག་ལེ་དང ་བྲུ་ཤ་དང་། ཁ་ཆེ་དང་། རྒྱ་ཡུལ་དང་། གྲོང་ཁྱེར་ཟས་འདྲ་དང་། རྡོ་འཇོག་ཟས་འདྲ་དང་། སྐྱེས་པའི་གྲོང་ཁྱེར་དང་། ཕྱོགས་མཚམས་དང་། ཀུན་ཏི་མ་ལ་བ་དང་། སྲུང་བྱེད་དང ་གྲོ་ཁྱེར་དང་། ཙ་ཏུ་ག་དང་། ཙ་ཏ་དང་། བྷུ་རུ་ཀད་ཙ་དང་། ཀོའུ་ཤམྦྷི་དང་། སེར་སྐྱའི་གནས་དང་། མཉན་ཡོད་དང་། མི་ཐུབ་པ་དང་། གྲོང་ཁྱེར་མེ་ཏོག་དང་། ཏཱི་ར་དང་། བཅོམ་བརླག་དང་། གྲོང་ཁྱེར ་ལོངས་སྤྱོད་དང་། ཙམ་པ་དང་། རྒྱལ་པོའི་ཁབ་དང་། དབང་པོའི་བྲག་ཕུག་དང་། འབྲོག་དང་། ཀོའུ་ནའི་གྲོང་དང་། ཀུན་དགའི་གྲོང་དང་། མཆོད་རྟེན་གྱི་གྲོང་དང་། འཁྲུལ་བཅུག་གི་གྲོང་དང ་། རྣམ་པར་རྒྱལ་བའི་གྲོང་དང་། ཡངས་པ་ལི་དང་། ཁ་རའི་ཤིང་འཕེལ་བ་དང་། འཕྱེལ་བྱེད་དང་། ཟངས་ཀྱིས་གཡོགས་དང་། སྔོ་སྙོགས་འཛིན་དང་། ཀོ་ས་ལ་དང་། ཨན་དྲ་དང་། ཀ་ལིང་ག་དང ་བར་བ་ར་དང་། ཡ་བ་ནིའི་གླིང་དང་། སིང་ག་ལའི་གྲོང་ཁྱེར་དང་། གསེར་གྱི་ས་དང་། ཧ་རི་ཀེ་ལ་དང་། བ་རོ་ཤ་ཀ་ཏ་ཧ་དང་། ན་ལི་ཀེ་ར་དང་། པ་ནེ་སའི་གླིང་དང་། ཤུར་པ་ར་དང་། ནིམ་པའི་གྲོང་ཁྱེར་དང་། ་དཔལ་གྱི་ཞིང་དང་། དངུལ་ཆུའི་གནས་ལ་སོགས་པ་ཡུལ་དང་། ཆ་བྱད་དང་། སྐད་དང་། གནས་པ་དང་། ཆོ་ག་དང་། རིགས་དང་། རུས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དུ་མའི་ཡུལ་མི ་གནས་པའི་ཡུལ་གཞན་དག་ན་བཞུགས་པ་རྣམས་དང་། གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང་། ཤེ་ཤ་སྦྲུལ་གྱི་ལུས་ཀྱི་འོབས་ནས་རི་ཡི་དྲུང་།། དེ་ཡི་གཙུག་གི་རིན་ཆེན་འོད་ཀྱིས་མུན་བསལ ་བའི། ངས་འོག་ཏུ་ནི་རིང་པོར་མ་ཐོགས་གཤེགས་གྱུར་དང་།། གང་དག་ཆུ་ལྟར་ས་ལ་ཐོགས་མེད་བྱེའུ་ཟུལ་མཛད་པ་དང་།། གང་དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་རེག་མཛད་དང་།། གང་དག་བྱ ་ལྟར་ནམ་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང་། ། ན་བཟའ་མཐའ་མས་སྤྲིན་མཐར་རེག་པས་སྤྲིན་ལིང་འཇིག་མཛད་དང་།། གང་དག་ལྷ་དང་། ཀླུ་དང་། གྲུབ་པ་དང་། འཁོར་བ་དང་། ཚོགས་རྣམས་ཀྱིས་རྟག ་ཏུ་མཆོད་པའི་རི་འཇིག་མེད་དང་། བུང་བའི་རི་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་དང་། ཤི་རི་ཀུན་བ་ཏ་དང་། ཀུནྡ་སོ་མ་དང་། ཏ་མ་སའི་ཚལ་དང་། བསིལ་ཚལ་དང ་ལྷས་སྤྲུལ་དང་། འཇིགས་མེད་རི་དང་། ནགས་ཚལ་ཆེན་པོ་དང་། ཚེར་མ་ཅན་གྱི་ནགས་ཚལ་དང་། བྱམས་པའི་རི་དང་། ཆུ་སྲིན་བྱིས་གསོད་ཅིང་ཀྱི་དང་། རི་ནག་པོ་དང་། གནས་ཀྱི་རི་དང ་གསེར་སྐྱའི་རི་དང་། མེ་ཏོག་དང་། རི་དང་། ཙན་དན་རི་དང་། ཀླུའི་པོ་རི་དང་། ཙན་དན་རི་བོ་དང་། ཚེར་མའི་རི་བོ་དང་། ལྷ་ཡུལ་བབས་དང་། ཨ་བ་སིམ་བྷ་དང་། ཀུན་དགའ་སྟོང་ལྡན་དང ་རི་བེའི་རྒྱལ་མཚན་དང་། བཞི་བཀྲུས་དང་། རང་རིག་མཆོད་རྟེན་དང་། ས་ལུ་སྤུངས་ལྡན་དང་། ཕོ་བྲང་འཁོར་དཔལ་ཡོན་ཅན་དང་། བྱ་རྒོད་ཀྱི་ཕུང་པོ་དང་། རི་དགས་ཀྱི་ནགས་དང་། ་ཀ་ཤོད་དང་། གཙུག་ལག་ཁང་གསར་ཀ་ནིས་ཀ་ཤ་ཧི་ལ་སོགས་པ་ཆོ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང་། དར་མ་ར་ཛི་ཀའི་མཆོད་རྟེན་དུ་མ་དང་། སངས་རྒྱས་བཞིའི ་གདན་ཁྲོ་ཡོད་པ། བསོད་ནམས་སུ་འགྱུར་བའི་ས་ཕྱོགས་རྒྱུན་མི་འཆད་པར་ཀློག་པ་དང་། ཁ་ཏོན་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག ་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་དག་པའི་དགྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་ཡོ་བྱད་དང་། ་འཚོག་ཆས་རྣམས་ཀྱིས་ལེགས་པར་བྱས་པ། མཐའ་མཐའ་ན་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་གཙང་བར་གྱུར་པའི ་ས་གཞི་ཅན། ཞི་བ་ཐུབ་པའི་སྐྱེ་བོ་གནས་པ་རྣམས་ལ། དེ་ཁོ་ན་བསྒོམས་པས་ཡིད་ཀྱི་ཏིང་ངེ་འཛིན་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང་། གང་དག་གློག་འགྲུ་བྱ་གར་དག ་གོགིས་སྐུ་ལུས་བཀྲ་བྱས་སྤྲིན་སྣུམ་འདྲར་གྱུར་ནས། ། བཀྲེས་པའི་སྡུག་བསྔལ་སྣོད་གྱུར་མདའ་རྩེ་རྣོན་པོ་ལྟ་བུའི་སྤུ་ཡིས་རབ་གང་ཞིང་།། སྐོམ་པས་མིག་ཞུ་མེ་སྟག་བཅས་པའི་མེ་རྣམས་ཀྱིས ་ནི་ཀུན་ནས་ལུས་བསྐོར་བའོ། ། ཡི་དགས་གནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས་ཆར་གྱི་རྒྱུན་འབེབས་དང་།། རིན་ཆེན་བྱེ་མའི་འཕྲེང་བ་གྱ་གྱུར་དཀྲིགས་མཐོ་ལ།། ངང་ཁྱུ་བག ་ཡངས་གནས་ཤིང་ལང་ལོང་ཉལ་གྱུར་ཅིང་། ། ཆུ་དང་ཉེ་བར་ཆུ་ཡི་ཟེར་མས་བསིལ་གྱུར་པ།། མན་ས་ཡི་མཚོ་གླིང་བསམ་གཏན་མཛད་དགུ་དང་། གང་དག་མི་རོ་མང་པོའི་ཤ་དང་ཁྲག་གི་རོ་བྲོ ་བ་ཨས་དགའ་བར་གྱུར་པའི་བྱ་ཁཱའི་ཚོགས་ཀྱིས་གང་གྱུར་པའོ་ས་ཕྱོགས་མགོའི་ཐོད་པ་གས་ནས་ཚོལ་ཐིགས་ཐོགས་ཟག་པའི་སྣུམ་གྱིས་མཆེད་པའི་མེས་ཚིག་ཅིང་རང་གི་མེ་ལྕེས་ཤིང་གཅེར་བ་བསྐམས ་ཤིང་རྙིས་པ། ལག་པ་དང་། རྐང་པ་དང་། སོ་དང་། སྐྲའི་དུམ་གྲུགས་ཀྱིས་གང་ཞིང་ཟླ་བ་དྲི་མ་མེད་པའི་འོད་ལྟ་བུའི་ཀེང་རུས་ཀྱི་ཕུང་པོ་ཡོད་ལ། སྐད་ཅིག་ཏུ་རོ་ལངས་བྱུང་ནས། ཨ་ལ་ལ་ཨ ་ལ་ལ་ཞེས་སྒྲ་འབྱིན་ཅིང་། མེ་སྟག་དང་བཅས་པའི་གང་མོ་དྲག་པོས་འབྱུང་པོ་འཁྲུགས་ཤིང་སྐྲག་པར་གྱུར་པ། ཅེ་སྤྱང་མེ་ཤིས་པའི་ཁ་ནས་དུ་བ་དང་བཅས་པའི་མེ་ལྕེ་འབྱུང་བའི་དུར་ཁྲོད་ཆེན ་པོ་དག་ན་བུད་མེད་ཀྱི་རེ་སྤྲོས་ཤིང་ལྟོ་ལྷུང་ངེར་གྱུར་པའི་སྟེང་ན་འདུག་ཅིང་དགའ་བའི་བྱ་རྒོད་ཀྱི་མཆུ་དང་སྡེར་མོས་ཕྲད་ཅིང་ལྟོའི་ནང་ན་སྲིན་བུའི་རིགས་རྣམས་གནས་པ། ཅེ་སྤྱང་གི་སྟོབས་ཀྱི ་ཤུགས་ཀྱིས་དྲངས་པའི་ནང་ཁྲོལ་དྲི་མི་ཞིམ་པའི་དུམ་བུས་འཁོར་ལ། བྱ་ཁྭ་བཀྲེས་པས་མིག་གི་ཤ་བྲུས་པ་དག་ལ་གཟིགས་ཤིང་རྟག་ཏུ་མི་སྡུག་པ་བསྒོམས་ཏེ། གང་དག་ཁ་ཅིག་རོ་ཡི་གནས ་མལ་དོང་ནས་ནི། ། ཁྲག་དང་ས་ཆགས་དམར་ཞིང་རྩུབ་པའི་སྒྲ་འཁྱིལ་དང་།། བྱ་ཡི་མཆུ་དང་སྡེར་མོས་མིག་རྒོ་བྲུས་པར་ཡང་།། མི་རོ་བོར་བ་ལུས་ལ་གཟིགས་པར་གྱུར་པ་དང་།། སྒོ ་དང་སྲང་བར་ལ་ལར་མེ་འབར་མེ་ལྕེའི་རྩེ་མོ་མང་པོས་མགོ་རྨོངས་ཤིང་། ། རལ་གྲི་གཏུན་དང་རྡོ་བས་བསྣུན་ཅིང་བརྡུངས་ནས་སྐྱེ་བོ་ཁུ་ཅོ་འདོན་གྱུར་ལ།། གཤིན་རྗེའི་ཕོ་ཉ་སྙིང་བརྩེ་མེད་པ ་སྡོད་ཅིག་ཟེར་བའི་བཟོད་རླག་སྒྲས་གང་བའོ། ། སེམས་ཅན་དམྱལ་བ་རྣམས་སུའང་སྲོག་ཆགས་དོན་ཕྱིར་གང་དག་སྐད་ཅིག་འཇུག་པ་དང་། གཞན་ཡང་ཤ་བ་རི་མོའོ་དུག ་མངས་གླང་པོ་ཆེ་འཁྲུགས་པའི་མདུན་ལོགས་ན། ཡལ་ག་བྲེགས་པའི་སྡོང་བུ་ཡོད་པ།། ཕྱོགས་ཀྱི་བར་ནས་རླུང་ཆེན་པོ་ལངས་པས་འོད་མའི་ཚེལ་བསྐྱོད་ནས་འཁྲི་ཤིང་གི་དྲ་བ་དང་འདྲུད་པ་ལས ་མེ་བྱུང་བའི་མེ་ལྕེས་ཤིང་མཆོག་སྣ་ཚོགས་ཚིག་ནས། རི་དགས་དང་ཕག་རྒོད་མཆོག་མགྱོགས་པ་བརྒྱ་དག་སྐྲག་ཅིང་མགོ་རྨོངས་པ་ཡོད་པ། ཤིང་ལོ་མང་པོ་ལྷགས་ཤིང་རྙིས་པ་ཅན། བསོལ ་བའི་གྲིབ་མ་སང་སེང་མེད་པ། ཉམས་དགའ་བའི་ལོངས་སྤྱོད་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀ་ཧ་ར་བསྐྱོད་པས་ཆུ་དྲི་ཞིམ་པོར་གྱུར་པའི་མཚེའུ ་འགྲམ་ན་ཤིང་ལ་སྤྲེའུ་ཁྱུ་གནས་པ། ཉེ་འཁོར་གྱི་རི་ལས་ཆུ་རླབས་མི་དྲག་པར་འབབ་པས་འཁོར་ནས་ནེའུ་གསིང་མོད་པའི་ས་གཞི་ཡོད་པའི་འབྲོག་དག་ན། ཞི་བའི་བདག་ཉིད་ཅན ་འཆང་པ་དང་། ཀློག་པ་དང་། ཁ་ཏོན་དང་། བསམ་གཏན་ལ་མངོན་པར་བརྩོན་པ་གང་དག་བག་མེད་པའི་གནས་དར་ལ་བབ་པ་ཡལ་བར་མཛད་པ་རྣམས་དང་། རི་བོའི་རྡོ་ལེབ་ཆེ་ཞིང ་ཡངས་ལ་རབ་ཏུ་སྣུམ་པ་འདྲ་གྱུར་ཅིང་། ། གློག་གི་འཕྲེང་བར་མི་རྟོགས་ཡོད་ལ་འཇའ་ཡིས་བཀྲ་བའི་བདག་ཉིད་ཅན།། ཆུ་བསིལ་སྤྲོན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས་པའི ་རྫི་ལྡན་སྤྱན། ། བསེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་གུང་ལ་བཞུགས་པ་དང་།། དེ་བཞིན་དུ་རྟག་ཏུ་གོམས་པའི་ལམ་ནས་འདོང་བའི་གླང་པོའི་ཁྱུའི་རྨིག་རྗེས་ཡོད་པ། ནགས་ཀྱི་མ་ཧེ། ་འཁྲུགས་པའི་རཱས་གྲོག་འཁར་ཆེན་པོ་བཤིག་པའི་ཤོལ་གྱི་ཁུང་བུ་ནས་སྦྲུལ་གྱིས་ལུས་ཕྱེད་ཕྱུང་སྟེ། ནགས་ཀྱི་རླུང་འགམ་པ་ཡོད་པ། སྤ་ཚལ་སྟུག་པོ་དང་། འདམ་བུ་དང་། ཤིང་ཀ་ཤ ་སྟུག་པོའི་ཁྲོད་ན། སྟག་ཟུང་དུ་གནས་པ་ཅན། ཕག་རྒོད་ཀྱི་སྣས་གློགས་པའི་གླང་སྒང་གི་རྩེ་བ་འཛིངས་པ་རལ་པ་ལྟར་འདུག་པ་ཡོད་པ། ཤིང་ནི་ཙུ་ལིའི་མེ་ཏོག་བྲུལ་བས་རྡོ་པ་རྩ ་དམར་བར་གྱུར་པ་ཡོད་པ། གཤོང་གི་ཕྱོགས་སུ་རི་དགས་ཀྱི་ཁྱུ་འདམ་རྫབ་ཐོགས་པ་ཡོད་པ། ཤིང་ལོ་དྲི་སྔོན་པོ་སྟུག་པོར་སྐྱེས་པ་མང་པོ་ཡོད་པའི་གཤེར་སའི་ཆུ་དགུར་དག་ཏུ་མངོན་པར ་དགྱེས་ཤིང་དགེ་བའི་ཕྱོགས་སྟོན་པ་རྣམས་དང་། རིན་པོ་ཆེའི་འོད་ཟེར་གྱི་ཆུ་རྩ་དམར་བར་གྱུར་ལ། ཐུགས་བསམ་གཏན་ལ་ཞེན་པས་དཔག་བསམ་གྱི་ཤིང་གི་ལྕུག་མའི་རྩེ་མེས་རེག་པའི་རི་སྤོས ་ཀྱི་ངད་ལྡང་གི་སུལ་ན་རྩོལ་བ་མེད་པར་གང་དག་བཞུགས་པ་དང་། གང་དག་སེང་གེ་བསྒྱིངས་པ་ཡོད་པ། རི་དགས་རྒྱུ་བ་དང་ལྡན་པ་དང་། ཆུ་འདུས་ཏེ་འབབ་པ་ཡོད་པ། གཡོས་པས ་སྟེང་གི་རྩེ་མོ་ལྡེམ་པའི་སྔངས་ཀྱིས་སྐར་མའི་ཚོགས་པ། སའི་སྟེང་ན་ལྕི་བ་ལྷུན་པོ་ལྕུག་ཕྲན་ལ་ལ་བྱ་བཞིན་དུ་བསྒྲིམ་མི་དགོས་པར་ཞབས་ཀྱི་སོར་མོ་སའི་འོག་གི་རྨང་དང་བཅས་པར་འཕེན་པ ་དག་དང་། ཏིང་ངེ་འཛིན་ཐོབ་པ་གང་དག་ཆར་པའི་ཆུས་རྡོལ་བའི་བུ་ག་དུ་མ་ནས་ཉི་མའི་འོད་ཟེར་བྱུང་བ། ཟླ་བ་ལྟ་བུ་ཡོད་ཅིང་། རྨང་རྡོ་དང་རྩོག་ངོས་ཤག་ཤིག་ཏུ ་གྱུར་པའི་མཚམས་སུ་བ་རྒྱ་ཆགས་ལ། སྦྲུལ་གསོབ་རླུང་གིས་གང་སྟེ། ལྒང་ངེར་འདུག་པའོ་འཕྲེང་བ་རྟག་ཏུ་ཡོད་ཅིང་། ནགས་ཀྱི་རི་དགས་ཀྱི་ལྕེས་ཚ་སྒོ་རྡུལ་ཅན་རྩུབ་པོ་བལྡགས་པས ་ཤིང་རྩ་སང་སེང་དུ་གྱུར་པ་ཡོད་ལ། རྨིག་རྨད་དུ་སྲིན་བུ་གོ་དེའི་ཚོགས་རིང་ནས་གནས་པར་གྱུར་ཅིང་། སྲེ་མོ་མགོ་བསྟོད་དེ་ཕྱོགས་སུ་ལྟ་བས་བྱི་བ་སྐྲག་པ་ཡོད་ལ། ནང་དུ་རྩཝ་སྔོན་པོ་སྟུག ་པོ་སྐྱེས་པའི་འཇིག་པའི་དྲུང་གི་གསེབ་ན་ཕྱེ་མ་ལེབ་རྒྱུ་བ་ཡོད་ཅིང་། འུག་པ་མང་པོ་སྒྲ་འབྱིན་ཅིང་གླུ་ལེན་པ་ལྟ་བུ་ཡོད་པའི་གྲོང་སྟོང་། སུས་ཀྱང་ཏིང་ངེ་འཛིན་མ་བྱས་པ་རྣམས་ན། སྟོན ་པའི་བཀའ་ནན་གྱིས་བསྒྲུབ་པ་རྣམས་དང་། གཞན་ཡང་གང་དག། གཡག་གི་རྨིག་པས་རྡོ་བཅག་ཡོད་ཅིང་སྤྲིན་གླིངས་ལྡན་གྱུར་ལ།། མཐའ་མར་ས་ར་ལ་དང་ཐང་ཤིང་སྐྱེས་ལ་ཆུ་བསིལ ་མི་ཁེབས་འབབ་ཡོད་ཅིང་། ། བསམ་གཏན་ཞེན་པའི་གློས་ན་ཁ་བ་བབ་པས་ཆོས་གོས་ལྕི་ཞིང་ཟག་གྱུར་ཀྱང་།། གངས་རི་དག་གི་ལྡོང་ན་འགྲོ་བ་ཤིང་གི་དྲུང་དུ་བཞུགས་པར་དགྱེས་པ་དང ་ནང་ན་ཆུ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་ཀུན་འབྱེར་ཞིང་། ། སྐོམ་པས་ཉམ་ཆུང་གྱུར་པའི་སྤྲིན་བཏུད་ཁ་ཡིས་ཆུ་འཐུང་ལ།། གཤོང་དུ་འཁྱིལ་བར་སྤྲུལ་དབུགས་ཕྱུང་བས་དཔའ ་རླབས་རྒྱུན་འཆད་པའོ། ། རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ།། སྣོད་གྱུར་བདག་ཉིད་ཐུགས་ལྡན་གཙང་མའི་ལྷུང་བཟེད་ཕྱག་བསྣམས་ཤིང་།། བསོད་ནམས་ལྡན་པ ་སྐུ་ལུས་ན་བཟའ་ཆོས་གོས་རབ་གཡོ་བ། ། དེ་དག་སང་གི་གདུགས་ནི་གནམ་གྱི་གུང་དུ་ཕྱིན་པ་ན།། གཎྜཱི་བརྡུངས་པའི་སྒྲ་སྙན་སྐད་གསང་གྲགས་པའི་ཚེ།། བསྟན་བཅོས་སྣ་ཚོགས་ཀྱི་དེ་ཁོ་ན ་གོམས་པའི་ཆུ་བླུགས་པས་མི་ཤེས་པའི་སེམས་ཀྱི་དྲི་མ་བཀྲུས་པའི་ཁམས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་དང་ནས་འདྲིས་པའི་སྲིད་པའི་སྤྲོས་པ་བཅད་པ། བདེ་བར་གཤེགས ་པའི་གསུང་རབ་རིན་པོ་ཆེའི་སྒྲོམ་དུ་གྱུར་པ། དགེ་བའི་ཆོས་བདུད་རྩིའི་བཏུང་བའི་གཞི་བྲོ་ཡེ་ཤེས་ཀྱི་གསེར་མ་རྟོགས་པ། བདར་བའི་བརྡར་རྡོ་སྔོན་པོར་གྱུར་པ། ལེགས་པར་སྤྱད་པ་སྟོང ་གི་ཚོགས་བསགས་པས་གྲགས་པ། རྒྱ་ཆེ་བ་དང་ལྡན་པ།། སྦྱིན་བདག་ཆེན་པོ་བདག་ཉིད་ཆེན་པོ་ཅན། སྟོན་གྱི་ནམ་ཐང་བ་ལྟ་བུའི་ཡིད་དང་ལྡན་པ། མིང་འདི་ཞེས་བྱ་བ་འདིའི་གན་དུ། མ་ཧའི ་རྭ་ལྟར་སྔོ་ཞིང་དྲི་མེད་མཁའ་ལས་འཕུར། ། གཟི་བརྗིད་ཀྱིས་ནི་ཉི་མའི་འོད་སྟོང་འཐོར་ཞིང་མངོན་དུ་ཕྱོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ།། སྐྱེ་བོ་ཕན་ཕྱིར་ཐུབ་རྣམས་སང་འདིར་གཤེགས་སུ ་གསོལ། ། རྒྱུན་མི་འཆད་པར་ཏིང་ངེ་འཛིན་དང་། ཀློག་པ་དང་། འཆང་བ་དང་། སྐྱེ་བོ་བླ་མ་ལ་སྟེན་པར་མངོན་དུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གྱི་རྗེས ་སུ་འཐུན་པའི་ཁ་ན་མ་ཐོ་བ་མེད་པའི་རིག་པ་གསུམ་རབ་ཏུ་སྒྲུབ་པ། ཉོན་མོངས་པ་ལས་གྲོལ་བར་འདོད་པའི་དགེ་སློང་གང་དག་འདི་ན་གནས་པ། འདུལ་བའི་ཆོ་ག་ལ ་གོམས་པ། ལུས་དང་། ངག་དང་། ཡིད་ཀྱི་འཇུག་པ་ཞི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བདེར་དོ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ་འདི་ཉིད་དུ་གནས་པར་མཛོད་ཅིག། ཐུབ་པའི ་སྲས་མོ་ཤེས་རབ་ཞི་དང་དུལ་བས་བརྒྱན་པའི་དགེ་སློང་མ། ། ཐ་དད་གླིང་དང་ཀླུ་དང་ནགས་དང་རིང་གནས་སྤྲོས་པའི་བསམ་བྲལ་ཞིང་།། འདོད་ཆགས་ཞེ་སྡང་གཏི་མུག་དྲི་བྲལ་མཆོད་འོས ་འགྲོ་བའི་མ་ལྟ་བུ། ། དེ་དག་དགྱེས་པར་མཛོད་ལ་སྦྱིན་པ་དག་པར་བཞེད་པས་སང་འདིར་སྤྱོན།། ཕྱག་ན་རྡོ་རྗེ་ལ་སོགས་ལ་གནོད་སྦྱིན་གཙོ་བོ་དང་།། གྲུབ་པ་རྣམས་དང་གང་དག་ལྷ་མ ་ཡིན་དང་ཀླུ་རྣམས་དང་། ། སངས་རྒྱས་ལ་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ།། དེ་དག་རྣམས་ཀྱང་སྦྱིན་བདག་འདི་ལ་ཕན་ཕྱིར་སང་སྤྱོན་ཅིག། ལྷ་དང་། ཀླུ་དང་། གནོད་སྦྱིན་དང ་རིག་སྔགས་འཆང་དང་། གྲུབ་པ་དང་། མི་འམ་ཅི་དང་། ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་ཆེན་པོ་རྣམས་དང་། སྟོབས་བཅུ་མངའ་བའི་བསྟན་པའི་ཡོན་ཏན་སྒྲུབ་པ་དང་ལྡན་པ་རྣམས ་ཀྱིས་ཀྱང་དམ་པའི་ཆོས་གནས་པར་བྱ་བ་དང་། སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་འདི་སྣོད་བཟང་པོ་ལ་སྦྱར་བ་དང་། སྦྱིན་པ་ཆེན་པོ་འདི་ལ་གྲོགས་བགྱི་བས་ཉིད་ཀྱི་དགེ་བའི་ཡོན ་ཏན་བསྐྱེད་པ་ལ་ནན་ཏན་མཛོད་ཅིག། རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་ལ་བརྩོན་པར་མཛོད་ཅིག། ཡང་དུལ་བ་དང་། ཚུལ་ཁྲིམས་དང་། ཐོས་པས་ཤིན་ཏུ་ཆེ་བའི་འཕགས ་པའི་དགེ་སློང་གི་དགེ་འདུན་འདུས་པ་ལ་གསོལ་པ་འཚལ་ལོ། ། ལྷུན་པོ་ལས་བྱུང་སྦྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀ། ཉ་དང་གདུགས་དང་འཁོར་ལོ་དག་དང་ལྕགས་ཀྱུའི་མཚན་མངའ་བ།། པདྨ། ་གསེར་གྱི་དཔལ་ལྡན་ཕྱག་སོར་དྲ་བ་སྲབ་མོས་འབྲེལ།། སེན་མོ་འོད་ཀྱིས་ཁྱབ་པ་རྒྱལ་བའི་ཕྱག་གིས་བསྐྱབ་པར་ཤོག། སྲིད་པའི་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཅིང་སྲེད་མེད ་ལ། ང་ཆུ་ཡི་ཆུ་གཏོར་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་གཅིག་པོ།། ཐུབ་པའི་སྲས་མཆོག་དགེ་འདུན་བདག་གིས་གུས་པ་སྤྱན་དྲངས་པས།། དེ་རིང་དགེ་བ་གང་བསགས་དེས་ནི་བྱང་ཆུབ་ཐོབ ་གྱུར་ཅིག། ཇི་སྲིད་མཁའ་ལ་འོད་དྲོ་འོད་ཀྱིས་གསལ་བ་རྣམ་པར་སྣང་བྱེད་ཅིང་།། རི་དགས་རྟགས་ཅན་འོད་ཀྱི་རིགས་པའི་དཀྱིལ་འཁོར་ལྡན་ལ་འཆར་བ་དང་།། རྒྱ་མཚོ་རྒྱས་པར ་གནས་པ་དེ་སྲིད་ལྷ་དང་ལྷ་མིན་ཕྱག་བྱས་པའོ། ། བདེ་བར་གཤེགས་ཀྱི་བསྟན་པ་ཐོག་པ་མེད་པ་ས་ལ་གནས་པར་ཤོག། གནས་བརྟན་སྤྱན་དྲངས་པ་རྫོགས་སོ།། ་