| Wylie | e-texts produced with BDRC’s OCR application |
ཀུ་ནཱ་གཱ་རཱ་སཱུ་ཏྲ། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས ་གཉིས་ལ་ཕྱག་འཚལ་ཏེ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱག་བདར་བགྱིས ་པས་དགེ་བའི་རྩ་བ་ཅིར་འགྱུར་ལགས། དཀྱིལ་འཁོར་བགྱིས་པས་ནི་ཅིར་འགྱུར་ལགས། སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་རྣམས་ཀྱི་དགེ་བའི་རྩ་བ་ནི་ཅིར་འགྱུར་ལགས། དེ་བཞིན ་གཤེགས་པ་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་སུག་ལས་ཀྱིས་ནི་ཅིར་འགྱུར་ལགས། བཅོམ་ལྡན་འདས་དགེ་བའི་རྩ་བ་འཁོར་བར་བས་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར ་མི་འགྱུར་ལ། བས་མི་འཚལ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ནི་གང་ལགས། དེ་བཞིན་གཤེགས་པའི་སྐུ་གཟུགས་བགྱིས་པས་ནི་ཅོར་འགྱུར་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སན་དགའ་བོ་ཕྱག་བདར་བྱས་པའི་ཕན་ཡན་ནི་ལྔར་འགྱུར་ཏེ། ལྔ་གང་ཞེ་ན། ཀུན་དཀའ་བོ་འདི་ལྟསྟེ། བདག་གི་སེམས་དང་བར་འགྱུར་བ་དང་། ་གཞན་གྱི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ ་སྐྱེ་བར་འགྱུར་རོ། ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཆེད་དུ་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན། དེ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། ་ལུས་ཞིག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་སྨྲའོ།། ཀུན་དགའ་བོ་གང་གིས་དེ་བཞིན་གཤེགས་པ་ལ་སེམས་དང་བས་དཀྱིལ་འཁོར་ཟླུམ་པོ་བྱེད་ན། དེ་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་དབང་ཕྱུག་གི ་བདག་པོར་འགྱུར་ཞིང་། ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་སྨྲའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཟླ་གམ་ལྟ་བུར ་བྱེད་ན། དེ་ཤར་གྱི་ལུས་འཕགས་པོའི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། ལུས་ཞི་གནས་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བ.རང་སྨྲའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས ་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཤིང་རྟའི་དབྱིབས་འདྲ་བ་ལྔ་བུ་བྱེད་ན། དེ་འཛམ་བུ་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། ལུས་ཞིག་ནས་འཕྲུལ་དགའི་ལྷ་རྣམས་སུ ་སྐྱེ་བར་འགྱུར་བར་ང་སྨྲའོ། ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། གང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བསླབ་པའི་གཞི་རྣམས་ཀྱང་མནོས ་ནས་ཡོངས་སུ་སྲུང་བར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེའི་བསོད་ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་སྨྲའོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མྱ་ལུས་འདས་པར ་མཐར་ཐུག་པའི་བར་དུ་མཐའ་བཟུང་བར་མོ་ནུས་པར་ང་སྨྲའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཐུགས་སུ་ཆུད་ནས། ལྗགས་པདྨ་དམར་པོའི་འདབ་མ་དྲི་མ ་མེད་ཅིང་ལོ་མ་འཇམ་པ་དང་། མཚལ་དམར་པོ་དང་། ཤིང་མྱ་ངན་འཆང་གི་ལོ་མ་དང་། ཟངས་ཀྱི་གླེགས་མ་སྲབ་མོ་འདྲ་བ་ཆུ་ཞེང་གབ་པས། ཞལ་གྱི་དཀྱིལ་འཁོར་དབུའི་སྒྲ་མཚམས་ལ ་ཐུག་པའི་བར་ཐམས་ཅད་བརྐྱང་སྟེ། ཀུན་དགའ་བོ་ལ་བཀའ་སྩལ་པ་དང་། ཀུན་དགའ་བོ་ཁྱོད་ཀྱིས་བརྫུན་དུ་སྨྲ་བ་དང་། ཕྲ་མ་སྨྲ་བ་དང་། ཚིག་རྩུབ་མོ་སྨྲ་བ་དང་། ཚིག་འཁྱལ་བ ་སྨྲ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ། བཙུན་པ་མ་ལགས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་བ་ཡིན་ནོ།། ་ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ་ཞེས་ཕྱག ་འཚལ་བར་བྱེད་ན། སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ན། ཡོངས་སུ་མྱ་ངན་ལས་བཟླས་པ་ཡིན་ནོ།། སེམས་ཅན་དེ་རྣམས་ནིང་ཐུགས་ཁྲལ་ཆུང་བ་ཡིན་ནོ།། ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ།། དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར། ཐལ་མོ་སྦྱར་བའང་ཆུད་ཟ་བར་མི་འགྱུརན། ་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ལྟོས་ཤིག། སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་མམ། ཕོར་བུ་བཀྲུས་པ་ཙམ་མམ། ཕྲུ་ལྐོག་བཀྲུས་པ་ཙམ ་གང་ཡིན་པ་དེའང་ཡོད་ལ། གལ་ཏེ་དེ་སེམས་ལ་འདི་སྙམ་དུ། འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་ཅིག་སྙམ་དུ་སེམས་ཤིང་། སྟོར་ཁུང་དུ་འབོག་པར་བྱེད་ན། ་ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲའོ།། མིར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ།། གསུམ ་པོ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ།། ཀུན་དགའ་བོ་དེ་གང་གིས་ཉི་མ་ཅིག་གཅིག་སྲོག་གཅོད་པ་སྤོང་ཞིང ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། གང་ཞིག་གིས་ཨ་རུར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན། དེ་ནད་ཀྱི་བར་གྱི་བསྐལ ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཟས་ནལ་ཟེ་གང་ཙམ་དགེ་འདུན་ལ་ཕུལ་ན། དེ་མུ་གེའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ།། གསུམ་པོ་གང་དག་ཅེ ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ ་པར་བྱེད་པ་ཡིན་ནོ། ། དགེ་བའི་རྩ་བ་ཆོས་ལ་བསྐྱེད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས ་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ ་བོཔོ་ཁྱོད་ཀྱིས་འཛམ་བུ་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུ་གླིང་ནི་ཞེང་དུ་ནི་དཔག་ཚད་བདུན་སྟོང་། མཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི ་ཞེང་ནི་ཆེ། ལྷོའི་ནི་ཤིང་རྟའི་དབྱིབས་སོ།། ངོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ལ་ལ་དག་གིས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར ་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། ་གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ ་འཛུགས་སུ་བཅུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། ། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ལྟ་ཞོག་གི། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཞེང་དུ་ནི་དཔག་ཚད་བརྒྱད ་སྟོང་ཆུར་ཡང་དཔག་ཚད་བརྒྱད་སྟོང་ཡོད་པ། ཀུན་ནས་ཟླ་བ་ཁམ་པ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ ་ཞུགས་པ་རྣམས་དང་། ཡན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན ་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་པོའི་གླིང་ལྔ་ཡང ་ཞོག་གི། ཀུན་དགའ་བོ་ནུབ་ཀྱི་བ་གླང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ་དཔག་ཚད་དགུ་སྟོང་། ཆུར་དཔག་ཚད་དགུ་སྟོང་ཡོད་པ། ཀུན་ནས་ཟླ་བ་ཉ་བ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ། ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང ་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུ་ཅིང་། སྐུ་གཟུགས ་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང ་གི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་པོའི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང་ཞེང་དུ ་དཔག་ཚད་ཁྲི། ཆུར་ཡང་དཔག་ཚད་ཁྲི་ཡོད་པ། ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས ་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་རྣམས་ལ་འབུལ་བར ་བྱེད་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། ་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་གྱི་འབྲ་ཙམ ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་པོའི་གླིང་ལྟ་ཡང་ཞོག། ་ནུབ་ཀྱི་བ་གླང་སྤྲོད་ཀྱི་གླིང་ལྟ་ཡང་ཞོག། བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག། གདུག་ནི་རྒྱ་ཤུག་གི་ལོ་མ་ཅེ་འགེབས་སུ་འཇུག་ཅིང་། སྐུ་གཟུགས་ནས ་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུ་གླིང ་གི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྷ་ཡང་ཞོག། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག། བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི ་བང་བཟངས་རྣམ་པར་རྒྱལ་བ་ལྔ་ཡང་ཞོག་གི། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལས ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣཾས ་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ ་འཇུག། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།། ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ།། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད ་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། བྱམས་པ་ནས། བཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད་དེ། ཀུན ་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། ཁང་བུ་བརྩེགས་པའི་མདོ་རྫོགས་སོ།། ་