CLOSE WINDOW

S261: 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གཏན་ལ་ཕབ་པའོ། ། ། @རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་བ་སུ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ་འདས་ཝཱ་ར་ཎ་སི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚོང ་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ་ཝཱ་ར་ཎ་སིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་འདས ་ཤིང་གཤེགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་འདས ་ཤིང་གཤེགས་ཏེ། དཔེར་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་དོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ད་ལྟར་བཞུགས་ཏེ། འཚོ་ཞིང ་གཞེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ།། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་སྐྱེ ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་དོ།། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད ་པ་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། དཔེར་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་དོ།། དེ་སྐད་ཅེས་བཀའ་སྤྲུལ་པ་དང་། བཅོམ་ལྡན་འདས་ལ། ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་འདི ་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་ལྟ་མི་བརྒྱའམ། མི་སྟོང་ངམ། མི་འབུམ་གྱིས་སྔོན་འབང་དེ་བརྩལ་བས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ན ་བཅོམ་ལྡན་འདས་བདག་གིས་ཀྱང་འབད་དེ་བརྩལ་ན། ཅིའི་སླད་དུ་ད་མི་ཐོབ། མི་རྟོགས་ཀྱིས་དེའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔས ་ཇི་ལྟར་བགྱི་བ་དང་། ཇི་ལྟར་གནས་པར་བགྱི་བ་དང་། ཇི་ལྟར་བསྒྲུབ་པར་བགྱི་བ་བཅོམ་ལྡན་འདས་ཀྱིས་བདག་ལ་དེ་ལྟར་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས། ཚོང་དཔོན་གྱི་བུ་དཔལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱི་རྟོག་པ་མཛེས་སོ།། སྤོབས་པ་དགེའོ།། ་ཚོང་དཔོན་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར ་བྱ་བ་ངས་ཁྱོད་ལ་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ།། ཚོང་དཔོན་གྱི་བུ་དཔལ་གྱི་དབྱིག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། ཉིན་གཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས ་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་མི་གཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ ་སེམས་དཔས་ནི། སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཡི་དམ་མི་གཏང ་པར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཐམས་ཅད ་ཀྱིས་བསམས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོང་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། འཇིག་རྟེན་གྱི་ཁམས ་ཐམས་ཅད་དུ་དཀོན་མཆོག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས ་ཅད་ལ་བསྐལ་པ་དུ་མར་ཆོས་བསྟན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་། ་ཅི་ལྕོགས་པ་དང་། ཇི་ལྟར་གསོལ་བ་འདེབས་པ་བཞིན་དུ། ཐེག་པ་གསུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། དགེ་བའི་རྩེ་བ་ཐམས་ཅད་མྱུར་ཞིང་རིངས་པར་ཡོངས་སུ་རྫོགས་པར་འགྱུར་བ ་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་གསུམ་ཐོབ་པར་འགྱུར ་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ངན་འགྲོ་ཐམས ་ཅད་ནས་གདོན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅ ་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིགས་པ་ཐམས་ཅད་སྤོང་བར་འགྱུར་བར་གསོལ་བ་གདབ་པ་དང་། སྡུག་བསྔལ་བ་དང་། ཡིད ་མི་བདེ་བ་དང་། འཁྲུག་པ་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ལ་སོགས་པའི་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དུས ་གསུམ་དུ་རྗེས་སུ་ཡི་རང་བ་མི་གཏང་བར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། ་སེམས་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དང་། བདག་ཉིད་སྡིག་པའི་སྤོང་བ་ལ་རྣམ་པར་སྨད་པ་དང་། སྡིག་པ་སྤྱོད་པ ་ལ་གཤུང་བ་དང་། སྡིག་པ་ལས་ངེས་པར་འབྱུང་བ་དང་། དགེ་བ་ཐམས་ཅད་འདོད་པ་དང་། དགེ་བ་ཐམས་ཅད་བླང་བ་དང་། ཚེ་རབས་ཚེ་རབས་སུ་ཡང་དཀོན ་མཆོག་གསུམ་ལ་བསྙེན་བཀུར་བྱ་བར་གསོལ་བ་གདབ་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པའི་དགེ་བ་སྤྱད་པར་གསོལ་བ་བཏབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བར་གསོལ་བ་གདབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ ་དང་བསྐལ་པ་དུ་མར་ཆོས་བསྟན་པར་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། ཕ་མ་ལ་གནོད་པ་མེད ་པ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་པོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་གནོད ་པ་མེད་པར་ཇི་ལྟར་མོས་པ་དང་། ཅི་ནུས་པར་དུས་དུས་སུ་སྦྱིན་པ་སྦྱིན་པར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་བསླབ་པའི་གཞི་ལྔ་ལ ་གནས་ཤིང་འདུག་པ་དང་། བརྟན་པོར་འདུག་པ་དང་། མི་ལྷོད་པར་འདུག་པར་བསླབ་པར་བྱའོ།། གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་མི་ནུས་ན་ཡང་། དེས་བཞི་འམ། གསུམ་མམ། ་གཉིས་སམ། དེའི་ནང་ནས་བསླབ་པའི་གཞི་གཅིག་ཙམ་ལའང་བསྒྲུབ་པར་བྱའོ།། གལ་ཏེ་བསླབ་པའི་གཞི་གཅིག་ཙམ་ལ་སློབ་ཀྱང་མི་ནུས་ན། དེ་སྡིག་པའི་ལས་མི་དགེ་བ་གང་དང་གང ་ཀུན་ཏུ་སྤྱོད་པ་དེ་ལ་གཞེན་པ་མ་ཡིན་པ་དང་། དྲག་པོ་མ་ཡིན་པའི་སེམས་དང་། མི་དགའ་བཞིན་པ་དང་། ལྷོད་པ་དང་། ཡང་བའི་སེམས་དང་། དོན་གྱི་དབང་དང་། དགོས་པའི ་དབང་གིས་སྤྱད་པར་བྱ་སྟེ། དེས་མི་དགེ་བ་བཅུའི་ལས་ཁྲོ་བའི་དབང་དུ་གྱུར་པ་དང་། ཁོན་དུ་འཛིན་པའི་དབང་དུ་གྱུར་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བའི་དབང་དུ་གྱུར་པས ་ཀུན་ཏུ་སྤྱད་པར་མི་བྱའོ། ། ཀུན་ཏུ་སྤྱད་པར་འདོད་ན་ཡང་རྣམ་པར་སྨད་པར་བྱའོ།། རྣམ་པར་གཤུང་བར་བྱའོ།། སྤྱོད་ཅིང་འདུག་པ་ན་ཡང་རྣམ་པར་སྤྱད་པར་བྱ། རྣམ་པར་གཤུང་བར ་བྱའོ། ། སྤྱད་ཟིན་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་གཤུང་བར་བྱ། སོ་སོར་བཤགས་པར་བྱ། ངེས་པར་འབྱུང་བར་བྱའོ།། ལེགས་པར་དགེ་བ་ཅིའང་རུང་བ་ཞིག་ཀུན་ཏུ་སྤྱོད ་པ་ན་ཡང་དེས་ནི་དེ་ལ་སེམས་ཞེན་པ་དང་། དྲག་པོའི་སེམས་དང་། ཚིམ་པ་དང་། མགུ་བ་དང་། ལྷོད་པ་མ་ཡིན་པ་དང་། ཡང་བ་མ་ཡིན་པ་དང་། བར་ཆད་མེད་པ་དང་། དད་པ་དང་། ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བའི་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ།། ཀུན་ཏུ་སྤྱད་པར་འདོད་པ་ན་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས ་ཏེ། སེམས་ཐམས་ཅད་ཀྱིས་བསམས་ནས། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབྱུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ ་ངན་ལས་བཟླ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། ། དེས་དགེ་བ་ཀུན་ཏུ་སྤྱད་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས ་ཐམས་ཅད་ཀྱིས་བསམས་ནས། མངོན་པར་བསྡུས་ཏེ་བཟླུམས་ནས་རྗེས་སུ་ཡི་རང་བར་བྱའོ།། རྗེས་སུ་ཡི་རང་བའི་མཆོག་དང་། ཕུལ་དང་། གཙོ་བོ་དང་། རབ་དང་། རབ་མཆོག ་དང་གྱ་ནོམ་པ་དང་། དམ་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་། ནམ་མཁའ་དང་མཉམ་པ་དང་། མྱ་ངན་ལས་འདས་པ་དང་མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ ་རང་བར་བྱའོ། ། རྗེས་སུ་ཡི་རང་ནས་ཀྱང་དགེ་བ་ཀུན་ཏུ་སྤྱད་པ་དེ་ཡང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ལ་དབུལ་བར་བྱའོ།། ་ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་། སེམས་ཅན་ཐམས་ཅད་བསྐལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ ་། ངན་ལས་བཟླ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་བྱ་བའི་ཕྱིར། ཉིན་གཅིག་བཞིན་དུ་དུས་གསུམ ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བའོ། ། དེས་ཀ་ཤི་ཀའི་གོས་དང་། ཙན་ད་ན་དང་། ཨ་ཀ་རུའི་བདུག་པ་ལ་སོགས་པ་དང་། ཡོ་བྱད་རྣམ་པ་སྨ ་ཚོགས་ཉམས་སུ་མྱོང་ངམ། འདོད་པའི་ཡོན་ཏན་ལྔ་ལ་དགའ་དགུར་སྤྱོད་དམ། ལམ་དུ་འགྲོ་བའམ། ལས་བྱེད་དམ། བྱ་བ་ཐམས་ཅད་བྱེད་པ་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དེ་འབའ་ཞིག་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་དྲན་པར་བྱའོ།། ཡིད་ལ་བྱའོ།། བསྒོམ་པར་བྱའོ།། ་ལན་མང་དུ་བྱའོ།། དེ་ལྟར་བྱས་ན་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་འགྱུར་རོ།། ་ལེགས་པ་དགེ་བའི་ལས་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར། དྲག་པར་འགྱུར། མི་ལྷོད་པར་འགྱུར། མི་ཡང་བར་འགྱུར། མི་ཆུང་བར་འགྱུར་རོ།། དེ་སྡིག་པ་མི ་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ལྷོད་པར་གྱུར། ཡང་བར་གྱུར། ཆུང་བར་གྱུར། སྲབ་པར་གྱུར། གསོག་ཏུ་གྱུར། མེད་པར་གྱུར་པ་དང་། ལེགས་པ་དགེ་བའི་རྩ་བ་ཀུན་ཏུ་སྤྱོད ་བ་རྣམས་ལ་སེམས་ཞེན་པར་གྱུར་པས། སྲིད་པའི་འགྲོ་བ་གང་དང་གང་དུ་ཕྲད་པ་དག་ཏུ་ཆུང་བར་མི་འགྱུར་རོ།། འཁུ་བ་དང་། གསོད་པ་དང་། འཆིང་བ་དང་། ་རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤང་བ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཁོངས་སུ་གཏོགས་པའི་སེམས་ཅན་མཐའ་ཡས་མུ་མེད་པ་རྣམས་ཀྱི་ཐོག་མ ་མེད་པའི་དུས་ནས་སྤྲུལ་བ་མཐའ་ཡས་པར་ཉམས་སུ་མྱོང་བར་འགྱུར་བའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང ་བྲལ་བའི་སྡུག་བསྔལ་དང་། འདོད་པས་འཕོངས་པའི་སྡུག་བསྔལ་དང་།། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བའི་སྡུག ་བསྔལ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྡུག་བསྔལ་གཅོད་པར་བྱ་བ་དང་། དགག་པར་བྱ་བ་དང་། རྣམ་པར་ཞི་བར་བྱ་བའི་ཕྱིར་ཞུགས་པ་དང་། བྱམས་པའི ་སེམས་སུ་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སེམས་སུ་གྱུར་པ་དང་། གོ་ཆ་ཆེན་པོ་བགོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང་། ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གདུང་མི་འཆད་པར་ངེས་པར་བྱེད་པའི་ཕྱིར། སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་། ཆུང་བར་འགྱུར ་བནས། སྲབ་པའི་བར་དུ་འགྱུར་རོ།། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ནི་འཕེལ་བར་འགྱུར་བ་ནས། དཔག་ཏུ་མེད་པའི་བར་དུ་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའ་བསམ་པ ་སོགས་ཤིང་སྒོམ་པ་ཡོངས་སུ་རྫོགས་པ་དང་། སྲ་བ་དང་། བརྟན་པོ་དང་། རྡོ་རྗེ་ལྟ་བུར་འགྱུར་རོ།། ཚོང་དཔོན་གྱི་བུ་དེ་ལྟར་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་གོ་རིམས་འདི་ལྟ་བུས ་མཐར་གྱིས་སྲིད་པ་འདི་དང་། སྲིད་པ་ཕྱི་མ་དང་། སྲིད་པ་ལན་གྲངས་གཞན་དག་ལ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འགྲིབ་པར་བྱེད་པ་དང་། ཆུང་ངུར་བྱེད་པ་ནས། གསོག་ཏུ་བྱེད་པའི་བར ་དང་། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་འཕེལ་བར་འགྱུར་བ་ནས། དཔག་ཏུ་མེད་པའི་བར་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སོགས་ཤིང་སྒོམ་པར་བྱེད་དེ། ལེགས། ་པ་དགེ་བ་ཀུན་ཏུ་སྤྱད་པ་རྣམས་ཡོངས་སུ་སྨིན་པར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་དེའི་ཚེ་ཡུལ་ད་ར་ད་ནས། ་དར་དའི་རྒྱལ་པོ་སིན་དུ་གི་རི་ཞེས་བྱ་བའི་བུ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཝཱ་ར་ཎ་སིར་སོང་ནས། དེ་བཅོམ་ལྡན་འདས་དང་ཐག་མི་རིང་བ ་ཞིག་ན་འདུག་པར་གྱུར་ཏོ། ། དེ་ནས་དར་དའི་རྒྱལ་པོ་སིན་དུ་གི་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ཀྱིས་ལེགས་པར་བཀའ ་སྩལ་ཏོ། ། བདེ་བར་གཤེགས་པ་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱིས་གསོལ་བ་འདེབས་ཤིང་། སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ ་བགྱིས་ཏེ། སེམས་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་གསོལ་བ་འདེབས་ཤིང་བརྗོད་པ་གང་ལགས་པ་དེ་ཙམ་ཡང་། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་། ཡང་དག་པར་རབ་ཏུ་འཕེལ་བར་འགྱུར་བ་དང་། སོགས་པར་འགྱུར་བ་དང་། གྲངས་མ་མཆིས་པར་འགྱིད་པ་དང་། བྱང་ཆུབ་སེམས་དཔའི ་བསམ་པ་ཡང་སོགས་ཤིང་སྒོམ་པ་དང་། ཡོངས་སུ་རྫོགས་པར་འགྱུར་བ་དང་། སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་ན། གོང་དུ་རྩོལ་ཞིང་བརྩོན་པ་མི་མཏོང་བ་ལྟ་ཅི་སྨོས་ལག ་བཅོམ་ལྡན་འདས་བདག་ཀྱང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིད་དེ། སེམས་ཐམས་ཅད་ཀྱིས་བསམས་ནས། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། གྲོལ་བར་བགྱི་བ ་དང་། དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་བའི་སླད ་དུ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། སེམས་ཅན་མ་རྒལ་བ་རྣམས་གྲོལ་བ། མ་གྲོལ་བ་རྣམས་འགྲོལ་བ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ། ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག། ཡང་དང་ཡང་དུ་ལན་བརྒྱར་བརྣན་ཏེ། མཐའ་ཡས་པ་མཐའ་བླར་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ལགས་སོ། ། དེ་ནས་ཚོང་དཔོན་གྱི་བུ་དང་ལ་དབྱིག་གིས་ཀྱང་དེའི་རྗེས་ཐོགས་སུ། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སྨོན་ལམ་བཏབ་བོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚོང་དཔོན་གྱི་བུ་དཔལ་དབྱིག་དང་། ད་ར་དའི་རྒྱལ་པོའི་བུ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང ་དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས ་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ ་