| Wylie | e-texts produced with BDRC’s OCR application |
མི་རྙེད་དོ། ། འཕགས་པ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིན་པའི་ལྕི་ཡང་བསྟན་པའི་མདོ་རྫོགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་སའི་སྙིང་པོས་བཅོམ་ལྡན་འདས་ལ་ཞུས་པའི་མདོ་ལས། སེམས་ཅན་སྐྱེ་དགུ་རྣམས་ཀྱིས་དུས་དྲུག་དང་། དུས་བཅུ་དང་། དུས་རིང་པོ་གསུམ་གྱི་ཉི་མ་ལ་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའི་མཚན་ནས་བརྗོད་ཅིང་དེའི་ཉི་མ་ལ་ཟ་གཅིག་པ་ཐུབ་ན། སྡིག་པ་ཇི་ཙམ་བྱུང་བ་དང་། ངན་སོང་གང་ལས་ཐར་པར་ཡོན་ཏན་མདོར་བསྡུས་ཏེ་བསྟན་ཅིང་བཤད་པ། ཟླ་བའོ།། ་ཅོག་གི་ཚེས་གཅིག་ལ་ལྷའི་བུ་གཞོན་ནུ་ཉིད་འཇིག་རྟེན་དུ་མི་རྣམས་དགེ་སྡིག་བྱེད་པ་རྟོག་ཅིང་ཉུལ་དུ་བྱོན་ཏེ། དེའི་ཉི་མ་ལ་སངས་རྒྱས་ཏིང་ངེ་འཛིན་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད ་ཅིང་ཟ་གཅིག་པ་ཐུབ་ན། བསྐལ་པ་བཞི་བཅུའི་སྡིག་པ་འབྱུང་ཞིང་། མཚོན་རལ་གྲི་དང་མདུང་ཐུང་གི་དམྱལ་བའི་ངན་སོང་ལས་ཐར་པར་འགྱུར་རོ།། ཚེས་བརྒྱད་ལ་རྒྱལ་བུ་ཐེ་ཙེ ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་དེ་ཟ་གཅིག་པ་ཐུབ་ན། བསྐལ་པ་སུམ་ཅུའི་སྡིག་པ་འབྱང་ཞིང ་ངན་སོང་གི་ངན་འགྲོ་ལས་ཐར་པར་འགྱུར་རོ། ། ཚེས་བཅུ་བཞི་ལ་གཤིན་རྗེའི་འཁོར་ཚེ་རྟོག་པའི་དབང་པོ་ཉི་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། ཆུ་ཚན་ཁོལ་མའི་ངན་སོང་ལས་ཐར་པར་འགྱུར་རོ།། བསྐལ་པ་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། ་ཚེས་བཅོ་ལྔ་ལ་གཤིན་རྗེའི་འཁོར་ལམ་རྒྱུད་ལྔའི་དབང་བྱེད་པའི་དེད་དཔོན་ཉིད་ཉུལ་དུ་མཆི་སྟེ། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། ་ཤིན་ཏུ་གྲང་ཞིང་ཆབ་བྲོམ་གྱི་ངན་སོང་ལས་ཐར་ཏེ། བསྐལ་པ་ཉིས་བརྒྱའི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་གཅིག་ལ་གཤིན་རྗེའི་རྒྱལ་པོ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། མཚོན་རལ་གྲིའི་སྡོང་པོའི་དམྱལ ་བ་ལས་ཐར་ཏེ། བསྐལ་པ་བཞི་བཅུའི་སྡིག་པ་འབྱུང་བར་འགྱུར་རོ།། ཚེས་ཉི་ཤུ་གསུམ་ལ་ལྷའི་དབང་ཕྱུག་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ ་ཞིང་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། ཡི་དགས་བཀྲེས་སྐོམ་པའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་སྦྱོང་གི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་བཞི་ལ་གཤིན་རྗེའི་འཁོར་གྱི ་དབང་པོ་རི་རབ་ཀྱི་དབང་པོ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་ཟ་གཅིག་པ་ཐུབ་ན། བཅད་ཅིང་གཏུབ་པའི ་དམྱལ་བ་ལས་ཐར་ཏེ། བསྐལ་པ་སྟོང་གི་སྡིག་པ་འབྱུང་བར་འགྱུར་རོ།། ཚེས་ཉི་ཤུ་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་ཉིད་ཉུལ་དུ་མཚོ་སྟེ། དེའི་ཉི་མ་ལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ཞིང་མཚན ་ནས་བརྗོད་དེ་ཟ་གཅིག་པ་ཐུབ་ན། ཐིག་ནག་གྲང་བའི་སེམས་ཅན་དམྱལ་བ་ལས་ཐར་ཏེ། བསྐལ་པ་བཞི་བཅུའི་སྡིག་པ་འབྱང་བར་འགྱུར་རོ།། ཚེས་ཉི་ཤུ་དགུ་ལ་ཕྱོགས་སྐྱོང་བཞི་ཉིད་ཉུལ་དུ་མཆི ་སྟེདེའི་ཉི་མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་བླ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད་དེ་ཟ་གཅིག་པ་ཐུབ་ན། ཞིབ་མོར་འཐག་ཅིང་གཞོམ་པའི་དམྱལ་བ་ལས་ཐར་ཏེ། ་བསྐལ་པ་བདུན་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། གནམ་སྟེང་ལ་ལྷའི་རྒྱལ་པོ་ཚངས་པ་ཉིད་ཉུལ་དུ་མཆི་སྟེ། དེའི་ཉི་མ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་མཚན་ནས་བརྗོད ་དེ་ཟ་གཅིག་པ་ཐུབ་ན། མེ་མར་མུར་གྱི་དམྱལ་བ་ལས་ཐར་ཏེ། བསྐལ་པ་བརྒྱ་སྟོང་གི་སྡིག་པ་འབྱང་བར་འགྱུར་རོ།། ལོའོ་འཚལ་གྱི་དཔྱིད་ཟླ་ཐ་ཆུང་ཚོས་གཉིས་ཀྱི་དྲོས་བུ་ཆུང་གི་དུས་སུ ་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཕྱོགས་དེའི་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་དམིགས་ནས། ཕྱག་དགུ་ཞིག་འཚལ་ན་བསྐལ་པ་སུམ་ཁྲིའི་སྡིག་པ་འབྱང་བར་འགྱུར་རོ།། ལེའོ། ་འཚལ་གྱི་སྟོན་ཟླ་ར་བ་ཚེས་དྲུག་གི་ཉི་མ་གུང་གི་དུས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། སངས་རྒྱས་ཐམས་ཅད་ལ་མངོན་པར་ཕྱག་དགུ་ཞིག་འཚལ་ན། བསྐལ་པ་སུམ་ཁྲིའི་སྡིག་པ་འབྱང ་བར་འགྱུར་རོ། ། དུས་དྲུག་ལ། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ཉི་ཤུ་གསུམ་དང་། ཉི་ཤུ་དགུ་དང་། གནམ་སྟོང་དང་། དུས་གསུམ་ལ། ཚེས་བརྒྱ ་དང་བཅོ་ལྔ་དང་། སུམ་ཅུའོ།། སྙིང་རྗེ་གསུམ་ལ། དཔྱིད་ཟླ་ར་བ་དང་། དབྱིད་ཟླ་འབྲིང་པོ། སྟོན་ཟླ་ཐ་ཆུང་ངུས་འདི་གསུམ་ལ་སེམས་ཅན་གྱི་སྲོག་བཅད་དུ་མི་རུང་ངོ་།། རྫོགས་སོ།། ་