| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བུདྡྷ་དྷརྨ་ཀོ་ཥ་ཀཱ་ར། བོད་སྐད་དུ། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ། བམ་པོ་དང་པོ།། མིང་གཅིག ་ནི་ཆོས་སོ་ཅོག་ལས་གདམས་པ་གསལ་བའོ། ། སངས་རྒྱས་ཀྱི་མཛོད་བཤད་པའི་ཡི་གེའི་ལེའུ་དང་པོ་སྟེ། ཆོས་སོ་ཅོག་གི་བདེན་པའི་མཚན་མའི་ལེའུའོ།། འདི་སྐད་བདག་གིས་ཐོས་པའི་དུས ་གཅིག་ན། སངས་རྒྱས་རྒྱལ་པོའི་ཁབ་ཀྱི་རི་ཁུ་མཐའི་རི་ལ། དགེ་སློང་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། ཀུན་ཀྱང་ཕལ་གྱིས་ཤེས་རིག་པ་དང་། མུ་གེ་མེད་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ། དཔག་ཏུ་མེད་གྲངས་མེད་དོ།། དེའི་ཚེ་ཤཱ་རིའི་བུ་ཏིང་ངེ་འཛིན་ནས་བྱུང་སྟེ། སངས་རྒྱས་ཀྱི་ཐད་དུ་སོང་ནས། ཕྲག་པ་གཡས་པ་ཕྱུང་སྟེ། མགོ་དང་གདོད ་གིས་ཕྱག་འཚལ་ནས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་སྐྱེ་བའང་མེད།། འགག་པའང་མེད།། མཚན་མའང ་མེད། བྱ་བའང་མེད་ན། མི་རྣམས་ཡིད་ཆེས་ཤིང་ཤེས་པར་བགྱིས་པ་ཡོད་པ་དཀོན་ནོ།། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བསོད་ཅི་ཞིག་མཐོང་ན། ་ཡང་དག་པར་གཤེགས་པས་བཤད་པས་ཆོས་སོ་ཅོག་ཀུན་ལ་སྐྱེ་བ་མེད།། འགོག་པ་མེད། མཚན་མ་མེད། བྱ་བ་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་དཀོན་ནོ་ཞེས་བསྟོད།། ་ཤཱ་རིའི་བུས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདེན་པ་མཆིས་ན། ཁོ་བོ་སེམས་འདི་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མ་མེད་པའི་ཆོས་ལ་ནི་མིང ་དང་མཚན་མས་བཤད། ངག་དང་ཚིག་མེད་པའི་ཆོས་ནི་ངག་དང་ཚིག་གིས་བཤད་པ་དེའི་དོན་བསམས་ན་ཡོད་པ་དཀོན་པའི་སེམས་སྐྱེས་སོ།། སངས་རྒྱས་ཀྱིས། ཤཱ་རིའི ་བུ་ལ་བཀའ་སྩལ་པ། དེ་ཡིན་ནོ།། དེ་ཡིན་ནོ།། དོན་ཡོད་དཀོན་ཏེ་རབ་ཏུ་ཡོད་པ་དཀོན་པས་ན། སངས་རྒྱས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།། ཤཱ་རིའི་བུ་དཔེར ་ན། རི་མོ་མཁས་པས་ནམ་མཁའ་ལ་བྲིས་ཏེ། ཁ་དོག་དང་གཟུགས་རྣམ་པ་ཅི་ཡང་སྣང་བར་བྱས་ན། ཁྱོད་ཀྱི་ཡིད་ལ་ཇི་སྙམ་དུ་སེམས། རི་མོ་མཁན་དེ་ཡོད་པ་དཀོན་ནམ་མི་དཀོན། བཅོམ ་ལྡན་འདས་དཀོན་ལགས་སོ། ། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་ཐོབ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་སོ་ཅོག་ལ་སྐྱེ་བ་མེད། འགག་པ་མེད། མཚན་མ་མེད།། ་བྱ་བའང་མེད་པར་བཤད་ན་མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཆེས་དཀོན་ནོ།། ཅིའི་ཕྱིར་ཞེ་ན། མིང་དང་མཚན་མ་མེད་པའི་ཆོས་ལ་བསམ་པའང་མེད། ཐོབ་པའང་མེད། སྤྱད ་པའང་མེད། བསམ་གྱིས་མི་ཁྱབ་ཅིང་སེམས་གནས་ཀྱིས་ཤིང་རྟེན་པའང་མ་ཡིན། འདྲན་ཏོར་དུ་བརྗོད་པའང་མེད། འདྲན་ཏོར་དུ་བརྗོད་ཅིང་རྟེན་གནས་སུ་རུང་བའང་མ་ཡིན། མི་ཀུན ་ཡིད་ཆེས་ཤིང་ཤེས་པར་བྱ་ཆེས་ཀྱིས་ཡོད་པ་དཀོན་ནོ། ། ཤཱ་རིའི་བུ་རི་རབ་རིའི་རྒྱལ་པོ་མཐོ་ཞིང་ཆེ་འམ་མི་ཆེ། བཅོམ་ལྡན་འདས་མཐོ་ཞིང་ཆེའོ།། ཤཱ་རིའི་བུ་གནམ་ངོས་བཞིའི་ནང་ན་ཁྱབ ་པར་རྡོ་ཆེན་པོའི་ཆར་བབ་སྟེ། ཀུན་རི་རབ་རིའི་རྒྱལ་པོ་ཙམ་ན་མི་ལ་ལ་ཞིག་གིས་ལག་པས་རྡོ་དེ་དག་བཟེད་ཅིང་བསྡུས་ཏེ། སྐེ་ཚེའི་འབྲས་བུ་ཙམ་ཡང་ལྷུང་ཞིང་ཟད་པ་མེད་དེ། ཁྱོད་ཀྱི་ཡིད ་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འགག ་པའང་མེད། མཚན་མའང་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཆེས་ཀྱིས་དཀོན་ནོ།། ཤཱ་རིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ལག ་པ་གཡོན་པར་བཞག་ལ། ལག་པ་གཡས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། རི་རབ་དང་། ཆུ་བོ་དང་། རྩི་ཤིང་བཏེག་སྟེ། སེམས་ཅན་དེ་རྣམས་ཐམས་ཅད ་སེམས་འཐུན་པར་དགའ་སྐྱིད་ཅིང་། ཡིད་ལ་ཐ་དད་པ་མེད་པར་བྱ་ནུས་ལ། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ་ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པས། ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འགག་པའང་མེད། མཚན་མའང་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤེས་པར ་བྱ་བ་ཆེས་ཀྱིས་ཡོད་པ་དཀོན་ནོ། ། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་ཀུན་ལ་ངོ་བོ་ཉིད་མེད་དེ། སྟོང་པ་ཅི་ཡང་མེད་པས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་ཤིང ་ཤེས་པར་དཀའ་འོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་དེ་ལ་འདུ་ཤེས་མེད་དེ། འདུ་ཤེས་སོ་ཅོག་དང་བྲལ་ལོ།། བསམ་པ་མེད་དེ་བསམ་པའོ་ཚིག་དང་བྲལ་ལོ།། ་བླང་བ་མེད་དེ། དོར་བའང་མེད། འདྲན་ཐོར་ཡང་མེད། མྱ་ངན་ཚ་བའང་མེད། ཆུ་ལོགས་ཀྱི་འགྲམ་ཡང་མེད། ཕ་རོལ་གྱི་འགྲམ་ཡང་མེད། སྐབས་ཀྱང་མེད། གཏི་མུག་ཀྱང་མེད། ་རིག་པའང་མེད་དེ། ཚད་མེད་པའི་ཡེ་ཤེས་ཀྱིས་ན། གདོད་ཤེས་པར་རུང་སྟེ། བསམས་པས་ཤེས་པར་ནུས་པ་མ་ཡིན་ནོ།། སྤྱད་པའང་མེད། འདུ་ཤེས་ཀྱང་མེད། མྱ་ངན་ཆ ་བའང་མེད། དེ་བསམ་པ་མེད་ན་བསམ་པ་ཀུན་ལས་འདས་སེམས་མེང་ན་སེམས་ཀུན་ལས་འདས། ཕྱོགས་པའང་མེད། ལོག་པའང་མེད། བཅིངས་པའང་མེད། བཀྲོལ ་བའང་མེད། བདེན་པའང་མེད། མི་བདེན་པའི་ཆོས་ཀྱང་མེད། གཏི་མུག་ཀྱང་མེད། གཏི་མུག་གི་ཆོས་ཀྱང་མེད། གཏི་མུག་གི་དྲ་བའང་མེད། མིང་ཡང་མེད། ཚིག་མེད། ་བཤད་པ་མེད། མ་བཤད་པ་མེད། ཟད་པའང་མེད། མ་ཟད་པའང་མེད། སྤྱད་པའང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུའང་མེད། བྲལ་བ་མེད་ན་བྲལ་བ་རྣམས ་ལས་འདས་ཏེ། བསམ་པའང་མེད། གོ་འདུན་འདྲེས་པའང་མེད། བླང་བའང་མེད། དོར་བའང་མེད། ཐོབ་པ་མེད། ཐོབ་པར་ཡང་མི་རུང་། བདེན་པ་རྣམས་ཀྱང་བསལ ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་བསལ་ཏེ། བདེན་པའང་མེད། བརྫུན་པའང་མེད། རྟག་པའང་མེད། རྟག་པ་མེད་པའང་མ་ཡིན། སྣང་བའང་མ་ཡིན། མི་སྣང ་བའང་མ་ཡིན། མུན་པའང་མ་ཡིན། སྣང་བའང་མ་ཡིན། སེམས་ལ་མི་འདུག། ངོ་བོ་ཉིད་མེད་དེ། ངོ་བོ་ཉིད་ཐོག་མ་ནས་སྟོང་པས་བདུད་ཕེབས་ཐུལ་བར་ནུས། མྱ་ངན་དང ་འཁྲུག་པ་ཕེབས་ཐུལ། ཕུང་པོ་ལ་སྐྱེ་མཆེད་བཅུ་གཉིས་ཕེབས། ཁམས་བཅོ་བརྒྱད་ཕེབས་ཐུལ། ཕུང་པོ་ལྔ་ཡོད་ཅེས་འཆད་པ་ཐུལ། སྐྱེ་མཆེད་བཅུ་གཉིས་ཡོད་ཅེས་འཆད་པ ་ཕེཕེབས་ཐུལ་ལ། ཁམས་བཅོ་བརྒྱད་ཡོད་ཅེས་འཆད་པ་ཕེབས་ཐུལ། སེམས་ཅན་ཡོད་ཅེས་འཆད་པ་དང་། གང་ཟག་ཡོད་ཅེས་འཆད་པ་ཕེབས་ཐུལ། ཚེ་ཡོད་ཅེས་འཆད་པ་དང་། སྲོག ་ཡོད་ཅེས་འཆད་པ་དང་། ཡོད་པ་ཡོད་ཅེས་འཆད་པ་དང་། ཡོད་པ་མེད་ཅེས་འཆད་པ་ཕེབས་ཐུལ་ལོ།། ལོག་པའི་སྤྱོད་པ་ཐམས་ཅད་ཀུན་ཕེབས་ཐུལ་ཏོ།། ཤཱ་རིའི་བུ་ངའི་འཕྲུལ་གྱི་ཆོས ་འདིས་འདོད་ཆགས་ཐམས་ཅད་དང་། ཆོས་ཡོད་ཅེས་འཆད་པ་དང་། ཆོས་སོ་ཅོག་གི་ཡང་དག་པའི་བདེན་པའི་མཚན་མ་ལ་ཡིད་མི་ཆེས་མ་དད་པ་དང་། སངས་རྒྱས་ཀྱི་ཆོས་ལ་ཟློག་པ་ཀུན་ཕེབས ་ཐུལ་བར་ནུས་སོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་ལ་ལ་ཞིག་བདག་ཏུ་ལྷ་འཆད། གང་ཟག་ཏུ་འཆད། སེམས་ཅན་ཡོད་པར་འཆད་པ་དང་། མེད་པར་འཆད་པ་དང་། རྟག་པ ་སྙམ་དུ་འཆད། ཡོད་པ་སྙམ་དུ་འཆད། མེད་པ་སྙམ་དུ་འཆད་ཅིང་ཆོས་རྣམས་འཆད་པ་དང་། བརྙན་མའི་མིང་དུ་ཚོར་བའང་མེད། བརྟགས་པའང་མེད། ཅེས་བསྡུ ་བའང་མེད། སེམས་ལའང་མི་འདུག། ཐོབ་པས་ཐོབ་པའང་མེད། ཆུ་ལོགས་ཀྱང་མེད། ཕ་རོལ་ཀྱང་མེད། རྣམ་པར་རྟོག་པའང་མེད། གཡོ་བའང་མེད། རང་བཞིན་ཡང་མེད་དེ ་ཐོག་མ་ནས་རང་སྟོང་པས་བསམ་དུའང་མི་རུང་། དབྱུང་དུའང་མི་རུང་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་མི་ནུས་པ་དེ་ལྟ་བུའི་མིང་མཚན་མ་མེད་པའི་ཆོས་མིང་དང་མཚན་མས་བཤད ་དེ། དེ་ལྟ་བུའི་ཆོས་སོ་ཅོག་ཀུན་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད་པས་མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱ་བ་ནི་ཆེས་ཀྱིས་ཡོད་པ་དཀོན་ནོ།། ཤཱ་རིའི ་བུ་མི་ལ་ལ་ཞིག་གིས་རི་རབ་རིའི་རྒྱལ་པོ་བལྡད་དེ། མིང་ལ་ཞུ་ཞིང་ཟད་པར་བྱ་ནུས་ལ། ནམ་མཁའ་ལ་འཕུར་ཏེ་སོང་ན། གནོད་པ་མེད་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱིས་བཤད་པ་ལ་ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འགོག་པ་མེད། མཚན་མའང་མེད། བྱ་བའང་མེད ་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཆེས་ཀྱིས་ཡོད་དཀོན་ནོ།། ཤཱ་རིའི་བུ་དཔེར་ན་མི་མཁར་ཆུ་ཞེང་མཐོང་མན་དཔག་ཆད་རེ་རེ་ཡོད་ལ། སྒོ་བཞིར་མེ་ལྕེ་བྱུང་བ་ལ་མི་ཞིག་ཁུར་དུ་རྩཝ་སྐམ ་པོ་ཁྱེར་ཏེ་དེ་ནས་ཕར་རྒལ་བ་རླུང་དྲག་པོས་བུས་པའི་མེ་ལྕེ་དེའི་ལུས་བསྲེགས་ན། མི་དེས་མེས་རྩཝའང་མ་ཚིག། ལུས་ཀྱང་མ་ཚིག་པར་བྱ་ནུས་ཏེ། དེའི་ནང་ནས་བྱུང་སྟེ། སྔོན་གྱི་དང་མི་མཚུང ་པར་མེད་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་ཡོད། དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པས། ཆོས་སོ་ཅོག་ཀུན་ལ་སྐྱེ་བ ་མེད། འགོག་པ་མེད། མཚན་མ་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱ་བ་ཆེས་ཀྱིས་ཡོད་པ་དཀོན་ནོ།། ཤཱ་རིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་རྡོ་ལ་གཟིངས་སུ་བྱས་ཏེ། ་མཚོ་ཆུ་ལོགས་ཀྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བརྒལ་ན། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བ་མེད། འགོག་པ་མེད། མཚན་མ་མེད། བྱ་བའང་མེད། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱ་བ་ཆེས་ཀྱིས་ཡོད་པ་དཀོན་ནོ།། ། ་ཤཱ་རིའི་བུ་མི་ལ་ལ་ཞིག་གིས་གནམ་ངོས་བཞིའི་འོག་རི་རབ་རིའི་རྒྱལ་པོ་དང་། རི་དང་། ཆུ་བོ་དང་། རྩཝ་དང་། ཤིང་ཀུན་ཁུར་དུ་ཁྱེར་ལ། སྦྲང་བུའི་རྐང་པས་སྐས་བྱས་ཏེ། ཚངས་པའི ་ལྷའི་ཁམས་སུ་ཐུག་པར་འཛེག་ན། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན་བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད ་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཆེས་ཀྱིས་ཡོད་པ་དཀོན་ནོ།། ་ཤཱ་རིའི་བུ་དཔེར་ན་པདྨའི་ཁ་ཆུ་ཆར་གྱི་ཉག་མས་རི་རབ་རིའི་རྒྱལ་པོ་སྦྱངས་ཏེ་ནམ་མཁའ་ལ་འདུག་ན། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན་བཅོམ་ལྡན་འདས་དཀོན་ལག ་སོ། ། ཤཱ་རིའི་བུ་དཔེར་ན་བསྐལ་པ་ཟད་པའི་མེ་ཆེན་པོས་བསྲེགས་པའི་ཚེ་མི་ཞིག་གིས་མཆིལ་མ་ཐེབས་གཅིག་བཏབ་པས། མེ་དེ་ཤི་བར་ནུས་ཡང་ཐེབས་གཅིག་པུས་སླར་འཇིག་རྟེན་གྱི ་ཁམས་དང་ལྷ་རྣམས་ཀྱི་ཕོ་བྲང་དུ་གྱུར་པར་ནུས་པ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། ཡོད་པ་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས ་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཆེས་ཀྱིས་ཡོད་པ་དཀོན་ནོ།། ཤཱ་རི ་བུནྱ་བོ་ཀདྷཱ་ཆེ་ཞིང་ཡངས་པ་ནི་དཔག་ཅིང་ཚད་བཟུང་དུ་མེད་དོ། ། བཅོམ་ལྡན་འདས་འདི་ལགས་སོ།། ཤཱ་རིའི་བུ་གནམ་ངོས་པ་ནའི་འོགན་ཆར་པ་ཆེན་པོ་ཁྱབ་པར་བསམས་ཏེ། ཆར་པའི་ཐིགས ་བ་ནི་ཆུ་བོ་གངྒཱ་ཙམ་ནི་མི་ལ་ལ་ཞིག་གིས་ལག་པས་ཆར་པའི་ཐེག་པ་བཟེད་དེ་ལྷུང་ཞིང་ཟག་པ་མེད་ན། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས ་སོ། ། ཤཱ་རའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བའང་མེད། འཆད་པ་དང་། འཆད་པ་ཀུན་ལ་སངས་རྒྱས་ལ་ཟློག་ཅིང་གལ་བ་སྟེ། སངས་རྒྱས་དང་རྩོད་པའོ།། ་ཤཱ་རིའི་བུ་ཆོས་ལ་ཅུང་ཟད་ཅིག་ཐོབ་པར་འཛིན་པ་ཡན་ཆད་སངས་རྒྱས་དང་རྩོད་པའོ།། སངས་རྒྱས་དང་རྩོད་པ་ནི་ཀུན་ལོག་པའི་ལམ་དུ་འཇུག་པ་སྟེ། ངའི་སློབ་མ་མ་ཡིན་ནོ།། མྱ་ངན་ལས ་འདས་པ་དང་རྩོད་པ་དང་། སངས་རྒྱས་དང་རྩོད་པ། ཆོས་དང་རྩོད་པ། དགེ་འདུན་དང་རྩོད་པ་སྟེ། ཤཱ་རིའི་བུ་དེ་ལྟར་མཐོང་བའི་མི་ནི་ངས་ཁྱིམ་ནས་བྱུང་ཞིང་ཚུལ་ཁྲིམས་ནོད་དུ་མ་གནང་ངོ་།། ཤཱ ་རིའི་བུ་དེ་ལྟར་མཐོང་བའི་མི་ནི་ངས་ཆུ་རྔུབ་གཅིག་དང་ཡོན་དུ་མི་གནང་ངོ་། ། ཤཱ་རིའི་བུ་མི་ལ་ལ་ཞིག་དེ་ལྟ་བུར་མི་དགེ་བའི་འདོད་ཆགས་ཀྱི་དོན་བསལ་བཏང་བ་ནི་ངའི་ཆོས་ཀྱི་ནང་དུ་ཁྱིམ་ནས་བྱུང་ཞིང ་ཆོས་ལམ་འཚལ་ཏེ། མྱ་ངན་ལས་འདས་པར་ཡང་མི་སེམས། མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་ལས་འདས་པ་ལ་ཡང་མ་ཆགས་ཏེ། མཐའ་ཡུན་དུ་སྟོང་པའི་ཆོས་ཀྱིས ་མ་སྔངས་མ་སྐྲག་པ་དེ་ལྟ་བུའི་མི་ཡང་ཆོས་ཀུན་འཆད་པའི་ཕྱིར་བརྩོན་འགྲུས་སྤྱོད་ན། མི་དགེ་བ་ལ་འདོད་ཆགས་པ་དེ་ལྟ་བུའི་ལྟ་སྨོས་ཀྱང་ཅི་དགོས། བདག་ཏུ་ལྟ་བ་ལ་ཆགས་པ་དང ་སེམས་ཅན་ལ་ཆགས་པ་དང་། གང་ཟག་ལ་ཆགས་པ་དང་། ཆོས་ལ་ཆགས་པ་དེ་ལྟ་བུའི་མིས་འདོད་ཆགས་ཀྱི་རྣམས་གཅོད་པའི་ཕྱིར། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་མཚན་མ་མི ་ལེན་ཏེ། མི་དེས་ཆོས་སོ་ཅོག་ཐམས་ཅད་ཀྱི་མཚན་ཉིད་ཀུན་མཚན་ཉིད་གཅིག་ཡིན་པར་ཁོང་དུ་ཆུད་དེ། དེ་ནི་མཚན་ཉིད་མེད་པའོ།། ཤཱ་རིའི་བུ་དེ་ལྟ་བུ་ནི་མིང་འཕྲུལ་གྱི ་ཆོས་ཀྱི་གཉེན་དུལ་བའི་ཆོས་ཀྱི་བཟོད་པ་ཞེས་བྱའོ། ། གཉེན་དུལ་བའི་ཆོས་ཀྱི་བཟོད་པ་དེ་ལྟ་བུ་ཐོབ་ན།། གདོན་མི་ཟ་བར་ངའི་སློབ་མ་ཡིན་ཏེ། ཡོན་ཕུལ་བའང་ཞུ་བར་བྱ་ནུས་ལ། ལུང་སྟོན ་པར་མ་མནོས་སོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཡང་དག་པའི་བདེན་པའི་མཚན་མའི་ཆོས་འདི་ལ་འཇུག་ཏུའང་མི་རུང་། བླང་དུའང་མི་རུང་། དོར་དུའང་མི་རུང་། ཆགས་སུའང་མི ་རུང་བཤད་དུའང་མི་རུང་། སྨྲ་བའི་ཚིག་གི་ལམ་ཆད། དགའ་བའང་མེད། གཞའ་བའང་མེད། འདོད་ཅིང་དགའ་བའི་སེམས་ཀྱང་ཆད་དེ། རྐྱེན་གྱི་རྣམས་ཚོགས་པའང་མེད ་རྐྱེན་རྣམས་དང་བྲལ་བས་ལམ་མེད་ལ་མ་ཆད། ལམ་མེད་པས་ཐུགས་པས་སྨྲས་པའི་ཚིག་རྣམས་དང་། བརྗོད་ཅིང་འགྲོ་བ་དང་། སྒྲ་སྐད་ཀུན་ཆད་དེ་གཟུགས་ཀྱང་མེད། ཁ་དོག་ཀྱང་མེད།། ་བླང་བའང་མེད། ཆགས་པའང་མེད། སྤྱད་པའང་མེད།། བདེན་པའང་མེད། རྫུན་པའང་མེད། མུན་པའང་མེད། སྣང་བའང་མེད།། ཞིག་པའང་མེད། རྩོད་པའང་མེད།། གྱེས ་པའང་མེད། གཡོ་བའང་མེད། སེམས་པའང་མེད། རྣམ་པར་རྟོག་པའང་མེད་དེ། ཐོབ་པར་མི་རུང་ངོ་།། དྲི་མའང་མེད། གཙང་མའང་མེད། མིང་ཡང་མེད། མཚན་མའང ་མེད། སེམས་ཀྱིས་བགྲང་བའི་ཆོས་ཀྱང་མ་ཡིན། སེམས་ཀྱིས་སེམས་པའང་མ་ཡིན་ཏེ། དེའི་ཆོས་འདིའི་ནང་ན་སྐྱེས་པའང་མེད། བུད་མེད་ཀྱང་མེད། ལྔའང་མེད། ཀླུའང་མེད།། ་གནོད་སྦྱིན་ཡང་མེད། དྲི་ཟའང་མེད། གྲུལ་བུམ་ཡང་མེད། ཤ་ཟའང་མེད།། རྟག་པའང་མེད། བདག་ཏུ་ལྟ་བའང་མེད། སེམས་ཅན་མེད། གང་ཟག་ཀྱང་མེད། འོངས ་བའང་མེད། ། སོང་བའང་མེད། ཞུགས་པའང་མེད།། ཚུལ་ཁྲིམས་ཀྱང་མེད།། ཉམས་པའང་མེད། གཙང་བའང་མེད།། དྲི་མའང་མེད། ཏིང་ངེ་འཛིན་ཀྱང་མེད། ཐུབ་པའང ་མེད། ཐུབ་པའི་རྩ་བའང་མེད། བསམ་གཏན་ཡང་མེད། བསམ་གཏན་གྱི་རྩ་བའང་མེད། ཤེས་པའང་མེད། མཐོང་བའང་མེད། འདོད་པའང་མེད། རྩོད་པའང་མེད། ལམ ་གྱི་འབྲས་བུའང་མེད། ཤེས་རབ་ཀྱང་མེད། ཤེས་རབ་ཀྱི་རྩ་བའང་མེད།། སྣང་བའང་མེད། སྣང་བ་མེད་པའང་མེད། གྲོལ་ཐར་པའང་མེད། གྲོལ་ཐར་པ་མེད་པའང་མེད། ་འབྲས་བུའང་མེད། འབྲས་བུ་ཐོབ་པའང་མེད། སྟོབས་ཀྱང་མེད།། སྟོབས་ཐོབ་པའང་མེད། འཇིགས་པའང་མེད། འཇིགས་པ་མེད་པའང་མེད། སེམས་ཀྱང་མེད། ་སེམས་ཀྱི་རྩ་བའང་མེད། འདུག་པའང་མེད། འགྲོ་བའང་མེད། ཆོ་ག་འང་མེད། ཚུ་རོལ་ཀྱང་མེད། ཕ་རོལ་ཀྱང་མེད། དྲན་ཞིང་འདུ་ཤེས་ཀྱིས་རྣམ་པར་བརྟགས་པའང་མེད། ་བྱང་ཆུབ་ཀྱང་མེད། བྱང་ཆུབ་ཀྱི་ཤེས་ཀྱང་མེད། ཤེས་རབ་ཀྱང་མེད། ཤེས་རབ་མེད་པའང་མེད། སའང་མེད། ཆུའང་མེད། མེའང་མེད། རླུང་ཡང ་མེད། སྡིག་ཀྱང་མེད། དཔལ་ཡོན་ཡང་མེད། ཆོས་ཀྱང་མེད། ཆོས་མེད་པའང་མེད། སྡུག་བསྔལ་བའང་མེད། སྐྱིད་པའང་མེད། འདྲན་ཐོར་བརྗོད་པ་ཐམས་ཅད་ཀྱི་རྩ་བའི ་ཐོག་མ་ཀུན་འབྱུང་སྟེ། ཐམས་ཅད་ཡོངས་སུ་བྲལ་བས་གྲངས་ཏེ་དུད་པའང་མེད་དོ།། ཤཱ་རིའི་བུ་གཅེས་པའི་ཚིག་བསྐྱོད་དོ།། ང་ཡིས་ཆོས་ཀྱིས་སེམས་སོ་ཅོག་ཐམས་ཅད་དང་། མཐོང ་ངོ་ཅོག་ཐམས་ཅད་དང་། བདུད་ཐམས་ཅད་དང་། ལེ་ལོ་ཡར་སྐྱེ་བ་ཀུན་བཤིག་སྟེ། དྲན་ཞིང་སེམས་སོ།། སྨྲ་བའི་ཚིག་ཐམས་ཅད་ཀུན་བཅད་བསལ་ཏོ།། ངའི་ཆོས་དེའི་ནང་ན་རྟག་པ ་མེད། རྟག་པ་མེད་པའང་མེད།། སྡུག་བསྔལ་མེད།། སྐྱིད་པའང་མེད།། དྲི་མའང་མེད།། གཙང་མའང་མེད།། ཆད་པའང་མེད།། རྟག་པའང་མེད། བདག་ཏུ་ལྟ་བའང་མེད། ་སེམས་ཅན་ཡང་མེད། གང་ཟག་ཀྱང་མེད། ཚེའང་མེད། སྲོག་ཀྱང་མེད། སྐྱེ་བའང་མེད། འགོག་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས་པས ་ཆོས་ལ་ཅི་ཡང་ཐོབ་པ་ཡོང་མེད་ཅིང་ཞི་བ་ཡོད་པས་ན། མིང་མྱ་ངན་ལས་འདས་པ་ཞེས་བྱ་ན། མྱ་ངན་ལས་འདས་པ་ཐོབ་པའང་མ་མཐོང་། ཤཱ་རིའི་བུ་སངས་རྒྱས་ཀྱང་མྱ་ངན་ལས་འདས་པ ་མི་སེམས་སོ། ། མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་ལས་འདས་པ་ལ་འདོད་ཆགས་ཀྱང་མེད་དོ།། དེ་ལྟ་བས་ན་དེ་ནི་རབ་ཏུ་ངོ་མཚར་བར་མངོན་ཏེ། ཡོད་པ་དཀོན་ནོ།། ་དེ་ནི་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཆེས་ཀྱིས ་ཡོད་པ་དཀོན་ནོ། ། ལེའུ་སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་ལས་བསམ་པའི་ལེའུ་སྟེ་གཉིས་པའོ།། །། དེའི་ཚེ་ཤཱ་རིའི་བུས། སངས་རྒྱས་ལ་གསོལ་པ། ་བཅོམ་ལྡན་འདས་ཆོས་འདིའི་ནང་ན་ཇི་ལྟ་བུ་ལ་ངན་པའི་བཤེས་གཉེན་ཞེས་བགྱི། ཇི་ལྟ་བུ་ལ་དགེ་བའི་བཤེས་གཉེན་ཞེས་བགྱི། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། དགེ ་སློང་ལ་ལ་ཞིག་དགེ་སློང་གཞན་ལ་སྟོན་པ། དགེ་སློང་ཁྱོད་སངས་རྒྱས་ལ་སོམས་ཤིག། ཆོས་ལ་སོམས་ཤིག། དགེ་འདུན་ལ་སོམས་ཤིག། ཚུལ་ཁྲིམས་ལ་སོམས ་ཤིག། གཏོང་བ་ལ་སོམས་ཤིག། ལྷ་ལ་སོམས་ཤིག། དགེ་སློང་ཁྱོད་ཀྱིས་ལུས་ལ་རྟོགས་ཏེ། ལུས་གཟུགས་དེ་མི་གཙང་བར་སོམས་ཤིག། བྱ་བ་ཡོད་དོ་ཅོག་གི་ཆོས་ཐམས ་ཅད་ཀུན་ནི་རྟགས་པར་མེད་པར་རྟོགས་ཤིག། ཆོས་སོ་ཅོག་ནི་སྟོང་པར་ང་མེད་པར་རྟོགས་ཤིག། དགེ་སློང་ཁྱོད་ཀྱིས་རྐྱེན་ནོ་ཅོག་གི་མཚན་མ་བླངས་ཏེ། སེམས་ཀྱི་རྐྱེན་གྱིས་ནང་དུ་བརྟག ་པ་བཞིན་སྟོང་པའི་མཚན་མ་གཅིག་ཏུ་སེམས་ཤིག། དགེ་བའི་སེམས་ལ་དད་པར་བྱོས་ཤིག། དགེ་བའི་ཆོས་ཀྱི་མཚན་མ་ལོང་ལ་མི་དགེ་བའི་ཆོས་ཀྱི་མཚན་མ་བླངས་ཟིན ་ནས་གཅད་པར་བྱ་བའི་ཕྱིར། བརྟགས་ཤིང་བསམ་པ་སྤྱད་པ་སྦྱངས་ཏེ། འདོད་ཆགས་གཅད་པའི་ཕྱིར་མི་གཙང་བའི་མཚན་མ་ལ་བརྟག་གོ།། ཞེ་སྡང་གཅད་པའི་ཕྱིར་བྱམས་པའི་སེམས ་ཀྱི་མཚན་མ་ལ་བརྟག་གོ། ། གཏི་མུག་གཅད་པའི་ཕྱིར་རྒྱུ་རྐྱེན་གྱི་ཆོས་ལ་བརྟགས་ཏེ། བརྟག་པར་ཚུལ་ཁྲིམས་གཙང་མ་བསམས་ལ་གཅིག་ཏུ་སྟོང་པའི་མཚན་མ་བླངས་ཏེ། བརྩོན་འགྲུས ་བརྟག་པར་སྤྱད་ལ། བསམ་གཏན་བཞི་ཐོབ་ནས་སེམས་གཅིག་ཏུ་ལམ་བཙལ་ཏེ། མི་དགེ་བའི་ཆོས་ནི་སྤངས་ནས། ནང་གི་བདེ་སྐྱིད་ཡོད་པར་བརྟག་གོ།། སེམས་གཅིག་ཏུ་ལམ་སྤྱད་དེ། ་དགེ་མི་དགེའི་ཆོས་བྱེ་བྲག་ཕྱེད་པར་རྟོག་པར་བརྟག་གོ།། མཚན་མར་རྟོག་སྟེ་བླངས་ཟིན་ནས། སེམས་གཅིག་ཏུ་བསམས་ཏེ། མྱ་ངན་ལས་འདས་པའི་བདེ་བ་སྟོང་པ་ཞི་བ་བརྟགས་ཏེ། ་མྱ་ངན་ལས་འདས་པ་མཐའ་ཡུན་དུ་གཙང་བ་དག་པ་འབའ་ཞིག་བླངས་ཏེ། དེ་ལྟ་བུར་སྟོན་པ་ནི་མིང་ཡོན་པོར་སྟོན་པ་སྟེ། དེ་ལྟ་བུའི་དྲང་པོར་སྟོན་པ་མ་ཡིན་ནོ།། ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་ནི་མིང ་ངན་པའི་བཤེས་གཉེན་ཏེ། མིང་དེ་ལྟ་བུའི་མིང་ངན་འཕྱ་ཞིང་སྐུར་པ་ཞེས་བྱ་སྟེ། མུར་འདུག་ལ་སྟོང་པ་ཞེས་བྱའོ།། མི་གཞན་ལ་ལོག་པར་ལམ་གྱི་ཆོས་འཆད་པ་ཞེས་ཀྱང་བྱའོ།། ཤཱ་རིའི ་བུ་ངན་པ་ནི་ངས་ཆུ་རྔུབ་གཅིག་དང་ཡོན་ལེན་དུའང་མི་གནང་ངོ་། ། ངས་སྟོན་པ་ནི་བཤད་ཀྱི། སློབ་པ་ནི་མ་བཤད་དོ།། ཤཱ་རིའི་བུ་ངའི་ཆོས་ལ་དེ་ལྟ་བུར་ལེ་ལོར་ཡང་སྐྱེ་བར་སྟོན་པ་མང་དུ་ཡོད ་དོ། ། ཤཱ་རིའི་བུ་བསྟན་པ་ནོད་པ་ནི་ཆུ་ཁྲིམས་མནོས་ཏེ། ལོ་ལྔའི་བར་དུ་ཀུན་སྟོང་མི་ཕོད་ན། དེ་ལྟ་བུ་བསྟན་པ་ནི་བསྟན་པ་དེ་ལ་སེམས་འགྲུས་པས་སྤྱད་དེ། རང་ལ་ཅིའང་མེད་པ་ཐོབ་པ ་ཡོད་དོ། ། དགེ་སློང་སོང་སྟེ་མི་གསོལ་མི་འདྲི་བ་ངས་བཤད་པ་ལ་མི་དེ་ལོ་ལྔ་ལོན་མོད་ཀྱི། འོན་ཀྱང་མིང་ལོག་པར་མཐོང་སྟེ། མུར་འདུག་གི་ཆོས་དང་འདྲེས་ཤིང་བདུད་ཀྱིས་བསྟན་པ་བཞིན ་དུ་སྤྱོད་པའོ། ། ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་དེ་སྐད་དུ་བསྟན་པ་མནོས་ཟིན་ནས། སྟོང་པ་ཆོས་ཅི་ཡང་ཐོབ་པ་མེད་ཅེས་ཐོས་ན། མོད་བཞིན་རང་གིས་ཚེར་ཤེས་ཏེ། བདག་གིས་སྔར ་མནོས་པ་ནི་ཀུན་ལོག་པར་མཐོང་བ་ཡིན་ཏེ། སྟོང་པ་ཅི་ཡང་ཐོབ་པ་མེད་པའི་ཆོས་ལ་ཐེ་ཙོམ་ཡང་མེད། འགྱོད་པའང་མེད། དེ་ཟབ་ཏུ་ཞུགས་ཤིང་ཐོགས་མེད་པས་བདག་ཏུ་ལྟ་བ་དང་། གང ་ཟག་ཏུ་ལྟ་བ་ཐམས་ཅད་ལ་མི་རྟེན་ཏོ། ། ཤཱ་རིའི་བུ་ངས་བཤད་པ་ལ་དེ་ལྟ་བུའི་མིང་གཙང་དག་པའི་ཚངས་པ་སྤྱད་པ་ཞེས་བྱའོ།། ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་གིས་དེ་ལྟ་བུ་ཅིའང་ཐོབ་པ་མེད་པའི ་བཟོད་པ་འབྱོར་པ་འགྲུབ་པ་འཕྲུལ་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མ་ཐོབ་མོད་ཀྱི། ངས་ལུང་བསྟན་ཏེ་སངས་རྒྱས་བྱམས་པའི་དུས་ཀྱི་ཚོགས་པ་དང་པོ་ལ་འཇུག་གོ།། དེའི་ཚེ་སངས ་རྒྱས་བྱམས་པའང་ཤིན་ཏུ་དགའ་ནས། ལན་གསུམ་བོས་ཏེ་མི་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཅིའང་ཐོབ་པ་མེད་པའི་བཟོད་པའི་འབྱོར་འགྲུབ་པས་ནུས་སོ་ཞེས ་བོས་སོ། ། ཤཱ་རིའི་བུ་ཁྱིམ་ན་འདུག་པའང་རུང་། ཁྱིམ་ནས་བྱུང་བའང་རུང་སྟེ། དེ་ལྟ་བུ་བཟོད་པ་འབྱོར་འགྲུབ་ནས། ངས་མི་དེ་མྱ་ངན་ལས་འདས་པ་ཐོབ་པ་ཡང་དག་པར་ལུང་སྟོན་ཏོ།། ་ཤཱ་རིའི་བུ་མི་ལ་ལ་ཞིག་དེ་སྐད་དུ་བསྟན་པ་ཟིན་ནས། སྟོང་པ་ཅིའང་ཐོབ་པ་མེད་པའི་ཆོས་ཐོས་ན་མོད་བཞིན་སྔངས་སྐྲག་ན། མི་དེ་སྙིང་རྗེར་རུང་སྟེ་མདའ་མེད་དོ།། བསྙེན་པ་མེད་དེ་སེམས ་ཅན་དམྱལ་བར་ཕྱོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱིས་བསྟན་པ་ལ་སྤངས་སྐྲག་ཅིང་དོགས་པ་སྟེ། མི་དེས་ངས་གསུངས་པའི་ལ་མཆོག་ཚང་བའི་ཕྱིར་རོ།། ཇི་ལྟ ་ཞེ་ན། ངས་རྟག་པར་བཤད་པ་ལ་ཐོབ་པ་ཡོད་ཅེས་འཆད་པ་ནི་ལམ་ངན་པའི་ཤས་ཡིན་ནོ།། ཇི་ལྟ་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱིས་ཐོབ་པའི་ཆོས་ཡིན་མ་ཡིན་དང་ཐ་དད་པ་མེད་དོ།། ་ཐ་དད་དུ་ཟིན་ན་ཐོབ་པ་ཡིན་ནོ།། ཤཱ་རིའི་བུ་མི་ལ་ལ་ཉིས་ན་ལོག་པའི་ལྔའི་སྡིག་ལྕི་བ་འབྱོར་འགྲུབ་ཀྱང་རུང་གི། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། ཕུང་པོ ་དང་། སྐྱེ་མཆེད་དང་། ཁམས་སུ་ལྟ་འབྱོར་འགྲུབ་ཏུ་མི་རུང་ངོ་།། ཚུལ་ཁྲིམས་འཛིན་ལ་འདོད་ཆགས་ན་ཚུལ་ཁྲིམས་འཛིན་པ་ལ་ཆགས་པར་མཐོང་བའོ།། ཏིང་ངེ་འཛིན་ལ་འདོད་ཆགས ་ན་ཏིང་ངེ་འཛིན་མཐོང་བ་ལ་ཆགས་པའོ། ། སངས་རྒྱས་ཀྱི་འདུ་ཤེས་ལ་རྟེན་ན་ཆོས་ཀྱི་འདུ་ཤེས་ཐོབ་པའོ།། དགེ་འདུན་གྱི་དོན་བཅད་ན་ལུས་མཐོང་བ་འབྱོར་འགྲུབ་བོ།། དེ་ཅིའི་ཕྱིར་ཞེ་ན། ་སངས་རྒྱས་ཀྱི་ཆོས་ལུས་མཐོང་བ་འབྱོར་འགྲུབ་ན་དགེ་འདུན་གྱི་གྲངས་སུ་མི་གཏོགས་སོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་སློབ་མ་རྣམས་ནི་སེམས་ལ་རྣམ་པར་བརྟག་པ་མེད་དོ།། ཤཱ་རིའི་བུ་སངས ་རྒྱས་ཀྱི་སློབ་མ་རྣམས་ལ་མི་དགེ་བ་མེད་དོ། ། ཚུལ་ཁྲིམས་ཞིག་པ་མེད་དོ།། ཞིག་པར་མཐོང་བ་མེད་དོ།། ཆོ་ག་ཞིག་པ་མེད་དོ།། ཤཱ་རིའི་བུ་གང་ལ་སོགས་པ་ངན་པ་མི་དགེ་བ་ཞེས་བྱ ་སངས་རྒྱས་དང་དགེ་འདུན་གྱི་གྲངས་སུ་མ་ཆུད་པའི་མིང་ངན་པ་མི་དགེ་བའོ། ། སེམས་ཀྱིས་སེམས་བགྲང་བའི་ཆོས་ནི་རྐྱེན་རྣམས་དང་འདུག་པ། ཡང་དག་པ་བདེན་པའི་དོན་མེད་དེ། རྣམ ་པར་རྟོག་པ་འབའ་ཞིག་བྱེད་དོ། ། རྣམ་པར་རྟོག་པ་སྤྱད་པས་ན། ཐོབ་པ་ཡོད་དུ་འཛིན་ཏེ་གང་ཟག་ཐོབ་པ་ནས། ཚིག་གིས་བཤད་པ་ཡོད་པ་ཀུན་ལ་ཐུག་གི་བར་དུ་སེམས་ཀྱིས་སེམས ་འཐུང་དེ། དགེ་མི་དགེ་བའི་ཆོས་ལ་ཐུག་པ་ནི། འཕྲུལ་གྱི་ཆོས་ཀྱི་ནང་ན་མི་ངན་པ་མི་དགེ་བའི་ཆོས་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱིད་པ་ཡོད་པའི་གནས་ཀྱི་ནང་ན་གདོན་མི་ཟ ་བར་ཉོན་མོངས་པ་ཡོད་དོ། ། ཡང་དག་པར་གཤེགས་པའི་ཆོས་ལ་ནི་དེ་ལྟ་བུའི་སྒྱིད་སྡུག་མེད་དོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་ཐོབ་པ་དེའི་ནང་ན་འདོད་པ་མེད། འདོད་པ་མེད ་པའང་མེད། ། སྐྱིད་པའང་མེད།། ཉོན་མོངས་པའང་མེད།། སེམས་པའང་མེད།། འདུ་ཤེས་ཀྱང་མེད།། སྤྱོད་པའང་མེད། སྟོང་པའི་འདུ་ཤེས་ལ་ཐུག་གི ་བར་དུའང་མེད་དོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྟོང་པའི་འདུ་ཤེས་ཡོད་དུ་ཟིན་ན། བདག་ཏུ་ལྟ་བའི་འདུ་ཤེས་ཡིན། སེམས་ཅན་དུ་ལྟ་བའི་འདུ་ཤེས་ཡིན། རྟག་པའི་འདུ་ཤེས ་ཡིན། ཆད་པའི་འདུ་ཤེས་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདུ་ཤེས་ཡོད་པའི་ཕྱིར་འབྲངས་ན་མཚན་མའི་ཆོས་སྐྱེས་ཏེ། ཀུན་ལོག་པར་ལྷུང་བ་ཡིན་ནོ།། ཤཱ་རིའི་བུ་སྟོང་པའི ་མིང་ནི་སེམས་མེད་པ་སྟེ། དེའི་མིང་སྟོང་པ་ཞེས་བྱའོ།། སྟོང་པའི་སེམས་ཀྱང་སྟོང་པ་སྟེ།། དེའི་མིང་སྟོང་པ་ཞེས་བྱའོ།། ཤཱ་རིའི་བུ་སྟོང་པའི་ནང་ན་ལེགས་པའང་མེད། ཉེས་པའང་མེད།། ་སྟོང་པའི་འདུ་ཤེས་ལ་ཐུག་གི་བར་དུའང་མེད་དོ།། དེ་ལྟ་བས་ན་མིང་སྟོང་པའོ།། ཤཱ་རིའི་བུ་བྱ་བ་ཡོད་པའི་ཆོས་ཀུན་རིག་པར་རུང་། ཤེས་པར་རུང་ངོ་།། སྟོང་པ་ནི་རིག་པར་རུང་བ་མ ་ཡིན་ནོ། ། ཤེས་པར་རུང་བའང་མ་ཡིན། བསམ་དུ་རུང་བའང་མ་ཡིན་ཏེ། དེ་ལྟ་བས་ན་མིང་སྟོང་པའོ།། ཤཱ་རིའི་བུ་སྟོང་པའི་འདུ་ཤེས་ནི་བསམས་པས་ཐོབ་པ་མ་ཡིན་ནོ།། ཅིའི་ཕྱིར ་ཞེ་ན། སྟོང་པ་འདུ་ཤེས་མེད་པའི་ཕྱིར་རོ།། དེ་བས་ན་སྟོང་པའོ།། ཤཱ་རིའི་བུ་ཅིའི་ཕྱིར་ཞེ་ན། སྟོང་པ་ལས་སྤྱད་པ་བཤད། འདུ་ཤེས་ཐམས་ཅད་མི་སེམས། སྟོང་པའི་འདུ་ཤེས ་ལ་ཐུག་གི་བར་དུའང་མི་སེམས་པ་དེའི་མིང་སྟོང་པ་ཞེས་བྱའོ། ། ཤཱ་རིའི་བུ་འདུ་ཤེས་ཀྱི་མིང་སེམས་ལ་བསམ་པ་ཡོད་དོ་ཅོག་གི་མོང་དུ་འདུ་ཤེས་པ་ཞེས་བྱའོ།། ཙའང་བསམ་པ་མེད་པ ་ནི་འདུ་ཤེས་མེད་པ་སྟེ། འདུ་ཤེས་དང་བྲལ་བས་ན་མིང་འདུ་ཤེས་མེད་པ་ཞེས་བྱའོ།། འདུ་ཤེས་ལེན་པ་ལ་འབྲང་བ་ནི་ཀུན་ལོག་པར་མཐོང་བ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཕྲུལ ་གྱི་ཆོས་ལ་སྟོང་པ་ཞི་བ་ཐོབ་པ་འཛིན་ན། ཀུན་ལོག་པར་མཐོང་བར་ལྷུང་བ་ནི་ཚིག་གིས་བཤད་པ་དང་འཆད་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ལྟ་བུའི་སྟོང་པའི་ཆོས་ཅི་སྤྱོད་པ་ན་བཤད་དུ་རུང ་ཤཱ་རིའི་བུ་སངས་རྒྱས་ཀྱིས་ཅིའི་ཕྱིར་སྐད་དང་ཚིག་བཤད་པ་ཀུན་མིང་ལོག་པ་ཞེས་བྱའོ། ། ཆོས་སོ་ཅོག་ལ་ཁོང་དུ་ཆུད་པར་མི་ནུས་པ་དེ་ནི་ཀུན་ཚིག་བཤད་པས་བསྒོབས་པའི་ལན་ཏེ། དེ་ལྟ ་བས་ན་ཡང་དག་པར་གཤེགས་པ་སྨྲ་བའི་ཚིག་ཀུན་ལོག་པར་ཡིན་པར་མཁྱེན་ཏེ། སྨྲ་བའི་ཅུང་ཟད་ཡན་ཆད་ཀྱང་བདེན་པར་མི་རུང་ངོ་།། ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ལ་འདུ་ཤེས་ཀྱང་མེད་དོ། ། ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པས་ཅིའི་ཕྱིར་བསམས་པའི་གནས་ཡོད་པར་བཤད། ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་ལས ་བཤད་པ། མི་ལ་ལ་ཞིག་གཞི་བསམ་པའི་གནས་ཐོབ་ན། མི་དེས་ཆོས་སོ་ཅོག་གི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཐོབ་པར་ནུས་ཏེ། རང་གི་ལུས་ཐོབ་པར་ནུས། བདག་ཏུ་ལྟ་བ་ཐོབ། གང ་ཟག་ཐོབ་སྟེ། དེ་ནི་དབེན་པ་ཡང་མེད་དོ།། ཆོས་ཀྱི་མཚན་མ་ཐ་དད་པ་སྟོང་པ་བསྟན་པའི་བསམ་པའི་གནས་བཤད་དོ།། གཞི་བསམ་པའི་གནས་ཀྱི་ངོ་བོ་ཉིད་ལ ་ངོ་བོ་ཉིད་མེད། གནས་པའང་མེད། བཤད་པའང་མེད།། འདོད་ཆགས་ཀྱང་མེད་དོ།། སེམས་ཀྱི་གནས་མེད་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་བས་ན་ཡང་དག་པར་གཤེགས་པས ་མི་སེམས་ཀྱི་གནས་བཤད་དོ། ། ཤཱ་རིའི་བུ་ཆོས་སོ་ཅོག་ལ་ཡང་དག་པར་ངོ་བོ་ཉིད་མེད་དེ། སྐྲ་སྤུའི་ཉག་མ་བཅུ་ཚལ་གྱི་བརྒྱ་ཆ་གཅིག་ཙམ་ཞིག་ཡོད་དུ་ཟིན་ན། དེས་སངས་རྒྱས་ཀྱི། ་ཚིག་རྣམས་འཇིག་རྟེན་དུ་མི་འགྱུར་ཏེ། མཐར་ཆོས་སོ་ཅོག་གི་ངོ་བོ་ཉིད་སྟོང་པར་ཡང་མི་བཤད་དོ།། ཤཱ་རིའི་བུ་སངས་རྒྱས་ཆོས་སོ་ཅོག་ནི་བདེན་པར་སྟོང་པ་སྟེ། ངོ་བོ་ཉིད་མེད་ཅིང ་མཚན་མ་གཅིག་པུ་སྟེ། མཚན་མ་མེད་པར་ཡང་དག་པར་གཤེགས་པ་ཀུན་གྱིས་གཟིགས་སོ།། ཡང་དག་པར་གཤེགས་པ་དེའི་ཕྱིར་བསམ་པའི་གནས་ནི་ཡོད་ཅེས་བཤད་དོ།། ་ཤཱ་རིའི་བུ་བསམ་པའི་གནས་ནི་མིང་གནས་མེད།། གནས་མེད་པའང་མེད་ཅེས་བྱའོ།། བསམ་པ་མེད། བསམ་པའི་ལས་ཀྱང་མེད། འདུ་ཤེས་མེད།། རྣམ་པར་རྟོག་པའང ་མེད། ཡིད་མེད། ཡིད་ཀྱི་ལས་ཀྱང་མེད། བསམ་པ་མེད།། བསམ་པའི་ལས་ཀྱང་མེད། ཆོས་མེད། ཆོས་ཀྱི་མཚན་མའང་མེད། དེ་ཀུན་འདུས་བྱས་མེད་པས་ན། ་མཛངས་ཤིང་འཕྲུལ་པའི་མིང་རྣམ་པར་བརྟག་པ་མེད་ཅེས་བྱ་སྟེ། དེའི་མིང་བསམ་པའི་གནས་ཞེས་བྱའོ།། ཡང་དག་པར་གཤེགས་པས་དེའི་ཕྱིར་བསམ་གནས་ཡོད་ཅེས་བཤད་དོ།། ་ཅིའང་མེད་པའི་ཕྱིར་བསམ་པའི་གནས་ཞེས་བྱའོ།། སངས་རྒྱས་བསམ་པའི་ཕྱིར་བསམ་པའི་གནས་ཞེས་བྱའོ།། ཤཱ་རིའི་བུ་ཇི་ལྟར་ན་མིང་སངས་རྒྱས་པ་ཞེས་བྱའོ།། ཅིའང་མེད་པར ་མཐོང་བ་ནི་མིང་སངས་རྒྱས་པ་ཞེས་བྱའོ། ། ཤཱ་རིའི་བུ་སངས་རྒྱས་ཀུན་ནི་དཔག་ཏུ་མེད་དེ། བསམ་གྱིས་མི་ཁྱབ། བརྗོད་དུ་མི་ལང་ངོ་།། གཞུང་དེ་ལྟ་བས་ན་ཅིའང་མེད་པར་མཐོང་བ་ནི ་སངས་རྒྱས་བསམ་པ་ཞེས་བྱ་སྟེ། བདེན་པར་མིང་བརྟག་མེད་དོ།། སངས་རྒྱས་སོ་ཅོག་ལ་རྣམ་པར་བརྟགས་པ་མེད་པས་ན། སེམས་ལ་རྣམ་པར་བརྟགས་པ་མེད་ན། འདོད་སངས་རྒྱས ་བསམ་པའི་ཡིན་ཞེས་བྱའོ། ། ཡང་ཆོས་སོ་ཅོག་ནི་བདེན་པའི་མཚན་མ་མཐོང་ན། མིང་སངས་རྒྱས་མཐོང་ཞེས་བྱའོ།། གང་ལ་སོགས་པའི་མིང་ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཞེས ་བྱ་ཞེ་ན། དེ་ནི་ཆོས་སོ་ཅོག་མཐའ་ཡུན་དུ་སྟེང་ཞིང་ཅིའང་མེད་པའོ།། དེ་བས་ན་མཐའ་ཡུན་དུ་སྟོང་ཞིང་ཅིའང་མེད་པའི་ཆོས་ནི་སངས་རྒྱས་བསམ་པའོ།། ཡང་གཅིག་ཏུ་ན་དེ་ལྟ་བུའི་ཆོས ་ཀྱི་ནང་ན་སེམས་ཅུང་ཟད་ཀྱང་ཐོབ་པར་མི་རུང་སྟེ། དེའི་མིང་སངས་རྒྱས་བསམ་པ་ཞེས་བྱའོ།། ཤཱ་རིའི་བུ་དེའི་མིང་སངས་རྒྱས་བསམ་པའི་ཆོས་ཏེ། སྨྲ་བའི་ཚིག་གི་ལམ་ཆད་ལ་སེམས ་སོ་ཙག་ལས་འདས་ཤིང་བྱུང་སྟེ། སེམས་ཐོབ་པར་མི་རུང་བ་དེའི་མིང་སངས་རྒྱས་བསམ་པའོ།། ཤཱ་རིའི་བུ་སེམས་སོ་ཅག་ཐམས་ཅད་ནི་ཀུན་མཚན་མ་སྟོང་པ་ཞི་བ་སྟེ། ་ཆོས་དེ་བཞིན་དུ་མ་ལགས་ན། དེའི་མིང་སངས་རྒྱས་བསམ་པ་སྤྱོད་སྦྱོང་བ་ཞེས་བྱའོ།། ཁ་དོག་སྤྱད་དེ་སངས་རྒྱས་བསམ་དུའང་མི་རུང་ངོ་།། ཅིའི་ཕྱིར་ཞེ་ན། ཁ་དོག་བསམ་གཟུགས ་བླངས་བྲོ་ལ་ཆགས་ན་རྣམ་པར་ཤེས་པ་ཞེས་བྱའོ། ། གཟུགས་མེད། ཁ་དོག་མེད། རྐྱེན་མེད། རང་བཞིན་མེད་ན། མིང་སངས་རྒྱས་བསམ་པའོ།། དེ་ལྟ་བས་ན་རྣམ་པར་བརྟགས་པ ་མེད། བླང་བ་མེད། དོར་བ་མེད། སངས་རྒྱས་བསམ་པ་ཡང་དག་པ་ཡིན་པར་མངོན་ནོ།། ཆོས་བསམ་པའི་ལེའུ་སྟེ་གསུམ་པའོ།། །། དེའི་ཚེ་ཤཱ་རིའི་བུས ་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མི་གཞན་ལ་ཆོས་འདི་བཤད་ན། ངན་པའི་བཤེས་གཉེན་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟ་བུར་ན་མི་གཞན་ལ་ཆོས་འདི་བཤད་པ་ན་དགེ ་བའི་བཤེས་གཉེན་ཞེས་བགྱི། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དགེ་སློང་གཞན་ལ་བསྟན་ཁྱོད་ཤེས་པར་གྱིས་ཤིག། སངས་རྒྱས་བསམ་པ་ནི་སྟོང་པའོ།། རྐྱེན་གྱི་གནས་བསམ་པ་དེ་ནི་བསམ ་བའི་མི་རིགས་སོ། ། ཁྱོད་ཀྱིས་སྟོང་པ་བསམས་ན་བསམ་པའང་སྟོང་པ་སྟེ། རང་བཞིན་མེད་པ་དེས་ཁ་དོག་གི་འདུ་ཤེས་ཆོད་པར་ནུས། འདུ་ཤེས་ལེན་པར་ཆོད་ནུས་སོ།། མི་དེས་དེའི་ཚེ།། ་འདུ་ཤེས་མེད་པའང་མ་ཐོབ་ན། སེམས་ལྟ་སྨོས་ཀྱང་ཅི་དགོས། མི་དེས་དེའི་ཚེ་ཅིའང་ཡོད་མེད་ལ་སྟོང་པར་ཞི་སྟེ། རང་བཞིན་མེད་ན་འདུ་ཤེས་རྣམས་མི་འདྲའོ།། ཆོས་སོ་ཅོག་ཞི་བར ་བྱས་ནས་དེའི་བསམ་པའི་སྤྱོད་པ་སྦྱོང་བ་ཞེས་བྱའོ། ། སངས་རྒྱས་བསམ་པའི་མིང་ནི་དགེ་བ་མི་དགེ་བ་དང་། ཚོར་བ་དང་བརྟག་པ་ཐམས་ཅད་གཞིག་པ་ཞེས་བྱའོ།། ཚོར་བའང་མེད། བརྟག ་པའང་མེད་ལ། སྟོང་ཞིང་འདུ་ཤེས་ནི་མིང་སངས་རྒྱས་བསམ་པ་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན། ཚོར་བ་དང་བརྟགས་པར་སྤྱད་དེ། སངས་རྒྱས་བསམ་པའི་མི་རིགས་སོ།། ཚོར་བའང ་མེད། བརྟག་པའང་མེད། མི་གཙང་བས་སངས་རྒྱས་བསམ་པ་ཞེས་བྱའོ།། དེ་སེམས་དེའི་ནང་ན་ཕྲ་ཤེས་བསམས་པའི་སེམས་ཀྱི་ལམ་ཡང་མེད་ན། ལུས་དང་ཁའི་ལས་མེད་པ་སྨོས ་ཀྱང་ཅི་དགོས། ཡང་སངས་རྒྱས་བསམ་པ་ཞེས་བྱ་བ་ནི། འདུ་ཤེས་ཐམས་ཅད་དང་བྲལ་ཏེ། འདུ་ཤེས་ཐམས་ཅད་སེམས་ལ་མི་འཇུག་ཅིང་རྣམ་པར་བརྟག་པ་མེད་ཅིང་མིང་མེད། བསྒྲིབས ་ཤིང་ཐོགས་པ་མེད། འདོད་པ་མེད། ཐོབ་པ་མེད་དེ། ཚོར་བ་དང་བརྟག་པ་མི་གཡོའོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བསམ་པ་བཞིན་དུ་འདུ་ཤེས་གཡོས་པ་ཐམས་ཅད་ནི་ཀུན་ལོག་པར ་མཐོང་བ་ཡིན་ནོ། ། ཤཱ་རིའི་བུ་ཅིའང་མེད་པ་བཞིན་དུ་ཚོར་བའང་མེད། བརྟག་པའང་མེད། སྐྱེ་བའང་མེད། འགོག་པའང་མེད་པ་དེ་ལྟ་བུ་ཁོང་དུ་ཆུད་པ་ནི་མིང་སངས་རྒྱས་བསམ་པ་ཞེས ་དག་གྲ་སེམས་ཅན་ངན་འན་པའངམ། ཆགས་པ་འདས། ལེག་པ་འངམ། མལག་པའང་མ། མང་མེད། མཚན་ནའང་མ་དང། ་རིའི་བུ་འདུ་ཤེས་ཀྱང་མེད། སྨྲ་བའང་མེད་ན། འདོད་མིང་སངས་རྒྱས་བསམ་པའོ།། དེ་ནང་ན་སེམས་ཕྲ་ཤས་ཆུང་ངུའང་མེད་ན། སྦོམ་པོ་དང་། ཁ་དང་། ལུས་དང་། ཡིད ་ལས་ལྷ་སྨོས་ཀྱང་ཅི་དགོས་ཏེ། ལུས་དང་། ཁ་དང་། ཡིད་ཀྱི་ལས་ཀྱི་གནས་ཀྱང་མེད་དོ།། བླངས་པ་མེད། བསྡུས་པའང་མེད། འཐབ་པའང་མེད། རྩོད་པའང་མེད།། བསམ ་པའང་མེད། རྣམ་པར་བརྟགས་པའང་མེད། མི་གཡོ་ཞིང་རང་བཞིན་མེད་ལ་ཚོར་བ་དང་བརྟག་པ་ཀུན་ཞི་བ་དེའི་མིང་སངས་རྒྱས་བསམ་པའོ།། ཤཱ་རིའི་བུ་ལ་ལ་ཞིག་གིས་དེ་ལྟ་བུའི་སེམས ་འབྱོར་འགྲུབ་ན། གླིང་བཞིའི་ས་སྦྱར་བར་བྱ་ནའང་ཡིད་བཞིན་དུ་སྒྱུར་ནུས་སོ།། བརྒྱ་སྟོང་འབུམ་གྱི་བདུད་ཀྱང་ཕེབས་པར་ནུས་ན། མ་རིག་པས་བསྒྲིབས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ་མི་བདེན་པས་བསླུས་པའི་རྐྱེན་ལས་ལངས་པ་སྟེ། མི་འགྱུར་བའི་མཚན་མ་མེད་པ་ཆོས་དེ་ལྟ་བུ་ཡིན་ཏེ། འདུ་ཤེས་མེད། འདྲན་ཏོར་མེད། སྐྱེ་བ་མེད། འགོག་པ་མེད་དོ།། ་བཤད་དུའང་མི་རུང་། རྣམ་པར་བརྟག་ཏུའང་མི་རུང་། མུན་པའང་མེད། སྣང་བའང་མེད། བདུད་དང་བདུད་ཕལ་ཀུན་གྱིས་ཀྱང་ཆོད་བཟུང་མིན་ན། འཇིག་རྟེན་གྱི་ཐ་མལ་པས ་ཚིག་གིས་སྤྱད་དེ་བསྟན་བསླབས་པ་ཡོད་པས་འདུས་བྱས་གཟུང་དུ་ཟད་དོ། ། ཁྱོད་སངས་རྒྱས་བསམ་པའི་ཚེ་འདུ་ཤེས་ཅུང་ཟད་མ་བླངས་ཤིག། འདྲན་ཏོར་མ་སྐྱེད་ཅིག། རྣམ་པར ་བརྟག་པ་མ་བྱེད་ཅིག། ཅིའི་ཕྱིར་ཞེ་ན། ཆོས་དེ་ཀུན་སྟོང་པ་སྟེ། གཉིས་ཀྱི་མཚན་མའང་མེད། གཅིག་གི་མཚན་མ་བསམ་དུའང་མི་རུང་སྟེ། མཚན་མ་མེད་དོ།། དེའི་མིང ་ཡང་དག་པར་བདེན་པ་སངས་རྒྱས་བསམ་པ་སྟེ། དེ་ནི་སྐྱེ་བའང་མེད།། འགོག་པའང་མེད། མཚན་མའང་མེད་པའོ།། ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པའི་མིང་ཁ་དོག ་ཅེས་མི་བྱའོ། ། མིང་གཟུགས་ཞེས་མི་བྱའོ།། མིང་རྣམ་པར་ཤེས་པ་ཞེས་མི་བྱའོ།། ལོག་པའང་མ་ཡིན། མ་ལོག་པའང་མ་ཡིན། མ་བླངས་མ་བོར། ཐུབ་པའང་མ ་ཡིན། ཤེས་རབ་ཀྱང་མ་ཡིན། རིག་པའང་མ་ཡིན། མ་རིག་པའང་མ་ཡིན། ཡང་དག་པར་གཤེགས་པ་བཤད་དུའང་མི་རུང་། བསམ་གྱིས་མི་ཁྱབ་སྟེ། འདུ་ཤེས་མེད་དོ།། ་ཁྱོད་མཚན་མ་ལེན་པ་ལ་མ་སྲེད་ཅིག། འདྲན་ཏོར་བརྗོད་པར་མ་བྱེད་ཅིག། སངས་རྒྱས་ནི་ཆོས་སོ་ཅོག་ལ་ཆགས་པ་མེད། ཆོས་ཡོད་ཅིང་ཆགས་སུ་རུང་བ་དང་། དཔག་ཏུ་རུང ་བ་ལའང་མ་མཐོང་། དེ་ལྟ་བུའི་མིས་སངས་རྒྱས་ལ་ཡང་ཐོབ་པར་མི་རུང་ན། སེམས་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་མིང་དགེ་བའི་བཤེས་གཉེན་ཞེས ་བྱའོ། ། མཆོག་གི་གཞུང་གི་ནང་ན་ནི་དགེ་བའི་བཤེས་གཉེན་ཡིན། འདི་ནི་ངན་པའི་བཤེས་གཉེན་ཡིན་ཞེས་གཅིག་ཏུ་ཆད་པ་མེད་དོ།། ཡང་ཤཱ་རིའི་བུ་དགེ ་སློང་ལ་ལ་ཞིག་དགེ་སློང་གཞན་ལ་སྟོན་པ། དགེ་སློང་ཁྱོད་ཀྱིས་རྣམ་པར་ཕྱེ་ལ་ཆོས་རྣམས་ལ་ཞིབ་ཏུ་རྟོགས་ཏེ། ཆོས་ཀྱི་མཚན་མའང་མ་སེམས་ཤིག་ཅེས་བསྟན་ཏོ།། དགེ་སློང ་དེས་དེ་ལྟ་བུར་སྤྱད་སྦྱངས་པས་སེམས་ལ་ཐོགས་ཤིང་ཆགས་པ་མེད་པས། ཆོས་སོ་ཅོག་གི་མཚན་མ་ཡང་གཅིག་པར་ཁོང་དུ་ཆུད་དེ། དེ་ནི་མཚན་མ་མེད་པའོ།། མི་དེ་ལ་ཆོས་ཀྱི ་འདུ་ཤེས་ཀྱང་མི་སྐྱེ་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའི་འདུ་ཤེས་མི་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཆོས་ཀྱི་འདུ་ཤེས་སེམས་པའི ་མི་དེས་ཆོས་སོ་ཅག་ཞི་བར་ནུས་སམ། བཅོམ་ལྡན་འདས་མི་ནུས་སོ།། ཤཱ་རིའི་བུ་དཔེར་སྡོང་པོ་རྩ་བ་མེད་པས་ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་སྨིན ་པར་ནུས་པ་ཡོད་དམ་མེད། བཅོམ་ལྡན་འདས་མ་མཆིས་སོ།། འདི་ལྟ་སྟེ། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་སོ་ཅོག་གི་རྩ་བའི་ཕྱི་མོ་མ་ཐོབ་པར་མི་དེས་ཆོས་སོ་ཅོག་གི་འདུ ་ཤེས་སྐྱེ་བར་རུས་སམ་མིན་བཅོམ་ལྡན་འདས་མི་ནུས་ལགས་སོ། ། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་ཀྱི་འདུ་ཤེས་མི་བསམ་པ་ཐོབ་ན། མི་དེས་ཆོས་སོ་ཅོག་གི་འདུ ་ཤེས་ཞི་བར་ནུས་སམ་མི་ནུས་བཅོམ་ལྡན་འདས་མི་ནུས་ལགས་སོ། ། མི་དེས་ཆོས་མ་ཐོབ། ཆོས་ཀྱི་མཚན་མ་མ་ཐོབ། ཞབ་མ་ཐབ་པར་ཡང་མ་རྟག་སྟེ། སྐྱེ་བའང་མེད། ་འགོག་པའང་མེད། མི་དེས་དེའི་ཚེ་མི་སྐྱེ་མི་འགོག་པས་མིང་མྱ་ངན་འདས་པ་ཐོབ་པ་ཞེས་བྱའོ།། མིང་སྔོན་མྱ་ངན་ལས་འདས་པ་ཐོབ་པ་ཞེས་ཀྱང་མི་བྱའོ།། ཤཱ་རིའི་བུ་དེ་ལྟ་བུར་སྟོན ་པ་ནི་མི་དགེ་བའི་བཤེས་གཉེན་ཞེས་བྱའོ། ། མཆོག་གི་གཞུང་གི་ནང་ནི་དགེ་བའི་བཤེས་གཉེན་ཡང་མེད། ངན་པའི་བཤེས་གཉེན་ཡང་མེད་དོ།། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ ་བུའི་མཚན་མ་འབྱོར་འགྲུབ་ན། འཇིག་རྟེན་ཡོད་པ་དཀོན་ཏེ། ཕྱིན་ཅི་མ་ལོག་པ་ཐོབ་པས་ཡང་དག་པའི་བདེན་པ་མ་མཐོང་སྟེ། དེ་ནི་དྲང་པོ་མཐོང་བ་ཞེས་བྱའོ།། ཡང་ཤཱ་རིའི་བུ ་དྲང་པོ་མཐོང་བ་ནི་མིང་དྲང་པོ་བྱེད། དྲང་པོ་སྤྱོད། དྲང་པོའི་ལམ་དྲང་པོ་ཞེས་བྱ་སྟེ། ཕྱིན་ཅི་ལོག་མེད་ན་བདེན་པ་བཞིན་མཐོང་བས་ན། ཡང་དག་པར་ཤེས་པས་དྲང་པོ་མཐོང་བ ་ཞེས་བཤད་དོ། ། ཤཱ་རིའི་བུ་སེམས་ཅན་ལ་ལ་ཞིག་ཕྱིན་ཅི་ལོག་མེད་པའི་བཞིན་དུ་རྟོགས་པ་ནི་ཡང་དག་པར་མཐོང་བ་ཡོད་དོ།། ལ་ལ་ཞིག་བདག་ཏུ་ལྟ་བའི་འདུ་ཤེས་དང་། གང ་ཟག་ཏུ་ལྟ་བའི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་སྐྱེས་ན་དེ་ལྟ་བུའི་མི་ཀུན་ལོག་པའི་ལམ་དུ་སྤྱོད་པར་མངོན་ནོ།། ཤཱ་རིའི་བུ་སངས་རྒྱས ་སློབ་མས་ནི་བདག་ཏུ་ལྟ་བ་ཡོད་པར་མ་བཤད། གང་ཟག་ཡོད་པར་མ་བཤད། སེམས་ཅན་ཡོད་པར་མ་བཤད། ཚེ་སྲོག་ཡོད་པར་མ་བཤད། རྟག་ཆད་མ ་བཤད། དེ་ལྟ་བས་ན་སངས་རྒྱས་དང་སློབ་མ་ནི་དྲང་པོ་མཐོང་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན། དྲང་པོར་བརྟག་ཏེ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ།། ཤཱ་རིའི་བུ་ཐ་མལ་པ་ཐམས་ཅད་ཀྱིས་ནི། ་འདིའི་ནང་དུ་འཇུག་ནུས་པ་མེད་དོ།། ཅིའི་ཕྱིར་ཞེ་ན། ཐ་མལ་པ་ཐམས་ཅད་ལ་དྲང་པོ་མཐོང་བ་མེད་དོ།། ཡིད་བཞིན་འབྲེང་བའི་དྲང་པོ་མཐོང་བ་འབའ་ཞིག་ཡོད་དེ། གཉེན་ངེས་པའི ་བཟོད་པ་ཐོབ་ན་བདེན་པ་བཞིན་དུ་མ་ནུས་སོ། ། ཤཱ་རིའི་བུ་དེའི་མིང་དྲང་པོ་མཐོང་དང་ཅེས་བྱ་སྟེ། བདེན་པ་བཞིན་དུ་མཐོང་བས་ན་མིང་དྲང་པོ་མཐོང་བ་ཞེས་བྱའོ།། འཇིག་རྟེན་གྱི་སྐྱིད་པ ་ནོར་ཁེ་སྐྱེ་ཞིང་འཕེལ་བའི་ཞར་ལས་མཐོང་བ་ནི་འཇིག་རྟེན་གྱི་དྲང་པོ་མཐོང་བ་ཡིན་ཏེ། དེ་ཀུན་བརྙས་བསླུས་པ་ཡིན་གྱིས། སྐྱེ་ཤི་ལས་མི་ཐར་རོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་བཤད་པ ་ལ་འཇིག་རྟེན་གྱི་དྲང་པོ་མཐོང་བ་ནི་ལེ་ལོ་བླ་གོང་དང་ཐ་མཞན་པའི་ཆོས་ཡིན་ཞེས་བཤད་དོ། ། མཛངས་ཤིང་འཕྲུལ་པ་ནི་དེ་ལྟ་བུའི་སེམས་མི་བྱེད་དེ། དེ་དྲང་པོ་མཐོང་བ་ཡིན་ནོ།། དེ་ནི་ཡོན ་པོ་མཐོང་བ་ཡིན་ནོ། ། ཛི་ལྟ་ཞེ་ན། མཐོང་མཅོག་ཐམས་ཅད་རིགན་སྔ་མ་མི་བདེན་པའི་རྐྱེན་ལས་ལངས་སོ།། ཤ་རིའི་བུ་འདི་སྙམ་དུ་སེམས་ཏེ། འདི་ནི་དྲང་པོ་མཐོང་བ་སྙམ་དུ་བྱེདན། ་མི་དེ་ནི་ཡོན་པོ་མཐོང་བ་ཡིན་ནོ།། ཤཱ་རིའི་བུ་འཕྲུལ་གྱི་ཆོས་ཀྱི་ནང་ན་མཐོང་ངོ་ཅོག་གི་རྩ་བ་ཕྱི་མོ་བྱུང་སྟེ་བཅད། སྨྲ་བའི་ཚིག་གོ་ཅོག་གི་ལམ་བཅད་དེ། དཔེར་ན་ནམ་མཁའི་ལག་པ་དང ་མཚུངས་ཏེ། ཅིའང་རེག་ཅིང་ཐོགས་པ་མེད་དོ།། དགེ་སློང་རྣམས་ཀྱི་ཆོས་ནི་ཀུན་དེ་བཞིན་ངའི་རིགས་པའོ།། དགེ་འདུན་བསམ་པའི་ལེའུ་སྟེ་བཞི་པའོ།། ། ཤཱ ་རིའི་བུས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་གང་ལ་སོགས་པ་འཕྲུལ་གྱི་དགེ་འདུན་ཞེས་བགྱི། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་སོ་ཅོག་ཐམས་ཅད་ཀུན་སྐྱེ་བའང་མེད། ་འགོག་པའང་མེད། ལྡང་བའང་མེད། མཚན་མའང་མེད་པར་ཡིད་ཆེས་ཤིང་ཤེས་ལ་ཁོང་དུ་ཆུད་པར་ནུས་པ་དེ། དེ་ལྟ་བུའི་བཟོད་པ་འབྱོར་གྲུབ་པས་ང་ཡང་མིང་ཐོབ་ན། རྒྱུན་དུ་ཞུགས ་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དགྲ་བཅོམ་པ་ཡང་ལྷ་སྨོས་ཀྱང་ཅི་དགོས། ཆོས་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཕྱི་མོ་ཐོབ ་པ་ལྟ་སྨོས་ཀྱང་ཅི་དགོས། ལམ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ལྟ་བུ་ལ་སོགས་པའི་དོན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མིང་འཕྲུལ་གྱི་དགེ་འདུན་ཏེ། དེས་ཀྱང་མིང་ཐོབ ་ཡང་ཤཱ་རིའི་བུ་སེམས་ཅན་ལ་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དང་། མཚན་མ་མེད་པའི་ཆོས་ཡིད་ཆེས་ཤིང་ཤེས་པ་ཉུང་ངོ་།། ལ་ལ་ཞིག་གིས་སྐྱེ་བའང་མེད། འགོག་པའང ་མེད། མཚན་མ་མེད་པའི་ཆོས་ཡིད་ཆེས་པར་ཤེས་པར་ནུས་ན། སེམས་ལ་ཕྱིན་ཅི་ལོག་མེད་དེ། གཅིག་གིས་གཅིག་ཤེས་རིག་ལ་ཆོས་སྤྱད་དེ་འབྱོར་འདུམ་པས ་ཕྱིས་ཡོད་པ་མི་མཐོང་ངོ་། ། འཇིག་རྟེན་ཐམས་ཅད་སྒྱུ་མ་བདེན་པའི་རྐྱེན་འབའ་ཞིག་ལས་བྱུང་བར་རིག་པས། མི་དེ་ཕྱིན་ཆད་ད་ལྟར་གྱི་ལུས་ལ་མི་འདུག་གོ།། རྒྱུ་རྐྱེན་དེ་ལྟ་བུས་ན་འཕྲུལ་གྱི་དགེ ་འདུན་ཞེས་བྱར་རུང་ངོ་། ། མི་དེས་སྨྲ་བའི་ཚིག་དེ་ལ་ཐོབ་པའང་མེད།། མིང་མཚན་མ་རྣམས་ལས་འདུས་པ་དང་དྲང་གི། མཚན་མ་དང་འདྲན་ཏོར་གྱི་དོན་ཀྱང་མེད་དོ།། དེའི་མིང་དགེ་འདུན ་དཀོན་མཆོག་ཅེས་བྱ་སྟེ། ཡོན་ལེན་པའི་རིགས་ཏེ། ཕྱིན་ཅི་ལོག་མེད་པའི་ཡང་དག་པའི་བདེན་པའི་གཞུང་ཐོབ་བོ།། མི་དེས་དེ་ལྟ་བུའི་ཐབས་སྤྱད་པས་དགེ་འདུན་བསམ་ན་དོན་དེའང་སྟོང་པའོ།། ། ་ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་ནི་མིང་དགེ་བའི་བཤེས་གཉེན་ཤཱ་རིའི་བུ་སྨྲ་བའི་ཚིག་ཐམས་ཅད་ཀྱི་ལམ་ཆོད་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན། འཕྲུལ་གྱི་ཆོས་ཀྱི་ནང ་ན་སྨྲ་བའི་ཚིག་རྒྱུས་ཡང་དག་པའི་བདེན་པའི་གཞུང་བཤད་ན། དེ་ལྟ་བུས་སྨྲས་པ་ཚིག་ཀྱང་ཐོབ་པར་མི་རུང་ངོ་།། དེ་ལྟ་བུས་ན་སྨྲ་བའི་ཚི་ག་རྣམས་ཆོད་པ་ནི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱ་བར ་མངོན། ཤཱ་རིའི་བུ་མི་ལ་ལ་ཞིག་ན་རེ། ཆོས་འདིའི་ནང་ན་ཚིག་གིས་བཤད་པ་མེད་ངེས་པ། ཇི་ལྟར་མིང་དགེ་འདུན་ཞེས་བྱ་ཟེར་བ་ཞིག་ཡོད་ན། ཤཱ་རིའི་བུ་ངའི་ནང་ན་ལན་འདི་སྐད་ཅེས ་བླན་པ་ཡོད་དེ། དགེ་འདུན་གྱི་མིང་བདེན་པ་བཞིན་དུ་དོན་སྟོན་པ་ཞེས་བྱས་ན། དོན་དེ་ངེས་པར་ཡང་ཐོབ་པར་མི་རུང་ངོ་།། སློབ་པའི་དགྲ་ལྷན་ཅིག་ལ་བཟོད་པའང་གཅིག། རོའང་གཅིག ་པ་དེའི་དོན་ཀྱང་འཇིག་རྟེན་གྱི་ཐ་མལ་པའི་ཚིག་སྤྱད་པས་བཤད་ཀྱི། མཆོག་གི་གཞུང་མ་ཡིན་ནོ།། མཆོག་གི་གཞུང་ངེས་པར་བདེན་པ་མེད་དེ། མིང་དགེ་འདུན་ང་ཆོས་བརྟག་སྟེ། མི་འཇིགས ་ཞེས་བྱའོ། ། འཕྲུལ་གྱི་མིས་ཆོས་འདི་ཡོད་པ་ཅེས་བཤད་དུ་ཟིན་ན་དེ་དེ་ནི་དགོས་པའོ།། ཅིའི་ཕྱིར་ཞེས་བྱས་ན། མི་དེས་དེ་ལྟ་བུའི་རྣམ་པར་བརྟག་པ་བྱ་སྟེ། སྐྱེས་པ་ཡིན། བུད་མེད ་ཡིན། ལྷ་ཡིན། ཀླུ་ཡིན། གནོད་སྦྱིན་ཡིན།། དྲི་ཟ་ཡིན། གྲུལ་བུམ་ཡིན། ཆོས་མ་ཡིན་ཞེས་དེ་ལྟ་བུར་རྣམ་པར་བརྟག་པར་བྱས་ནས། དོན་རྣམ་པ་མང་པོ་ཐོབ་པས་ན་ཚིག ་འདི་སྐད་བྱས་སོ། ། འདུག་པ་ཡིན། ཉལ་བ་ཡིན། སོང་བ་ཡིན། སྡོད་པ་ཡིན་ཞེས་ཟེར་རོ།། འཕྲུལ་གྱི་མིས་ནི་ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཐོབ་པས་ན། རྣམ་པར་མི ་རྟོག་སྟེ། སྐྱེས་པ་ཡིན། བུད་མེད་ཡིན། ལྷ་ཡིན། ཀླུ་ཡིན། ཆོས་མ་ཡིན་པ་ལ་ཐུག་གི་བར་དུ་རྣམ་པར་ཡང་མི་རྟོག་གོ།། རྣམ་པར་མི་རྟོག་པས་ན་ཆོས་སོ་ཅོག་མ་ཐོབ་བོ།། ཆོས ་སོ་ཅོག་མ་ཐོབ་པས་འདི་སྐད་དུ་འདུག་པ་ཡིན། ཞལ་བ་ཡིན། འགྲོ་བ་ཡིན། སྡོད་པ་ཡིན་ཞེས་བཤད་པ་བྱས་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ།། ཤཱ་རིའི ་ལ་ལ་། རྒྱས་པ་ཟ་མ་། མ་ཡིན་པ་ད་ས་པན་ལ་ནས་ས་ཤཱ ་མ་མི་བདེན་པ་ཡིན་ནམ། བཅོམ་ལྡན་འདས་སྒྱུ་མ་མི་བདེན་པ་ལགས་སོ།། ཤཱ་རིའི་བུ་སྒྱུ་མ་མི་བདེན་པའི་ནང་དུ་མ་གཏོགས་པ་ནི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཕྱིན་ཅི་མ་ལོག ་པས་ནི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། ། ཤཱ་རིའི་བུ་མི་དགེ་ཡོད་དོ་ཅོག་དང་། ཤེས་པར་རུང་བ་ཡོད་དེ་ཅོག་དང་།། དེ་ལྟ་བུའི་མི་དགེ་བའི་ཆོས་ཐམས་ཅད་ནི་མོང་མཚན་མ་སྤྱད་པས་ཕྱི་མ ་བྱས་སོ། ། མཛངས་ཤིང་འཕྲུལ་པ་འདི་ནི་ནང་ན་མིང་དང་མཚན་མའི་རྣམས་འཆད་དོ།། མིང་དང་མཚན་མའང་མི་སེམས་ཏེ། མིང་དང་མཚན་མ་ཐོབ་ན་ཇི་ལྟ་བུར་འཕྲུལ་གྱི་དགེ་འདུན་ཡིན་ཞེས ་ཟེརམིང་དང་མཚན་མ་ཀུན་ཆོད་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། ། ཆོས་ཀྱི་གནས་ཡོད་ཟིན། གཞིག་ཏུའང་རུང་། བཅད་དུའང་རུང་ངོ་།། འཕྲུལ་གྱི་ཆོས་ཀྱི་ནང་ན་མིང་མེད།། ་མཚན་མ་མེད། སྨྲ་བའི་ཚིག་མེད། སྨྲ་བའི་ཚིག་ཀུན་ཆད་དེ་ཀུན་འདུས་ཤིང་གྱེས་པ་མེད་དོ།། ལ་ལ་ཞིག་ན་རེ། དགེ་འདུན་མེད་ཅེས་ཟེར་ན་འཕྲུལ་གྱི་དགེ་འདུན་བཤིག་སྟེ། དེའང་མི ་རུང་ངོ་། ། དེ་ནི་མིང་དང་མཚན་མ་སྒྱུ་མ་མི་བདེན་པ་འདུ་ཤེས་ཀྱི་ལན་ཏེ། ལོག་པ་མཐོང་བ་རྣམ་པ་མང་པོ་ལ་ཆགས་སོ།། ལོག་པ་མཐོང་བ་དེའི་ལན་བློན་གྱིས་ཡང་ཕྱི་མའི་ལུས་མནོས་ཏེ། ་མཐོང་བ་རྣམས་ལ་འདོད་ཆགས་པས་ལྔ་ཕུང་སྐྱེས་སོ།། ཤཱ་རིའི་བུ་ལྔ་ཕུང་ནི་ཀུན་སྒྱུ་མ་མི་བདེན་པ་ལ་ཆགས་པ་ཡིན་ཏེ། དེའི་མིང་ངན་པའི་ལམ་མོ།། མཛངས་འཕྲུལ་པའི་དགེ་འདུན ་ལ་ནི་དེ་ལྟ་བུའི་དོན་མེད་དོ། ། སྒྱུ་མ་མི་བདེན་པའི་རྐྱེན་འབའ་ཞིག་ལས་ཁམས་གསུམ་བྱུང་བར་ཤེས་སོ།། དེ་ལྟ་བུའི་དོན་ཤེས་པས་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཤཱ་རིའི ་བུ་ཡོང་མཐོང་བ་ཡོད་དོ་ཅོག་ནི་འཕྲུལ་གྱི་དགེ་འདུན་གྱི་ནང་ན་ཀུན་ཐོབ་པར་མི་རུང་ངོ་། ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང ་སྐྱེས་པར་མཐོང་བ་དང་། བུད་མེད་དུ་ལྟ་བ་མཐོང་བ་དང་། ལྷར་མཐོང་བ་དང་། སེམས་ཅན་དམྱལ་བར་མཐོང་བ་དང་། བྱོལ་སོང་དུ་མཐོང་བ་དང་། ཡི་དགས་སུ་མཐོང་བ་དང་།། ཕུང ་པོ་དང་། སྐྱེ་མཆེད་དང་། ཁམས་སུ་མཐོང་བ་དང་། དུང་གི་སྒྲར་མཐོང་བ་དང་། རྔའི་སྒྲར་མཐོང་བ་དང་། སའི་སྒྲར་མཐོང་། ཆུ་དང་། མེ་དང་། རླུང་གི་སླར་མཐོང་།། ཚུལ ་ཁྲིམས་འཛིན་པའི་སྒྲར་མཐོང་། ། ཚུལ་ཁྲིམས་ཞིག་པའི་སྒྲར་མཐོང་། ཡང་དག་པའི་ལམ་གྱི་སླར་མཐོང་། ལོག་པའི་ལམ་གྱི་སྒྲར་མཐོང་། དྲི་མའི་སྒྲར་མཐོང་། གཙང་མའི་སྒྲར ་མཐོང་། བསམ་གཏན་ཐུབ་པའི་དང་། ཏིང་ངེ་འཛིན་དང་། འཕྲུལ་བརྒྱད་ཀྱི་ལམ་སྦར་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། དགྲ ་བཅོམ་པའི་འབྲས་བུའི་སྒྲར་མཐོང་བ། གྲོལ་ཐར་གྱི་སྒྲར་མཐོང་བ་དང་། ཆོས་ཀྱི་སླར་མཐོང་བ་དང་། དགེ་འདུན་གྱི་སྒྲར་མཐོང་བ་དང་། འདོག་པའི་སྒྲར་མཐོང ་མྱ་ངན་ལས་འདས་པའི་སླར་མཐོང་། ཤཱ་རིའི་བུ་དེའི་མིང་བའི་ན་བ་སྒྲ་སྐད་ལ་སོགས་པ་མཐོང་བ་ཞེས་བྱའོ།། མཛངས་འཕྲུལ་པའི་དགེ་འདུན་གྱིས་ནི་མཆོག་གི་གཞུང་ལ་དེ་ལྟ་བུའི་མིང་མ་ཐོབ ་སྟེ། སྒྲ་སྐད་ཀྱི་རྣམ་པ་ཐམས་ཅད་མཚན་ཉིད་གཅིག་པར་ཁོང་དུ་ཆུད་དོ།། དེ་ནི་མཚན་ཉིད་འགལ་བ་མེད། རྩོད་པ་མེད་པའོ།། ཕྱིན་ཅི་མ་ལོག་པའི་བཟོད་པ་འབྱོར་འགྲུབ་ན་མིང་འཕྲུལ་གྱི ་དགེ་འདུན་ཞེས་བྱའོ། ། ཤཱ་རིའི་བུ་ཕྱིན་ཅི་ལོག་པའི་ཆོས་ཀྱི་བཟོད་པ་དེ་ནི་མཚན་མ་མེད་པ་ཡིན་ནོ།། མཚན་མ་མེད་པས་ན་བླངས་པའང་མེད། དོར་བའང་མེད། ལོག་པའང་མེད།། སྐྱེ ་བའང་མེད། དེའི་ནང་རང་བཞིན་ལ་ཕྱོགས་པས་སྤྱད་པའང་མེད།། ཞིག་པའང་མེད། ལྡང་བའང་མེད། ཐོབ་པའང་མེད། ཕན་ཚུན་ཞེས་རྣམ་པར་ཡང་མི་རྟོག་པས་ན། སེམས་རྟག ་པར་བཏང་བྲལ་ལོ། ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་བཟོད་པའི་ནང་ན་ཕ་རོལ་གྱི་འགྲམ་ཡང་མེད། ཚུ་རོལ་གྱི་འགྲམ་ཡང་མེད། རྣམ་པར་རྟོག་པའང་མེད་དོ།། མཚན་མ་མེད་པ་ཁོང་དུ ་ཆུད་དེ་འབྱོར་འགྲུབ་པས་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། ། འདུས་ཚོགས་པས་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཤཱ་རིའི་བུ་ངའི་ཆོས་ཀྱི་ཡི་གེ་གཞན་ལ་བཤད་པ་ལ། མི ་ལ་ལས་ཆོས་མཐོང་དུ་ཟིན་ན་ནི་བདག་ཏུ་ལྟ་བ་ཡིན་ནོ། ། ཡང་དག་པར་གཤེགས་པ་ཆོས་མ་ཡིན་པའང་མ་ཡིན། ཅིའི་ཕྱིར་ཞེ་ན། ལྷ་སྦྱིན་བླུན་པོ་དང་མུར་འདུག་ཀུན་གྱིས་ཁ་དོག་གི་ལུས ་སྤྱད་དེ་སངས་རྒྱས་མཐོང་ཞེས་ཟེར་རོ། ། ཤཱ་རིའི་བུ་ཡང་དག་པར་གཤེགས་པ་ནི་ཁ་དོག་གི་ལུས་སྤྱད་པས་མཐོང་བའི་མི་རིགས་སོ།། སྒྲ་སྐད་སྤྱད་པས་ཀྱང་མཐོང་བའི་མི་རིགས་སོ།། ་ཤཱ་རིའི་བུ་མི་ལ་ལ་ཞིག་ཁ་དོག་གི་ལུས་སྤྱད་པས་སངས་རྒྱས་མཐོང་ན་དེ་ནི་སངས་རྒྱས་དང་རྒྱང་རིང་ངོ་།། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཁ་དོག་མཐོང་བ་ཞེས་མི་བྱ་བས་ན། དེའི་མིང ་སངས་རྒྱས་མཐོང་བ་ཞེས་བྱའོ། ། ཤཱ་རིའི་བུ་མི་ལ་ལ་ཞིག་ཆོས་སོ་ཅོག་ལ་མཚན་མ་མེད། མིང་མེད། རེག་པ་མེད། དྲན་པ་མེད། སྐྱེ་བ་མེད། འགོག་པ་མེད། འདྲན་ཐོར་མེད། ཆོས་སོ།། ་ཅོག་ལ་ནི་མི་སེམས་པ་མེད། མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱ། མྱ་ངན་ལས་འདས་པ་མི་ཆགས་ཏེ། ཆོས་སོ་ཅོག་ཀུན་མཚན་ཉིད་གཅིག་ཡིན་པར་ཡིད་ཆེས་ཤིང་མཐོང ་བར་ནུས་ན་དེ་ནི་མཚན་ཉིད་མེད་པའོ། ། ཤཱ་རིའི་བུ་དེའི་མིང་ཡང་དག་པར་སངས་རྒྱས་མཐོང་བའོ།། ཆོས་སོ་ཅོག་ལ་ཚོལ་བའང་མེད། འདྲན་ཏོར་ཡང་མེད། སྐྱེ་བ་མེད་ལ ་དོན་དེ་ལ་དོན་ཡང་མི་སེམས། རྣམ་པར་མི་རྟོག་ན་དེའི་མིང་སངས་རྒྱས་མཐོང་བའོ།། མི་ལ་ལ་ཞིག་གིས་ཆོས་འདི་ལ་ཡང་དྲན་པའི་འདུ་ཤེས་ཀྱི་རྣམ་པར་བརྟག་པ་མེད། བླང་བ ་མེད། དོར་བ་མེད།། གལ་བ་མེད། འདུ་ཤེས་ཀྱི་ལས་མེད། ཚིག་གི་བཤད། བཤད་པའང་མི་ཆགས། ཆོས་ཀྱི་མིང་བརྙན་མ་ཡིན་ལ། ཀུན་ཅིདང ་མེད་པར་རིག་སྟེ། སྨྲ་བའི་ཚིག་གི་ལམ་ཆད་ཅིང་ཐ་དད་མེད། འདྲན་ཏོར་མེད། བརྗོད་པ་མེད། རིག་པ་མེད། དེའི་མིང་སྐྱེ་བ་མིང་མེད། འདུ་ཤེས་སྤྱོད་པ་མེད་པ་ཞེས་བྱ་སྟེ།། ་འཇིག་རྟེན་གྱི་ནང་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཤཱ་རིའི་བུ་ཆོས་གང་ན་མིང་སངས་རྒྱས་མཐོང་ཞེས་བྱ། དེའི་འདུ་ཤེས་མེད། རྣམ་པར་རྟོག་པའང་མེད། འདྲན་ཏོར་བརྗོད ་པ་མེད་དེ། ཆོས་སོ་ཅོག་མི་ལེན་པའོ།། སྟོང་པའི་སྒོ་མོ་དང་སྟོང་པའི་ཞི་བའི་སྒོ་མོ་སྤྱོད་པ་ནི་མཐོང་བ་མི་སེམས། མཐོང་བ་མི་ཐོབ་པ་དེའི་དོན་ཀྱང་མི་ཐོབ་སྟེ། དེ་ནི་མིང་མཁན་མ་ཡིན་ནོ།། ་དེདེའི་གནས་ཀྱང་མི་ཐོབ་སྟེ། དེ་ནི་མྱ་ངན་ལས་འདས་པའོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ང་ཡང་མྱ་ངན་ལས་འདས་པ་མི་སེམས་ན། དེ་ལྟ་བུར་ཁྱོད་ལ་སོགས་པ་མྱ་ངན་ལས་འདས་པ ་སོམས་ཤིག་དང་། མྱ་ངན་ལས་འདས་པ་ཐོབ་པ་བཤད། ཤཱ་རིའི་བུ་མི་ལ་ལ་ཞིག་མྱ་ངན་ལས་འདས་པ་ཐོབ་སྙམ་བྱེད་ན་དེ་མི་དེ་ནི་མིང་དག་པར་གཤེགས་པའི་ཕྱིར་འབྲངས་ཏེ་ཁྱིམ་ནས་མ ་བྱུང་གི། མཁན་པོ་དྲུག་གི་ཕྱིར་འབྲངས་ཏེ་ཁྱིམ་ནས་བྱུང་བའོ།། ཤཱ་རིའི་བུ་ཤེས་པར་བྱོས་ཤིག། དེ་ནི་ཆོས་ཀྱི་དགྲ་ཡིན་ཏེ། ངའི་ཆོས་ཀྱི་ནང་དུ་ཞུགས་སོ།། དེ་ལྟ་བུའི་མིས་པ ་ཆོས་མ་བསྒོམས་པར་མངོན་ནོ། ། དེ་ལྟ་བུའི་མི་དགྲ་ཆེན་པོ་ཡིན་པར་མངོན་ཏེ། མཁར་དང་ཡུལ་ཆེན་པོའི་ནང་ན་དགྲ་ཆེན་པོ་ཡོད་པ་དང་མཚུངས་སོ།། ཇི་ལྟ་ཞེས་བྱས་ན། དེ་ལྟ་བུའི ་གཏི་མུག་གི་མིས་མྱ་ངན་ལས་འདས་པ་ཐོབ་པ་འཛིན་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཐོབ་པར་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཤཱ་རིའི་བུ་གཏི་མུག་གི་མི་ནི་ངའི་ལག ་པས་བཀག་སྟེ། ངའི་སློབ་མ་མ་ཡིན་ནོ།། དགེ་འདུན་གྱི་གྲངས་སུ་མི་ཆུད་དོ།། ང་ཡང་དེའི་མཁན་པོ་མ་ཡིན་ནོ།། ཤཱ་རིའི་བུ་ལ་ལ་ཞིག་ཆོས་སོ་ཅོག་སྐྱེ་བའང་མེད། འགོག་པའང་མེད ་སེམས་པའང་མེད། འདུ་ཤེས་མེད་པར་རིག་སྟེ། དེ་ལྟ་བུའི་ཆོས་ཀྱི་བཟོད་པ་ཐོབ་པས་མྱ་ངན་ལས་འདས་པ་མི་ཐོབ་ན། བདག་ཏུ་ལྟ་བ་དང་། གང་ཟག་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ་ཤཱ་རིའི་བུ་སངས་རྒྱས་ཀྱིས་བཤད་པ་ལ་དེ་ལྟ་བུའི་མིང་ནི་ཆོས་མཐོང་བ་ཞེས་བྱ་སྟེ། དོན་དེ་མཐོང་བར་ནུས་པས་མིང་སངས་རྒྱས་མཐོང་བ་ཞེས་བྱའོ།། མི་ལ་ལ་དེ་ལྟ་བུའི་ཆོས་ལ་ཐེ་ཙོམ་དང་འགྱོད ་པ་མེད་ན། ཤཱ་རིའི་བུ་ཇི་ལྟ་བུའི་མིང་སངས་རྒྱས་ཞེས་བྱ། ཆོས་སོ་ཅོག་ཐམས་ཅད་ཀྱི་མིག་གཡོ་ཞིང་ཐ་དད་མི་ཞིག་ན་དེའི་མིང་ཡང་དག་པར་གཤེགས་ཞེས་བྱའོ།། མི་ལ་ལ་དེ་ལྟ་བུའི་ཆོས ་ལ་ཐེ་ཙོམ་དང་འགྱོད་པ་མེད་ན། དེའི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། ཤཱ་རིའི་བུ་ཚེ་རབས་སྔ་མ་འདས་པ་ན་གླཏི་མུག་གཅིག་ཡོད་པས་སྤྲེའུ་ངོ་མ་ཤེས་ཏེ། ཚལ་ཆེན་པོ་ཞིག་གི་ནང ་དུ་ཞུགས་ཏེ་སྤྲེའུ་ཁྱུ་གཅིག་འདུས་ཏེ། གནས་གཅིག་ན་འདུག་པ་མཐོང་ནས། མི་དེས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡོད་པར་ཐོས་མྱོང་བས། ཐལ་བྱུང་དུ་སུམ་ཅུ་རྩ ་གསུམ་གྱི་ལྷ་རྣམས་ཡིན་ནོ་ཞེས་ཟེར་ཏེ་མོད་བཞིན་ཚལ་ནས། སླར་སྔོན་གྱི་གྲོང་ཁྱིམ་ཕལ་མང་པོའི་ནང་དུ་ཚིག་འདི་སྐད་ཅེས་བྱས་སོ།། ཁྱེད་ལ་སོགས་པས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡོད་མྱོང ་ངམ་མ་མྱོང་། མི་ཕལ་གྱིས་ལན་བླན་པ་མཐོང་མ་མྱོང་ངོ་།། མོད་བཞིན་ཚིག་སྨྲས་པ། ངས་མཐོང་ཟིན་ན་ཁྱེད་མཐོང་བར་འདོད་དམ་མི་འདོད། ཀུན་གྱིས་ཀྱང་མཐོང་བར་འདོད་དོ་ཞེས་བྱས ་ནས་མོད་བཞིན་ཕལ་མང་ཁྲིད་དེ་ཚལ་དེའི་ནང་དུ་ཕྱིན་ནས་སྤྲེའུ་ལ་བསྟན་ཏེ། ཁྱེད་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་རྟོགས་ཞེས་བྱས་ན། མི་ཕལ་ཀུན་ན་རེ། སུམ་ཅུ་རྩ་གསུམ ་གྱི་ལྷ་མ་ཡིན་གྱི་འདི་ནི་སྤྲེའུ་ཡིན་ཏེ། ཚལ་གྱི་ནང་དུ་འདུག་པ་སྲིད་དོ།། ཁྱོད་ཀྱི་གཏི་མུག་ཕྱིན་ཅི་ལོག་པས་སྤྲེའུ་མི་ཤེས་པའི་སྟེང་དུ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱང་མ་ཤེས་སོ།། ་ཤཱ་རིའི་བུ་མི་དེས་ཕལ་པོ་སྟོང་དུ་རབ་ཏུ་ཚལ་དེའི་ནང་དུ་ཕྱིན་ཏོ།། དེ་ལྟ་སྟེ། ཤཱ་རིའི་བུ་ད་དུང་མ་འོངས་པའི་དུས་ན། དགེ་སློང་ཞིག་ཡོད་པ་གོས་སྐྱ་བོ་ཅན་གྱི་ཁྱིམ་དུ་ཕྱིན་ཏེ་ཚིག་སྐད་བྱས ་སོ། ། ཁྱོད་སངས་རྒྱས་དང་འཕྲུལ་གྱི་དགེ་འདུན་མཐོང་ཞིང་སངས་རྒྱས་ཀྱི་ཆོས་ཉན་པར་འདོད་དམ་མི་འདོད་ཅེས་བྱས་ན། གོས་སྐྱ་བོ་ཅན་དེའི་ནང་ན་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པ་ཡོད་པ ་རྣམས་ཀུན་ན་རེ། མཐོང་བར་འདོད་ཀྱིས། སངས་རྒྱས་ཀྱི་ཆོས་ཉན་ཅིང་མ་ནོར་རོ་ཞེས་ཟེར་ཏོ།། ཤཱ་རིའི་བུ་དེ་དེའི་ནང་གོས་སྐྱ་བོ་ཅན་སྨྲ་བའི་ཚིག་ལ་ཆགས་ཤིང་སྲེད་པ་ཡོད་དེ། མཆོད་རྟེན ་དང་གཙུག་ལག་ཁང་གི་ནང་དུ་ཕྱིན་ན་དགེ་སློང་དག་ཅིག་ཚིག་གིས་བཤད་ཅིང་ཡི་གེ་རྣམས་ལ་མཁས་པར་ཤེས་ཏེ། སྨྲ་བའི་ཚིག་ལ་རྟེན་ཅིང་ཡི་གེ་རི་མོ་ལ་སྲེད་པའང་ཡོད། དགེ་སློང་དེ་བཞིན་དུ་འཆན ་དེ་ཡང་དག་པའི་ལམ་ཡིན་སྙམ་སྟེ། དགེ་འདུན་གྱི་གྲངས་སུ་ཞུགས་སོ།། མི་ཕྱུགས་རྫི་དང་མཚུངས་ཏེ་ཆོས་ཀྱི་ཡི་གེ་ཀློག་པ་ལ་སྲིད་དུ་ཟད་ཀྱི། ཡང་དག་པའི་དབྱིངས་སུ་མི་འཇུག་སྟེ། མི་ཡིད ་དགའ་ཞིང་མི་སྙན་པར་རིན་འཛིན་དུ་ཟད་དོ། ། འཇིག་རྟེན་གྱི་དོན་ལ་བཟོ་མཁས་ཀྱི་ལམ་ཆོས་འཆད་པ་མི་གཙང་ངོ་།། བཟོའི་ཆོག་ལ་མཁས་པས་འཇིག་རྟེན་གྱི་ལམ་སྤྱད་དུ་ཟད་ཀྱི། ལེགས་པའི ་བརྗིད་མེད་དོ། ། མྱ་ངན་ལས་འདས་པའི་རྒྱུ་གཞིག་པ་ལ་བཏང་སྟེ། ཁ་རོག་ནས་བསམ་གཏན་ཐུབ་པ་ལ་མ་དང་དེ་ཉིན་མཚན་དུ་རྟག་པར་བཤད་ཅིང་བརྗོད་པ་དང་། འཐབ་རྩོད་པ་དང་། ཐུལ ་བ་དང་། ། སྟན་སྟུག་པོར་ཉལ་སྲེད་དེ་བསམ་གཏན་ཐུབ་པ་བཞིན་པའི་སེམས་ཅན་སྐད་ཅིག་མེད་ན། དགེ་སྦྱོང་གི་འབྲས་བུར་གྲུབ་པར་ཐོབ་པར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ད་མི་དེ ་གཉིད་ཀྱིས་ལོག་ནའང་བརྟག་པར་ཐ་མལ་པའི་སེམས་དང་འཐུན་ཏེ། སྲེད་པའང་ཐོ་རས་ལ་མི་འགལ་བའི་བཟོད་པ་མི་སྤྱོད་ཀྱི། རབས་ཀྱི་ཆོས་ལ་སྲེད་ན་མི་དེ་ལྟ་བུས་ཀྱང་ཡོན་གོས་དང་ཁ ་ཟས་མང་དུ་ཐོབ་བོ། ། ཅིའི་ཕྱིར་ཞེ་ན། མི་དེས་ཁོར་མོར་བདུད་ངན་པ་བསླུས་པས་ཚིག་ཉེ་བ་མི་ཟབ་པ་ལ་སྲེད་དེ། མཆོག་གི་དམ་པའི་གཞུང་ལ་གྲུབ་པར་སློབ་མི་ནུས ་སོ། ། མཆོག་གི་ཟབ་མོའི་ཆོས་ཡི་གེ་ཁ་ཏོན་ལ་གཟུངས་སུ་འཛིན་མི་ནུས་སོ།། ཐོས་ནས་སྡང་སྐྲག་ནས་བཅུད་དཀར་པོ་བཏང་ལ་སྦྲང་རྣ་ལེན་ཏོ།། ཕལ་ཐ་མལ་པ་གཞན་གྱིས་གསོ་བའི ་ཁེ་རྙེད་པ་མཐོང་ན། འདོད་ཆགས་ཀྱི་སེམས་སྐྱེས་ཏེ། སེམས་ལ་འདི་སྙམ་བྱེད་དོ།། བདག་ལ་སོགས་པའང་དེ་ལྟ་བུའི་ཚིག་བརྗོད་པ་བསླབ་པའི་རིགས་ཞེས་ཟེར་རོ།། ཤཱ་རིའི ་བུ་དེ་ལྟ་བུའི་མིས་བླ་ན་མེད་པའི་ཆོས་ཀྱི་དཀོན་མཆོག་བཏང་སྟེ། ཡོན་པོ་མཐོང་བར་ལྷུང་ཞིང་འདུག་པ་ནི་དགེ་སྦྱོང་གི་དགྲ་ཡིན་ནོ།། གོས་སྐྱ་བོ་ཅན་ཁ་དོག་ཡོད་པ་དེའི་གན་དུ་དོང་སྟེ་དེ་ལྟ་བུའི ་མིང་ནང་པས་དེ་དག་ལ་ཆོས་བཤད་དེ། གསོ་བའི་ཁེ་ཕྱིར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྙན་པ་བསྟན་ཏེ། སྲོག་གསོ་བའི་ནོར་དང་གཡོག་དང་བྲན་བཙལ་བ་འབའ་ཞིག་གི ་ཕྱིར་རོ། ། གོས་དང་ཟས་དང་འདོད་ཅིང་ལྕི་ལ་སྲེད་པ་བཞིན་དུ་བསྟོད་དོ།། སྦྱིན་པ་བྱས་པས་ནི་གནམ་གྱི་སྟེང་དུ་སྐྱེ་བ་ཐོབ་བོ་ཞེས་ཟེར། སངས་རྒྱས་ཀྱི་ཆོས་ནང་ན་ནི་སྦྱིན་པ་སྨད་རིམས་ཀྱིས ་ཆོས་ནི་བསྒོ། ། ཕལ་ནི་གང་གི་མཆོག་གོ་ཞེས་བྱ་སྟེ། ཚིག་དེ་སྐད་དུ་སྦྱིན་པ་ཆེན་པོའི་རྒྱུ་རྐྱེན་གྱི་གནམ་གྱི་སྟེང་དུ་སྐྱེ་བ་ཐོབ་བོ་ཞེས་བྱ་སྟེ། ཚིག་འབྲུ་མ་རིག། གཞུང་ཕྱོགས་པ་མི་ཤེས ་ཐོག་མ་ཉེ་ཞིང་མི་ཟབ་པའི་ཆོས་ཐ་མར་ཞུགས་པ་འབའ་ཞིག་ཤེས། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་འདོད་ཆགས་ཏེ་མཆོག་བཏང་ངོ་།། ཤཱ་རིའི་བུ་ཆོས་བཤད་པས་བར་བར་ན་མི་ལ་ལ ་ཡིད་སྐྱེ་སྟེ། ཁྱིམ་ནས་མི་ངན་པ་རྣམས་དང་འདུས་ཚོགས་ཏེ། རྨད་དུ་བྱུང་བའི་སྡེ་དང་མདོའི་སྡེ་རང་གི་འགྲོས་བཤད་དེ། བར་བར་ནི་རྟག་དང་ཆད་པ་བཤད། བར་བར་ནི་བྱ་བ་བྱེད་པ་བཤད།། ་ཤཱ་རིའི་བུ་ངའི་ཆོས་དེའི་ཚེ་མུར་འདུག་གི་ཆོས་མང་སྟེ། སེམས་ཅན་གྱི་རྣམས་དྲང་པོ་མཐོང་བའི་སེམས་ཞིག་པར་བྱས་སོ།། དེ་ལྟ་སྟེ། ཤཱ་རིའི་བུ་ངའི་གཙང་དག་པའི་ཆོས་ནི་དེ་ལྟ་བུའི་རྐྱེན ་གྱིས་ཁད་ཀྱིས་ཞི་ཞིང་ཟད་དོ། ། ཤཱ་རིའི་བུ་ཡུན་རིང་དུ་སྐྱེ་ཤིའི་ནང་དུ་སྡུག་བསྔལ་རྣམས་ཀྱིས་ཉོན་མོངས་ནས། བྱང་ཆུབ་གྲུབ་ན་གད་དེ་གནས་པ་དེའི་ཚེ་དེངས་ཤིང་ཞིགས་སོ།། ཤཱ་རིའི ་བུ་དགེ་སློང་ལ་ལ་ཞིག་ཐོབ་པ་ཡོད་པ་མཐོང་བ་དང་། བདག་ཏུ་ལྟ་བ་མཐོང་བ་དང་། གང་ཟག་མཐོང་བ་དེ་གཏོང་བ་མ་ནུས་ན། ཡང་དག་པར་གཤེགས་པས་སྤྱོད་པ་བཞིན་དུ་བཤད་པ ་མི་ཤེས་སོ། ། ཡང་དག་པར་བདག་ཏུ་ལྟ་བ་དང་། གང་ཟག་དང་ཆོས་ཡོད་ཅེས་ཟེར་ན། དེ་ལྟ་བུའི་མི་ནི་ཆུ་རྔུབས་གཅིག་ལེན་དུའང་མི་གནང་ངོ་།། གལ་ཏེ་མི་དེས་སྟོང་པའི་ཆོས་ཐོས ་ལ་ཡིད་ཆེས་སེམས་གཙང་སྟེ། མི་གཙང་མི་དོགས་ན་མོད་བཞིན་སླར་མི་ཕལ་བཀྲིས་དྲངས་ཏེ། བདེན་པའི་མཚན་མའི་གཞུང་དུ་འཇུག་པའི་རིགས་སོ།། ཡང་ནས་བྱུང་སྟེ་ཚུལ ་ཁྲིམས་འཐོག་ཚང་བར་མནོས་པའོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུའི་མཐོང་བ་མ་བཏང་བ་དེའི་མིང་མུར་འདུག་ཅེས་བྱའོ།། ཤཱ་རིའི་བུ ་ངས་འཇིག་རྟེན་ཐ་མལ་པའི་རྒྱུ་རྐྱེན་སྤྱད་ནས། སྒྱུ་མར་ང་ཡོད་པར་བཤད་པ་ནི་མཆོག་གི་གཞུང་མ་ཡིན་ནོ།། ཡང་མི་ལ་ལ་ཞིག་ན་རེ། ངས་ཀྱང་འཇིག་རྟེན་གྱི་ཁམས་ཐ་མལ་པའི་རྒྱུ་རྐྱེན ་སྤྱད་དེ་ང་ཡོད་པར་བཤད་ཅེས་ཟེར་ན། མི་དེས་སྐྱེ་བ་མེད་པ་དང་། འགོག་པ་མེད་དང་། མཚན་མ་མེད་པའི་ཆོས་ཁོང་དུ་ཆུད་མ་ནུས་ཏེ། ངས་བཤད་དོ་ཅོག་དང་འགལ་ན་ངའི་སློབ་མ་མ ་ཡིན་ནོ། ། ཡང་ཤཱ་རིའི་བུ་མི་ལ་ལ་ཞིག་ན་རེ། ཡང་དག་པར་གཤེགས་པས་ཅི་འཇིག་རྟེན་གྱི་རྒྱུ་རྐྱེན་བཞིན་དུ་མེད་པའི་ཆོས་ལ་ཟག་པ་ཡོད་པར་བཤད། ཡང་དག་པར་གཤེགས་པས་ནི་འཇིག ་རྟེན་གྱི་ཕྱིར་མི་བདེན་པའི་ཚིག་བཤད་པའི་རིགས་ཀྱི་སྟེང་དུ་ཆོས་ཀྱི་ཡི་གེ་གཞན་གྱི་ནང་ན་ཡང་གང་ཟག་ཡོད་ཅེས་བཤད་པ་མང་སྟེ། སངས་རྒྱས་ཀྱིས་བཤད་པ་ནི་བརྫུན་པའི་མི་རིགས་སོ། ་ཞེས་ཟེར་བ་ཞིག་ཡོད་ན། ཤཱ་རིའི་བུ་དེ་ལ་ལན་གླན་པ་སངས་རྒྱས་ཀྱི་བཤད་པ་ལ་ཆོས་སོ་ཅོག་སྟོང་པ་སྟེ། བདག་པོའང་མེད། རང་བཞིན་ཡང་མེད་དོ།། ཐ་མལ་པའི་སྒྱུ་མ་མི་བདེན ་པ་སྟེ། མཆོག་གི་གཞུང་མ་ཡིན་ནོ།། ཡང་དག་པར་གཤེགས་པས་མཆོག་གི་བཤད་དེ། བདག་ཏུ་ལྟ་བ་དང་། གང་ཟག་ཡོད་པར་མ་བཤད་དོ།། འཕྲུལ་གྱི་མིས་ཚིག་བཤད་པ ་ལ་འདོད་ཅིང་ཆགས་པ་མེད་དོ། ། ཤེས་རབ་མེད་པའི་མིས་ནི་སངས་རྒྱས་དང་མཚུངས་པ་མེད་དེ། འདས་པའང་མེད་དོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པའི་ཤེས་རབ་ནི་བསམ ་གྱིས་མི་ཁྱབ་བོ། ། ཤེས་རབ་དེ་སྤྱད་པས་ན་སེམས་ཅན་གྱི་སེམས་རིག་སྟེ། ཉིས་ནས་མི་ལ་ལ་ཞིག་སངས་རྒྱས་དང་མཉམ་ཞེས་ཟེར་བ་ནི་བླའི། སངས་རྒྱས་ཀླུ་ཆེན་པོ་ཆོས་ཆེན་པོའི ་རྒྱལ་པོ་ལ་སངས་རྒྱས་ཀྱིས་གང་ཟག་ཡོད་པར་བཤད་དོ་ཞེས་ཟློག་པ་མི་རིགས་སོ། ། འཇིག་རྟེན་ཐམས་ཅད་ནི་རྟག་པར་ང་དང་རྩོད་དོ།། ང་ནི་རྟག་པར་འཇིག་རྟེན་དང་མི་རྩོད་དོ།། ཤཱ་རིའི་བུ ་ཡོད་པར་བཤད་ན་ནི། ཤིན་ཏུ་སྙིང་རྗེར་རུང་ངོ་།། འདི་ནི་ཆོས་ཀྱང་མེད། ངའང་མེད་ན། སེམས་ཀྱིས་ཡང་དག་པར་གཤེགས་པས་སྤྲོས་པ་བཞིན་དུ་བཤད་པ་མི་ཤེས་པ་མང་སྟེ། ་ཆོས་ཀྱི་དཀོན་མཆོག་དང་ལོག་ག་ལ་བ་ངན་པའི་ལམ་དུ་ལྷུང་བ་མང་ངོ་།། ཤཱ་རིའི་བུ་ངས་ཡོན་པོ་མཐོང་བར་ཤེས་པ་ནི་མཐོང་བ་ཞེས་བྱའོ།། ཡོན་པོར་མཐོང་བར་ཤེས་པ་དེ་ནི་དྲང་པོ་མཐོང་བ ་མ་ཡིན་ནོ། ། ཤཱ་རིའི་བུ་ཡོན་པོར་མཐོང་བའི་མར་མཐོང་བར་མ་གྱུར་ན་མཐོང་བར་མི་ཤེས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པར་སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་གཡུང་དྲུང་རྫོགས ་པའི་བྱང་ཆུབ་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་དཀའ་འོ། ། ངའོ་ནི་ལྷ་རྣམས་དང་འཇིག་རྟེན་ཐམས་ཅད་ལ་ནང་ན་ཡིད་ཆེས་པ་ཡིན་ཏེ། ཡིད་མ་ཆེས་པ་མ་ཡིན་ནོ།། ཤཱ་རིའི་བུ་ཆོས ་བཤད་དོ་ཅོག་ནི་ཕ་ལོག་གི་འགྲམ་དུ་ཕྱིན་པའི་ཕྱིར་ན། དེའི་ནང་ན་ཕ་ལོག་གི་འགྲམ་དུ་ཕྱིན་པའང་མེད་དོ།། ངས་ཆོས་བཤད་དོ་ཅོག་ནི་སྤྱད་པའི་རྣམས་ཟད་པའི་ཕྱིར་ན ་དེའི་ནང་ན་སྤྱད་པའི་རྣམས་ཟད་པའང་མེད་དོ། ། ངས་ཆོས་བཤད་དོ་ཅོག་ནི་སྟོང་པ་ཞི་བའི་ཕྱིར་ན་དེའི་ནང་ན་སྟོང་པ་ཞི་བའང་མེད་དོ།། ངས་ཆོས་བཤད་དོ་ཅོག་ནི་མེད་པར་བསྒྲལ་བའི་ཕྱིར་ན། དེའི ་ནང་ན་མེད་པར་བསྒྲལ་བའང་མེད་དོ། ། ངས་ཆོས་བཤད་དོ་ཅོག་ནི་གྲོལ་ཐར་པའི་ཕྱིར་ན། དེའི་ནང་ན་གྲོལ་ཐར་པའང་མེད་དོ།། ངས་ཆོས་བཤད་དོ་ཅོག་ནི་ཤེས་རབ་ཅན་རྣམས་ཀྱི་ཕྱིར་ན་ཤེས ་རབ་ཅན་རྣམས་ཀྱང་མེད་དོ། ། ངས་ཆོས་བཤད་དོ་ཅོག་ནི་དྲི་མ་དག་པའི་ཕྱིར་ན། དེའི་ནང་ན་དྲི་མ་དག་པའང་མེད་དོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་ལྷའི་ཕྱིར་ཆོས་བཤད་ན ་ལྷའང་མེད་དོ། ། མིའི་ཕྱིར་ཆོས་བཤད་ན། མིའང་མེད་དོ།། སེམས་ཅན་རྣམས་ཀྱི་ཕྱིར་ཆོས་བཤད་ན། སེམས་ཅན་མེད་དོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་རིག་པ་དང་གྲོལ ་ཐར་བཤད་ན། དེའི་ནང་ན་རིག་པ་དང་གྲོལ་ཐར་པའང་མེད་དོ།། ངས་སངས་རྒྱས་བསམ་པ་བཤད་དེ་སངས་རྒྱས་བསམ་དུ་མི་རུང་ངོ་།། ངས་སྟོང་པ་བཤད་དེ་སྟོང་པ་བཤད་དུ་མི་རུང་ངོ་།། ་བསམ་དུའང་མི་རུང་། ཤཱ་རིའི་བུ་དེའི་མིང་ཡང་དག་པར་གཤེགས་པས་ཆོས་ཀྱི་ཡི་གེ་བཤད་དོ་ཅོག་ལེའུ་དང་ཚིག་གི་ནང་ན་བཤད་པ་མེད་ཅེས་བྱ་བ་ཡིན་ན། མི་ངན་པ་རྣམས་ཀྱི་ལེའུ་ཚིག ་འདི་ཐོབ་ནས་མི་གཞན་ལ་བཤད་པ་ལའང་ཁོའི་མཁན་པོ་ཡིན་ནོ། ། ཡང་དག་པར་གཤེགས་པ་དང་འཕྲུལ་གྱི་དགེ་འདུན་གྱི་ལེགས་དོན་ཡང་མེད་ཅེས་ཟེར་ཏེ་རང་གི་དགེ་འདུན་གྱི་གྲངས་སུ་བཅུག ་གོ། ཤཱ་རིའི་བུ་དཔེར་སྤྲེའུ་འདུས་པའི་ཁྱུ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མི་འདྲའོ།། དེ་ལྟ་བུའི་མི་ཕལ་ངན་པ་ནི་ངའི་འཕྲུལ་གྱི་དགེ་འདུན་དང་མི་འདྲའོ།། ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ ་རྣམས་ནི་སྒྲ་སྐད་དང་སྨྲ་བའི་ཚིག་འབའ་ཞིག་གིས་བདག་དགེ་སྦྱོང་ཡིན་ཞེས་ཟེར་ཏེ། དཔེར་མི་གཏི་མུག་གིས་སྤྲེའུ་ཁྱུ་མཐོང་ན་སུམ་ཅུ་རྩ་གསུམ་གྱི་ལྷ་ཡིན་ཞེས་ཟེར་བ་དང་མཚུངས་སོ།། ཤཱ ་རིའི་བུ་དེའི་ནང་ན་ཁྱིམ་ནས་བྱུང་བའི་མི་ཀླན་ཀ་ཚོལ་བ་དང་དགའ་སྲེད་པ་ཞིག་ཡོད་དོ། ། མཁན་པོ་མཁས་པ་དང་ཕྲད་པ་དེ་ལ་མིང་དང་ཁ་དོག་སྟོང་པར་ཞི་སྟེ་སྨྲ་བའི་ཚིག་གིས་ལམ་བཅད་སྡང་བའང ་མེད། སྟོང་པའང་མེད། ཆོས་བཤད་དེ་མཚན་མ་མེད་པ་ཁོང་དུ་ཆུད་དེ་དེ་ལྟ་བུའི་མེད། འགོག་པ་མེད། མཚན་མ་མེད་པའི་ཆོས་ཐོས་ནས་མི་སྔངས་མི་འཇིག་པ་ན་དེ་ལྟ་བུའི་ནི་དཔག ་ཏུ་མེད་པའི་སངས་རྒྱས་རྣམས་ལ་ཡོན་གསོལ་མྱོང་ཟིན་པར་མངོན་ཏེ། ངའི་ཆོས་ཤེས་པར་ནུས་པས་དེའི་མིང་ནི་འཕྲུལ་གྱི་དགེ་འདུན་ཞེས་བྱའོ།། སངས་རྒྱས་ཀྱི་མཛོད་ལས་ལེའུ་ལྔ་སྟེ། ་གཙང་མའི་ལེའུ་སྟེ་ལྔའོ།། ། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་བམ་པོ་གཉིས་པ།། སངས་རྒྱས་ཀྱི་ཡི་གེ་ལེའུ་སྟེ། ཚུལ་ཁྲིམས ་གཙང་མའི་ལེའུའོ། ། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཚུལ་ཁྲིམས་ཞིག་པའི་དགེ་སློང་ལ་མྱ་ངན་འཁྲུག་པའི་མདའ་བཅུ་ཡོད་དེ། ་བཟོད་པར་བརྣགས་པར་དཀའ་འོ།། དགེ་སློང་གིས་མྱ་ངན་འཁྲུག་པའི་མདའ་བཅུ་འབྱོར་འགྲུབ་ན་སངས་རྒྱས་ཀྱི་ཆོས་ལ་ཞིབ་པོའི་རོ་མྱོང་མི་ཐོབ་སྟེ། ཆོས་འཆད་པ་ལ་སྡང་ཞིང་ཉེ་བསྟེན་པ ་ལ་མི་སྲིད་དོ། ། བཅུ་གང་ལ་སོགས་པ་ཞེས་བྱས་ན། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་དགེ་འདུན་འབྱོར་འདུམ་པ་མཐོང་ན་དགའ་བའི་སེམས་མི་སྐྱེའོ།། ཅིའི་ཕྱིར་ཞེས ་བྱས་ན། འདུས་ཚོགས་གསོ་སྦྱིན་བྱས་ན་བདག་ནི་བསྐྲད་དེ་ཕྱུང་། ཡང་དག་ཅེས་དགེ་སློང་ངན་པ་དེ་དག་ལ་ཉེས་ཡོད་པར་ཤེས་པས་རྟག་པ་འཁྲུག་བསྲེལ་ཏེ་ཚུལ་ཁྲིམས་འཛིན་པ་ལ ་གཤེ་མཁོན་ཅི་མི་དགའ་འོ། ། ཤཱ་རིའི་བུ་དེའི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ཐོག་མའི་མྱ་ངན་འཁྲུག་པའི་མདའ་ཞེས་བྱ་སྟེ། ཡང་དག་པའི་ལམ་ངན་པར་ལྷུང་ངོ་།། ཡང་ཤཱ་རིའི་བུ ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་ཕལ་ཀུན་ཀྱང་སྡང་ཞིང་མི་འདོད་པས་ཉེ་བསྙེན་པར་མི་དགའ་སྟེ། ཕྱུགས་ངན་པ་རྡུང་ཁུ་ས་ར་རྣོན་པོ་མི་བོ་མཆོག་གི་བཏང་བ་བསྲིངས་པ་དང་མཚུངས་སོ།། ་དགེ་སློང་ངན་པ་དེ་རང་ལ་ཉེས་ཡོད་པར་ཤེས་པས་རྟག་པར་དོགས་པ་དང་མྱ་ངན་འཁྲུག་པ་སེལ་ཏོ།། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་གཉིས ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཕལ་དང་ཕྲད་ན། སེམས་ཅན་ངན་པའི་མི་མཐུན་ཞིང་བཏང་སྤངས་པར་རང་ཤེས་ཏེ། ངོ ་ཚ་ཞིང་གནོད་བསྲེལ་བས་ཕལ་གྱི་ནང་དུ་འཇུག་མི་ཕོད་དོ། ། ཡང་ཤཱ་རིའི་བུ་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་གསུམ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྷུང་ངོ་།། ་ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་མྱ་ངན་ལས་འཁྲུག་པའི་སེམས་པས་བསྟན་པ་བཅོས་སུ་མི་རུང་སྟེ། མུར་འདུག་པའི་ཆོས་ཀྱི་ཁྲིམས་ཀྱི་ཆོས་ཀྱང་མེད་ན། གཙང་མྱ་ཚུལ ་ཁྲིམས་མེད་པའི་ལྟ་སྨོས་ཀྱང་ཅི་དགོས། ། ཚུལ་ཁྲིམས་ཞིག་པའི་རྒྱུ་རྐྱེན་དེ་ལྟ་སྤྱད་པས་མིས་མི་ཉེ་མི་བསྙེན། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི ་མདའ་བཞི་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྷུང་ངོ་།། ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་གཞན་གྱི་ནོར་རྫས་སྤྱོད་དེ་རང་གིས་ལུས་གསོས་ན། ངས་བཤད་པ་ལ ་མེད་དེ་ཁུར་ལྕི་བ་ཁྱེར་ཞེས་བྱའོ། ། ཅིའི་ཕྱིར་ཞེ་ན། སྨོད་པའང་ཐོས་པ་ནི་ཡོན་ལེན་པའི་རིགས་པ་ཞེས་བྱ་ན་ཚུལ་ཁྲིམས་ངན་པའི་དགེ་སློང་སྤྱོད་པའང་མ་ཡིན། ཐོབ་པའང་མ་ཡིན་པས ་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་གྲངས་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་ལུས་ཀྱི་ཤ་ཅན་གཏུབས་ཏེ། སྦྱིན་པ་དག་ལ་འཇལ་ལོ།། ཕྱུགས་ཀྱི་ལུས་སུ་སྐྱེས་ནའང་རྟག ་པར་ཁལ་ལྕི་བ་ཁྱེར་བ་འོང་ངོ་། ། ཇི་ལྟར་ཞེས་བྱས་ན། སྭའི་ཉག་མ་གཅིག་གི་ཆུ་ཚལ་གཅིག་གི་སྟོང་འབུམ་གྱི་ཤས་གཅིག་ཙམ་ཡང་ཚུལ་ཁྲིམས་ཞིག་པའི་དགེ་སློང ་གི་ཞུ་བར་མི་ནུས་ན། གཞན་གྱི་གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨྲ་ན་ཞུ་བར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་འཕྲུལ ་གྱིས་ཆོས་གོས་གྱོན་ཀྱང་གཙུག་ལག་ཁང་གི་ནང་ན། གོམ་པ་གཅིག་ཀྱང་འགྲོ་བའི་མི་རིགས་ན། ཆུ་རྔུབས་གཅིག་དང་ཁྲི་སྟན་ཡན་ཆད་ལ་འདུག་ཏུ་མི་དབང་བ་ལྟ་སྨོས་ཀྱང་ཅི་དགོས། ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་ལས་ལྷའི་ནང་ནའང་དགྲ་ཆེན་པོ་ཡིན་ཞེས་བྱ་སྟེ། འཇིག་རྟེན་ཐམས་ཅད་ཀུན་གྱིས་ཀྱང་བསྲིབས་སྤང་བའི་རིགས་སོ།། དེ་ལྟ་བུ་སུན ་བྱུང་བའི་མི་ནི་ཀུན་གྱི་དགྲ་ཡིན་ནོ། ། ཡང་དག་པར་གཤེགས་པས་འཇིག་རྟེན་ཐམས་ཅད་ངའི་ཐད་དུ་འོང་བར་གནང་ན། ཚུལ་ཁྲིམས་ཞིག་པའི་མི་ནི་ཡང་དག་པར་གཤེགས་པའི་ཕྱག་གིས ་བཀག་སྟེ། ངའི་སློབ་མ་མ་ཡིན་ན་ཉིན་གཅིག་ངའི་ཆོས་ཀྱི་ནང་ན་མི་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དཔེར་ན་མི་ཤི་དང་། སྦྲུལ་ཤི་དང་། ཁྱི་ཤི་བ་ནི་ནང་གི་ག་ན་མ་སྨེ་སྟེ ་གཙང་གདང་བའི་ལྷ་རྣམས་རྩེན་ཞིང་རྒོད་པའི་ཚེ་མཐོང་དུ་མི་རུང་ངོ་། ། མཐོང་དུ་ཟིན་ཀྱང་བསྲིང་ངོ་།། འདི་ལྟ་སྟེ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་རོ་དེ་གསུམ་མནམ་སྨེ་བ ་དང་མཚུངས་ཏེ། མི་གཙང་བས་ཤེས་རབ་ཅན་གྱིས་བསྲིངས་སྤངས་ཏེ། ལྷན་ཅིག་ཏུ་གསོ་སྦྱིན་རང་གསང་བ་མི་བྱེད་དོ།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་ངའི་ནང་ན་མི་ཤེས ་པ་མ་ཡིན་ཞེས་བྱ་སྟེ། ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ཚུལ་ཁྲིམས་བཤིག་པའི་འདི་ལྟ་བུ་མཐོང་ན་མོད་བཞིན་རིང་དུ་སྤངས་སོ།། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི ་ལག་གིས་རེག་པའི་རྫས་བླངས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་ངན་དུག་པར་གྱུར་ཏོ། ། ཤཱ་རིའི་བུ་རོ་གསུམ་གནམ་སྨེ་བས་གང་བའི་ས་དེའི་ན་ངའི་བཞིན་དུ་སྤྱོད་པའི་ནི་ཕོད་ཀྱི། ཚུལ་ཁྲིམས ་ཞིག་པའི་དགེ་སློང་འདི་དང་སྐད་ཅིག་ལྷན་ཅིག་འདུག་ན་ནི་མི་ཕོད་དོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་དགེ་སྦྱོང་གི་ནང་ན་ངན་པ་ཐ་མ་སྟེ། དགེ་སྦྱོང་གི་ནང་ན་འཕྲུལ་གྱི་ལམ་སྟོར་བ་རུལ་ཞིག་ལ ་ངན་པ་ཐ་མའོ། ། དགེ་སྦྱོང་གི་ནང་ན་ཕུབ་མ་ཤིན་པའོ།། དགེ་སྦྱོང་གི་ནང་ན་རྙོག་པའོ།། དགེ་སྦྱོང་གི་ནང་ན་འཁོར་བའོ།། དགེ་སྦྱོང་གི་ནང་ན་འཕྲུལ་གྱི་ལམ་སྟོར་བ་སྟེ། དེ་ལྟ་བུ་ལ་སོགས ་པའི་མི་ས་ངའི་ཆོས་ཀྱི་ནང་དུ་ཁྱིམ་ནས་བྱུང་སྟེ་ལམ་བཙལ་ན་སྡིག་ལྕི་བ་ཐོབ་བོ། ། ཤཱ་རིའི་བུ་དེ་ལྟ་བུའི་མི་ནི་ངན་པའི་ཆོས་ཀྱི་ནང་ན་ལོག་པའི་དགྲ་ཞེས་བྱའོ།། ཆོས་ཀྱི་དགྲ་ཡིན་ཞེས་བྱའོ།། ་བརྙ་ས་བསླུ་ཞིང་གཡོ་སྒྱུ་བྱེད་པའི་མི་ཞེས་བྱའོ།། སྲོག་གསོ་བའི་ཕྱིར་གོས་དང་ཟས་ལ་སྐོམ་ལྕི་སྟེ། དེའི་མིང་འཇིག་རྟེན་གྱི་བྲན་གཡོག་ལ་སྲེད་པ་ཞེས་བྱའོ།། ཤཱ་རིའི་བུ་དཔེར་ཉུང་རུམ ་སྐྱེས་པའང་མ་ཡིན། བུད་མེད་ཀྱང་མ་ཡིན་པ་དང་འདྲ་སྟེ། ཚུལ་ཁྲིམས་ཞིག་པའི་དགེ་སློང་དེའང་དེ་དང་མཚུངས་པས་མིང་ཁྱིམ་ན་འདུག་པ་ཞེས་ཀྱང་མི་བྱ། མིང ་ཁྱིམ་ནས་གནས་ནས་བྱུང་བ་ཞེས་མི་བྱ་སྟེ། ཚེ་ཟད་ཕྱིན་ཆད་ཐལ་བྱུང་སེམས་ཅན་དམྱལ་བར་འགྲོ། ཤཱ་རིའི་བུ་དཔེར་ཕ་ཝང་དང་མཚུངས་ཏེ། བྱད་བཟུང་ཞེས་བྱས་ན་ནི་བྱི་བ་བཞིན་དུ ་ཁུང་བུར་སོང་། བྱི་བས་བཟུང་ཞེས་བྱས་ན་ནི་ནམ་མཁའ་ལ་འཕུར་ཏེ་བྱར་རེད་དོ།། བདེན་པར་བྱ་ན་ཆེན་པོར་སྤྱད་པ་མེད་པ་ལ་དེའི་ལུས་རྣམས་གནས་སྨྱེ་སྟེ་མུན་པ་མུན་པ་མི་སྣང་བར ་འབའ་ཞིག་སྲིད་དོ། ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཡང་དེ་དང་མཚུངས་ཏེ། གསོ་སྦྱིན་རང་གསང་བར་ཡང་མི་འཇུག། རྒྱལ་པོས་བཀོལ་བའི་གྲལ་དུའང་མི་འཇུག། མིང ་གོས་སྐྱ་བོ་ཅན་ཞེས་ཀྱང་མི་བྱ། མིང་ཁྱིམ་ནས་བྱུང་ཞེས་ཀྱང་མི་བྱའོ།། དཔེར་རོ་བསྲེགས་པའི་ཤིང་ལྷག་མ་དང་མཚུངས་ཏེ། ཕྱིས་ཅིར་ཡང་སྤྱད་དུ་མི་རུང་ངོ་།། དེ་ལྟ་བུའི་དགེ་སློང་གི་ཆུ ་ཁྲིམས་ཀྱི་རིམ་པའང་མེད། ཐུབ་པའི་རིམ་པའང་མེད། ཤེས་རབ་ཀྱི་རིམ་པའང་མེད། གྲོལ་ཐར་གྱི་རིམ་པའང་མེད། གྲོལ་ཐར་ཤེས་མཐོང་བའི་རིམ་པའང་མེད། ཚུལ་ཁྲིམས ་གཙང་མ་བཤིག་པ་ཆོ་ག་ཚང་བ་འབའ་ཞིག་གི་རིམ་པ་ཡོད་དོ། ། ཤིན་ཏུ་ཟབ་མོ་དམ་པའི་སྒྲ་སྐད་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། ཐུབ་པའི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། གྲོལ་བར་གྱི ་དང་། ཤེས་རབ་མཐོང་བའི་ལས་གྲོལ་ཐར་གྱི་སྒྲ་དང་མི་ནུས་ཀྱི། ཚུལ་ཁྲིམས་ཞིག་པ་དང་ངན་པའི་སྒྲ་སྐད་འབའ་ཞིག་ཕྱིན་ཏེ། ངན་པ་འཐུན་གཞན་དང་ལྷན་ཅིག་ཏུ་ངན་པའི་སྒྲ་འབྱིན་ཅིང་གོས ་དང་། ཟས་དང་། ཉལ་བའི་ཁྲི་དང་། སྦྱིན་པ་ནོད་བླང་བ་དང་། ཤིང་དང་། མེ་ཏོག་དང་། འབྲས་བུ་ཆེད་ཆེར་བྱ་བ་འབའ་ཞིག་བརྗོད་ཅིང་མི་མངག་པ་དང་། ཡུལ་གྱི་ནང་གི་དགེ་མི ་དགེ་བ་དང་། བདེ་མི་བདེ་དང་། རྩོད་མོ་དགོད་པའི་དོན་དང་། མི་དགེ་བའི་ཚིག་རྣམས་བརྗོད་དོ།། རྟག་པར་ཉིན་མཚན་དུ་དགེ་བ་དེ་བཞིན་ལུས་ཀྱི་ལས་མི་གཙང་། ཁའི་ལས་མི་གཙང ་ཡིད་ཀྱི་ལས་མི་གཙང་ན། སེམས་ཅན་དམྱལ་བར་ལྟུང་ངོ་།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་དེ་མུན་པ་མི་སྣང་བ་ལ་སྨྲ་བ་ནི་ད་ཅིའི་ཕ་ཝང་དང་མཚུངས་ཏེ། དྲང་པོའི་ཆོས་ཡིག ་བཤད་པ་ཐོས་ན་འཁྲུག་པར་འགྱུར་རོ། ། ཅིའི་ཕྱིར་ཞེ་ན། བདེན་པ་བཞིན་དུ་བཤད་པའི་ཕྱིར་རོ།། འཇིག་རྟེན་གྱི་ནི་བདེན་པར་བཤད་པ་ལ་མི་དགའ་སྟེ། བདག་གི་ཡིད་དང་མི་འགལ ་བ་འབའ་ཞིག་ལ་སྲིད་དོ། ། དེ་ལྟ་བུའི་དགེ་སློང་ནི་ཆོས་འཆད་པ་ལ་སེམས་མི་གཙང་སྟེ། སྡིག་ལྕི་བར་གྱུར་ཅིང་སེམས་ཅན་དམྱལ་བར་སྐྱེ་བ་ལ་ཕན་ནོ།། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས ་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་ལྔ་ཞེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྷུང་ངོ་།། ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལ་ཁྲེལ་ཞིང་ངོ་ཚ་བ་མེད་དེ། ་དབང་པོའི་རྣམས་ཀྱིས་འཁྲུགས་ནས་མི་གཙང་བའི་ལུས་དང་། ཁ་དང་། ཡིད་ཀྱི་ལས་མི་གཙང་བའི་མཆོག་འབྱོར་འགྲུབ་བོ།། གོས་གྱོན་ཏོ་ཅོག་ཀྱང་ཀུན་ཆོས ་དང་མི་མཐུན། བརྫུན་པའི་ཚིག་ལ་དགའ་སྲེད་དོ།། ཁའི་བག་བྱ་མི་ནུས། སེམས་རྟག་པར་རྒོད་པས་དྲི་མ་སྐྱེ་བས་ཞེན་ཏོ།། ཤཱ་རིའི་བུ་གྱོ་མོའི་སྣོད་གསར་པའི་ནང་དུ་རྒྱག་པ་ཟ་བ་དང་། ་ཁྲག་རུལ་བ་མནམ་པ་བླུགས་པ་དང་མཚུངས་ཏེ། ཕྱིར་མི་གཙང་སྟེ། བོར་ལ་སྤོས་ཙན་དན་བླུགས། ཕྱིས་ཡང་སྤོས་ཅན་བོར་ན། དེ་ལྟ་བུའི་གྱོ་མོའི་སྣོད་ལ་སོགས་པའི་དྲི་བོ།། ་བཅོམ་ལྡན་འདས་དེ་ལྟ་བུའི་གྱོ་མོའི་སྣོད་གསར་པར་རྒྱག་ཟབ་ན་ག་ནམ་མོ་བླུགས་ཏེ་སྲ་བར་ཆགས་ན་མནམ་པོའི་དྲི་འབའ་ཞིག་མཆིས་ཀྱི། ཙན་དན་གྱི་བསུང་མ་མཆིས་སོ།། ཤཱ་རིའི་བུ ་མི་གཙང་དག་པའི་ཡིད་ཆེས་པ་ལ་སོགས་པའི་དབང་པོ་རྣམས་སྤྱད་དེ། ཁྱིམ་ནས་བྱུང་ལ། ཆོས་ལམ་བསླབ་པ་ངན་པའི་བཤེས་གཉེན་དང་ཕྲད་ན་དེས་བསྟན་པ་བཞིན་དུ་འབྲང་ངོ་།། ་ཤཱ་རིའི་བུ་གང་ལ་སོགས་པ་ངན་པའི་བཤེས་གཉེན་ཞེས་བྱས་ན། ངན་པའི་བཤེས་གཉེན་ནི་རྟག་པར་རྩེད་མོ་འདྲན་ཏོར་ལ་སྲེད་ཅིང་ཡང་རྒོད་ལ་ཁྲེལ་མེད།། སྨྲ་བའི་ཚིག་གི་འཁྲུག། དབང ་བོཔོའི་རྣམས་མི་སྡུད། སེམས་རྩེ་གཅིག་ཏུ་མི་མཐུན་ཞིང་གཏི་མུག་ལུག་བཞིན་པ་དེ་ལྟ་བུའི་ངན་པའི་བཤེས་གཉེན་ལ་ཉེ་བར་བསྙེན་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག། ་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། ལྷར་སྐྱེ་བ་ལ་ཐུག་པ་ཡན་ཆད་ཀྱང་སྐོར་ན་མྱ་ངན་ལས་འདས་པའི་ལམ་ལྟ་སྨོས་ཀྱང ་དགོས། ཆོས་བཤིག་པའི་སྡིག་ལ་ས་སྤྱོད་སྦྱོང་བ་འབའ་ཞིག་ལ་མཁས་ཏེ་ཆོས་འཇིག་པ་དང་འགྲོགས་ཤིང་དོང་ངོ་མི་དེས་ལུས་ཀྱི་ལས་མི་གཙང་བ། ཁའི་ལས་མི་གཙང་བ། ཡིད་ཀྱི ་ལས་མི་གཙང་བ། ཚུལ་ཁྲིམས་འཛིན་པ་མི་གཙང་བ་འབྱོར་འགྲུབ་པས། ལུས་ཤི་ན་ལམ་ངན་པར་ཞུགས་སོ།། ལམ་ངན་པ་ཇི་ལྟ་བུ་ཞེས་བྱས་ན། ལམ་ངན་པ་ནི་མིང་སེམས་ཅན ་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། ལྷ་མ་ཡིན་གྱི་ལམ་མོ།། ཡང་ལམ་ངན་པ་ཡོད་དེ། སྲིན་ཨ་སུ་ལིང་ག་དང་། སྲིན་བུ་བག་ལ་འབོ་ཀ་དང་། སྲིན་བུ་འབྱིན་རྩེའུ ་ཛ་ཀ་དང་། སྲིན་བུ་ཇི་འགོག་ཀ་དང་། མི་དེ་སྲིན་བུ་དེ་རྣམས་ཀྱི་ནང་དུ་ལན་མང་དུ་སྐྱེའོ།། ཤཱ་རིའི་བུ་མི་ངན་པའི་བཤེས་གཉེན་གྱི་ཕྱིར་འབྲང་བས། མིའི་ནང་དུ་སྐྱེས་སུ་ཟིན་ཡང་ཕ་མ ་དང་གསོན་པོར་བྲལ་ལ་ཤ་བརླག་སྟེ། ཁྱིམ་ཆེས་ཉེ་བར་ལ་གནོང་ཞིང་ཡུལ་ས་ཞིག་རལ་ཏེ་བགེགས་བརྒྱད་ཀྱི་ནང་དུ་སྐྱེ་བར་འོང་ངོ་།། སྐྱིད་པ་བརྒྱད་ཀྱི་གནས་བཏང་ལ། འདོད་པ་མང་ཁྲོ ་བླུན་ལ་རྟག་པར་རྩེད་མོ་འདྲན་ཏོར་ལ་སྲེད། ཁོང་ཡང་རྒོད་ཅིང་ངོ་ཚ་བའང་མེད། ཚིག་ཚོལ་བར་སྨྲ། སེམས་མི་བསྡུ་མི་ནུས་ཏེ། གཏི་མུག་ལུག་བཞིན་འདོད་ཆགས་ཞེ་སྡང་གཏི་མུག ་གིས་འོ་ན་ལྐུགས་ལོང་ཞར་རྐང་ལག་བསྐུམས་ནས་ངན་པའི་བཤེས་གཉེན་དེས་སངས་རྒྱས་མེད་པའི་གནས་སུ་སྐྱེའོ། ། སངས་རྒྱས་ཀྱི་དུས་དང་ཕྲད་དུ་ཟིན་ནའང་བདག་རང ་མཐོང་བར་མི་འགྱུར། ཆོས་ཐོས་པར་མི་དགའ་སངས་རྒྱས་དང་། དགེ་འདུན་དང་ལྷན་ཅིག་ཏུ་མི་འདུག་སྟེ། དེའི་མིང་འདོད་པ་ཐ་མ་ཞེས་བྱས་སོ།། ཤཱ་རིའི་བུ་ཤེས་རབ་ཐ་མའི ་མིས་མཐར་འགོག་པ་དང་། ལམ་དང་། མྱ་ངན་ལས་འདས་པ་སྐྱོ་བྲལ་བའི་སེམས་སྐྱེ་བར་མི་ནུས་སོ།། ཤཱ་རིའི་བུ་ངན་པའི་བཤེས་གཉེན་ཕྲད་དེ་ལྟ་བུའི་རྒུད་པའི་མྱ་ངན་གྱི་ནད་རྣམས ་ཐོབ་པ། དེ་ལྟ་བུའི་ལྷས་མཚན་ཡོད་པའི་མི་དེས་ཆོས་ཀྱི་ཡི་གེ་ཟབ་མོ་འདི་ཐོས་ན། སྔངས་དོགས་ཤིང་འཇིགས་སྐྲག་པ་ནི་ཁུང་ཟབ་མོར་ལྷུང་བ་དང་མཚུངས་པས་སྡིག་ཆེན་པོའི་དོང་ཁུང ་ཟབ་མོའི་ནང་དུ་ལྟུང་ངོ་། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་ལ་དེ་བཞིན་ཏེ། ཚུལ་ཁྲིམས་ཞིག་པའི་དགེ་སློང་ལ་སྡིག་ལྕི་བ་ཆེན་པོ་ཡོད་དོ།། ཅིའི་རྒྱུ་རྐྱེན་གྱིས་ན་མིང་ཚུལ་ཁྲིམས ་ཞིག་པ་ཞེས་བྱ། ཚུལ་ཁྲིམས་མནོས་སོ་ཅོག་ཞིག་ཅིང་ཚིག་བསྟན་དཀའ་ལ། བྱེད་དོ་ཅོག་ལ་བརྟགས་བརྟན་པ་མེད་དེ་གཞལ་ཞིང་ལྡོག་པ་མང་། ཁོར་མོར་འདོད་ཆགས་སྤྱོད་པ་གོ་བདུན ་མང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྤྱོད་ཅིང་ཚིག་གཞན་གོ་བདུན་ལ་སྲེད་པས་ན། མིང་ཚུལ་ཁྲིམས་ཞིག་པའི་ཞེས་བྱའོ།། ཡང་གཅིག་ཏུ་ན་མཚོ་ནམ་གྱི་འདོད་པ་མང་པོ་ལ་སྲེད་ལྕེ ་རྒྱང་གི་ཁ་དོ་ལ་སྲེད་པ། གཉིད་ཆེན་པོ་ལ་སྲེད། ཟེར་རོ་ཅོག་འགལ་ལ་གོ་རིམས་མེད། མི་གཙང་བ་འཆད་དེ་བདག་ཏུ་ལྟ་བ་དང་། གང་ཟག་དང་། ཚེ་དང་། སྲོག་ལ་འདོད་ཆགས ་པས་ན་མིང་དགེ་སློང་ངན་པ་ཞེས་བྱའོ། ། ཚིག་དང་དཔག་པ་མི་ཤེས། དགེ་སློང་གི་ཆོས་མི་ཤེས། བྲམ་ཟེའི་ཆོས་མི་ཤེས། སྨན་གྱི་དཔྱད་བྱེད་པ་དང་། ཚོང་སྤོགས་བྱེད་ཅིང་ཁེ་ཚེལ་བ་ལ ་སྲེད་དེ། ཡུལ་གྱི་ཕོ་ཉ་བྱེད་པ་དང་། གཞན་ལ་གོས་ཤིང་ཞེན་པར་བྱ་བ་ལ་སྲེད། གོས་སྐྱ་བོ་ཅན་གྱི་མཚོན་མ་བྱ་བའི་མངག་གཞུག་དང་། ཤིང་རྣམས་ཀྱི་འདབ་མ་དང་མེ་ཏོག་རྡོ་གུ་འཕྲུལ་བ ་ལ་སྲེད། གོས་སྐྱ་བོ་ཅན་ལ་མུར་འདུག་གི་ཆོས་བཤད་པ་ལ་སྲེད་དེ། སེམས་ལ་རྟག་པར་འཇིག་རྟེན་ལས་བྱུང་བའི་ཆོས་བཏང་སྤངས་ཏེ། ལོ་ཉི་ཤུ་མ་ལོན་པར་ཚུལ་ཁྲིམས་རྫོགས་པར་མནོས ་ནས། ཚུལ་ཁྲིམས་མནོས་པའི་ནང་ན་གཞན་པ་མ་ལྡན་པ་ཡོད་དེ་ལུས་ཉམས། བྱད་ཉམས་ཤིང་འཚང་མི་རིགས་མི་ཆོས་ཏེ། ཁྲེ་འབྲས་རྗེན་པ་དང་། དོང་ཙེ་དང་། དར་གསེར་དངུལ ་ལེན། བསྟན་བཅོས་བཞིན་དུ་མེད། མཁན་པོའི་ཚིག་ལ་སླར་སྡོང་ལ་ཟློག། བདག་གི་ལུས་ཀྱང་མི་ཤེས། ཆེ་ཆུང་ཐ་དད་པར་རན་པར་བྱེད་པར་མི་ཤེས། བརྫུན་ཚིག་ལ་དགའ་སྲེད།། ་ཚུལ་ཁྲིམས་ལན་པ་ལ་འདོད་ཆགས་སྤྱོད་པའི་དོན་ཀུན་གྱིས་འཁྲུག་སྟེ། སེམས་གཅིག་ཏུ་མ་མཐུན། གདོང་ལ་ཁྲོ་བའི་གཟུགས་ཡོད་ཅིང་འཇུས་ཤིང་རྐམ་པ། ཡིད་མི་ཤེས། གཞུང ་བསམ་པ་མི་ཤེས། བརྐམ་འདོད་མང་དུ་སྲེལ། གཉིད་ཆེ་ཞིང་རྩེད་མོ་འདྲན་ཏོར་སྲེད། དོག་འགྱོད་གཤེ་མཁོན་ཏེ་སྡིག་ངན་པ་སྦས་བཅབས་ནས་རང་དུས་ཆེ་བ་སྲེད ་ཕྲག་དོག་དང་གཅམ་སྒྱུ་ཆེ། ཁྲེལ་དྲིན་མེད། རང་ཉམས་ཆེ། གྲག་པའི་ལེ་ལོ་དང་། ངའི་ལེ་ལོ་དང་། ལེ་ལོ་ཆེན་པོ་དང་། ཡོན་པོའི་ལེ་ལོ་བྱེད། བདག་གིས་ལེགས་ཞེས་བསྟོད། ཐབ ་མང་དུ་བྱས་ཏེ་གསོ་བའི་སྒོ་མ་ཕྱེ། གོས་སྐྱ་བོ་ཅན་ལ་བརྙས་སྨད་དེ། སྒྱུ་མའི་མི་གཉེན་པ་བྱས་ན། བརྙན་པ་བྱས་ན། བསྙེན་གཞར་གྱིས་ནོར་ཐོབ་སྟེ། མི་ཕལ་ལ་ངོམ་ཞིང་ཚུལ་ཁྲིམས ་ཀྱི་རིམ་པ་དང་། ཐུབ་པ་ཤེས་རབ་དང་། གྲོལ་བའི་རིམ་པ་དང་ཤེས་མཐོང་བ་ལས་གྲོལ་ཐར་པའི་རིམ་པ་ཉམས་ཞིག་པ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ངེས་པར་ཡིད ་མི་སེམས་སོ། ། ལས་ཀྱི་ལ་མི་ཆེས་ཏེ་འཕྲལ་ཁེ་རིན་ཆེར་འཛིན་ལ། དུས་ཕྱི་མ་མེད་ཅེས་ཟེར་ཞིང་དོགས་འགྱོད་པ་རྣམ་པ་མངལ་སེམས་ཀྱི་རང་བཞིན་སྲ་བ་ཞན་པས་རྟག་པར་སྔངས་སྐྲག་པ་ལ ་སྲེད་དོ། ། ཤཱ་རིའི་བུ་དེའི་མིང་དགེ་སློང་ངན་པ་ཞེས་བྱ་སྟེ། དེ་ལྟ་བུའི་གཏི་མུག་ནི་ངའི་ཆོས་ཀྱི་ནང་ན་རྒྱག་ཟབ་གནང་སྨེ་ཞིང་མི་གཙང་བ་ཡིན་ནོ།། མི་དེས་ལུས་དང་། ཁ་དང་། ཡིད་ཀྱི་ངན ་པའི་ལས་འབྱོར་འགྲུབ་སྟེ། མི་གཙང་མི་དང་བས་ཚེ་ཟད་ཀྱི་འོག་ཏུ་ལམ་ངན་པར་ལྷུང་སྟེ། དམྱལ་བ་ཆེན་པོར་སོང་ངོ་།། དེ་ལྟ་བུའི་དགེ་སློང་ནི་ཡང་དག་པར་གཤེགས་པས་སངས་རྒྱས་རྣམས ་དང་སློབ་མའི་རྣམས་ཀྱི་རྟག་པར་བསྲིངས་སྤངས་སོ། ། གཞན་ཆོས་ལམ་ལ་སྲེད་པ་དང་ཞི་བ་འདས་པ་ཚོར་བའང་ཀུན་གྱིས་ཀྱང་མི་བསྙེན་ཏོ།། ཤཱ་རིའི་བུ་དཔེར་སྤོས་ཙན་དན་གྱི་སྣོད་གཙང་མའི་ནང ་དུ་མི་གཙང་བ་དང་ལྷན་ཅིག་བཞག་པ་དང་མཚུངས་ཏེ། ཕྱིས་ཅིར་ཡང་སྤྱད་དུ་མི་རུང་ངོ་།། དེ་སྟེ་ཤཱ་རིའི་བུ་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་ལ་ལ་ཞིག་གིས་མི་དེ་ལ་ཉེ་བསྙེན་ཏེ་ཅི་བྱེད་པ ་བསླབས་སྦྱངས་ན། ཚུལ་ཁྲིམས་ཞིག་པའི་ལེའུ་དང་ཡང་རིང་པོར་མི་ཐོག་པར་དྲན་པར་འཐུད་དེ། ཁ་དོག་གི་མདངས་ཉམས་ཤིང་གྲམ་ལ་ཆོས་གཞིག་སྟོར་ཏེ། ཚེ་ཟད་ཀྱི་འོག་ཏུ་སེམས་ཅན ་དམྱལ་བའི་ནང་དུ་སྐྱེའོ། ། ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་དེ་ནི་ཡང་དག་པར་གཤེགས་པའི་སངས་རྒྱས་སོ་ཅོག་དང་། སློབ་མའི་རྣམས་དང་། གཞན་ཆོས་ལ་མ་ཚོལ་བ་དང་། ཞི་བར་ཐར ་པའི་སྲིད་པའི་ཀུན་གྱིས་བསྲིངས་སྤོངས་སོ། ། ཤཱ་རིའི་བུ་དཔེར་སྤོས་ཙན་དན་སྣོད་མི་གཙང་བའི་ནང་དུ་བླུགས་པ་དང་མཚུངས་ཏེ། ཕྱིས་ཅིར་ཡང་སྤྱད་དུ་མི་རུང་ངོ་།། དེ་ལྷ་ཤཱ་རིའི་བུ ་ཁྱིམ་ན་འདུག་ཀྱང་རུང་། ཁྱིམ་ནས་བྱུང་ཡང་རུང་སྟེ། ལུས་ལ་བསྐུས་མོད་ཀྱི། འོན་ཀྱང་མི་གཙང་བ་དང་འདྲེས་སོ།། ཤཱ་རིའི་བུ་དགེ་སློང་ངན་པའང་དེ་དང་མཚུངས་ཏེ། དགེ་འདུན ་ཕལ་གྱི་ནང་ན་འདུག་ཅིང་འཕྲུལ་གྱིས་ཆོས་གོས་གྱོན་མོད་ཀྱི། འོན་ཀྱང་དགེ་སློང་ངན་པའི་གཟུགས་མངོན་ནོ།། ཚངས་པར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་འདི་མཐོང་ན་བསྲིངས་ཏེ་མི ་བསྙེན་ནོ། ། གཞན་གྱིས་བསྲིངས་སྤངས་པ་མཐོང་ནས་སེམས་མཁོན་ཏེ། དེའི་རྒྱུ་རྐྱེན་གྱིས་ཤིན་ཏུ་དམྱལ་བར་སོང་ངོ་།། ཤཱ་རིའི་བུ་དེ་ལྟ་བུའི་མིང་ཚུལ་ཁྲིམས ་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་དྲུག་ཅེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྷུང་ངོ་།། ཚུལ་ཁྲིམས་གཙང་མའི་ལེའུ་འོག་མའོ།། །། ཡང ་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་དེ་ལྟ་བུ་ལ་སོགས་པའི་ཚོགས་ཡིག་སངས་རྒྱས་ཀྱིས་བཤད་དོ་ཅོག་ཐོས་ན། སེམས་མི་གཙང་མི་ག་དང་སྟེ། མི་དགའ་ཞིང་ཡིད་མི་ཆེས ་མ་དད་དེ། བདག་ཉེས་ཡོད་པར་ཤེས་པས་ཆོས་ཀྱི་ཡིདུ་མི་ཆེས་ནས་བདག་ལ་སོགས་པའི་ཕྱིར་བཤད་ཀྱི། མི་གཞན་གྱི་ཕྱིར་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། བདག་ལ་སོགས་པའི ་སྔན་ཆད་དེ་ལ་འདུག་པའི་ཕྱིར་རོ། ། ཤཱ་རིའི་བུ་དེ་དམ་པའི་མཆོག་སྤུན་དུ་མེད་པའི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གཤེ་མཁན་ཏེ། ཆོས་པ་ལ་ཡང་དག་པར་ཡིད་མི་ཆེས་པ་མང་ནས་དེ ་ལྟ་བུ་སངས་རྒྱས་ཀྱིས་བཤད་དོ། ། ཐོས་ན་ལོག་འགལ་ཞིང་མི་གནོད་ཅིང་ཚིག་མ་ཡིན་ནོ།། འདི་ནི་སངས་རྒྱས་ཀྱིས་མ་བཤད་དེ། མི་གཞན་བསྟན་པའི་ཚིག་ཡིན་ཞེས་ཟེར་རོ།། ་དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་ལམ་སྤྱོད་པའི་དགེ་སློང་ནི་སངས་རྒྱས་ཀྱིས་ཚིག་དང་མི་འགལ་ལོ།། དེ་ཀུན་ནི་ཚུལ་ཁྲིམས་ཞིག་པ་བླུན་གླེན་ཞིང་ཆོས་ངན་པ་བྱེད་པ ་སེམས་ཡིད་མི་ཆེས་ཏེ། སངས་རྒྱས་ཀྱི་ཚིག་དང་ལོག་འགལ་བ་དེ་ལྟ་བུའི་དགེ་སློང་ཉེས་ཡོད་པར་བདག་རང་ཤེས་པས་གཤེ་མཁོན་པ་དང་གྲགས་ཤིང་ལེ་ལོ་དང་། གཏུམ་ཞིང་དུས་ཆེ་བ་དང་། ་ངན་པར་ཡོན་པོ་དང་། ལེ་ལོ་དང་སེམས་སྐྱེས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་འཕྱ་ཞིང་སྐུར་ཏོ།། ཤཱ་རིའི་བུ་དེ་ན་དགེ་སློང་དེས་ཆོས་ཀྱི་ཡི་གེ་ཀུན་ཐོས་ན། ལོག ་འགལ་བ་ཡིད་མི་ཆེས་ནས་སེམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཁོང་དུ་ཆུད་པས་མི་གཞན་ལ་སངས་རྒྱས་བཤད་པ་མ་ཡིན་ཞེས་སྟོན་ཏོ། ། ཤཱ་རིའི་བུ་སངས་རྒྱས་ཀྱིས་བཤད་པ་ལ་མི་དེ་ལྟ་བུའི་ཆོས་ལ ་སྐུར་པ་ཞེས་བྱའོ། ། དགེ་སྦྱོང་མ་ཡིན། ཤཱཀྱའི་རིགས་ཀྱི་རིགས་ཀྱི་བུ་མ་ཡིན་ཏེ། མེད་པར་འགོད་ཏོར་དབྱུང་བའི་རིགས་སོ།། དེ་ལྟ་བུ་ལ་སོགས་པའི་དགེ་སློང་ནི་བརྒྱ་སྟོང་ཁྲི་འབུམ་གྱིས་ལན ་གསུམ་དུ་བསྒྱུར་ཏེ་མངོན་པར་བསྟན་དུ་གོ་བར་བྱ་བ་དང་། ལམ་གྱི་འབྲས་བུ་ཐོབ་པར་མི་ནུས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ངན་པ་ནི་ཆོས་འདི་ལ་རང་གི་ལམ་བསྒྲིབས་པ་ཞེས་ཏེ། སྐྱེ ་བའི་སྐལ་བའང་མེད། ཡིད་ཆེས་པའི་སེམས་ཀྱང་མེད་ལ། གོས་དང་ཟས་འབའ་ཞིག་ལ་སྲེད་ཅིང་། འཇིག་རྟེན་གྱི་ཁེ་ལ་བརྐམ་དད་པས་ངས་མི་འདི་ཡང་དག་པར་གཤེགས་པས་སེམས ་ཅན་དམྱལ་བར་ལྷུང་ཞེས་བཤད་དོ། ། ཤཱ་རིའི་བུ་ད་ངས་མངོན་ཞིང་བྱེ་བྲག་ཕྱེད་པར་སྒོའོ་བར་ཁྱེད་ལ་བསྒོའོ།། མི་ལ་ལ་ཞིག་འདི་ལྟ་བུའི་ཆོས་ཀྱི་དཀོན་མཆོག་ལ་ལོག་ཅིང་གལ་ན་ལེགས་པར་སྐྱེ ་བའི་གནས་ལ་གཞར་སྐལ་བ་ཡོང་མེད་དེ། ངན་པའི་གནས་འབའ་ཞིག་ཏུ་སྐྱེ་ལ་རྟག་པར་ལོང་སྟེ་མིག་མེད་དོ།། ཤཱ་རིའི་བུ་དགེ་སློང་དེ་དག་གྲགས་ཤིང་ལེ་ལོ་མདོའོ།། ་དར་ཏེ་ངེས་པར་འཆད་མི་ནུས་པས་ངའི་དྲང་པོའི་ཆོས་བ་ཞིག་གོ།། མི་ཕལ་གཞན་ལ་འཚོ་བ་མི་ནུས་ཏེ། གསོ་བ་ཁེའི་ཕྱིར་ངའི་ཆོས་བཞིག་གོ།། ཤཱ་རིའི་བུ་འདི་ལྟ་བུའི་ཆོས་ཀྱི་དཀོན་མཆོག་ནི ་དེའི་ཚེ་མེད་པར་བཤིག་གོ། ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་ཆོས་ཀྱི་དཀོན་མཆོག་ནི་སངས་རྒྱས་ཐམས་ཅད་ཀུན་གྱིས་རི་མོ་གུས་པ་སྟེ། རང་སངས་རྒྱས་དང་དགྲ་བཅོམ་པ་ལ་སོགས་པ་ཀུན་གྱིས་རིམ ་གུས་པར་བྱ་བ་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལེ་ལོ་ཡར་སྐྱེ་བས་ཆོས་ངེས་པར་མ་བཤད་དེ། དགེ་སློང་གཞན་ལ་སོགས་པས་དེའི་ཚེ་ཀུན་གྱིས་ངའི་ཆོས་ལ་བརྙས་ཤིང་ལེ་ལོ་བྱས་ནས་ཀུན་གྱིས ་བསྲིངས་སྤངས་ཏེ། འཇུངས་བརྐམ་ཆེར་སྲེད་ཅིང་འཚོ་ནམ་གྱི་ལས་ལ་གཅིག་ཏུ་སེམས་ཤིང་ནོར་ཁེ་ན་རིན་ཆེར་འཛིན། ཕྲག་དོག་གི་བཅིངས་པས་རྟག་པར་འཐབ་རྩོད་ལ་སྲེད་ཅིང་རེས་ཀྱིས་ཤ་ཁོན ་སྐྱེས་ལ། གཅིག་ལ་གཅིག་གུས་པའི་བག་མེད་བྱེད་དོ་ཅོག་མེད་དོ།། སེམས་ཀྱི་རང་བཞིན་ཡང་རྒོད་པ་ན་སྤྲེའུ་དང་མཚུངས་ཏེ། ཆོ་ག་བསྒྱུར་བཅོས་ནས། ངན་པའི་ལས་རྣམས་སྤྱད་དེ། ་དགེ་སློང་གི་ཆོས་ལས་ཕྱིར་མི་ནུར། མཛངས་ཤིང་འཕྲུལ་པ་ནི་བསྲིངས་སོ།། ཤཱ་རིའི་བུ་འདི་ལྟ་བུའི་མི་ངན་པས་དེ་ལྟ་བུའི་ཉེས་པ་སྦས་བཅབས་ཏེ། འདོད་པས་མང་བས་ནོར་སྤྱད་དོ་ད་རང ་གསོས་པས་བདུད་ངན་པས་དེའི་སེམས་རིག་སྟེ། ཐབས་སྤྱད་པས་ཐ་དད་པར་བྱས་ཏེ། སོ་སོར་གྱིས་གཞིག་ནས་རོ་གཅིག་པའི་དགེ་འདུན་དཀོན་མཆོག་ལ་སྡེ་ལྔར་བགོས་ཏེ། སྡེ་ལྔ་ཡོད་པས་ན ་འཐབ་རྩོད་པ་སྐྱེས་ཤིང་གཅིག་ལ་གཅིག་མ་ཡིན་པ་དང་ཉེས་པ་འཁྲུལ་པ་བརྗོད་དོ། ། ཤཱ་རིའི་བུ་ད་ལྟར་གྱི་དགེ་སློང་ནི་གཅིག་གིས་གཅིག་ལ་བསྟན་བསླབས་ཏེ། གཅིག་ལ་གཅིག་རི་མོ་གུས་ཤིང་སེམས་གཅིག ་ཏུ་འཐུན་པར་སྤྱོད་དེ། སངས་རྒྱས་ཀྱིས་བཤད་པ་བཞིན་མི་འགལ་ལོ།། དེ་ཙམ་གྱི་ཚེའི་དགེ་སློང་ནི་གཅིག་ལ་གཅིག་མི་སྟོན་མི་བསླབ། གཅིག་ལ་གཅིག་རི་མོ་གུས་ངན་པ་བྱེད་པ་མཐོང་ན། དེས ་འཇིགས་ཤིང་བཏང་ནས་ཆོས་སུ་སྤྱད་དེ་གཅིག་ལ་གཅིག་བསྟན་པར་མི་ནུས་སོ། ། ལ་ལ་མང་པོ་ཐོས་པ་དང་ཤེས་རབ་ཟབ་མོ་ཡོད་ཀྱི། འོན་ཀྱང་དྲེགས་པ་ལེ་ལོ་མེད་དེ། ཤཱ་རིའི་བུ་ཡང་དག་པར ་གཤེགས་པ་འཇིག་རྟེན་ན་མི་གཞན་བརྙས་སྨད་ནས། སོ་སོའི་སྤྱོད་ཅིང་རང་གིས་བརྗོད་པ་བཙུགས་ཏེ། གཅིག་གིས་གཅིག་མཐོང་བར་མི་དགའ་ན་བསྟན་པ་མནོན་མི་ནུས་པ་ལྷ་སྨོས་ཀྱང་ཅི ་དགོས། ཤཱ་རིའི་བུ་ཡང་དག་པར་གཤེགས་པ་འཇིག་རྟེན་ན་བཞུགས་པའི་ཚེ་ན། དཀོན་མཆོག་གསུམ་རོ་གཅིག་ནང་མེད་པར་འདས་པའི་ཕྱི་ན་བགོས་ཏེ། སྡེ་ལྔར་བྱས་སོ།། ཤཱ་རིའི་བུ ་བདུད་ངན་པ་ད་རུང་ལུས་སྦས་ཏེ་ལྷ་སྦྱིན་བ་སྒྲོགས་བསྟངས་ནས་ངའི་ཆོས་དང་དགེ་འདུན་བཤིག་གོ། ། ཡང་དག་པར་གཤེགས་པ་ཡེ་ཤེས་ཆེན་པོར་ད་ལྟར་འཇིག་རྟེན་ན་བཞུགས་བཞིན་པས་ན ་བདུད་ངན་པ་ཆེན་པོས་འབྱོར་པར་མི་ནུས་སོ། ། མ་འོངས་པའི་དུས་ན་བདུད་ངན་པས་ལུས་བསྒྱུར་ལ་དགེ་སྦྱོང་གི་གཟུགས་སུ་བྱས་ཏེ། དགེ་འདུན་གྱི་ནང་དུ་ཞུགས་ནས ་ལོག་པ་རྣམ་པ་མང་པོ་བཤད་དེ། སེམས་ཅན་མང་དུ་ལོག་པ་མཐོང་བར་འཇུག་པར་བྱས་ནས། དེ་ལ་ལོག་པའི་ཆོས་བཤད་དེ་འབྱི་ལེའུ་ད་བ་ལ་ག་བ་ལ་དོན་གྱིས་འདྲན་ཏོ་ཞེས་ཟེར་ཏེ། ཤས་ལྔའི ་དོན་བསམས་བཞིན་དུ་ཞི་བའི་དོན་ཡོད་པ་ཐམས་ཅད་ཀྱི་དོན་ཡང་ཡོད་པའི་དོན་ཐོབ་པ་ཡོད་དོ་ཅོག་གི་དོན་ཏོ། ། དེའི་ཚེ་བདུད་ངན་པས་དེ་ལྟ་བུ་ལ་སོགས་པ་ལོག་པར་འདོད་ཆགས་པའི་དོན་བཤད་དེ། ་དེ་ལྟ་བུའི་དོན་ནི་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་སློབ་མས་བཤད་པ་མ་ཡིན་ནོ།། དེའི་མིང་ངན་པའི་རྣམས་བདུད་ཀྱིས་བསླད་པས་སོ་སོར་ཅི་མཐོང་བ་ལ་ཆགས་ཏེ། བདག་གི་ཡིན ་པའི་མ་ཡིན་ཞེས་ཟེར་རོ། ། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་སྔ་ནས་ད་དུང་མ་འོངས་པའི་དུས་ཀྱི་ནང་ནས་དེ་ལྟ་བུ་ལ་སོགས་པ་འཇིག་པའི་དོན་ཡོད་པ་མཐོང་བས་ན་ཆེད་ཀར་ཆོས་ཟབ་མོ་འདི ་བཤད་དེ། བདུད་ངས་ཆགས་པར་བྱས་པའི་དོན་རྣམས་ཀུན་བཅད་དོ།། ཤཱ་རིའི་བུ་དེ་ཙམ་གྱི་ཚེ་ན་ཡང་འཛམ་བུ་གླིང་གི་ནང་ན་ལེ་ལོ་ཡང་སྐྱེ་བའི་མི་དེ་མང་སྟེ། དགེ་བ ་ལེགས་པཅུང་ཞིག་བྱས་པས་ཀྱང་ཐལ་ཆོས་ལམ་ཐོབ་ཅེས་ཟེར་ཏེ་ཚེ་ཟད་པའི་འོག་ཏུ་ལམ་ངན་པར་ལྷུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉིན་མཚན་དུ་བདག་གིས་ཀྱང་ལམ་ཐོབ་པར་ཅེས་ཟེར ་མི་གཞན་གྱིས་ཀྱང་ལམ་ཐོབ་བོ་ཞེས་ཟེར་བ་བརྗོད་ཅིང་བཤད་དེ། འཕྲུལ་གྱི་མིས་ཡོན་ཕུལ་བ་ཐུགས་ཐུབ་པར་ལེན་ཏེ། དེ་ལྟ་བུ་མི་ལྷ་དང་། མི་དང་། འཇིག་རྟེན་ཐམས་ཅད་ཀྱི་དགྲ་ངན་པ ་ཆེན་པོ་ཞེས་བྱའོ། ། དེ་ལྟ་བུའི་གཏི་མུག་གིས་མཆོག་གི་བདེན་པའི་གཞུང་བཤད་པ་ཐོས་ན། སྔངས་དོགས་ཤིང་འཇིགས་སྐྲག་པ་ནི་ཁུང་ཟབ་མོ་ལྷུང་བ་དང་མཚུངས་སོ།། ཤཱ་རིའི་བུ་དགེ་སློང ་གཞན་དོན་འདི་ལྟ་བུ་ལ་སྲེད་པ་ཡོད་དེ་ལྷན་ཅིག་ཏུ་འདུས་ཚོགས་ནས། སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་གྲལ་བཤིག་གོ།། དེའི་ཚེ་ལེ་ལོར་ཡང་སྐྱེ་བའི་མི་ལོག་པར་ཆགས་པ་མང་སྟེ། ་བདུད་ངན་པས་ཀྱང་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བའི་སེམས་བསླང་དཀྲུགས་ཏེ། ཆོས་མ་ཡིན་པ་ལ་ཆགས་པར་བྱས་སོ།། དྲང་པོའི་ཆོས་འཆད་པ་ལ་ནི་ར་མདའ་སྟོང་པ་ཉུང་བས ་ཐལ་བྱུང་གྱིས་ཞིགས་ཏེ་སླར་ཚུགས་པར་མི་རུང་ངོ་། ། ཤཱ་རིའི་བུ་དེའི་ཚེ་འཇིག་རྟེན་ན་དགེ་སློང་གཞོན་ནུ་དང་ཡོད་དེ་དབང་པོ་རྣོ་བ་ཡོད་དོ།། ཇི་ལྟ་ཞེ་ན། ཁྱིམ་ནས་བྱུང་བ་གཞན་ནི་ངན་འཁྲུག ་པའི་ལྷག་མ་ཡོད་པས་སླར་མིའི་ནང་དུ་སྐྱེས་ནས་འདོད་ཡང་སླད་ཁྱིམ་ནས་བྱུང་སྟེ། དགེ་སློང་དེ་དག་རྟོག་ཅིང་འདྲི་བ་ལ་དགའ་ཞིང་མོས་པས་སངས་རྒྱས་ཀྱི་ཆོས་མཆོག་གི་བདེན་པའི་གཞུང ་རྗེས་གཅོད་ཅིང་ཚོལ་ལོ། ། ཤཱ་རིའི་བུ་ཆེ་ལེ་ལོར་ཡང་སྐྱེ་བ་རྣམས་ནི་བདུད་ཀྱིས་བསླང་དཀྲུགས་པས་སྲོག་གསོ་བ་འབའ་ཞིག་ཚོལ་ཏེ། བདེན་པར་མི་ཐ་མལ་པ་ཡིན་ན། བདག་ན་རེ། དགྲ ་བཅོམ་པའོ་ཞེས་ཟེར་ཏེ། དགེ་སློང་གཞོན་ནུ་རྣམས་ལ་སོགས་པ་ལ་ཟེར་བ། ལུས་དང་། ཁ་དང་། ཡིད་དགེ་ན་དེ་ན་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་བདེན་པའི་གཞུང ་ཡིན་ནོ། ། ཚུལ་ཁྲིམས་གཙང་མ་ལེགས་པར་བསྲུངས་ལ། ཆོས་ཀྱི་ཡི་གེ་ཁ་ཏོན་དང་བཀླགས་ཏེ་མང་པོ་ཐོས་པ་འགྲུབ་པས་སྤྱད་ན་དེའི་མི་འགལ་བར་བརྗོད་པའི་རྒྱུ་ཞེས་བྱ་སྟེ། དེ་ནི་སེམས ་གཙང་ཞིང་སངས་རྒྱས་ལ་ཡིད་ཆེས་པའོ། ། གཅིག་ཏུ་མཆོག་གི་བདེན་པའི་གཞུང་ཡོད་ཀྱིས། ཁྱོད་ཀྱི་སེམས་ཀྱི་ནང་ན་བརྟགས་པ་བཞིན་དུ་གཅིག་ཏུ་ལས་འདས་པ་བསམས་ན། སྡུག་བསྔལ ་རྣམ་གསུམ་བགགས་ཏེ། ལྔ་ཕུང་དང་ཞུགས་པ་བཅུ་གཉིས་ཁམས་བཅོ་བརྒྱད་སྐྱོ་བར་ནུས་སོ།། ཁྱེད་ལ་སོགས་པ་གནས་དབེན་པ་ན་ཕུང་པོ་དང་། ཁམས་དང་། བཞུགས་པའི་ཆོས་འདི་ལ ་རྟོག་ཅིག་དང་། ཀུན་རྟོགས་པ་མེད་པའོ།། བདག་གི་ལུས་ལ་བརྟག་ནི་མི་གཙང་བ་རྣམ་པ་མང་པོ་སྟེ། ཁྱེད་ལ་སོགས་པས་དེ་ལྟ་བུར་བརྟག་ནུས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།། ་ཡང་གཅིག་ཏུ་ན་ལྔ་ཕུང་ལ་སོགས་པའི་ཆོས་འདི་རྟག་པ་མེད། སྡུག་བསྔལ་བ་སྟོང་པ་སྟེ། ཡང་དག་པའི་ང་མེད། སྲ་མཁན་མེད་པར་ཟབ་ཏུ་རྟོགས་ན་གདོད་ལན་ཅིག་ཕྱིར་འོང་བ་ཐོབ་བོ།། ་བསྒྱུར་ཏེ་ཡང་ཟབ་ཏུ་བརྟགས་ན་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་མཆོག་གི་བདེན་པ་གཞུང་ཡིན་ཞེས་ཟེར་རོ།། དེ་ནི་ནང་ན་དགེ་སློང་གཞོན་ནུས་དྲིས་པ། སངས་རྒྱས་ཀྱི་ནང་ན་བཅོམ་པའི ་འབྲས་བུ་ཐལ་བྱུང་དུ་མཆོག་གི་གཞུང་ཞེས་བྱ་བ་འམ། ངེད་ལ་སོགས་པའང་དེ་ནི་དོན་ཤེས་ཏེ། དགྲ་བཅོམ་པའི་མཆོག་གི་གཞུང་མ་ཡིན་ནོ།། ད་ལྟར་གྱི་ཕུང་པོ་ལྔ་པོ་འདི་དྲན་ཞིང་བསམས ་པས་སྐྱེས་སམ་མི་དྲན་པ་མ་བསམས་པས་སྐྱེས་ལན་བླན་པ་ལྔ་ཕུང་གིས་དྲན་པས་སྐྱེས་སོ། ། མི་དྲན་པ་མ་བསམས་ན་མི་སྐྱེའོ།། ཡང་དྲིས་པ། དྲན་པ་བསམས་པ་དང་། ལྔ་ཕུང་ཐ ་ད་དམ་མི་དང་། ལན་སྨྲས་པ། ཕུང་པོ་ལྔ་དང་མཚུངས་ཏེ་ངན་པ་བསམས་པའང་དེ་བཞིན་ནོ།། ཡང་དྲིས་པ། ལྔ་ཕུང་དང་མཚུངས་ཏེ་དྲན་པ་བསམས་པ་དེའང་དེ་བཞིན་དུ་ཟིན་ན། ་ལྔ་ཕུང་སེམས་པ་མེད་དུ་ཟིན་ན། མྱ་ངན་ལས་འདས་པའང་མེད་དོ།། བདེན་པར་ན་ལྔ་ཕུང་སེམས་པ་མེད་དོ།། དེ་ལྟ་བས་ན་དྲང་པོའི་འཕགས་པའི་ལམ་བརྒྱད་སྤྱད་དེ། མྱ་ངན་ལས ་འདས་པར་ཆུད་པར་ཡོད་དོ་ཞེས་ཟེར་རོ། ། ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་སློང་འདི་ལྟ་བུའི་བཟོད་པ་འབྱོར་འགྲུབ་པ་མང་ངོ་།། ཤཱ་རིའི་བུ་དེའི་ཚེ་ཚེགས་པའི་ནང་དུ་ན་ལྷ་ཕལ་མང་དུ་ཡོད ་དོ། ། སངས་རྒྱས་ཀྱི་ཆོས་མཆོག་གི་བདེན་པའི་གཞུང་ཐོས་པར་དགའ་ན། ལེ་ལོ་ཡར་སྐྱེ་བ་དེས་བཤད་པ་ཐོས་པ་དང་སེམས་ལ་དོགས་ཤིང་འགྱོད་པ་སྐྱེས་ཏེ། ཁུང་ཟབ་མོར་ལྷུང་བ་དང ་མཚུངས་ནས་ཀུན་འདི་སྐད་ཟེར་རོ། ། ཀཱ་ཡེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་མྱུར་དུ་མེད་ལ་ཐུག་གོ་ཞེས་ཟེར་རོ།། ཤཱ་རིའི་བུ་དེའི་ནང་ན་དགེ་བ་འབྱོར་འགྲུབ་པའི་དགེ་སློང་ཡོད་པས་དགེ་སློང ་དེ་ལ་འདི་སྐད་བྱས་སོ། ། མི་གཏི་མུག་སྟོང་པར་རྒས་པ་ལེ་ལོ་ཡང་སྐྱེ་བ་ལྔའི་མཚན་མ་དང་། ལྔ་ཕུང་གི་མཚན་མ་དང་། ལྔ་ཕུང་གི་མཚན་མ་ཡང་ཞུགས་པ་བཅུ ་གཉིས་དང་། ཁམས་བཅོ་བརྒྱད་ཀྱི་མཚན་མ་ཡོད་དུ་འཛིན་ན། ཚིག་དེ་མི་ཉན་ཏོ་ཞེས་ཟེར་ཏེ། མི་དགའ་ནས་རང་སྟན་ལ་འདུག་པ་ལངས་ཏེ་སོང་ངོ་།། ཤཱ་རིའི་བུ་དེའི་ཚེ་ན་ལྷ་རྣམས་ཤིན ་ཏུ་དགའ་སྟེ། ཕྱོགས་བཞིར་སྐད་ཕྱུང་སྟེ་སྨྲས་པ། སངས་རྒྱས་ཤཱཀྱ་ཐུབ་པ་སློབ་མ་མཁས་པ་ད་དུང་ཡོད་ཅེས་ཟེར་ཏོ།། དེའི་ཚེ་མི་གཞན་ལ་སོགས་པ་ཡང་དགེ་བའི་རྩ་བ་མི་ཉུང་བས་མི ་གཙང་བ་དེ་བཤད་པ་ཐོས་པར་མི་དགའ་སྟེ། དེ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའོ།། ལྷ་རྣམས་ཀྱིས་འདི་ཐོས་པ་དང་། ཀུན་ཤིན་ཏུ་དགའ་སྟེ་དབང་པོ་རྣོ་བ་དེ་སྙན་པར་བསྟོད་བསྔགས ་ཏེ། འདྲི་ཞིང་ལན་ལྗོན་པ་ལ་དགའ་སྲེད་པས་ཀུན་གྱིས་སྐྱེ་བ་མེད་པའི་ཆོས་ཀྱི་བཟོད་པ་ཐོབ་པ་ཡང་དག་ཅེས་ཟེར་རོ།། དེ་ལྟ་བུ་ལ་སོགས་པའི་མི་གནས་གཅིག་ཏུ་འདུག་སྟེ་ལྷན་ཅིག་ཏུ་བསྡོངས ་འགྲོགས་ན་མི་ཕལ་མིང་དཔུང་བསྡོངས་ཀྱང་ཞན་ཏོ། ། ཤཱ་རིའི་བུ་དེའི་ཚེ་ངའི་ཡང་དག་པ་རྣམས་ཀྱང་རིགས་ཀྱི་རྒྱུད་ལ་ཆོ་ག་ནོར་བ་མེད་ན། ཡོན་མི་ཐོབ་པ་དང་། མཆོད་རྟེན་དང་གཙུག་ལག ་ཁང་དུ་མི་གནས་པ་ལྟ་སྤོས་ཀྱང་ཅི་དགོས། ཤཱ་རིའི་བུ་རེ་ཞིག་ཁྱོད་ལྟ་ཞིག། དེ་ནས་ཡང་དག་པར་གཤེགས་པས་ཐལ་བྱུང་བརྙས་གཤུང་བ་བྱས་ཏེ། ང་མེད་པར་འདས་པའི་ཕྱི་ན་ངའི་བུ་རྣམས ་ལ་སོགས་པ་ཅིའང་ཐོབ་པ་མེད་པའི་བཟོད་པ་ཞི་བ་ལ་མཁས་པས་ཀྱང་དེའི་ཚེ་ལ་བརྙས་པ་སྨད་དོ། ། དེ་ལྟ་བས་ན་བསྐལ་པ་གྲངས་མེད་པའི་བར་དུ་དགྲའི་རྣམས་ཕུལ་ནས་ལྷའི་རྒྱལ་པོ་དང་། མིའི ་རྒྱལ་པོ་རྣམས་ཐམས་ཅད་བསྟན་ཏེ། སེམས་གཙང་དག་པར་བྱས་སོ།། དེ་ནས་གདོད་ངའི་བུ་རྣམས་ཀྱིས་ཕའི་གྲལ་བདེ་བར་ཐོབ་པར་བྱས་སོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་འཇིག ་རྟེན་གྱི་མི་དང་ལྷ་ཐམས་ཅད་དབང་དུ་བྱས་ཏེ། ཡང་དག་པར་གཤེགས་པས་ཆོས་བཞིན་དུ་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་སྟེ། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དགེ་སྦྱོང་དང་། ་བྲམ་ཟེ་དང་། ལྷ་དང་། བདུད་དང་། ཚངས་པས་ནི་བསྐོར་མི་ནུས་སོ།། ཤཱ་རིའི་བུ་དེ་ལྟར་མངོན་པར་བསྟན་པའི་དོན་ཡང་དག་པར་གཤེགས་པས་འདས་པའི་ཕྱི་ན་བླ་ན་མེད་པའི་གཡུང་དྲུང ་རྫོགས་པའི་བྱང་ཆུབ་འདི་ངའི་སློབ་མ་རྣམས་ལ་སོགས་པས་རྒྱ་ཆེར་བཀྲམ་ཞིང་ཁྱབ་པར་བྱས་ན་མི་ངན་པ་གཞན་རྣམས་ཀྱི་མངོན་པའི་དབང་བྱ་མི་ནུས། འཇིགས་པ་མེད་པའི་སྦྱིན་པ་ཡང་མི ་ནུས་སོ། ། ཤཱ་རིའི་བུ་དཔེར་ན་སྦྲང་རྩི་བུམ་པ་ལམ་གྱི་བཞི་མདོར་བཞག་སྟེ། ཚིག་འདི་སྐད་བྱས་པ་དང་མཚུངས་སོ།། མི་ལ་ལ་ཞིག་གིས་སྤུ་ཉག་མ་གཅིག་གི་ཐོག་མ་ཙམ་ཞིག་ཟ་ཕོད་ན། ་རྟག་པར་མི་རྒ་མི་འཆིའོ།། དེ་ནས་ལྷ་དང་འཇིག་རྟེན་གྱི་རྣམས་སོ་སོར་རལ་གྲི་མཚོན་ཆ་ཐོགས་ཏེ། བུམ་པའི་དྲུང་ན་དེའི་བསྲུང་བའི་རྣམས་སོ་སོས་ཚིག་འདི་སྐད་འཛེར་ཏོ།། མི་ལ་ལ་ཞིག ་སྤུ་ཉག་མ་གཅིག་ཟ་བ་ཡོད་ན། བདག་ཅག་གིས་བསད་དོ་ཞེས་འཛེར་ཏོ།། ཤཱ་རིའི་བུ་དེའི་ནང་ན་མི་གཅིག་མཁྱུད་བུར་འདི་སྙམ་དུ་སེམས་སོ།། བུམ་པ་འདིའི་ནང་གི ་སྦྲང་རྩི་ལ་སྤུ་ཞག་གཅིག་གི་ཐོག་མ་ཙམ་ཞིག་ཟོས་ན། མི་རྒ་མི་ཤི་ན་བདག་ཅིའི་ཕྱིར་ནས་ཤི་བས་མི་འཇིགས་ཤིང་མི་བ། ཐོབ་ཏུ་ཟིན་ཏེ་ཟོས་ན་མོད་བཞིན་སྲུངས་མ་རྣམས་ཀྱི་འཇིགས་པ་མེད་པ ་ལ་བརྟགས་ཏེ། རྒ་བ་དང་ན་བ་འཆི་བ་མེད་པའང་ཐོབ་པར་རུང་ན། དེ་བཞིན་དུ་སེམས་བརྟུལ་ཏེ་ཚེ་སྲོག་མི་འཕངས་པར་ཐལ་བྱུང་བུམ་པའི་ནང་དུ་སོང་ན་སྲུངས་མ་རྣམས་སོ་སོར་རལ་གྲི་དང་མཚོན ་ཆ་ཁྱེར་ནས་སྟོད་དེ་གསོད་པར་བྱས་སོ། ། ཤཱ་རིའི་བུ་མི་དེས་རལ་གྲི་མཚོན་ཆས་མ་ཕོག་པར་རྡུལ་ནུས་ཏེ་ཐིགས་པ་གཅིག་ཟོས་སུ་ཟིན་ན་རྒུད་པའི་ནད་ལས་ཐར་ཏེ་རྒ་ཤི་ཡང་མེད་དོ།། འདི་ལྟ་སྟེ། ་ཤཱ་རིའི་བུ་མི་ངན་མང་དུ་ཡོད་པས་བདུད་དང་བདུད་ཕལ་རྣམས་ཀྱིས་ངའི་ཆོས་མེད་པར་བྱ་བར་བྱས་སོ།། ཡང་དག་པར་གཤེགས་པ་འདས་པའི་ཕྱིར་ན་མི་ལ་ལ་ཞིག་སྟོང་པའི་ཆོས་བཞིན་དུ་ནུས ་ཁོང་དུ་ཆུད་ལ་ཐེ་ཙོམ་མེད་ན། འདོད་ཆོ་ག་ལ་སེམས་ཀྱིས་ཅིའང་ཐོབ་པ་མེད་དོ།། བླ་མའི་བཟོད་པ་འབྱོར་འགྲུབ་བོ།། དེའི་ཚེ་ན་མི་ངན་པས་བརྙས་ཏེ་ཆོས་ལམ་དེ་དྲལ་བཤིག་པར་བྱ་མོད ་མི་དེས་ལུས་དང་སྲོག་མི་འཕངས་པར་ནུས་ན། བརྩོན་འགྲུས་རྟག་ཏུ་སྤྱད་ན་ཆོས་སོ་ཅོག་ཀུན་ཆུད་ལ། སྐྱེ་བའང་མེད། བྱ་བའང་མེད་དེ། སྐྱེ་རྒ་ན་འཆི་ལས་གྲོལ་ཐར་པ་ཐོབ ་བོ། ། ཤཱ་རིའི་བུ་སྦྲང་རྩ་བུམ་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཞུང་ཡིན་ནོ།། ལྷ་དང་འཇིག་རྟེན་གྱི་རྣམས་ཀྱིས་བུམ་པ་སྲུངས་པ་ནི་མི་ངན་པ་བདུད་ཀྱི་དོན་ལ་སྲེད་པ་ཡིན་ཏེ། བདག་གི་བསོད་ནམས ་ཆེན་པོའང་སྟོར། མི་གཞན་ཡང་དག་པའི་མཚན་མ་སྤྱད་པའང་བཀབ་སྟེ། བསོད་ནམས་ཆེན་པོ་སྟོར་བར་བྱས་སོ།། ཤཱ་རིའི་བུ་ལེ་ལོ་ཡར་སྐྱེ་བ་ནི་ཀུན་བདུད་ཀྱི་གྲོགས་པོ་ཡིན་ཏེ། བདུད་ཀྱི ་དོན་གྲུབ་པར་སྟོན་ཅིང་སྐྱེ་བ་མེད་པའི་ཆོས་ལ་འཕྱ་ཞིང་ག་ཤེའོ། ། ཡང་ཤཱ་རིའི་བུ་མི་གཙང་བ་འཆད་པ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ལྔ་ཕུང་དང་། ་ཞུགས་པ་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དུ་ལྟ་སྟེ། མཐོང་བར་ཐོབ་ཅེས་ཟེར་ཞིང་སེམས་ལ་ལ་མ་ཐོབ་པར་འཛིན། མྱ་ངན་ལས་འདས་པ་ཐོབ་པར་འཛིན་ཏེ། ཀུན་གྱིས་ཀྱང་འདི་ལྟ ་བུ་དྲང་པོའི་ཆོས་ལ་འཕྱ་ཞིང་བསྐྲད་དོ། ། ཅིའི་ཕྱིར་ཞེ་ན། མི་དེ་དག་ཁང་སྟོང་པ་ལ་འདོད་ཆགས་པས་ཕྱིར་ཏེ། བདུད་རྣམས་ཀྱང་མ་ཡིན་ལ། བདུད་ཀྱིས་ཀྱང་བསླད་དཀྲུགས་པས་ངའི་དྲང་པོ་ནི་བདུད ་ཀྱི་དོན་དུ་བྱས་སོ། ། ཤཱ་རིའི་བུ་ཁྱིམ་ན་འདུག་པའང་རུང་། ཁྱིམ་ནས་བྱུང་བའང་རུང་སྟེ། བདག་ཏུ་ལྟ་བ་མེད་དེ། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད་དེ། མཐར་ཡུན་དུ་སྤྱོད་པའི ་ཆོས་འདི་ཐོས་ལ་སྔངས་ཤིང་སྐྲག་ན། དེ་ལྟ་བུའི་མི་ནི་བདུད་ཀྱིས་བསྟན་བསླབས་པར་མངོན་ཏེ། རི་མོའི་དགེ་སློང་ཡིན། ཆོས་རྐུ་བའི་ཆོ་ག་ངན་པ་ཡིན་ནོ།། ཤཱ་རིའི་བུ་དེ་ལྟ་བུའི་མི་ནི ་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཡོད་པར་མཐོང་བ་དང་། མེད་པར་མཐོང་བ་དང་། རྟག་པར་མཐོང་བ་དང་། ཆད་པར་མཐོང་བ་ཡིན། ཀུན་བདུད་ཀྱི ་མི་ལྟ་བུའི་སངས་རྒྱས་ཀྱི་སློབ་མ་མ་ཡིན་ནོ། ། ཇི་ལྟ་ཞེ་ན། ངའི་ཆོས་ཀྱི་ཡི་གེའི་ནང་ནས་བཤད་པ་འཇིག་རྟེན་ཐམས་ཅད་ཀུན་ནི་སྟོང་སྟེ། ང་མེད་པའི་གནས་ཀྱང་མེད། གང་ཟག་མེད། ་སེམས་ཅན་མེད། རྟག་པ་མེད། མི་འགྱུར་བ་མེད། མི་འཇིགས་པའི་ཆོས་མེད་ན། དེ་ལྟ་བུའི་མི་ངན་པས་ཀྱང་ཀུན་གྱིས་ཆོས་ཀྱི་ཡི་གེ་དང་ཁ་ཏོན་དུ་བཀླགས་ཏེ། མི་གཞན་ལ་བཤད ་ན་སེམས་ཅན་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ལ་ཆགས་སོ།། དེ་ལྟ་བུའི་གཏི་མུག་ནི་མིང་སྡུག་བསྔལ་གྱི་རྒྱུ་བྱེད་ཅེས་བྱའོ།། མིང་མགོ་གཉིས་བསྒྱུར་བ་ལ་བཟློག་པ་ཞེས་བྱའོ།། ་མིང་འཐབ་འཁྲུག་ཅིང་དགེ་འདུན་འཇིགས་པ་ཞེས་བྱའོ།། མིང་ལམ་གྱི་ཆོས་བསྒོམས་སྦས་པ་ཞེས་བྱའོ།། མིང་སྡིག་ངན་པ་སྨེ་སོགས་པ་ཞེས་བྱའོ།། མིང་ཚིག་གིས་བཤད་པ་འབའ་ཞིག ་ཡོད་ཅེས་བྱའོ། ། མིང་སྒྱུ་མའི་དགེ་སྦྱོང་ཞེས་བྱའོ།། མིང་དགེ་སློང་གི་ནང་གི་འབུལ་ཞེས་བྱའོ།། མིང་ཁུར་ལྕི་བ་ཞེས་བྱའོ།། མིང་སངས་རྒྱས་རྣམས་ལ་བརྙས་བ་སླུས་པ་ཞེས་བྱའོ།། ་མིང་ལོག་པའི་མིང་མཐོང་བ་ཞེས་བྱའོ།། ཤཱ་རིའི་བུ་དེ་ལྟ་བུའི་མིང་ལོག་པའི་དགྲ་ངན་པ་ཆེན་པོ་ཞེས་བྱའོ།། མིང་ངན་པའི་བཤེས་གཉེན་ཞེས་བྱའོ།། མིང་ཚུལ་ཁྲིམས་ཞིག་པ་ཞེས་བྱའོ།། ། ་མིང་ལོག་པ་མཐོང་བ་ཞེས་བྱའོ།། མིང་མུར་འདུག་ཅེས་བྱའོ།། མིང་བདེན་པ་སྤྱད་པ་མེད་པ་ཞེས་བྱའོ།། མིང་གྲོགས་ངན་པ་ཞེས་བྱའོ།། མིང་གསོད་པའི་འདྲེ་ཞེས་བྱའོ།། མིང ་མཛེརྨ་ཞེས་བྱའོ། ། མིང་མནམ་སྨེ་ཞེས་བྱའོ།། མིང་ཚ་བར་སྲེག་ཅེས་བྱའོ།། མིང་གཙམ་སྒྲ་ཞེས་བྱའོ།། མིང་མུན་ནག་ལྷུང་ཞིང་འདུག་ཅེས་བྱའོ།། མིང་ཚལ་ནགས་སྟུག་པོར ་ཞུགས་ཞེས་བྱའོ། ། མིང་སྐྱེ་ཤི་བཞིན་དུ་འབབ་ཅེས་བྱའོ།། མིང་ན་རེས་ཀྱིས་འབྱུང་ཞེས་བྱའོ།། མིང་སེམས་ཅན་དམྱལ་བ་ཞེས་བྱའོ།། མིང་བྱོལ་སོང་ཞེས་བྱའོ།། མིང་ཡི་དགས ་ཞེས་བྱའོ། ། མིང་ལྷ་མ་ཡིན་ཞེས་བྱའོ།། མིང་ལམ་དུ་མི་འཇུག་པ་ཞེས་བྱའོ།། མིང་ལ་བརྙས་བསྡུས་ཞེས་བྱའོ།། མིང་རང་གི་ལུས་ལ་སྟོང་པ་ཞེས་བྱའོ།། མིང་མོ་དང་མཚན་མ་སྤྱོད ་པ་ཞེས་བྱའོ། ། མིང་སྒྲ་ཆེན་པོས་འབོད་འགྲོགས་ཞེས་བྱའོ།། མིང་ཁེའི་ཞར་ལ་ཁེ་ཚོལ་བ་ཞེས་བྱའོ།། མིང་གཞན་ལ་འགྲོ་ཞིང་ཞེན་པ་ཞེས་བྱའོ།། མིང་རྟག་པར་འདྲན་ཏོར་ཞེས་བྱའོ།། ་མིང་སེམས་ཁྲག་ཁྲུག་པ་ཞེས་བྱའོ།། མིང་གནོད་དོ་ཅོག་ལ་བརྐམ་པ་ཞེས་བྱའོ།། མིང་གཤེ་ཞིང་གནོད་པ་ཞེས་བྱའོ།། མིང་གཏི་མུག་གནོད་པ་ཞེས་བྱའོ།། མིང་ནོར་བརྙས་པ་ལ་སྲེད་པ ་ཞེས་བྱའོ། ། མིང་རྒུད་པའི་མི་ངན་གྱི་གནས་ཞེས་བྱའོ།། མིང་གྲོལ་ཐར་མེད་པ་ཞེས་བྱའོ།། མིང་ངན་འཁྲུགས་པས་བཅིངས་ཞེས་བྱའོ།། མིང་དགེ་སྦྱོང་གི་ལུས་མ་ཡིན་ཏེ། རི་མོའི ་དགེ་སྦྱོང་ཞེས་བྱའོ། ། དགེ་སྦྱོང་དག། དགེ་སྦྱོང་མནམ་སྐྱེ་བ། དགེ་སྦྱོང་རྣ་ཞེས་བྱའོ།། མིང་དགང་དཀའ་ཞེས་བྱའོ།། མིང་གསོ་དཀའ་བ་ཞེས་བྱའོ།། མིང་ཆོག་ནིས ་པབཞེས་བྱའོ། ། མིང་ཁྲེལ་བསལ་བ་ཞེས་བྱའོ།། མིང་མགོ་གཏུབས་བཅད་པ་ཞེས་བྱའོ།། མིང་ལུས་གཟུགས་ཞིག་པ་ཞེས་བྱའོ།། མིང་ཆོས་གོས་མགུལ་པར་བརྟགས་པ་ཞེས་བྱའོ།། མིང་མུན ་ནག་ཏུ་ཞུགས་པ་ཞེས་བྱའོ། ། མིང་འདོད་ཆགས་མང་པོ་ཞེས་བྱའོ།། མིང་ཞེ་སྡང་མང་པོ་ཞེས་བྱའོ།། མིང་གཏི་མུག་ཆེན་པོ་ཞེས་བྱའོ།། མིང་བསྒྲིབས་པ་ལོགས་པ་ཞེས་བྱའོ།། མིང་ནུབ ་པ་ཞེས་བྱའོ། ། མིང་སྒྱུ་མ་ཞེས་བྱའོ།། མིང་སྟོང་པ་ཞེས་བྱའོ།། མིང་མུགས་པ་ཞེས་བྱའོ།། ཤཱ་རིའི་བུ་དེ་ལྟ་བུའི་མིང་སྟོང་པ་ཞེས་བྱ་བ་སངས་རྒྱས་སོ་ཅོག་གིས་དགེ་བར་བསྟོད་པའི ་མིའི་མཚན་ལས་ལོག་སྟེར་བས་ན་མིང་སྟོར་བ་ཞེས་བྱའོ། ། དགེ་སྦྱོང་ངོ་ཅོག་གི་ལེགས་པའི་དོན་དང་། དགེ་སྦྱོང་གི་ཆོས་ཀྱི་དོན་ལ་སྟོར་བ་ཞེས་བྱའོ།། ཇི་ལྟ་བུར་ན་སྒྱུ་མ་ཞེས་བྱའོ།། འཕགས ་བ་ཆོས་ཀྱི་ཕྱི་ལོགས་ན་འདུག་པས་ན་མིང་སྒྱུ་མ་ཞེས་བྱའོ། ། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་བསྲིངས་སྤངས་པས་ན་མིང་སྒྱུ་མ་ཞེས་བྱའོ།། ཤཱ་རིའི་བུ་དེ་ལྟ་བུའི ་བདུད་ངན་པའི་བདུད་ངན་པ་ནི་བདུད་དགའ་བར་བྱ་ནུས་ཏེ། སྒྱུ་མ་མི་བདེན་པའི་ཆོས་ལ་བསྲན་ཐུབ་པར་འདོད་ཆགས་ནུས་པས་ན་ཐ་མལ་པ་དང་མཚུངས་ཏེ། སྡིག་ངན་པའི་མིའི་མཚན་མོ་ཅོག ་ཚང་སྟེ་ལྡན་པར་ཡོད་པས་ཆོས་ཀྱི་བཟོད་པ་མི་འདྲའོ། ། དགེ་སྦྱོང་གི་ཆོས་ཀྱི་དོན་དང་དགེ་སྦྱོང་གི་ལེགས་པའི་དོན་བརྒྱ་སྟོང་ཁྲི་དེའི་ཆ་གཅིག་ཀྱང་མེད་དོ།། ཤཱ་རིའི་བུ་དེ་ལྟ་བས་ན་མིང་སྟོང་པ་ཞེས་བྱའོ།། ་སྒྱུ་མ་ཞེས་བྱའོ།། འཇིག་རྟེན་གྱི་སྲེད་པ་འབའ་ཞིག་ལ་འདོད་ཆགས་ཏེ། དགེ་སྦྱོང་མ་ཡིན་པར་བདག་རང་དགེ་སྦྱོང་ཞེས་ཟེར་རོ།། ཡོན་བླང་བའི་མི་རིགས་པ་ནི་ཡོན་བླངས་ཏེ་མི་རྟག་པའི་དགྲས ་དགྲའི་མཚན་མའི་རྒྱལ་མཚན་བཙུགས་ཞེས་བྱའོ། ། ཡང་མིང་རང་སྡང་གིས་མི་ལ་གསོད་ཅིང་གནོད་པའི་དགྲ་ཞེས་བྱའོ།། མི་དེས་ཟས་ཁམ་གཅིག་ཟོས་པ་ཀུན་གཙང་མེད་དོ།། ལམ་ལ་ཕྱོགས་པ ་དང་ལམ་གྱི་འབྲས་བུ་ཐོབ་པ་འབའ་ཞིག་གིས་ཡོན་ཕུལ་བ་ཞུ་ནུས་ན། མི་དེ་ལ་དེ་ལྟ་བུའི་མེད་པས་ན། མིང་ཟོས་པ་མི་གཙང་བ་ཞེས་བྱའོ།། ཤཱ་རིའི་བུ་དེ་ལྟ་བུས་ན་མིང་སྟོང་པ་ཞེས་བྱའོ།། ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་གིས་སྲོག་གཅོད་རྐུན་ཕྲོགས་ན་ལོག་པར་གཡེམ་བརྫུན་ཟེར། ལྕེ་གཉིས་བྱེད། ཁ་ངན་འཁྱལ་ཟེར་འདོད་ཅིང་ཕྲག་དོག་ཞེ་སྡང་ལོག་པ་ལ་ལྷ་ན། མི་དེ ་རྟག་པར་སྲོག་གཅོད་དམ། རྟག་པར་ཚེ་སྲོག་མི་འཕྲོག། བཅོམ་ལྡན་འདས་མི་འཕྲོག་གོ།། ཁྱིམ་ན་འདུག་ན་སྲོག་གཅོད་དེ། རྟག་པར་སྲོག་མི་ཕྲོགས་པས་སྲོག་གཅོད་པའི་དུས་ནི་ཉུང་། སྲོག ་མི་གཅོད་པའི་དུས་ནི་མང་ངོ་། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་མི་ལ་ལ་ཞིག་གིས་མི་འཕྲོག་པའི་དུས་མང་ངམ། བཅོམ་ལྡན་འདས་མི་རྐུ་བའི་དུས་མང་ངོ་།། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ ་མི་ལ་ལ་ཞིག་ལོག་པར་གཡེམ་ན། ལོག་པར་གཡེམ་པའི་དུས་མང་ངམ། ལོག་པར་མིག་ཡེས་པའི་དུས་མང་ངོ་།། རྫུན་ཟེར་བ་བངན་དང་། ལྕེ་གཉིས་དང་། ཚིག་བ ་པར་ཟེར་བ་དང་། འདོད་ཅིང་ཕྲག་དོག་དང་། ནེ་སྡང་གི་དུས་མང་ངམ། བཅོམ་ལྡན་འདས་མི་སྡང་བའི་དུས་མང་ངོ་།། ཤཱ་རིའི་བུ་མི་དགེ་བའི་ལམ་འདི་བཅུའི་ནང་ན་འདི་གང་སྡིག་ལྕི་བཅོམ ་ལྡན་འདས་མི་དགེ་བ་བཅུའི་ནང་ན་ལོག་པར་མཐོང་བ་ནི་སྡིག་ལྕེའོ། ། ཅིའི་ཕྱིར་ཞེས་བགྱིས་ན། བཅོམ་ལྡན་འདས་ཡོན་པོ་ལོག་པར་ལྟ་བ་སེམས་ལ་དྲི་མི་གཙང་ངོ་།། ཤཱ་རིའི་བྲངས་ད་ཁྱོད་ལ་བསྒོལ ་མིལ་ལ་ཞིག་གིས་ཉི་མ་གཅིག་ལ་སེམས་ཅན་བརྒྱ་སྟོང་ཁྲི་འབུམ་བསད། ཉི་མ་གཅིག་ལ་གསེར་དངུལ་དང་ནོར་བུ་རིན་པོ་ཆེ་རྣམ་པ་བརྒྱ་སྟོང་ཁྲི་བརྐུས། ལོག་པར་གཡེམ་པ་ནི་ཉིན་མཚན་དུ་མི་གཏོང་། ་བརྫུན་ཟེར་བ་ནི་རྟག་པར་མི་བརྙས་བསླུས་ཏེ། ཁའི་ལས་མི་གཙང་བས་ཚིག་བདེན་པ་མེད། ལྕེ་གཉིས་རྟག་པར་འབྱོར་འདུམ་པ་འཇིག་ཅིང་འཇིགས་པའི་སྟོངས་མའང་བྱེད། ཁ་ངན་པ་ནི་ཁ ་རྟག་པར་ངན་པའི་ལོག་པ་ཟེར་ཏེ། གཉེན་ངེས་པ་ཚིག་གཅིག་མི་སཱ། ཚིག་འཁྱལ་པ་ཟེར་བ་ནི་རྩ་བའི་ཕྱི་མོ་བྱེད་དེ། མིས་དོན་དེ་ཐོས་ན་གྲངས་མེད་པའི་ཚིག་སྤྲས་ཏེ། འཚལ་འཁྲུགས་སོ།། ་འདོད་ཅིང་ཕྲག་དོག་ནི་ཁོང་གཞན་གྱི་ནོར་ལ་ཆོས་མ་ཡིན་པའི་སེམས་སྐྱེས་སོ།། ཞེ་སྡང་ནི་ཆུ་རྐྱེན་མེད་པ་ལ་གྲོ་བུར་དུ་ཞེ་སྡང་ལངས་ཏེ་ལོན་པ་བསྲེལ་བས་སེམས་གང་ངོ་།། ལོག་པར་སྨྲ་ན ་ལ་མ་མ་ཡིན་པས་སྤྱད་པ་ལ་སྲེད་དོ། ། ཤཱ་རིའི་བུ་ངས་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས་མི་ལ་ལ་ཞིག་གིས་དེ་ལྟ་བུའི་མི་དགེ་བའི་ཆོས་འབྱོར་གྲུབ་པ་ནི་སྡིག་མང་ངམ་མི་མང་། བཅོམ་ལྡན་འདས་ཤིན ་ཏུ་མང་ངོ་། ། ཤཱ་རིའི་བུ་ངས་ཁྱོད་ལ་བསྒོའོ།། མི་ལ་ལ་ཞིག་གིས་ལོ་བརྒྱའི་བར་དུ་འདི་ལྟ་བུའི་མི་དགེ་བ་བཅུའི་སྡིག་འབྱོར་གྲུབ་པས་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ཉིན་གཅིག་མཚན་གཅིག་གི་བར ་དུ་ཁོང་གཞན་གྱི་ཡོན་བླངས་པ་སྡིག་དེ་བས་ཆེའོ། ། ཅིའི་ཕྱིར་ཞེ་ན། སྲོག་གཅོད་པ་དེ་ནི་མི་གཞན་གྱིས་རིག་པ་མང་། མི་གཞན་གྱིས་ཤེས་པ་མང་། མིའོ་ཅོག་གི་སྡིག་པའི་དགྲ་སྟེ། མི་ཀུན་གྱིས ་སྲོག་གཅོད་པ་ཡིན་པར་ཤེས་ཏེ་སྡིག་མི་སྨྲ། རློག་ཅིང་བསྒོམས་ཞེན་པ་ཡིན་ཏེ། མི་དགེ་མོ་ངེས་པས་མིའོ་ཅོག་གིས་སྤངས་སོ།། ཡང་ཤཱ་རིའི་བུ་སྲོག་གཅོད་པའི་མི་ནི་གཞན་གྱིས་སྲོག་འཕྲོག་པ་མང ་བས་བར་བར་སྐྱེ་བའོ་སེམས་སྐྱེས། མ་རིག་པ་དང་མཐའ་སྡིག་གི་ལམ་ཐོབ་པར་རང་གིས་ཤེས་སོ།། མི་ཀུན་གྱིས་ཀྱང་ངན་ཅིང་ཚུལ་ཁྲིམས་མེད་སྨེ་བར་ཤེས་སོ།། མི་དེ་ལ་ལེགས་པའི་སྤུའི་ཞིག ་མ་བཅུ་ཚལ་གྱི་བརྒྱ་ཆ་གཅིག་ཙམ་ཡང་མི་རེན། དཔལ་ཞིང་གི་ཡོན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཡང་ཤཱ་རིའི་བུ་སྲོག་གཅོད་པ་མི་དེའི་བུ་སྨད་ནི་མི་ཀུན་ཀྱང་ཤེས་རིག་སྟེ། བཀུར་སྟི་མི་བྱ ་འདུག་ཏུའང་མི་སྟེར་ན། ཡོན་མོ་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས། སྲོག་གཅོད་པའི་མི་ནི་ནོར་གྱིས་རང་འཚེ་ཞིང་བུ་གསོ་བསྐྱེད་དོ།། བར་བར་དགེ་སློང་དང་བྲམ་ཟེ་ལ་ཡོན་ཕུལ་ཏེ། དེའི་ལམ་གྱིས ་མཛངས་ཤིང་འཕྲུལ་པའི་དགེ་སློང་དང་ཕྲད་ནས། དེ་ལ་ལམ་གྱི་ཆོས་བཤད་ནས་སྲོག་གཅོད་པའི་ལས་དེ་བཏང་སྟེ། སངས་རྒྱས་ཀྱི་ཆོས་ལ་ཁྱིམ་ནས་བྱུང་ནས་བསྒྲིབས་ཤིང་ཐོགས ་པ་མེད། ཁྱིམ་ནས་བྱུང་ཟིན་པ་དང་དགེ་བའི་བཤེས་གཉེན་ལ་ཉེ་བར་བསྙེན་ཏེ། དགེ་སློང་གི་འབྲས་བུ་ཐོབ་ནས། མི་དེས་འཕྲུལ་གྱི་ཚེ་ལ་སྡིག་ཡང་བའི་ལས་དེ་བཏང་སྟེ། འཕྲུལ་གྱི་ལམ་བསྒྲུབས ་པས་ལམ་ངན་པ་གསུམ་ལས་ཐར་ཏོ། ། ཤཱ་རིའི་བུ་ཆོས་ཀྱི་ནང་ན་དགེ་སློང་དག་ཅི་ཡོད་པ། དགེ་སློང་མ་ཡིན་པར་རང་དགེ་སློང་ཞེས་ཟེར། ཚངས་པར་སྤྱད་པ་མ་ཡིན་པར་ནི་ཚངས་པར་སྤྱོད་པ་ཡིན་ཞེས ་ཟེར་ཏེ། དགེ་བའི་རྩ་བ་རྣམས་བཅད་ལ་མྱ་ངན་ལས་འདས་པ་འཇུག་བསྒྲིབས་ཏེ་བསླད་རྨོངས་པས་ལམ་སྟོར་ཏོ།། ལམ་ཞིག་པའི་རྒྱུ་རྐྱེན་གྱིས་དགེ་བའི་ཆོས་རྣམས་བཤིག་སྟེ། མུར་འདུག་གི་དོན ་སྤྱོད་ཅིང་ལམ་ངན་པར་ཞུགས་པས་དགྲ་ངན་པའི་རྣམས་མང་སྟེ། སྐྱེ་བའི་སྟོང་པར་ནོས་ནས་དཔེར་མི་ཤི་བ་དང་མཚུངས་ཏེ། ལུས་ཀྱི་ཁ་དོག་ཉམས་གྲང་ལ་དྲང་པོའི་ཆོས་སྟོར་ཏེ། ངའི་ཆོས་ཀྱི་ནང་ན ་བསྐོས་སྤགས་པ་ཞེས་བྱའོ། ། མིང་ཆོས་ཀྱི་དགྲ་ཞེས་བྱའོ།། མིང་ལོག་པའི་མི་ཞེས་བྱའོ།། མིང་བདུད་ཀྱིས་བཀོལ་བ་ཞེས་བྱའོ།། དཔེར་མི་ཕྱིས་ཁུང་དང་མཚུངས། མི་རོ་དང་མཚུངས ་ཁྱི་རོ་དང་མཚུངས། རི་མོ་དགེ་སྦྱོང་དང་མཚུངས་ཏེ། གོས་དགེ་སློང་མཚུངས་འཐུན་ཀྱང་དགེ་སྦྱོང་གི་དོན་མེད་དོ།། ཤཱ་རིའི་བུ་དཔེར་ཝ་སེང་གེའི་ཁྱུ་ན་འདུག་པ་དང་མཚུངས། གཅིག ་ཏུ་ན་ཉུང་རུང་འཕྲུལ་གྱི་འཁོར་ལོ་རྒྱལ་པོའི་ནང་ན་འདུག་པ་དང་མཚུངས་སྤྲེའུ་ལྷ་རྣམས་ཀྱི་ནང་ན་འདུག་པ་དང་མཚུངས། ཡང་གཅིག་ཏུ་ན་བོང་བུ་བ་གླང་ན་འདུག་པ་དང་མཚུངས། མི་ལོང་བ ་ལྷའི་མིག་ཅན་ནང་ན་འདུག་པ་དང་མཚུངས། གཅིག་ཏུ་ན་ཕ་ཝང་ནས་ཀ་ལིང་གི་ནང་ན་འདུག་པ་དང་མཚུངས་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་དགེ་འདུན་གྱི་ནང་ན་འདུག་ན། བརྒྱ་སྟོང ་ཁྲི་འབུམ་གྱི་ལྷ་རྣམས་ཕལ་མང་པོས་དགེ་སློང་གི་ནང་ན་འདུག་པ་མཐོང་ན། ཀུན་ཀྱང་ཤིན་ཏུ་མྱ་ངན་ལས་འཁྲུག་སྟེ་ཚིག་འདི་སྐད་འཛེར་ཏོ།། འདི་ལྟ་བུའི་མི་ངན་པ་གསོ་སྦྱིན་ཅི་དགོས ་བདུད་ཀྱི་གྲོགས་དང་ཁམས་དེ་ལྟ་བུའི་བླ་ན་མེད་པ་སངས་རྒྱས་ལམ་མཐོང་བར་འདོད་དེ་གོས་སྐྱ་བོ་ཅན་ལ་བཤད་ན། ལ་ལ་སངས་རྒྱས་ཀྱི་ཆོས་ཡིད་ཆེས་ཤིང་དད་པ་ཞིག་ཡོད་ན། ཀླུ་དང་ལྷ ་མ་ཡིན་ལ་སོགས་པ་རྣམས་ཀྱིས་སྐད་ཆེར་པོས་ཏེ་ཤིན་ཏུ་བསྟོད་དེ། དགེ་སློང་ངན་པ་དེའི་དེ་ཅིའི་ཕྱིར་དེས་ལུས་སྦས་ཏེ། དཔེར་རྟ་ངན་པ་དུལ་བ་གཡུང་པོའི་ནང་ན་འདུག་པ་དང་མཚུངས་ཏེ། དེ་ལྟ། ་བུའི་མི་གཏི་མུག་བདག་ན་ར་ཅིའང་མཐོང་ཞིང་ཤེས་པ་དང་བདག་ཏུ་ལྟ་བ་ངན་པ་མེད་ཅེས་ཟེར་ཏེ། རང་གི་དེར་སྦས་བཅབས་ནས་ལྷ་དང་མི་ལས་བརྙས་བསླུས་པ་ནི་མི་དང་ལྷ་ཐམས་ཅད་ཀྱི་ནང་གི་དགྲ ་ཡིན། ཕལ་གྱིས་མཐོང་བ་དང་ཀུན་གྱིས་ཀྱང་མི་བསྔགས་སོ།། ཤཱ་རིའི་བུ་དེ་ལྟ་བུའི་ངན་པ་སྡིག་པའི་དགེ་སློང་ནི་དགྲ་ཡིན་པར་ལྷ་རྣམས་ཀྱིས་ཀྱང་རིག་སྟེ། གོས་སྐྱ་བོ་ཅན་དང་མཚུངས་པ་མེད་ན ་ཡོན་ལེན་ཅིང་ཕས་བསུ་བསྐྱལ་དང་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ལ་རི་མོ་བསླུས་པར་བྱས་སོ།། མི་ངན་པ་གཏི་མུག་ཤི་བའི་རོ་དང་མཚུངས་པ་གྱོན་ཏོ།། ཆོས་ནི་ཀུན་བརྐུས ་བླངས་པ་ཡིན་ཏེ། མིས་བྱིན་པ་མེད་དོ།། ཆུ་ཉུང་ངུ་ཡ་ཚད་ཀྱང་བརྐུས་ཏེ་ཐོབ་པ་ཡིན་ནོ།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་གར་ཕྱིན་པའི་ཤར་ཕྱོགས་སུ་ཕྱིན་པས། ལྷོ་དང་། ་ནུབ་དང་། བྱང་ཕྱོགས་གར་ཕྱིན་ཀྱང་རུང་སྟེ། ཀུན་བརྐུས་ཏེ་འགྲོ་བ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། མི་དེ་ལ་ཆོ་ག་དང་ཆོས་སྤྱོད་པ་ཡོད་དོ་ཅོག་རྐུ་བ་སྒྱུ་མ་ཡིན་ནོ།། འགྲོ་དང་། འགྲེང་བ་དང་། ་འདུག་པ་དང་། ཉལ་བ་དང་། སོང་འོངས་ལྟ་བ་དང་། མྱང་བསྐུམ་དང་། དགྱེ་དགུ་དང་། གོས་གྱོན་པ་དང་། ལྷུང་བཟེད་ཁྱེར་བ་དང་། བྱེད་དེ་ཅོག་ད་མདོ་ཙམ་ཞིག་བཤད་དེ། ལུས་དང་། ་ཁ་དང་། ཡིད་ཀྱི་ས་ལས་སྤྱད་ཅིང་བྱེད་པ་ཡོད་དོ་ཅོག་རྐུན་པོའི་དགྲ་ཡིན་ནོ།། ལ་ལ་ཞིག་གིས་མི་དེ་ལྟ་བུའི་སྐྲ་བྲེགས་དགྲའི་སྐྲ་བྲེགས་པ་ཡིན་ཏེ། གཅིག་གི་མདོག་ཅེས་པ་ཙམ་ཞིག་བསྐྱེད་དོ།། ཚུལ ་ཁྲིམས་ཞིག་པའི་དགེ་སློང་གིས་བྱས་པ་ཡོད་དོ་ཅོག་ནི་ཀུན་དགྲས་བྱས་པ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་ངན་པས་ཕྱི་ས་ཆེ་ཆུང་དང་ལག་བསྐལ་བ་ཡན་ཆད་དགྲའི་ཆོས་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི ་བུ་འཛམ་བུ་གླིང་གི་ནང་ན་རྒྱལ་པོ་ཆེན་པོ་དང་། བློན་པོ་ཆེན་པོ་དང་། མི་ཕལ་དང་། མི་ཡིན་པའི་ཁམས་དང་། ཡོད་དོ་ཅོག་ཐམས་ཅད་ལ་དགེ་སློང་ངན་པ་དེས་ཕྱག་བྱས་སོ།། ཤཱ་རིའི་བུ་རྒྱལ་པོ ་དང་། བློན་པོ་དང་། དགྲ་ངན་པ་ལ་ལེགས་པའི་དོན་མི་རེའོ།། བདག་དང་མཚུངས་ཞེས་མི་ཟེར་རོ།། བདག་པས་ལྷག་ཅེས་མི་ཟེར་རོ།། ཚུལ་ཁྲིམས་ཞིག་པའི་དགེ་སློང་འཕགས་པའི་ཆོས་གོས ་གྱོན་པས་མི་དེ་ལ་ལེགས་པའི་ཐོབ་ཏུ་རེ་བ་ས་ན། ཡུལ་ས་ན་འདུག་ཏུ་གནང་བར་བྱས་སོ།། དེས་ངན་པར་ཤེས་སུ་ཟིན་ན་མཆིལ་མ་ས་ལ་དོར་བ་ཡན་ཆད་ཀྱང་མི་གནང་ངོ་།། དེ་ལྟ་བས་ན་ཤཱ་རིའི་བུ་དགེ ་སློང་ངན་པས་ལུས་གཡོས་ཏེ་བྱས་སོ་ཅོག་ཀུན་དགྲས་བྱས་པ་ཡིན་ཏེ། མིང་དགྲ་རྟག་པ། མིང་དགྲ་ཆེན་པོའོ།། དགྲའི་རྒྱལ་མཚན་བཙུགས་པ་འཇིག་རྟེན་གྱི་མིའོ་ཅོག་ཐམས་ཅད་ལ་བརྩོག་ཅིང་གནོད་པ ་ཞེས་བྱའོ། ། ཅིའི་ཕྱིར་ཞེ་ན། ངན་པ་མ་བྱས་པ་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་ཤཱ་རིའི་བུ་དགེ་སློང་ངན་པ་དེ་འཇིག་རྟེན་གྱི་ལྷ་དང་མི་ཐམས་ཅད་ཀུན་གྱི་དགྲ་ཆེན་པོ་ཡིན་ཞེས་བྱའོ།། ཤཱ་རིའི་བུ་མི་ལ ་ལྷ་དང་། མི་དང་། འཇིག་རྟེན་ཐམས་ཅད་ཀྱི་མི་ཆེན་པོ་ཡིན་ན། དེ་ལྟ་བུའི་མིས་ཡོན་ཆུ་རྔུབས་གཅིག་ཞུ་བར་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ།། ཤཱ་རིའི་བུ་ཁྱོད་ཀྱི ་ཡིད་ལ་ཇི་སྙམ། དེ་ལྟ་བུའི་མི་ངན་པ་ཆེན་པོ་མ་ཡིན་ནམ། བཅོམ་ལྡན་འདས་དེ་ལགས་སོ།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལྷ་དང་མིའི་འཇིག་རྟེན་ཐམས་ཅད་ལ་ངན་པའི་སྡིག ་ཆེན་པོ་ཡོད་དོ། ། གཞུང་དེ་ལྟ་བུ་ཡིས་ངས་ཚིགས་སུ་བཅད་པ་འདི་བཤད་དོ།། གཉིས་ན་རྡོ་བསྲེགས་ཟ་བ་དང་། ཟངས་བཞུན་ཁུ་བ་འཐུང་ཡང་རུང་།། བདག་ལ་ཚུལ་ཁྲིམས་མེད་པ་རུ། ཡིད ་ཆེས་མའི་ཟས་བཟའ་མི་ཕོད། ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་དེ་ལ་མེད། ལེགས་པ་མེད། སེམས་དཀའ་བའི་སྨོན་ལམ་ཡང་མེད་དེ། ལུས་དང་སེམས་ཚ་གདུག ་པས་མི་ངན་པ་མཐོང་བར་དགའ་བཞིན་གནས་ལ་མི་སྲིད་པར་དགའ་ཞིང་འགྲོ་ན་ལུས་འཇིགས་ཤིང་འདར། ཚུལ་ཁྲིམས་གཙང་མ་མཐོང་ན་གོལ་བར་ག་པ་ལ་རྒྱུ་ཞིང་བྱོལ། རང་གནོད་པས་སེམས་འདར ་ཏེ་ཕྲད་དུ་མི་དགའ། ཡོན་ལེན་པའི་ཚེ་སྔངས་དོགས་འཇིགས་སྐྲག་སྟེ། སེམས་རྟག་པར་རྒྱུག་འབྲོས་ཤིང་འདུ་ཤེས་ཀྱི་བསམ་པ་རྣམ་པ་མང་བ་ནོར་གྱི་ཁེ་ལ་རབ་ཏུ་བརྐམ་ཞིང་ཟས་ཞིམ་པོ་ལ་དགའ་སྲེད ་རོ། ། དེ་ལྟ་བུའི་དགེ་སློང་ནི་ཚེ་ཟད་པའི་འོག་ཏུ་ཡང་དག་པར་སེམས་ཅན་དམྱལ་བར་འགྲོའོ།། ཤཱ་རིའི་བུ་མི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུགས་པའི་མདའ་བདུན་ཞེས་བྱ་སྟེ། ཡང་དག ་པར་སེམས་ཅན་དམྱལ་བར་ལྟུང་ངོ་། ། ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཕལ་གྱི་ནང་ན་འདུག་ཅིང་གྱེས་འཁྲུགས་པའི་ཚིག་མང་པོ་ལ་སྲེད། རང་བཞིན་ནས་ཕྲག་དོག་ལ་དགའ་བས་ཚུལ ་ཁྲིམས་ཞིག་པ་དང་གྲོགས་པོ་མཛའ་བོར་བྱས་ནས། རྟག་པར་ཚུལ་ཁྲིམས་ཞིག་པའི་ངན་པ་དོན་བརྗོད་ཅིང་བཤད་པ་ལ་སྲེད་དེ། བདག་སྐྱིད་པར་འཛིན་ཅིང་ངོ་ཚ་མི་ཤེས། ཆོས་ཡིག་ཟབ་མོ་ལས་ལོག ་གལ་ཏེ་སེམས་ལ་དོགས་ཤིང་ཡིད་ཆེས་པར་དེ་ལྟ་བུ་ལ་སོགས་པའི་ཆོས་ཡིག་བཤད་པ་ཐོས་ན། ལོག་པར་ཡིད་མི་ཆེས་ཤིང་འཐབ་རྩོད་ལ་ཉན་ཅིང་ནོད་པ་ལ་མི་སྲེད་དེ། ཤར་ནུབ་ཏུ་ཕྱོགས་ཤིང་ལྟ ་ལ་སེམས་གཅིག་ཏུ་མི་མཐུན་ཏེ། ཁ་ལག་པས་བཀབ་སྟེ། ཡར་ནམ་མཁའ་ལ་ལྟས་ཤིང་འདུག་པ་ལས་ལངས་ཏེ། སངས་རྒྱས་ཀྱིས་བསྟན་པའི་ཆོས་སྐུར་གཤེ་ཞིང་ཁོ་ན་པའི་བསྲེལ་ཏེ། ཆོས་འཆད། ་པ་ལ་རྒྱབ་དེ་ལྟ་བུ་ལ་སོགས་པའི་བླུན་ངན་པའི་རྒྱུ་རྐྱེན་སྤྱད་པས། ཚེ་ཟད་པའི་འོག་ཏུ་ཤིན་ཏུ་ཟབ་པའི་སེམས་ཅན་དམྱལ་བར་ལྷུང་། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི ་མྱ་ངན་འཁྲུགས་པའི་མདའ་བརྒྱད་ཅེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྷུང་ངོ་།། ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་མཁན་པོ་དང་བླ་མ་ཨཱ་ཙརྱ་ར་བཀུར་བསྟོད་པ་ལ་དགའ་སྟེ། ་དེའི་ལེགས་པའི་དོན་ལ་བསྟན་པར་བསྟོད་དེ། མི་དེ་དེས་ཁ་ཙལ་ན་ཚུལ་ཁྲིམས་འཛིན་པ་ཞེས་ཟེར་ཞིང་། དེའི་རྒྱུས་རང་གསོས་ཏེ་ནོར་ལ་ཆགས་པ་སྤོས་པ་བཞིན་བཟོ་ལ་མཁས་ཏེ། ཁྲེལ་བསླབ་པ ་མེད་པ་ནི་དཔེར་བྱ་རོག་དང་མཚུངས་སོ། ། དགེ་འདུན་གྱི་རྒྱུ་རྐྱེན་གྱིས་གོས་མང་དུ་བཙལ་ཏེ། ཁ་ཟས་རང་ཉམ་དུ་ཟོས་པས་ལུས་སྟོབས་ཀྱང་བདེ་སྟེ། ཁྲེལ་དྲིན་མི་ཤེས་ཤིང་ཚིག་གོ་རིམས་ཀྱང ་མེད་དོ། ། རྐང་ལག་སྦོམ་རྩེ་བ་ལ་མདངས་ཀྱི་ཁ་དོག་ཉམས་གྱུར་ཏེ། བུད་མེད་ལ་ལྟ་བར་སྲེད། སྐྱེས་པ་ལ་བསྙེན་ཏེ། དེ་ལྟ་བུའི་མིང་ངན་པ་ནི་ཕལ་ཀུན་གྱིས་ཀྱང་བརྙས་སྨད་དོ།། ལྷ་དང ་ཀླུ་དང་། ལྷ་མ་ཡིན་གྱིས་ཀྱང་སྨད་དོ།། སངས་རྒྱས་རྣམས་ཀྱིས་ཀྱང་སྙན་པར་ཡང་མི་བཤད་དོ།། སེམས་ཀྱི་རང་བཞིན་རིངས་རྟགས་ལ་རྟག་པར་ཞེ་སྡང་ལ་སྲེད་དེ། དགེ་འདུན་གྱི་དོན་གཅོད་ན ་དཔུང་གི་མཐུ་སྙེམས་སོ། ། ཤཱ་རིའི་བུ་དེ་ལྟ་བུའི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་དགེ་འདུན་གྱི་ནང་ན་བརྗིད་ཀྱི་མཐུ་ཡོད་པ་ཚོལ་བ་མང་སྟེ། མ་དྲིས་པར་ལན་ལྗོན་ཞིང་རྟག་པར ་གཞན་གྱི་ཉེས་པ་ཚོལ་ལོ། ། ཚུལ་ཁྲིམས་གཙང་མ་པ་མཐོང་ན་བརྙས་ཤིང་བསླུ་བ་ཡིན་ཞེས་ཟེར། འགྲུས་པར་ལམ་ཚོལ་བ་མཐོང་ན་དེའི་ཆོས་མི་འདྲ་བར་ཐ་དད་པ་གཞན་དགའ་ཞིང་དང་། རྩོད་པ ་མཐོང་ན་དགའ་བས་བསྟངས་སོ། ། ཤཱ་རིའི་བུ་དེའི་མིང་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་དགུ་ཞེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྷུང་ངོ་།། ཡང་ཤ ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གཞན་གྱི་དོན་དེ་ལ་སྲེད་མོས་ཏེ། དེའི་གཞུང་ཇི་ལྟར་བཟུང་ནས་འཐབ་རྩོད་པ་ཡོད་དགའ་སྐྱིད་པར་འཛིན་ཏོ།། གོས་ཟས་ཀྱིས་ལུས་བརྒྱན་ལ། གཞན་གྱི་ཚེ ་གསློབ་ཅིང་མལ་ཆ་བཟང་པོ་བཙལ་ཏེ་ཁེས་གསོ་ཞིང་ལུས་བདེ་བར་བྱས། མི་གཞན་གྱི་བསྟོད་པ་སྲེད། སྦྱིན་བདག་ལ་འཁྲེན་ཅིང་འདུག་པའི་གནས་ལ་འཕངས་པར་འཛིན་ཏེ། དགེ་སློང་མཁན་པོ ་འོངས་ན་བདག་གི་ཉེས་པ་མཐོང་གིས་དོགས་ཏེ། ཚུལ་ཁྲིམས་པ་ལ་སྡང་། ཚུལ་ཁྲིམས་ཞིག་པ་ལ་བསྙེན། སྦྱིན་པ་བྱེད་པ་ལ་རྟག་པར་བསྟོད་དེ། ཚུལ་ཁྲིམས་འཛིན་པ་དང་། བཟོད་པ་དང་། ་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་མི་བསྟོད། སྟོང་པ་ཞི་བ་ལའང་མི་བསྟོད། འབའ་ཞིག་གནས་པ་ནི་བསྲིངས་སྤངས་ཏེ། རྟག་པར་ཚུལ་ཁྲིམས་འཛིན་པ་ལ་ཉེས ་བར་བརྗོད་པར་རལ་དཔྱ་བར་སྲེད། སྦྱངས་པའི་ཡོན་ཏན་འཛིན་པ་ལའང་སྙན་པར་མི་བསྟོད། བར་བར་དེའི་དོན་ལ་དཔྱས་ཏེ་བཤད། བར་བར་ཁོ་ནོད་པས་མི་རིགས་པར་བསྐྱེད། བར་བར་དྲན ་པའི་འདུ་ཤེས་ཀྱི་བརྫུན་བཤད། རིགས་བཟང་པོ་བརྟེན་སྙེམས་ཏེ། ཕ་ཚན་གྱི་གཉེན་པ་བཏུད་པར་དྲིས། རྒྱུ་རྐྱེན་ཆུང་ངུ་སྤྱད་དེ་དབུལ་ལོ་ལ་བཤད་ན། རྟག་པར་སེམས་མི་དྲང་བས་སྤངས ་ཤིང་དོགས་པ་བསྲེལ་ཏེ་ཕལ་ཀུན་སྡང་ཞིང་སྐྱོ་བས་ཡུན་དུ་བརྙས་སྨད་པ་ལ་ཕན་ནོ། ། ཚུལ་ཁྲིམས་འཛིན་པ་ལ་ནི་རྟག་པར་དཔྱས་བཤད་པ་ལ་སྲེད་དོ།། གཏན་ལ་བབ་པ་བདེན་པར་འཆད་པ་ལ་ནི ་ཉེ་བསྙེན་པས་མི་འདོད་པ་དེ་ཡིད་ལ་དེ་ལྟ་བུའི་ཆོས་ཀྱི་ཡི་གེ་ཐོས་པས་མི་དགའ་འོ། ། དེ་ལྟ་བུའི་ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་སྟེ་ཀློག་ཅིང་ཁ་ཏོན་ལ་སྲེད་པ་དང་། ཆོས་ཀྱི་ཡི་གེ་དེ་ལྟ་བུ་བཤད་པས ་ཐོས་ན་སེམས་དགའ། གཞན་པ་དེ་ལྟ་བུ་ཡང་མཐོང་ན་མི་དགའ་འོ།། གཅིག་ཏུ་ན་ཚུལ་ཁྲིམས་འཛིན་པའི་ཆོས་ལ་བསྟོད་པ་ཐོས་སུ་མི་དགའ་སྟེ། དེ་ལྟ་བུ་ལ་སོགས་པའི་ཆོས་ཀྱི་ཡི་གེ་བཤད་ན།། ་ཉན་ཅིང་ནོད་དུའང་མི་འོང་། ཉན་ཅིང་ནོད་དུ་མི་ཟིན་ནའང་། རིང་པོར་མ་ལོན་སླར་སོང་སྟེ། གོས་སྐྱ་བོ་ཅན་དང་བཤེས་གཉེན་བྱས་པ་མང་ལ་རྟག་པར་ཁྲིམས་འཛིན་པའི་དགེ་སློང་ལ་བརྗོད ་ཅིང་བཤད་པ་ལ་སྲེད་དེ། རང་ཉམས་མེད་པས་བརྙས་པ་དང་ཁ་མདའ་སྤྱོད་དོ།། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུགས་པའི་མདའ་བཅུ་ཞེས་བྱ་སྟེ། ཡང་དག ་བར་ལམ་ངན་པར་ལྷུང་ངོ་། ། ཤཱ་རིའི་བུང་མེད་པར་འདས་པའི་བྱིན་དེ་ལྟ་བུ་ལ་སོགས་པའི་མིས་འཛམ་བུ་གླིང་གང་སྟེ། ཁེ་ཚོལ་བ་འབའ་ཞིག་སྤྱོད་ཅིང་རང་འཆགས་བྱ ་དོ། ། ། སངས་རྒྱས་ཀྱི་མཛོད་བཤད་པ་ཆོས་ཀྱི་ཡི་གེ་བམ་པོ་གསུམ་པ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་ལས་ལེའུ ་དྲུག་སྟེ། གཙང་མའི་ཆོས་ཀྱི་ལེའུ་སྟེ་དྲུག་པའོ།། ། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། གནའ་སངས་རྒྱས་བསོད་སྐྱབས་ཀྱིས་སྔ་ནས་ང་ལ་ལུང ་བསྟན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ཡོན་མང་དུ་བླངས་ན་ཆོས་མྱུར་དུ་མེད་པར་འགྱུར་རོ་ཞེས་གསུངས་སོ།། ཤཱ་རིའི་བུ་ངའི་ཆོས་ལ་བདེ་བར་ཡོན་འབུལ་བ་མང་པོས་ཕྱིས་མྱུར་དུ་མེད་པར་འགྱུར་རོ།། ་ཤཱ་རིའི་བུ་དཔེར་མི་དབུལ་པོས་ནོར་པོ་ཆེའི་མཛོད་རྙེད་པ་དང་མཚུངས་ཏེ། སེམས་ཤིན་ཏུ་དགའ་འོ།། འདི་ལྟ་སྟེ། ཤཱ་རིའི་བུ་མ་འོངས་པའི་དུས་ན། གོས་སྐྱ་བོ་ཅན་ལ་ཉེ་བསྙེན་ཅིང་ཡོན་ལེན ་པའི་དགེ་སློང་མང་དུ་ཡོད་དེ། ཁད་ཀྱིས་བརྟག་གིས་བསྟན་བསླབས་ཏེ། གྲོས་སུ་བྱས་ནས་སེམས་དགའ་ཞིང་དང་སྐྱིད་པར་འཛིན། དཔེར་མི་འབུལ་པོས་ནོར་པོ་ཆེའི་མཛོད་རྙེད་པ་དང་མཚུངས་ཏེ ་དེ་ལྟ་བུའི་གཏི་མུག་ནི་འཇིག་རྟེན་གྱི་ཁེ་རིན་ཆེ་ཞིང་འཇིག་རྟེན་གྱི་བྲན་འཁོལ་བ་ལ་སྲེད་དོ། ། དགེ་སློང་གིས་ཡོན་མང་དུ་སྤྱད་པ་མཐོང་ན་སེམས་ལ་ཐལ་བྱུང་དུ་དགྲ་བཅོམ་པ་ཐོབ་ཅེས་ཟེར་རོ།། ཉུང་ངུའི་བཤེས ་གཉེན་མཐོང་ན་མོད་བཞིན་ངན་པ་ཞེས་ཟེར་རོ། ། དེ་ལྟ་བུའི་དགེ་སློང་ནི་གསོ་བའི་ཁེའི་ཕྱིར་བླ་ན་མེད་པའི་སངས་རྒྱས་ལམ་བཏང་སྟེ། ཅི་ལ་སྲེད་པ་བཞིན་དུ་དེའི་དོན་གྲུབ་བོ།། ཤཱ་རིའི་བུ་དེ་བཞིན་གཤེག ་པས་གཏི་མུག་དེའི་ཕྱིར་འདི་ལྟ་བུའི་ལ་སོགས་པ་ཆོས་ཀྱི་ཡི་གེ་བཤད་དོ། ། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་མེད་པའི་དགེ་སློང་གིས་ཆོས་ཀྱི་ཡི་གེ་འདི་ལྟ་བུ་བཤད་པ་ཐོས་ན་འགྱོད་པའི་སེམས་སྐྱེས་ཏེ། ཚུལ ་ཁྲིམས་བཏང་བ་སླར་དྲན་ཏེ་དགྲ་ཆེན་པོ་མི་བྱེད་པ་གཞན་གྱི་ཡོན་མི་ལེན་ཏོ། ། ཤཱ་རིའི་བུ་དགེ་སློང་ལ་ལ་ཆོས་ཡིག་འདི་ལྟ་བུ་ཐོས་ནས་སེམས་མི་གཙང་མི་གདང་སྟེ། མི་དགའ་མི་སྐྱིད་པ་དེ་ལྟ་བུའི་མི་མིང ་དགེ་སློང་ངན་པ་ཞེས་བྱའོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་གཙང་མའི་དགེ་སློང་ལ་ནི་ཆོས་ཡང་སྐྱིད་པ་ཡང་མེད་དེ། སྦྱིན་པ་བཤད་ཀྱང་རུང་། ཚུལ་ཁྲིམས་བཤད་ཀྱང་རུང་། ་བཟོད་པ་བཤད་ཀྱང་རུང་། བརྩོན་འགྲུས་བཤད་ཀྱང་རུང་། བསམ་གཏན་བཤད་ཀྱང་རུང་། ཤེས་རབ་བཤད་ཀྱང་རུང་སྟེ། དེ་ལྟ་བུའི་སྐྱོ་ཞིང་འཇིགས་པའི་ཆོས་ཀྱི་ཡི་གེ་བཤད་ན་ཀུན་ལའང ་སེམས་དགའ་སྲིད་དོ། ། ཤཱ་རིའི་བུ་མི་རྣམ་གསུམ་ཞིག་ཡོད་པས་ཆོས་ཀྱི་ཡི་གེ་འདི་བཤད་པ་ཐོས་ན་སེམས་ལ་མྱ་ངན་འཁྲུག་གོ།། གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཚུལ་ཁྲིམས ་མེད་པའི་དགེ་སློང་ངོ་། ། གཉིས་ནི་ལེ་ལོ་ཡར་སྐྱེ་བའི་མིའོ།། གསུམ་ནི་ཆོས་བཤད་པའི་མི་གཙང་བའོ།། ཡང་མི་རྣམ་གསུམ་ཡོད་པས་ཆོས་ཀྱི་ཡི་གེ་འདི་ཐོས་ན་སེམས་ལ་མྱ་ངན་འཁྲུག་གོ།། ་གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་གང་ཟག་ཏུ་མཐོང་བའོ།། གཉིས་ནི་སྲོག་ཏུ་མཐོང་བའོ།། གསུམ་ནི་བདག་ཏུ་མཐོང་བའོ།། ཤཱ་རིའི་བུ་དེ་ལྟར་ཁྱོད ་ལ་བྱེ་བྲག་ཕྱེད་པར་བསྒོའོ། ། དགེ་བའི་བཤེས་གཉེན་ངེས་པ་བྱམས་ཤིང་སྙིང་རྗེ་བའི་སེམས་ཀྱིས་མི་གཞན་གྱི་བསོད་ནམས་བཙལ་བདེ་བ་དང་མཚུངས་སོ།། ཁྱེད་ལ་སོགས་པ་ངའི་ཚིག་གཅིག་ཏུ ་ཉོན་ནོས་ལ། རྟག་པར་དགེ་བསོད་ནམས་ཚོལ་ལ། སེམས་ལ་རང་ཉམས་མ་བྱེད་ཅིག། ཤཱ་རིའི་བུ་ཆོས་འཆད་པ་མི་གཙང་བ་ལ་ནི་འཁྲུལ་པ་ལྔ་ཡོད་དོ།། ལྔ་གང་ལ་སོགས་པ་ཞེ་ན། གཅིག ་ནིརང་ན་རེ། སངས་རྒྱས་ཀྱི་ཆོས་ཟད་པར་ཤེས་ཟེར་རོ།། གཉིས་ནི་སངས་རྒྱས་ཀྱི་ཆོས་ཡིག་བཤད་པའི་ཚེ། ཆོས་ཡིག་གཞན་གྱི་ནང་ནས་འབྱུང་བ་དང་གལ་བའི་ཉེས་འཁྲུལ་བའོ།། གསུམ ་ནི་ཆོས་གཞན་ལ་སེམས་དོགས་ཤིང་ཡིད་མི་ཆེས་པའོ། ། བཞི་ནི་བདག་གིས་ཅི་ཤེས་པ་སྤྱད་དེ་ཆོས་ཡིག་གཞན་ལྟར་མ་བྱས་པའོ།། ལྔ་ནི་གསོ་བའི་ཕྱིར་མི་གཞན་ལ་ཆོས་བཤད་པའོ།། ཤཱ་རིའི ་བུ་དེ་ལྟ་བུར་ཆོས་འཆད་པ་ནི་ངས་མི་དེ་མཐར་སེམས་ཅན་དམྱལ་བར་ལྷུང་སྟེ། མྱ་ངན་ལས་འདས་པར་མི་ཕྱིན་ཅེས་བཤད་དོ།། ཡང་ཤཱ་རིའི་བུ་ཆོས་འཆད་པའི་དགེ་སློང་ནི་ཕལ་མང་པོའི་ནང་དུ་གནས་ཏེ། ་ཆོས་ལ་ཡིད་ཆེས་ཤིང་དད་པས་སྟན་མཐོན་པོ་བཏིང་ན། སངས་རྒྱས་ཀྱི་ཆོས་བཏང་སྟེ། མུར་འདུག་གི་ཡི་གེ་ཚིག་གིས་བརྒྱན་པ་འཆད་དོ།། ངས་ཡུན་རིང་དུ་འགྲུབ་ཅིང་ཉོན་མོངས་པར་ཆོས་དཀོན ་མཆོག་དེ་བཙལ་བ་ན། མི་ངན་པ་འདིས་བཏང་བཞག་ནས་མ་བཤད་དེ། ཆོས་ཡིག་ནང་འགལ་བའི་ཚིག་གི་གཞུང་འབའ་ཞིག་བཤད་དེ། གཅིག་ལ་གཅིག་ཡིན་མ་ཡིན་དང་། དྲང་བའི་ཆོས་དང་འགལ ་བ་འཕགས་པའི་ཆོས་ལ་སེམས་མཐོན་པོ་བདག་ཆེ་བའི་ཡིད་བཞིན་དུ་བཤད་དེ། གསོ་བའི་ཁེ་བཙལ་བའི་ཕྱིར་རོ།། ཤཱ་རིའི་བུ་དགེ་སློང་ལ་ལས་ཆོས་མུར་འདུག་གི་གཞུང་དང་འདྲེས་པར་བཤད་ལ ་དགེ་སློང་དགེ་བའི་ལམ་ཚོལ་བ་ལ་འགྲུས་པ་ཞིག་ཡོད་ན། འདུག་པ་ལས་ལངས་ཏེ་འགྲོ་བའི་རིགས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གོས་སྐྱ་བོ་ཅན་ཡིད་ཆེས་པ་ཡོད་པས་སྟན་མཐོན་པོ་བཏིང་ན། ་མུར་འདུག་གི་ཚིག་དྲང་ཞིང་བཤད་པའི་མི་རིགས་སོ།། དེ་ལྟ་མ་ཡིན་དུ་ཟིན་ན་དགེ་སློང་དགེ་བ་མ་ཡིན་ནོ།། མིང་སངས་རྒྱས་བཤད་པ་བསྟན་པ་བཞིན་ནོ་ཞེས་ཀྱང་མི་བྱའོ།། ཤཱ་རིའི་བུ་ཆོས་དེ་ལྟ ་བུར་འཆད་པ་ནི་ངས་བཤད་པ་ལ་མི་དེའི་མིང་མུར་འདུག་འཇི་གེན་གྱི་སློབ་མ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སློབ་མ་ཟད་ཀྱི་འོག་ཏུ་འཇི་གེན་ཅིའི་ལམ་དུ་སྐྱེའོ།། གང་ལ་སོགས་པ་འཇི་གེ་ན་ཅིའི་ལམ ་ཡིན་ཞེས་བྱས་ན། ཡོན་པོ་མཐོང་བ་འཇི་གེ་ན་ཅིའི་ལམ་ཡིན་ནོ།། གང་ལ་སོགས་པ་ཡོན་པོ་མཐོང་བ་ཞེ་ན། དེ་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཡིན་ནོ།། ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལུས་ཀྱི་ཆོས་མ་གྲུབ་པར་སྟན་མཐོན་པོ་ལ་འཇུག། རང་གི་ལུས་ཀྱི་མ་ཤེས་པར་མི་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་ལྷུང་ངོ་།། ཤཱ་རིའི་བུ་དེ་ལྟ་བུའི ་རྒྱུ་རྐྱེན་ནི་དེ་བཞིན་གཤེགས་པས་ཟད་པར་མཁྱེན་ཏེ། ངའི་སློབ་མ་རྣམས་ཀྱིས་སྒོ་མོ་རྣམ་པ་མང་པོ་དང་། རྒྱུ་རྐྱེན་རྣམ་པ་མང་པོ་དང་། མཐོང་བ་རྣམ་པ་མང་པོ་སྤྱོད་དེ། ་ངའི་དྲང་པོའི་ཆོས་མེད་པར་བྱས་སོ།། ཤཱ་རིའི་བུ་ལ་ལ་ཞིག་གིས་འདི་ལྟ་བུའི་ཆོས་ཀྱི་ཡི་གེ་མཆོག་གི་གཞུང་སྟོང་པ་ཅིའང་མེད་པའི་ཆོས་ཐོས་ན། སེམས་དགའ་གཞའ་བ་ཞིག་ཡོད་ན་དེ་ལྟ་བུའི་མི ་ཡང་དག་པར་ངའི་སློབ་མ་ཡིན་པར་མངོན་ནོ། ། ཤཱ་རིའི་བུ་སྔ་མ་འདས་པའི་དུས་ན་དམུས་ལོང་ལྔ་བརྒྱ་ཞིག་ཡོད་པ་ལམ་དུ་དོང་བ་ལས་མཁར་ཆེན་པོ་ཞིག་ཏུ་ཕྱིན་ནས་ཤིན་ཏུ་བཀྲེས་སྐོམ་སྟེ། ལོང་བ ་མི་གཅིག་ཕྱི་ལོགས་ན་རྫས་བསྲུང་དུ་བཅུག། གཞན་མཁར་གྱི་ནང་དུ་ཟན་གྱི་ལྷག་མ་སློང་དུ་སོང་ན། རིང་པོར་མ་ལོན་པར་མི་བརྫུན་པ་གཅིག་ནོར་བསྲུང་བའི་གན་དུ་འོངས་ཏེ་ཚིག་སྨྲས་པ། ཀཱ་ཡེ་མི ་འདི་ཅིའི་ཕྱི་ནས་འབའ་ཞིག་འདུག། ལན་སྨྲས་པ། བདག་ལ་གྲོགས་མང་དུ་ཡོད་དེ། མཁར་དུ་ཟན་སློང་འདོང་ངོ་།། མི་བརྫུན་པས་སྨྲས་པ། ཁྱོད་ཀྱིས་ཤེས་སམ་མི་ཤེས་ཕ་གིན་སྦྱིན ་པ་ཆེན་པོ་བྱེད་དོ། ། གོས་དང་། ཟས་དང་། རྒྱན་གྱི་ནོར་བུ་དང་། མེ་ཏོག་དང་། སྤོས་དང་། ནོར་གོ་བདུན་ཡིད་བཞིན་དུ་ཐོབ་པར་རུང་ངོ་།། ཁྱོད་དགོས་ན་ཁྱོད་དེ་ལྟར་བཀྲི་བར་རུང་ངོ་།། ལན ་སྨྲས་པ། དེ་རུང་ངོ་།། དེ་ནས་མི་བརྫུན་པས་ལོང་བ་ཁྲིད་དེ་འདུག་པའི་གནས་ལས་ཅུང་ཟད་ཅིག་འཕགས་པ་དང་། ནོར་ཟད་པར་ཕྲོགས་ཤིང་ལོང་བ་གཞན་ཟས་སློང་བ་ཐོབ་སྟེ། སླར་འཁོར་བ་དང ་མི་བརྫུན་པས་ལོང་བ་ཕལ་རྣམས་ལ་སྨྲས། ཁྱེད་རྣམས་ཀྱིས་མང་པོ་བ་སོགས་ཏེ། སྦྱིན་པ་བྱེད་པ་དང་ཕྲད་དམ་མ་ཕྲད། ལན་སྨྲས་པ། མ་ཕྲད་དོ།། མི་བརྫུན་པས་ཚིག་སྨྲས་པ། ཁྱེད་རྣམས། ་ཀྱིས་ཅི་རྙེད་པ་འདིར་ཞོག་ལ་ངས་ཁྱེད་རྣམས་ཁྲིད་དེ་སྦྱིན་པ་བྱིན་པར་འདོང་ངོ་།། དེ་ནས་ལོང་བ་ལྔ་བརྒྱའི་རྣམས་ཟད་པར་ཁྲིད་དེ་ཁུང་ཟབ་མོ་ཞིག་གི་ནང་དུ་ཕྱིན་ནས་ཚིག་སྨྲས་པ། ས་འདི་ཐང་བཟང་སྟེ་སྦྱིན ་པ་ཆེན་པོ་འདུས་པ་ཡིན་གྱིས། ཁྱེད་རྣམས་སོ་སོ་གདོང་ཤར་ཕྱོགས་སུ་བལྟས་ཏེ་དོང་ལ། ཁོང་གིས་ནོར་བྱིན་པ་ལོང་ཞིག་ཅེས་བསྒོ་ནས། མོད་བཞིན་ཅིག་ཅར་ཁུང་དུ་ལྷུང་སྟེ་དོག་གོ།། ཤཱ་རིའི ་བུ་མ་འོངས་པའི་དུས་ན། དགེ་སློང་མུར་འདུག་གི་ཆོས་ཡི་གེ་ཀློག་པ་ལ་སྲེད་པ་ལ་ཆོས་འཆད་པའི་ཚེ། ཚིག་སྙན་པས་བརྒྱན་ཏེ། ཕལ་གཞན་དག་དང་བར་བྱས་ནས། བདུད་ངན་པས་དེའི་ཚེ་ཕལ ་བསྟངས་བསླད་དེ། དགེ་བའི་ཆོས་བསྒྲིབས་གཅོད་དོ།། ལ་ལ་ཞིག་སྒྲ་སྐད་དང་། སྨྲ་བའི་ཚིག་དང་། བཟོ་བཅོས་པའི་སྙན་བསྔགས་པ་ལ་འདོད་ཆགས་ཤིག་ཡོད་དམ། ཡང་མི་ལ་ལ་ཞིག་མུར ་འདུག་གི་ཆོས་ཀྱི་ཡི་གེ་ཀློག་པ་ལ་སྲེད་པ་ཞིག་ཡོད་ན་བདུད་ཀྱིས་ཀུན་བསླང་དཀྲུགས་ཏེ། སེམས་མི་བདེ་བར་བྱས་སོ།། དགེ་སློང་ལ་ལ་ནིག་སངས་རྒྱས་ཀྱི་ཆོས་སྤྱོད་པ་ཞིག་ཡོད་ན་ཐེ་ཙོམ་སྐྱེ་བར ་བྱས་ཏེ། མི་ཕལ་གྱིས་ཡོན་མི་འབུལ་བར་བྱས་སོ།། བར་བར་དགེ་སློང་གཉིས་ཀྱང་རུང་། སངས་རྒྱས་ཀྱི་ཆོས་ཀྱི་ཡི་གེ་བཀླགས་ཟིན་པ་ལས་མུར་འདུག་གི་ཆོས་ཀྱི་ཡོ་གེ་ཚོལ་བར་བྱས་ཏེ། སྔོན། ་བདག་གིས་མཐོང་བ་ལ་དགེ་བཟང་པོ་ཞེས་ཟེར་ཏེ། བསྟོད་ནས་མི་དེ་དགེ་ལ་སོགས་པ་བདུད་ཀྱིས་བསླད་པར་ཤེས་རབ་ཀྱི་མིག་བཀབ་བསྒྲིབས་ནས་གསོ་བའི་ཁེ་ལ་ཤིན་ཏུ་བརྐམ ་སྟེ། མུར་འདུག་གི་ཆོས་ཡིག་རྣམས་ལ་ལྟ་བ་ནི་དཔེར་ལོང་བ་ཁྱུ་གཅིག་བརྫུན་པས་བསླུས་ཏེ། ཀུན་ཁུང་ཟབ་མོར་ལྷུང་ནས་ཤི་བར་བྱས་པ་དང་མཚུངས་སོ།། ཤཱ་རིའི་བུ་དམུས་ལོང་རྣམས་ནི་དགེ ་སློང་ཡིན་ཏེ། སངས་རྒྱས་ཀྱི་བླ་ན་མེད་པའི་ལམ་བཏང་ལ་མུར་འདུག་གི་ཆོས་ཀྱི་ཡི་གེ་ཚོལ་བའོ།། མི་བརྫུན་པ་ནི་བདུད་ངན་པ་ཡིན་ནོ།། ཁུང་ཟབ་མོ་ནི་ཡོན་པོའི་ལམ་ཡིན་ནོ།། ཤཱ་རིའི་བུ་མི་ལོང ་བ་ཁྱུ་གཅིག་དང་མཚུངས་ཏེ། ནོར་རྙེད་ཅོག་བོར་ལ་སྦྱིན་པ་ཆེན་པོ་མེད་པར་འགྲོ་ཞེས་བྱས་པ་དང་ཁུང་ཟབ་མོར་ལྷུང་ངོ་།། ངའི་སློབ་མ་རྣམས་ཀྱང་དེ་དང་མཚུངས་ཏེ། གོས་སྦོམ་དང་ཟས་ངན་པ ་བོར་ལ་སྦྱིན་པ་ཆེན་པོའི་ཕྱིར་འབྲངས་ཏེ། ཡོན་བཟང་པོ་ཚོལ་ཞིང་འཇིག་རྟེན་གྱི་ཁའི་ལེན་པས་ན། ཤེས་རབ་ཆེན་པོ་སྟོར་ཏེ། ཁུང་ཟབ་མོ་མནར་མེད་པ་དམྱལ་བར་ལྷུང་ངོ་།། ཡང་ཤཱ་རིའི་བུ ་ཆོས་འཆད་པ་མི་གཙང་བས་ནི་དེ་བཞིན་གཤེགས་པའི་ཡིད་བཞིན་དུ་སྤྱོད་པར་ཕྱོགས་པར་མ་རིག་སྟེ། བདག་ཉིད་ཀྱང་མཁས་པར་མི་གཞན་ལ་ཆོས་བཤད་ན། མི་དེས་འཕྲལ་གྱི་ཚེ་ལ་ཉེས་འཁྲུལ་པ ་ལྔ་ཐོབ་སྟེ། མི་གཞན་གྱིས་ནི་མི་ཤེས། ལྷའི་མིག་ཐོབ་པའི་དགེ་སློང་དང་ལྷ་རྣམས་འབའ་ཞིག་གིས་ཤེས་སོ།། ལྷ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཆོས་འཆད་པའི་ཚེ་སྨེས་ལ་འཇིགས ་སྐྲག་བསྲེལ་ཏེ། མི་གཞན་གྱིས་དཀར་བཅག་གིས་དོགས་པའོ།། གཉིས་ནི་ཁོང་ན་འཇིགས་པའི་མྱ་ངན་བསྲེལ་བཞིན་དུ་ཕྱི་རོལ་དུ་གཞན་ལ་ཆོས་བཤད་པའོ།། གསུམ་ནི་ཕལ་ཐ་མལ་པ་སྟེ་ཡང ་དག་པའི་ཤེས་རབ་མེད་དོ། ། བཞི་ནི་བཤད་དོ་ཅོག་མི་གཙང་སྟེ་ཚིག་འབྲུ་ཆ་དག་པའོ།། ལྔ་ནི་ཚིག་ལ་གོ་རིམས་མེད་དེ་སོ་སོ་ནས་མདོ་བསྡུས་པའོ།། དེ་ལྟ་བས་ན་ཕལ་གྱི་ནང་ན་འདུག་ལ་སེམས ་ལ་དོགས་པ་བསྲེལ་ཏེ། དེ་ལྟ་བུའི་ཕལ་ཐ་མལ་པ་ནི་ཤེས་རབ་མེད། སེམས་ལ་ངེས་པ་མེད་དེ། དྲེགས་ཤིང་ལེ་ལོ་དང་རྒྱུ་རྐྱེན་ཆུང་ངུ་སྤྱད་དོ།། མིང་གྲགས་པར་བྱ་བ་བཙལ་ཏེ། ་དོགས་ཤིང་འགྱོད་པ་སེམས་ལ་འདུག་པས་མི་གཞན་ལ་ཆོས་བཤད་དོ།། མི་དེས་ཉིན་མཚན་དུ་རང་གིས་འདོད་ཆགས་དང་ཞེ་སྡང་གཏི་མུག་མདའ་མནོས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ ་མི་དེས་ཆོས་ཀྱི་རྣམས་ངེས་པར་ཤེས་པར་མི་ནུས་པར་མི་གཞན་ལ་ཆོས་བཤད་དེ། སེམས་མི་དགའ་མི་སྐྱིད་དུ་ཟ་ན་ནའང་མྱུར་དུ་སྟོར་ཏོ།། ཤཱ་རིའི་བུ་ངས་བཤད་པ་མི་གཙང་བ་དེ་ལྟ་བུ་ཉེས་སྡིག ་ཡོད་དོ། ། དྲང་པོའི་ལམ་ཐོབ་པར་མི་ཤེས་སོ།། དེ་ལྟ་བུའི་དོན་ནི་དགེ་སློང་ཐམས་ཅད་ཀྱིས་མི་ཤེས། ལྷ་རྣམས་ཀྱིས་མི་ཤེས་ཏེ། ང་འབའ་ཞིག་གིས་གདོད་ཤེས་སོ།། ཡང་ཆོས་འཆད་པ་མིང ་གཙང་མའི་དགེ་སློང་གི་དེ་བཞིན་གཤེགས་པས་སྤྲོས་པ་བཞིན་དུ་བཤད་པ་མི་ཤེས་ཏེ། མི་གཞན་ལ་བཤད་པ་ཆོས་ཀྱི་ཡི་གེ་གཞན་གྱི་ནང་ན་བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས ་ཅན་མང། ཚེ་སྲོག་མེད་ཅེས་བཤད་པ། མི་དེས་བདག་གིས་ཚིག་བརྗོད་པ་སྤྱད་དེ། བདག་ཏུ་ལྟ་བ་ཡོད། གང་ཟག་ཏུ་ལྟ་བ་ཡོད། སེམས་ཅན་དུ་ལྟ་བ་ཡོད། ཆེ་སྲོག་ཡོད ་ཅེས་བཤད་དེ། སངས་རྒྱས་ལ་སྐུར། ཆོས་ལ་སྐུར། དགེ་འདུན་ལ་སྐུར། དཀོན་མཆོག་གསུམ་ལ་སྐུར་བའི་སྡིག་ནི་ལྷ་རྣམས་དང་འཇིག་རྟེན་གྱི་མིས་ཤེས་པར་མི་ནུསཏེ། སངས་རྒྱས་འི་ཆོས ་མཁྱེན་ཏོ། ། ཤཱ་རིའི་བུ་དེའང་མིང་ཆོས་འཆད་པ་མི་གཙང་བ་ཞེས་བྱ་སྟེ། ངས་དེ་ཉེས་པ་ཤེས་སོ།། གཞན་རྫུ་འཕྲུལ་ཅན་དང་ལྷ་རྣམས་ཀུན་གྱིས་ཤེས་པར་མི་ནུས་ཏེ། སངས་རྒྱས་ཀྱི་ཆེས ་མཁྱེན་ཏོ། ། ཤཱ་རིའི་བུ་དངས་ཁྱོད་ལ་དཔེ་ཚུལ་གྱིས་དགྲོལ་བཤད་དོ།། མི་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ལམ་གྱི་གཞུང་གི་མཚན་མ་མ་ཤེས་པར་མི་གཞན་ལ་མི་གཙང་བར་ཆོས་འཆང་ན། ་དེས་མི་དགེ་བའི་དོན་ཇི་སྙེད་འབྱོར་འགྲུབ། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། འཛམ་བུའི་གླིང་གི་སེམས་ཅན་མི་མང་ངམ། བཅོམ་ལྡན་འདས་མང་ལགས་སོ།། ཤཱ་རིའི་བུ་མི་ངན་པ་ལ་ལ ་ནིག་གིས་དེ་ཟད་པར་གྱི་སྲོག་ཐོགས་ན། མི་དེས་སྡིག་ཐོབ་པ་མད་ང་མ་ཉུང་། བཅོམ་ལྡན་འདས་ཤིན་ཏུ་མང་ལགས་སོ།། དེ་ལྟ་བུའི་གཏི་མུག་གིས་སངས་རྒྱས་ཀྱི་ལམ་མི་ཤེས་པར་མི་གཞན་ལ་ཆོས ་བཤད་པ། མི་གཙང་བ་ནི་སྡིག་དེ་བས་མང་ངོ་།། དེ་ཅིའི་ཕྱིར་ཞེ་ན། མི་དེས་ཆོས་འཆད་པ་མི་གཙང་བས། བླན་མེད་པའི་སངས་རྒྱས་ཀྱི་ལམ་བཤིག། སྔ་མ་འདས་པ་དང་། མ་འོངས་པ ་དང་། ད་ལྟར་གྱི་སངས་རྒྱས་ལའང་སྐུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྔ་འདས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་སོ་ཅོག་ཐམས་ཅད་ཀུན་མཐའ་ཡུན་དུ་སྟོང་པ་སྟེ། བདག་ཏུ་ལྟ་བ་མེད ་གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་ཅེས་བཤད་དོ།། ཤཱ་རིའི་བུ་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་སོ་ཅོག་མཐའ་ཡུན་དུ་སྟོང་པ་སྟེ། བདག་ཏུ་ལྟ་བ་མེད ་གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཆེ་སྲོག་མེད་དོ།། ཤཱ་རིའི་བུ་ད་ལྟར་གྱི་ཕྱོགས་བཅུའི་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་སོ་ཅོག་མཐའ་ཡུན་དུ་སྟོང་པ་སྟེ། ་བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད།། སེམས་ཅན་མེད། ཚེ་སྲོག་མེད་ཅེས་བཤད་དོ།། ཤཱ་རིའི་བུ་དེའི་མིང་སངས་རྒྱས་ཀྱི་ཆོས་སོ་ཅོག་གི་བླ་ན་མེད་པའི་ཆོས་ཞེས་བྱ་སྟེ། ཆོས་སོ། ་ཅོག་ལ་མཚན་ཉིད་མེད་དེ། སྟོང་པ་མེད་པས་དེ་ཐོབ་པ་མེད་དོ།། ཕྱི་མོ་ངོ་བོ་ཉིད་སྟོང་པ་ཞི་བས་ན་སྐྱེ་བའང་མེད། འགོག་པའང་མེད། ཉིད་ཀྱི་མཚན་མ་དང་རང་བཞིན་གྱི་མཚན་མའང་མེད་དོ།། ་དེ་ཀུན་སྟོང་པ་བས་ན་དེ་བཞིན་གཤེགས་པས་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པའི་རྣམས་བཅད་པ་འབའ་ཞིག་གི་ཕྱིར། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་རྣམ་པར་བརྟག་པ་མེད་ཅེས་བཤད་དོ།། ་རིའི་བུ་གང་ལ་སོགས་པ་ལ་རྣམ་པ་རྟོག་ཅེས་བྱ་བ་རྣམ་པར་རྟོག་གོ་ཅོག་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཆེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང ་རྟག་པར་མཐོང་བ་དང་། ཕལ་ཐ་མལ་པས་དེ་ལྟ་བུར་རྣམ་པར་རྟོག་པ་འབྱོར་འགྲུབ་བོ།། མི་ལ་ལ་ཞིག་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་དེ། ཆོས་སོ་ཅོག་ཀུན་སྟོང་པ་དང ་བདག་ཏུ་ལྟ་བའང་མེད། གང་ཟག་ཏུ་མེད། སེམས་ཅན་མེད། ཚེ་སྲོག་མེད་པ་ཀུན་བྱེ་བྲག་ཕྱེད་པར་ཤེས་ནུས་ན། དེ་ལྟར་སེམས་པའི་ཚེ་དགའ་གཞའ་ཐོབ་སྟེ། མཆོག་གི་གཞུང་སྟོང་པ་ཐོབ ་ནས་མི་སྔངས་མི་སྐྲག་སྟེ། མི་དེས་ལྔ་ཕུང་སྒྱུ་མ་མེད་པར་རིག་གོ།། ཞུགས་པ་བཅུ་གཉིས་དང་། ཁམས་བཅོ་བརྒྱད་སྒྱུ་མ་མི་བདེན་པ་སྟེ། ཡང་དག་པའི་བདེན་པ་མེད་པར་རིག་གོ།། མི་དེས ་མྱ་ངན་ལས་འདས་པ་ལའང་རྣམ་པར་མི་རྟོག་གོ། ། མྱ་ངན་ལས་འདས་པ་མི་སེམས། མྱ་ངན་ལས་འདས་པ་བསམ་ནུས་ཏེ། ཆོས་སྤྱད་པས་སྟོང་པ་ཞི་བ་ཐོབ་ཅེས་ཀྱང་མི་ཟེར། ཆོས་དེའི་སྟོང ་པ་ཞི་བའི་གནས་ལའང་རྣམ་པར་མི་རྟོག། མི་ཐོབ་པར་རྣམ་པར་མི་རྟོག་གོ།། ཤཱ་རིའི་བུ་དེའི་མི་འགལ་བའི་བཟོད་པ་ཞེས་བྱའོ།། མི་དེས་མི་འགལ་བའི་བཟོད་པའི་མཆོག་གི་གཞུང་འདིའི་ནང་ནའང ་རང་གི་མཚན་མ་ཐོབ་པ་མེད་དོ། ། ཤཱ་རིའི་བུ་གང་ལ་སོགས་པའི་མཚན་མ་ཞེས་བྱ། དེ་ནི་མཚན་མ་མེད་ན་མི་འགལ་བའི་བཟོད་པའི་མཚན་མའི་བཟོད་པ་མ་ཡིན་ནོ།། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ ་ཇི་སྙམ། མི་ལ་ལ་ཞིག་གིས་འདི་ལྟ་བུའི་བཟོད་པ་ལའང་མཚན་མ་མི་ཐོབ་ན། མི་དེས་བདག་ཏུ་ལྟ་བའི་མཚན་མ་དང་། གང་ཟག་གི་མཚན་མ་དང་། སེམས་ཅན་གྱི་མཚན་མ་དང་། ཚེའི ་མཚན་མ་དང་། སྲོག་གི་མཚན་མ་ཐོབ་ཅེ་ན། བདེན་པ་ཡོང་མེད་དོ།། ལ་ལ་ཞིག་གིས་འདི་ལྟ་བུའི་ཤེས་རབ་འབྱོར་གྲུབ་ན་ཡོན་ལེན་པའི་རིགས་ཏེ། འདི་མིང་སངས་རྒྱས་ཀྱི་བུའོ།། དེའི ་མིང་མི་ཆགས་པའི་ཐུབ་པར་ཆུད་པའོ། ། ཤཱ་རིའི་བུ་དེ་ལྟ་བུའི་མིང་སངས་རྒྱས་ཀྱི་ཆོས་སོ་ཅོག་གི་གཞུང་གི་སྒོ་མོ་སྟེ། དྲན་པའི་འདུ་ཤེས་ཀྱིས་རྣམ་པར་རྟག་པ་མེད་དེ། འདི་ཞེས་བྱ་བ་མེད ་ཕ་བི་ཞེས་བྱ་བ་མེད་པ་ནི་གཏི་མུག་གི་ཕལ་མང་པོའི་ནང་དུ་འདུག་སྟེ། ལོག་པར་མཐོང་བ་བཤད་ནས་རང་གི་དྲན་པའི་འདུ་ཤེས་ཀྱིས་རྣམ་པར་རྟོག་པ་སྤྱད་དེ། འདི་ནི་སངས་རྒྱས་ཀྱི་ཆོས་ཡིན།། ་འདི་ནི་འཕགས་པའི་ལམ་ཡིན་ཞེས་མི་ལ་སྟོན་ཏོ།། དེ་ལྟ་བུའི་གཏི་མུག་གིས་སྔ་མ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་རྣམས་ལ་ང་སྐུར་ཏོ།། དེ་ལྟ་བུའི་གཏི་མུག་ནི་མིང ་ངན་པའི་བཤེས་གཉེན་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་ཞེས་མི་བྱའོ།། ཤཱ་རིའི་བུ་དགྲས་སྲོག་ཕྲོག་མོད་ཀྱི། ལུས་གཅིག་སྟོར་དུ་ཟད་དོ།། དེ་ལྟ་བུའི་མི་གཏི་མུག་གིས་ཆོས་བཤད་པ་མི་གཙང ་བབ་ནི་བསྐལ་པ་སྟོང་ཁྲི་འབུམ་གྱི་བར་དུ་སེམས་ཅན་གྱི་རྐུན་པོའི་མྱ་ངན་པ་ཆེན་པོ་བྱས་སོ། ། མི་དེ་གཏི་མུག་གི་མུན་པས་སངས་རྒྱས་ཀྱི་བྱང་ཆུབ་བཀབ་པས་སེམས་ཀྱི་མོད་འདོད་ཆགས་པ་ལ་སླར་འདོད ་དངངར་ནས། གཅིག་གིས་གཅིག་མཐོང་ཞིང་ཆགས་ཏེ་འདོད་ཆགས་པས་ན། ལམ་རྒྱུད་ལྔར་འོང་ཞིང་འོང་སྟེ། ངོ་ཚ་བའི་ལམ་མེད་ཅིང་སྐྱེ་ཤི་མི་ཆད་དོ།། དེ་ལྟ་བས་ན་ཤཱ་རིའི་བུ་ཆོས་འཆད་པ་མི ་གཙང་བ་ནི་སྡིག་ཤིན་ཏུ་མང་པོ་ཐོབ་བོ། ། སེམས་ཅན་གྱི་ངན་པའི་བཤེས་གཉེན་ཡང་བྱས་སོ།། སྔ་མ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ལའང་སྐུར ་ཏོ། ། ཤཱ་རིའི་བུ་དེའི་འཛམ་བུ་གླིང་གི་སེམས་ཅན་ཞོག་སྟེ། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་ཕྲོག་པ་བས། ཆོས་འཆད་པ་མི ་གཙང་བའི་སྡིག་དེ་བས་མཐོའོ། ། ཅིའི་ཕྱིར་ཞེ་ན། མི་དེས་སངས་རྒྱས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀུན་བཤིག་སྟེ། བདུད་ཀྱི་དོན་ལ་བསྟངས་ཤིང་སེམས་ཅན་ཚེ་རབས ་བརྒྱ་སྟོང་ཁྲིའི་བར་དུ་རྐུན་པོའི་མྱ་ངན་རྣམས་གནོད་པར་བྱས་ཏེ། བཅིང་བ་བྱ་བ་འབའ་ཞིག་ནུས་ཀྱི། དགྲོལ་བར་བྱ་མི་ནུས་སོ།། དེ་ལྟ་བུའི་མི་སེམས་ཅན་རྣམས་ཀྱི་ངན་པའི་བཤེས་གཉེན་ཡིན ་པར་མངོན་ནོ། ། བརྫུན་གྱི་ཚིག་དེས་ཕལ་མང་པོའི་ནང་དུ་སངས་རྒྱས་རྣམས་ལ་སྐུར་ཅིང་གཞིགས་སོ།། རྒྱུ་རྐྱེན་དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། སེམས་ཅན་ཡོན་པོའི་དོན ་མཐོང་བ་བསྟན་པ་མང་སྟེ། དེ་ལྟ་བས་ན་མིང་ངན་པ་ཡོན་པོ་མཐོང་བ་ཞེས་བྱའོ།། ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་ནི་ཡོན་པོར་ལྷུང་བ་མང་ངོ་།། ། ་ཞི་བ་མ་མཐོང་བ་ཡང་ཆོད་ནི་སྦྱར་ཏེ། ལམ་ཐོབ་པ་མང་ངོ་།། ཅིའི་ཕྱིར་ཞེ་ན། དེས་མཐོང་སླ་བའི་ཕྱིར་རོ།། དེ་བས་ན་ཤེས་རབ་བྱོས་ཤིག། མི་དེ་རང་གི་རལ་གྲི་རྣོན་པོ་དཔྱད་ལྕེ་གཅོད ་པ་ཕོད་ཀྱི། ཕལ་གྱི་ནང་དུ་མི་གཙང་བར་ཆོས་འཆད་པ་ནི་མི་རིགས་སོ།། གནའ་འདས་པའི་ལེའུ་སྟེ་བདུན་པའོ།། ། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ་གནའ་འདས་པའི་ཡུན་རིང་པོ་དཔག་ཏུ་མེད། མུ་མེ་བ་སམ་གྱིས་མི་ཁྱབ་པ་བསྐལ་པ་གྲངས་མེད་པའི་ཚེ། སངས་རྒྱས་ཤིག་ཡོད་པ་མཚན་བཟང་རྒྱ་ཆེན་པོ་དེ་བཞིན་གཤེགས་པ་གསོལ་ཞེས་རིགས་དྲང ་ཁྱབ་མཁྱེན་སྣང་མཛད་ཞབས་དགེ་གཤེགས་འཇིག་རྟེན་སྒྲོལ། བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་དང་ལྷ་དང་མིའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། སངས་རྒྱས་དེ་འཇིག་རྟེན་ན་ཚེ་སྲོག་ལོ། ་འབུམ་ཁྲི་ཕྲག་བརྒྱད་བརྒྱ་པ་དྲུག་ཅུ་ལོན་ཏེ། སློབ་མ་ཆེན་པོ་ཕལ་འབུམ་ཁྲི་ཕྲག་བརྒྱད་བརྒྱ་པ་དྲུག་ཅུ་པ་ཡོད་དེ། སངས་རྒྱས་དེ་འདས་པའི་ཕྱི་ན་སྐུ་གདུང་ཁྱབ་པར་བཀྲམ་པ་ནིང་འདས་པའི་ཕྱི་ན་པ ་དང་མཚུངས་ཏེ་ཐ་དད་པ་མེད་དོ། ། དྲང་པོའི་ཆོས་འཇིག་རྟེན་ན་འདུག་པའང་ལོ་ལྔ་བརྒྱ་སྟེ། ང་འདས་པའི་ཕྱིན་པ་དང་མཚུངས་ཏེ་ཐ་དད་པ་མེད་དོ།། སངས་རྒྱས་པའི་ཕྱི་ན་ཕལ་ཆེན་པོ་དེ་དག་གི ་ནང་ནས་ཉི་མ་གཅིག་ལ་དགེ་སློང་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ། ། ཉིས་བརྒྱ་སུམ་བརྒྱ་བཞི་བརྒྱ་ལྔ་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ།། ཉི་མ་གཅིག་ལ་བར་བར ་དགེ་སློང་འབུམ་ཁྲི་ཕྲག་བཅུ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ། ། དེ་ལྟ་བུར་གཅིག་ནས་གཅིག་ཏུ་སངས་རྒྱས་དེ་ལ་ཤེས་པ་མང་པོ་དང་རིམ་པ་མང་པོ་ཡོད་པའི་རྫུ་འཕྲུལ་ཆེན་པོ་རྣམས་ཟླ་བ ་གསུམ་གྱི་རོལ་ཀུན་མྱ་ངན་ལས་འདས་པར་ཞུགས་སོ། ། ཤཱ་རིའི་བུ་སངས་རྒྱས་བཟང་རྒྱན་ཆེན་པོས་དྲང་པོས་དྲང་པའི་ཆོས་ཁྱབ་པར་བཀྲམ་པ་ལ། ལྷ་དང་མི་མང་པོ ་ཀུན་གྱིས་མ་ཡོན་ཕུལ་ལོ། ། ཤཱ་རིའི་བུ་སངས་རྒྱས་རྒྱན་ཆེན་པོ་དང་། སློབ་མ་ཆེན་པོའི་རྣམས་མེད་པར་འདས་པའི་ཕྱིན་མི་ལ་ཁད་ཀྱི་དགེ་སྦྱོང་གི་ཆོས་ཤེས་ཤིང་བདེ་སྐྱིད་པ་ལས་ཁྱིམ་ནས་འབྱུང ་ཞིང་ལམ་སློབ་པའང་མང་དུ་ཡོད་ན། སངས་རྒྱས་ཀྱིས་ཆོས་ཀྱི་ཡི་གེ་ཤིན་ཏུ་ཟབ་མོ་བསྐྲུན་དུ་མེད་པའི་སྟོང་པའི་གཞུང་དྲངས་ཤིང་བཤད་པ་བཞིན་སྡུག་བསྔལ་ལོ་ཅོག་གིས་ཉོན་མོངས་ནས། ཐག ་པ་ནག་པོའི་སེམས་ཅན་དམྱལ་བར་ཤི་ནས། སླར་མནར་མེད་པའི་སེམས་ཅན་དམྱལ་བའི་ནང་དུ་སྐྱེས་སོ།། ཤཱ་རིའི་བུ་རྒྱུ་རྐྱེན་དེ་ལྟ་བས་ན་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་ལ་འདི་ལ ་ཉེ་བསྙེན་དང་། དགེ་བའི་བཤེས་གཉེན་དང་། སྦྱིན་བདག་ཀུན་སྡོམ་དུ་ཡོངས་སུ་མི་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་ཡོད་དེ། མཁན་པོ་འདི་བཞི་དང་ལྷན་ཅིག་ཏུ་འཆི་སྟེ། སེམས་ཅན་དམྱལ་བ་ཆེན ་པོ་ན་འཁོད་ཅིང་བསྲེག་པའོ་ཅོག་གིས་ཉོན་མོངས་སོ། ། ཤཱ་རིའི་བུ་མི་དེ་ལ་དགེ་བའི་བཤེས་གཉེན་དང་། སྦྱིན་བདག་དང་། སློབ་མ་མཁན་པོ་བཞིན་དུ་བྱེད་དོ་ཅོག་ཀུན་གྲངས་དེའི་ནང་དུ་རྟོག་དེ ་ཟད་པར་སེམས་ཅན་དམྱལ་བར་སྐྱེའོ། ། ཤཱ་རིའི་བུ་ཁྱེད་ལ་སོགས་པས་དེའི་མང་ཉུང་ཤེས་པར་མི་ནུས་སོ།། ཡང་དག་པར་གཤེགས་པས་ཉི་ཚེས་གདོད་མཁྱེན་པར་ནུས་སོ།། མི་ངན་པ་དེ ་དག་སེམས་ཅན་དམྱལ་བར་ལྷུང་སྟེ་ལྷན་ཅིག་ཏུ་སྐྱེས་སོ། ། ལྷན་ཅིག་ཏུ་འཆི་བ་སྡོམ་དུ་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་ཡོད་དེ། དེ་ལྟ་བུ་གཅིག་ནས་གཅིག་གི་བར་བསྐལ་པ་གཅིག་གི་བར་དུ་ཉོན་མོངས ་ནས། བསྐལ་པ་ཆེན་པོ་བསྲེགས་ལ་ཐུག་གི་བར་དུ་འོན་ཀྱང་སེམས་ཅན་དམྱལ་བ་ན་འཁོད་དོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པའི་གཤེགས་པའི་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ ་བཤིག་པ་དེའི་སྡིག་ཤིན་ཏུ་ལྕི་སྟེ་ཡང་བ་མ་ཡིན་ནོ། ། བསྐལ་པ་ཆེན་པོས་བསྲེགས་སུ་ཟིན་ཀྱང་མི་ངན་པ་དེ་བཞིན་དང་། མི་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་ནི་བསྟིར་མེད་པའི་དམྱལ་བ་ཆེན་པོ་འདི ་ནས་ཡང་སྐྱེས་ཏེ། ཕྱོགས་གཞན་གྱི་སེམས་ཅན་དམྱལ་བ་ཆེན་པོ་ན་འཁོད་དོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྡིག་ལྕི་བ་ཚོགས་ཚང་སྟེ། དེའི་ལན་མི་ཉུང་བས་ཕྱོགས་གཞན་ན་ལོ་གྲངས ་མེད་པ་བརྒྱ་སྟོང་ཁྲི་འབུམ་འདི་ཡུན་གྱི་བར་དུ་སྡུག་བསྔལ་ཆེན་པོས་ཉོན་མོངས་ཤིང་འཁོད་དོ། ། འཇིག་རྟེན་གྱི་ཁམས་སུ་སླར་སྐྱེས་ཀྱང་སྡིག་གི་མི་དེ་བཞི་དང་། མི་ཕལ་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ ་བཞི་པོ་དང་། མི་གཞན་སྡིག་མ་བྲལ་བའི་རྣམས་པ་ཀིར་ཚེ་ཡང་ཟད་ནས། སླར་ཡང་སེམས་ཅན་དམྱལ་བ་ཆེན་པོའི་ནང་དུ་སྐྱེས་སོ།། ཤཱ་རིའི་བུ་སྡིག་གི་མི་བཞི་དང་། སེམས་ཅན་ཕལ་འབུམ་ཁྲི ་ཕྲག་དྲུག་བརྒྱ་རྩ་བཞི་པོ་ཐ་མར་སེམས་ཅན་དམྱལ་བའི་ནང་དུ་སྡུག་བསྔལ་ལས་ཐར་མོད་ཀྱི། མིའི་ནང་དུ་སྐྱེ་བ་ཐོབ་ན་ཚེ་རབས་ལྔ་བརྒྱའི་བར་ཐོག་མ་བཙའ་བ་ནས་དམུས་ལོང་སྟེ། དེ་ནས་གདོད ་སངས་རྒྱས་ཀུན་སྣང་ཡང་དག་པར་གཤེགས་པ་གསོལ་བཞེངས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས་བདེ་གཤེགས་འཇིག་རྟེན་བཀྲོལ། བླ་ན་མེད་པའི་རྔ་མ་གདུལ་ཐུལ ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དང་ཕྲད་དོ། ། ཤཱ་རིའི་བུ་སངས་རྒྱས་ཐམས་ཅད་སྣང་གི་ཉན་ཐོས་ཀྱི་སློབ་མ་མདའ་ཡུ་ཏ་འབུམ་ཡོད་དོ།། དེའི་ཚེ་མིའོ་ཅོག་ལུས་ཁྲུ ་སུམ་བརྒྱ་དགུ་བཅུ་རྩ་དྲུག་ཡོད་དོ། ། སངས་རྒྱས་ཀྱི་སྐུ་ལུས་ནི་དེ་ལས་ཕྱེད་ཀྱིས་རིང་ངོ་།། འོད་རྟག་པ་ཟླུམ་པོས་དཔག་ཚད་ཁ་འབུམ་ཁྲི་ཕྲག་བཅུ་ཚུན་ཆད་སྣང་ངོ་།། ཤཱ་རིའི་བུ་མོ་དེས་སངས ་རྒྱས་ཐམས་ཅད་སྣང་གི་ཆོས་ཀྱི་ནང་ནས་བྱུང་སྟེ། ལོ་འབུམ་ཁྲི་ཕྲག་བཅུའི་བར་དུ་བརྩོན་འགྲུས་སྤྱད་དེ་མགོ་མེས་ཚིག་པའི་ར་མདའ་བཞིན་དུ་བྱས་ཀྱང་མི་འགལ་བའི་བཟོད་པ་མ་ཐོབ་ན། ལམ་གྱི ་འབྲས་བུ་མ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བཤིག་པ་གཡོས་པ་སྡིག་གི་ལས་ཀྱི་རྒྱུ་རྐྱེན་གྱི་ཆོས་དེ་ལྟ་བུའི་རིགས་སོ།། ་དེ་ཟད་པའི་འོག་ཏུ་སླར་ཡང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ།། སྔར་མི་དགེ་བའི་ལས་ཀྱི་རྒྱུ་རྐྱེན་གཡོས་པའི་ལན་ནི། ཤཱ་རིའི་བུ་མི་དེ་དག་ལ་སོགས་པ་དེ་བཞིན་དུ་གཅིག་ནས ་གཅིག་ཏུ་དང་ལ་ཐུག་གོ། ། དེའི་ཕྲག་ན་སངས་རྒྱས་འབུམ་ཕྲག་དགུ་དང་ཕྲད་ནས་མི་འགལ་བའི་བཟོད་པ་མ་ཐོབ་བོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཀྱི་ཡི་གེ་ཟབ་མོ་བཤད་ན། མི་དེ་དག ་གིས་ཡིད་མཆེས་ཏེ་བཤིག་བྲལ་ལོག་གལ་ནས་མཛངས་ཤིང་འཕྲུལ་པ་ནི་འཕྱ་ཞིང་སྐུར། ཚུལ་ཁྲིམས་འཛིན་པའི་དགེ་སློང་ལ་ནི་ཉེས་པའི་ངན་པ་བྱུང་སྟེ། ཆོས་བཤིག་པའི་ལས་གཡོས་པའི་རྒྱུ་རྐྱེན་གྱི ་ཆོས་ནི་དེ་བཞིན་རིགས་སོ། ། ཤཱ་རིའི་བུ་ཁྱོད་རེ་ཞིག་ལྟོས་ཤིག། འཕགས་པའི་མི་ལ་འཕྱ་ཞིང་སྐུར་ཏེ། འཕགས་པའི་ཚིག་ལ་ཡིད་མི་ཆེས་ན། དེ་ལྟ་བུར་དཔག་ཏུ་མེད་པའི་སྡུག་བསྔལ་གྱིས་ཉོན ་མོངས་ཏེ་གྲོལ་ཐར་པར་མ་ཐོབ་བོ། ། ཤཱ་རིའི་བུ་སེམས་ཅན་གཞན་ཆོས་བཤིག་པའི་སྡིག་པའི་ལས་གཡོས་ཏེ་ལོག་གལ་ཞིང་ཡིད་མི་ཆེས་པ་དེ་གྲངས་མེད་དཔག་ཏུ་མེད་པ་ཡོད་ན། སངས་རྒྱས་འབུམ ་ཕྲག་དགུ་བཅུ་རྩ་དགུ་ལ་བསྐལ་པ་གྲངས་མེད་པའི་བར་དུ་མི་གཅིག་མྱ་ངན་ལས་འདས་པར་ཆུད་པ་ཡོད་མོད་དོ། ། ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱི་ཆོས་བཤིག་ཅིང་ཡིད་མི་ཆེས་ལ་ལོག་གལ་བར་ནུས ་མལ་པ་གླེན་པ་དང་ལེ་ལོ་ཡར་སྐྱེ་བའི་དགེ་སློང་ངན་པའི་རྣམས་དང་ཆོས་འཆད་པའི་མི་གཙང་བའི་དགེ་སློང་རྣམས་སོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་དེ་རྣམས་གསུམ་ནི་སྤྱོད་པ་ཞེས་ཀྱང་མི་བྱ། མིང ་ཐོབ་པ་ཞེས་མི་བྱ་སྟེ། མི་དེ་དག་གིས་ཡང་དག་པར་གཤེགས་པའི་ཆོས་ལ་ཡིད་མི་ཆེས་པས་ན་འཕྱ་ཞིང་སྐུར་ཏེ་ལོག་གོ།། ཤཱ་རིའི་བུ་ཁྱོད་ན་རེ་ཇི་ལྟ་བུར་དགེ་སློང་སྡུག་བསྔལ་བཀྲམ་པ་དེས་ཆོས་བཤད ་པ་དེ་མི་གཙང་ཞེས་ཟེར་བ་ནི་མི་གཏི་མུག་ལྷ་སྦྱིན་ནོ། ། ཁྱོད་ན་རེ་ཇི་ལྟར་དགེ་སློང་ཐམས་ཅད་ཡོད་ཅེས་འཆད་པ་མི་གཙང་ཞེས་ཟེར་བ་དེ་ཉིད་དགེ་སློང་ཀོ་ཀ་ལི་ཡིན་ནོ།། ཤཱ་རིའི་བུ་ཁྱོད་ན་རེ་ཅིཙིའི་ཇི་ལྟ་བུར ་དགེ་སློང་ཙང་གི་དེས་ཆོས་བཤད་པ་མི་ཤེས་ཟེར་བ་ན་ཉིད་དགེ་སློང་ཀ་པི་ལ་ཡིན་ནོ། ། ཁྱོད་ན་རེ་ཇི་ལྟ་བུར་ན་དགེ་བཏད་དེས་བཤད་པ་མི་གཙང་ཞེས་ཟེར་བ་ནི་དགེ་སློང་ལུས་སྡེ་བར་མོད་རིན། ་ནོ།། ཤཱ་རིའི་བུ་ཁྱོད་ན་རེ་དེའི་གཙང་གདང་ཞིང་བདེ་བ་བཞིན་དུ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་བཤད་པ་དེ་དཔག་ཏུ་མེད་པའི་སེམས་ཅན་ལ་ཕན་བསད་དོ་ཞེས་ཟེར་བ་ནི་དེ་ཉིད་ཕུ་ལི་ཏ་འབི་ཏ་ར་འཛིན་འཇ ་ཡིན་ཏེ། བཤད་དོ་ཅོག་གཙང་གདང་བས་གཞན་དེ་བཞིན་དུ་སློབ་མ་རྣམས་སངས་རྒྱས་ལྔ་སྟོང་དང་ཕྲད་དེ། མི་མདའ་ཡ་ཏ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པ་ཀུན་ཞི་ཐར་ཏོ།། ཤཱ་རིའི་བུ་མི་ལ་བདེན ་པའི་ཚིག་གང་ཡིན་ཞེས་བྱས་ན། ནང་གི་བླ་མའི་ཚིག་གི་གཞུང་མངོན་པར་མཐོང་བར་རིག་སྟེ་གཙང་གདང་བར་བཤད་པའོ།། བཤད་པ་ནི་ནམ་ཚིག་འཆད་པ་སྟེ་པུ་ལེའུ་མདའ་ཡིན། ཤཱ་རིའི་བུ་པུ་ལེའུ ་མདའ་ནི་སེམས་ཐུབ་ལ་མངོན་པར་རྟོགས་པས་བཤད་དོ་ཅོག་དགའ་བ་མེད་དེ་ཡིད་མི་ཤེས་པས་ན་བཤད་ཅིང་འགྲོ་བ་སྐྱེའོ། ། ཤཱ་རིའི་བུ་མི་ལ་བདེན་པའི་ཚིག་གང་ཡིན་ཞེ་ན། རྒྱུ་རྐྱེན་ཐམས་ཅད་ཆོས་ཀྱི ་མཁན་པོས་ནམ་ཚིག་བཤད་པ་སྟེ་པུ་ལི་ཏ་ཡིན་ནོ། ། ཤཱ་རིའི་བུ་པུ་ལི་ཏ་ནི་ཚེ་ཚེ་རབས་རབས་གར་སྐྱེས་དགུར་རྟག་པར་སེམས་ཅན་གྱི་ཕྱིར་དོན་བྱེད་དོ།། སངས་རྒྱས་དགུ་བཅུ་ཐམས་ཅད་ཀྱི་ཆོས་ཀྱི ་ནང་ན་ཡང་རྟག་པར་ཆོས་ཀྱི་མཁན་པོ་བྱེད་དོ། ། ཆོས་གཙང་གདང་བར་བཤད་ནས། སངས་རྒྱས་དེ་ཀུན་ལ་ལུས་ཀྱི་ཚེ་ཟད་པར་རྟག་པར་ཚངས་པར་སྤྱོད་པ་སྤྱད་དེ། ཆོས་གཙང་གདང་བར་བཤད་དོ།། ་ཤཱ་རིའི་བུ་སུ་ལེའུ་ཏ་སངས་རྒྱས་དྲུག་གི་ཆོས་ཀྱི་ནང་ན་ཡང་ཆོས་ཀྱི་མཁན་པོ་བྱེད་དོ།། ངའི་ཆོས་ཀྱི་ནང་ན་ཡང་ཆོས་ཀྱི་མཁན་པོ་ཆེན་པོ་བྱེད་དེ། དགྲ་བཅོམ་པ་གྲུབ་ནས་སེམས་གྲོལ་ཐར་པ་ཐོབ་བོ།། ་མིས་བདེན་པར་བཤད་ན་མིས་ཚེ་ཚེ་རབས་རབས་སུ་སངས་རྒྱས་རྣམས་ལ་ཡོན་གསོལ་ཞིང་དགེ་བའི་རྩ་བ་རྣམས་བསྐྲུན་པ་ནམ་ཚིག་བཤད་པ་པུ་ལེའུ་ཏ་ཡིན་ནོ།། ཤཱ་རིའི་བུ་པུ་ལེའུ་ཏས་སངས ་རྒྱས་འབུམ་ཕྲག་དགུ་བཅུའི་ཆོས་ལ་སེམས་འགྲུས་པར་བཙལ་བསླབས་འགྲོ་བ་བཤད་པ་གཅིག་ཏུ་མི་འགྱུར་བས་ཤེས་རབ་ཟབ་མོ་ཡོད་དོ། ། དེ་ལྟ་བས་ན་ཡང་དག་པར་གཤེགས་པས་ཆོས ་ཀྱི་མཁན་པོ་རྣམས་ཀྱི་ནང་ན་རབ་ཅེས་བཤད་དོ། ། ཤཱ་རིའི་བུ་ཉིན་གཅིག་ཏུ་པུ་ལེའུ་ཏ་འདི་ལེགས་པའི་དོན་བཤད་དུ་ཟིན་ཀྱང་མི་ཟད་དོ།། ཅིའི་ཕྱིར་ཞེ་ན། པུ་ལེའུ་ཏའི་ཆོས་ཀྱི་སྦྱིན་པ་ནི་ཐ་མལ ་པའི་རྒྱུ་རྐྱེན་མེད་ལ། གསོ་བའི་ཁེ་ལ་མི་ཆགས་པས་ཆོས་ཀྱི་མཁན་པོ་སྟེ། པུ་ལེའུ་ཏ་ལ་ཐོག་པ་བཞི་ཤེས་རབ་སྟེ། ཡང་དག་པར་གཤེགས་པ་མ་རྟོག་པར་འཇིག་རྟེན་ཀུན་གྱི་ནང་ན་ཚིག ་འབྲུ་དང་ཚུལ་གྱི་གཞུང་ཐུབ་པར་ནུས་པ་མེད་དོ། ། ཤཱ་རིའི་བུ་ངས་ཁྱོད་ལ་བསྒོའོ།། མི་ལ་ལ་ཞིག་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ན་མི་གཞན་ལ་ཆོས་བཤད་ན ་དཔག་ཏུ་མེད་པའི་ལེགས་པའི་དཔལ་ཡོན་ཐོབ་ཅིང་གྲངས་མེད་པའི་སེམས་ཅན་ལའང་ཕན་བསོད་པར་ནུས་སོ། ། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་འདི་ལ་ཡིད་མི་ཆེས་ཏེ་བཤིག་བྲལ་ལོག་གལ་ན། ་དཔག་ཏུ་མེད་པའི་སྡིག་ལྕི་བའི་རྒྱུ་རྐྱེན་ལྡང་ངོ་།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངན་པའི་ལམ་ཡོད། དགེ་བ་ལ་ནི་ལམ་ཡོད་དེ། དེ་ལྟ་བས་ན་ངས་ཆོས་ཀྱི་ཡི་གེ་ཁྱོད་ལ ་བཅོལ་གྱིས་ཕལ་སྡེ་བཞི་ལ་བྱེ་བྲག་ཕྱེད་པར་རྒྱ་ཆེར་ཤོད་ཅིག། ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་འདི་ཐོས་ཏེ་སེམས་ཅན་ཡིད་ཆེས་ཤིང་དགའ་གཞའ་ན་དཔག་ཏུ་མེད་པའི་དཔལ་ཡོན་ཐོབ་བོ།། ཐོས་ཏེ་ཡིད་མི་ཆེས ་ཤིང་སེམས་མི་དགའ་མ་དད་ན་དཔག་ཏུ་མེད་པའི་སྡིག་ལྕི་བ་ཐོབ་བོ། ། ཤཱ་རིའི་བུ་ཤེས་པར་བྱོས་ཤིག། མི་དེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཞེས་བྱ་སྟེ། ལེ་ལོ་སྐྱེ་ཞིང་ཆོས་འཆད་པའང་མི་གཙང ་བའོ། ། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུར་བསྟན་པ་ལས་ལོག་གལ་ན། ཆེ་ཚེ་རབས་རབས་གར་དགུར་རྟག་པར་ལོང་སྟེ་མིག་མེད་དོ།། ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ།། ངས ་ལྟར་བཤད་དོ་ཅོག་ནི་རྫ་མཁན་རྫ་སོ་མ་བཏང་བའི་རིམ་གྲོ་བ་བྱེད་པ་དང་། ཆུ་མི་ཚུགས་ཀྱི། ངས་ཕལ་སྡེ་བཞི་ལ་མཆོག་གི་གཞུང་མཐའ་ཡུན་དུ་སྟོང་པའི་ཆོས་བྱེ་བྲག་ཕྱེད་པར་རྒྱ་ཆེར་བཤད་ན། སྲན ་ཐུབ་པ་ནི་འདུག་གོ། ། སྲན་མི་ཐུབ་པ་ནི་ཞིག་གོ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ལོག་པར་མཐོང་བ་ལ་མི་ངན་པ་ལ་ཆོས་མི་བཤད། བདག་ཏུ་ལྟ་བ ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཆེ་སྲོག་ཏུ་ལྟ་བ་ལ་ཆོས་མི་བཤད་དོ།། ཅིའི་ཕྱིར་ཞེ་ན། དེ་ལྟ་བུར་འདོད་ཆགས་པ་ཀུན་གྱི་མི་ལོག་པར་མཐོང་བ་ཞེས་བྱའོ།། ཤཱ་རིའི་བུ ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བས་མི་འགལ་བའི་བཟོད་པ་ཡང་མི་ཐོབ་ན། ལམ་གྱི་འབྲས་བུ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས ་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང་། རྟག་པར་མཐོང་བས་མི་འགལ་བའི་བཟོད་པ་རབ་ཏུ་ཐོབ་པར་མ་ནུས་ན། ལམ་གྱི་འབྲས་བུ་ཐོབ་པར་ནུས་ཞེས་ཟེར་ན། བདེན་པ་ཡོད ་མོད་དོ། ། དེ་ལྟ་བས་ན་ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུ་མཐོང་བ་གྲུབ་པ་ནི་ངའི་ཆོས་ཀྱི་ནང་ན་ངས་གཞན་གྱི་ཡོན་ལེན་དུ་མི་གནང་སྟེ། དེ་ནི་སྤྱོད་པའང་མ་ཡིན། ཐོབ་པའང་མ་ཡིན་གྱི། ངའི ་ཆོས་ལ་རང་གི་སྲོག་གསོ་བར་ཚོལ་བར་ཟད་དོ། ། ཤཱ་རིའི་བུ་ངས་བཤད་པ་ལ་མུར་འདུག་སངས་རྒྱས་ཀྱི་ཆོས་སུ་འཇུག་འདོད་ན། ཟླ་བ་བཞི་པའི་བར་དུ་ཟད་པའི་རིགས་སོ།། ཅིའི་ཕྱིར་ཞེ་ན། ་མུར་འདུག་མི་རྣམས་ལ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། རྟག་པར་མཐོང་བ་མང་དུ་ཡོད་དོ།། ཤཱ་རིའི་བུ་ངའི་སློབ་མ་ལ་ནི་བདག ་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང་། རྟག་པར་མཐོང་བ་དེའི་ངའི་སློབ་མ་རྣམས་ཀྱིས་སྟོང་པ་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པ་དང་། ཅིའང་ཐོབ་པ་མེད་པ་འབའ་ཞིག་བཤད་དེ། སེམས་ལ་འཇུག་པའི་གནས་མེད་པར་འཆད་དོ།། ཤཱ་རིའི་བུ་ལ་ལ་ཞིག་དེ་ལྟ་བུའི་བཟོད་པ་འབྱོར་འགྲུབ་པ་ཞིག ་དོན། ངས་མི་དེ་ལྟ་བ་ཁྱིམ་ནས་བྱང་ནང་རྡུལ་ཁྲིམས་ནོད་དུགནས། ཕན་གོས་དང་། ཟས་དང་། མམ་ཆ་དང་། ཙཾ་སྔུན་བྲལ་བཐང་དུ་རུང་།། མི་ལྦ་པྲ་བ ་མེད་པ་ནི་སྔོན་དུ་སད་པའི་རིགས་ཏེ། སྔར་ཆོས་སོ་ཅོག་ལའང་ང་མེད་པ་ལ་གནས་སུ་བཅུག་གོ།། ཤཱ་རིའི་བུ་ལ་ལ་ཞིག་དེ་ལྟ་བུའི་བཟོད་པ་སེམས་མི་དགའ་ཞིང་མཆོག་གི་གཞུང་སྟོང་པ་བཤད་པ་ཐོས་ན ་སྤངས་ཤིང་དོགས་ལ་ཟུག་ཐེལ་གྱིས་གཤེའོ། ། བདག་ཏུ་ལྟ་བ་འཆད་པ་ཐོས་ན་སེམས་དགའ་བར་འཛིན་ན་དེ་ལྟ་བུའི་མི་ནི་བདུད་ཀྱི་བཀོལ་བར་མངོན་ཏེ། མུར་འདུག་ལས་ཀྱང་འདས་སོ།། ཤཱ ་རིའི་བུ་ཤེས་རབ་ཅན་ནི་དེ་ལྟ་བུ་ལ་ཞེ་སྡང་སྐྱེ་བར་མི་རིགས་ཀྱི། དེ་ལྟ་བུ་ལ་སྙིང་རྗེའི་སེམས་སྐྱེ་བའི་རིགས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུའི་ངན་པ་འབྱོར་གྲུབ་པ་ནི ་ངན་པའི་ལམ་ཐོབ་བོ། ། ཆོས་བཤད་ཀྱིས་མི་ཟད་དེ་མི་དེ་ལ་བསོད་ནམས་ཀྱི་སེམས་སྤྱད་ཅིང་ཆོས་སོ་ཅོག་ལ་ང་ཡང་མེད་པ་དང་། ཆོས་སོ་ཅོག་སྟོང་པ་ཞི་བ་དང་། ཆོས་སོ་ཅོག་ལ་བྱ་བ་མེད་པ་དང་། ཐོབ ་པ་མེད་པ་བསྟན་ཏོ། ། མི་དེས་སངས་རྒྱས་ཀྱི་ཆོས་མནོས་ལ་དོན་འདི་ཐོས་ཏེ་སེམས་དགའ་ཞིང་དད་ན་ནི། གཞན་སྟོང་པ་སྤྱད་པ་དགེ་སློང་གིས་ཅིའང་ཐོབ་པ་བསྟན་བསླབས་ཏེ། ཕན་ཞིང་དག ་བར་སེམས་དབབ་པའི་རིགས་སོ། ། ཆོས་སོ་ཅོག་ལ་ཅིའང་མེད་པ་སྟོང་པ་བཤད་པ་ཐོས་ན་སྔངས་སྐྲག་སྟེ། ཕལ་མང་པོའི་ནང་ན་མཁན་པོ་བླ་མ་ཨཱ་ཙརྱ་ལ་ཆོས་ཀྱི་ཡི་གེའི་ནང་ན་སྟོང་པའི་ལས ་སྤྱོད་བཞིན་དུ་བཟང་རིག་ཤེས་ཟེར་རོ། ། ཆོས་རྣམས་ཀྱི་མཚན་མ་ཐ་དད་པ་མངོན་པར་ཤེས་ནུས་ན་ངས་མཁན་པོ་བྱའོ།། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཕྱིན་ཅི་ལོག་ཡོན་པོར ་ལྟ་བ་དང་། ཚུལ་ཁྲིམས་འཛིན་པ་ལ་འདོད་ཆགས་པའི་མཁན་པོ་ཞེས་ནི་མི་བྱའོ།། ཡང་དག་པར་དྲང་པོར་མཐོང་ལྡན་པ་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱེད་པར་གནང་ངོ་།། ཚུལ་ཁྲིམས་ཞིག་པའི་མི ་ཆོ་ག་ཞིག་པ་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱེད་དུ་མི་གནང་ངོ་། ། སློབ་མ་རྒན་ཞིང་བརྩོན་པས་སྟོང་པ་ཞི་བ་ཅིའང་ཐོབ་པ་མེད་པ་ཆོས་བཤད་དེ། སེམས་ཡིད་མི་ཤེས་མ་དད་ལ་སེམས་མུར་འདུག་ན། ་སངས་རྒྱས་ཀྱིས་མུར་འདུག་དང་གསོ་སྦྱིན་བྱེད་དུ་མི་གནང་ངོ་།། མི་དེ་དེ་ལྟ་བུའི་མཐོང་བ་མ་བཏང་ན། དགེ་འདུན་གྱི་ནང་དུ་འདུག་ཏུ་མི་གནང་བའི་རིགས་སོ།། དེ་ལྟ་བུའི་འདོད་པ་བླངས་ཏེ་དེ་ལྟར ་བྱས་ཟིན་ཏེ་འོན་ཀྱང་ཡང་མ་བཏང་ན་མི་དེ་ལམ་ལ་གནས་པར་མི་རུང་བར་མངོན་ཏེ། ཐལ་བྱུང་དུ་ཡང་བོར་ནས་མཁན་པོ་བླ་མ་ཨཱ་ཙརྱས་ཀྱང་མཐུན་པར་སླར་བཅང་བའི་རིགས་སོ།། ཤཱ་རིའི་བུ་དགེ ་འདུན་ལ་དེ་བཞིན་ངས་ཡོན་གསོལ་བ་དང་མུར་འདུག་གི་ལོག་པའི་ལམ་ལྟ་འཇིག་པ་ལ་ཡང་མཁས་ཏེ། མི་དེའི་མིང་ཚུལ་ཁྲིམས་བཤད་པ་དང་། གསོ་སྦྱིན་གཙང་གདང་ཞེས་བྱའོ།། ཤཱ་རིའི ་བུ་ངས་ད་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། ། མི་ལ་ལ་ཞིག་དེ་ལྟ་བུའི་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཡོད་མེད་དུ་ལྦ་བ་དང་། དེ་ལྟ་བུའི་མིའི་མིང་ངལ་ཡོན ་ཕུལ་བ་ཞེས་ཀྱང་མི་བྱ། མིང་ངའི་ཕྱི་བཞིན་ཁྱིམ་ནས་བྱུང་སྟེ།། ཚུལ་ཁྲིམས་མནོས་པ་ཞེས་ཀྱང་མ་བྱའོ།། དེའི་མིང་མཁན་པོ་དྲུག་ག་ཕྱིར་འབྲེངས་ལ་ཁྱིམ་ནས་བྱུང་བ་སྟེ། ་མཁན་པོ་དྲུག་གིས་མཁན་པོ་བྱས་པ་ཞེས་བྱའོ།། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེའི་ལྟ་བུའི་གཙང་གདང་བའི་བདེན་པའི་ཆོས་ལ་བཟོད་པ་ཐོབ་པར་མ་ནུས་སོ།། ཡོན་བླངས་ལ་མི་དེས་ཐོབ་བོ་ཅོག ་ལོག་པར་མནོས་ཞེས་བྱའོ། ། ཤཱ་རིའི་བུ་མིས་ངའི་ཆོས་ཀྱི་ནང་ནས་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་གཙང་མ་བཟུང་བ་བསྲུངས་མོད་ཀྱི། མཆོག་གི་གཞུང་སྟོང་པར་ཅིའང་ཐོབ་པ་མེད་པའི ་ཆོས་ལ་ཡིད་མི་ཆེས་མི་ཤེས་ཏེ། སྔངས་སྐྲག་ཅིང་དོགས་འགྱོད་པ་དེ་ལྟ་བུའི་མིང་ནི་ཚུལ་ཁྲིམས་འཛིན་པ་དང་། མང་དུ་ཐོས་པ་དང་། བསམ་གཏན་ཐུབ་པ་ཆེད་ཆེར་འཛིན་པར་མངོན་ནོ།། ་ཤཱ་རིའི་བུ་དེ་ལྟ་བུའི་མིའི་མིང་ང་ལ་བཙུན་ལྕི་བར་རི་མོ་གུས་ཤིང་ཡོན་དབུལ་ཞེས་མི་བྱའོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཐོག་མ་ཞེས་བྱ་བའི་མེད་པའི་ཚེ་རབས་ཚུན་ཆད་སེམས་ཅན་ལ ་བསམ་གཏན་བཞི་ནི་མ་ཐོབ་ཀྱི། བསམ་གཏན་བཞི་ཐོབ་པ་འབའ་ཞིག་གིས་དགེ་སློང་གི་བཟོད་པ་བྱ་བ་ནི་མེད་ན། དེ་ལྟ་བུའི་ཇི་ལྟ་བུར་ན་མིང་ང་ལ་ཡོན་དབུལ་བ་ཞེས་བྱའོ།། དེ་ལྟ་བས ་ན་ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་བྱེད་པར་བསྒོའོ། ། མ་འོངས་པའི་དུས་ཀྱི་མིས་ངའི་ཆོས་ལ་འདོད་ཆགས་རྣམ་པ་མང་པོ་དང་། ལོག་པར་མཐོང་བ་རྣམ་པ་མང་པོས་ངའི་ཆོས་བཤིག་བྲལ་ལོ།། ་ཤཱ་རིའི་བུ་མི་ལ་ལ་ཞིག་ཚུལ་ཁྲིམས་འཛིན་པ་དང་། མང་པོ་ཐོས་པ་དང་། བསམ་གཏན་ཐུབ་པ་འབའ་ཞིག་ཆེད་ཆེར་འཛིན་པ་དེ་ལྟ་བུའི་མི་ནི་དགེ་སྦྱོང་གི་ཆོས་རྣམས་གཙང་མར་སྤྱོད་མི་ནུས་པར ་མངོན་ཏེ། ངས་མི་དེའི་དགེ་སྦྱོང་དང་། བྲམ་ཟེར་མི་བཤད་དོ།། ཤཱ་རིའི་བུ་མི་ལ་ཆོས་སོ་ཅོག་ལ་ང་མེད་ལ་བདེན་པ་བཞིན་དུ་ང་མེད་པར་ཤེས། ཆོས་སོ་ཅོག་ཕྱི་མོ་ནས་ཅིའང་མེད་པའི་སྟོང་པ ་སྟེ། བདེན་པ་བཞིན་དུ་ཅིའང་མེད་པའི་སྟོང་པ་སྟེ། བདེན་པ་བཞིན་དུ་ཅིའང་མེད་པར་སྟོང་པར་ཤེས་ནུས་ན་དེའི་ཚུལ་ཁྲིམས་འཛིན་པ་རབ་ཡིན་རབ་མི་འཛིན་མང་པོ་ཐོས་པ་ཞེས་བྱ་བར་མི་འཛིན ་ཏོ། ། བསམ་གཏན་ཐུབ་རབ་ཅེས་མི་འཛིན་ཏོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་སོ་ཅོག་ལ་བདེན་པའི་མཚན་མ་ལ་སྐྱེ་བའང་མེད་དོ།། ལྡན་པའང་མེད་དོ།། དེའི་ནང་ན་རབ་ཅེས་བྱ ་བའི་ཆོས་མེད་དོ། ། ཤཱ་རིའི་བུ་ཆོས་སོ་ཅོག་གི་བདེན་པ་བཞིན་ནི་ནང་ན་ཚུལ་ཁྲིམས་འཛིན་པ་མེད། ཚུལ་ཁྲིམས་བཤིག་པ་མེད་ན། འདོད་ཆགས་ལ་རབ་ཅེས་བྱ་བ་མེད་པ་ལྟ་སྨོས་ཀྱང ་ཅི་དགོས། ཤཱ་རིའི་བུ་དེའི་མིང་སངས་རྒྱས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། ཆོས་སོ་ཅོག་མཚན་མ་མེད། སྟོང་པ་བདག་ཏུ་བྱ་བ་མེད། གང་ཟག་མེད ་དེ། དེ་ལྟ་བུའི་བཟོད་པ་ཡོད་དུ་ཟིན་ན་དེའི་མིང་སྤྱོད་པ་ཞེས་བྱའོ།། དེའི་མིང་ཐོབ་པ་ཞེས་བྱ་སྟེ། དེའི་མིང་ཡིད་ཆེས་པ་སྤྱད་པ་ཁྱིམ་ནས་བྱུང་བ་སྟེ། ཡོན་ལེན་པའི་རིགས་ཤིང ་གཅད་པའིགས་སྦྱིན་བྱེད་པ་སྟེ། མ་དེ་ནི་དེའི་ནང་ན་སྐྲ་ནས་བྱས།། ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཞུང་གཅིག་པ་འ ་ཞིག་ཡིན་ཏེ། དེ་ནི་བྲལ་བ་ཞེས་བྱའོ།། གང་ལ་སོགས་པ་བྲལ་བ་ཞེ་ན། འདོད་ཆོག་དང་མཐོང་ངོ་ཅོག་སྟེ། འདོད་པ་ནི་མ་རིག་པ་ཡིན་ནོ།། མཐོང་བ་ནི་དྲན་པ་དང་སེམས་པ་ཡིན་ནོ།། ་ཅིའི་ཕྱིར་ཞེ་ན། ཆོས་སོ་ཅོག་ཐམས་ཅད་ནི་དྲན་པ་དང་སེམས་པས་ཕྱི་མོ་བྱས་ཏེ། སེམས་ཀྱི་འདུ་ཤེས་ཡོད་དོ་ཅོག་ནི་མཐོང་བ་ཡིན་ཞེས་བྱའོ།། མཐོང་བ་ནི་ལོག་པ་ཡིན་ནོ།། ཤཱ་རི ་བུ་དགེ་བའི་ཆོས་ཀྱི་ནང་ན་མཐོང་བའང་ལོག་པར་མཐོང་བ་ཞེས་བཤད། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདོད་པ་དང་བྲལ་བའི་སྟོང་པ་ཞི་བ་ཆོས་ཀྱི་ནང་ན་ཆོས་མེད་པའང་མེད། དགེ་བའང་མེད་དེ ་དོན་ཏོ་ཅོག་ཀུན་སྟོང་ལ་ཆོས་ཀྱི་ཡི་གེ་རྣམས་དང་བྲལ་ཞིང་སེམས་པ་ཐམས་ཅད་དང་ཡོངས་དྲལ་ན་མི་དྲལ་བ་ཞེས་བྱའོ། ། ཤཱ་རིའི་བུ་བླ་ན་མེད་པའི་ནང་ན་འདོད་པའི་རྣམས་ཡོངས་ནིའོ།། གང་ལ་སོ ་པ་འདོད་པའི་རྣམས་ཞེས་བྱ་ན། དེ་ནི་ལོག་པ་སྟེ་མི་དགེ་བའི་སེམས་དང་། ང་དང་ངའི་གནས་དང་། བྱེད་པའི་མཚན་མ་དང་། དོན་གྱི་མཚན་མ་དང་། དེའི་མིང་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་ནང་ན་འདོད་པའི་ཆོ་ག་ཡོང་ཞི་ཞེས་བྱའོ། ། ལེའུ་བརྒྱད་དེ་གཙང་མ་མཐོང་བའི་ལེའུ་སྟེ་བརྒྱད་པའོ།། ། སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ངས ་བསམས་པ་འདས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་བ་ན། སངས་རྒྱས་འབུམ་ཕྲག་སུམ་ཅུ་དང་ཕྲད་དེ། ཀུན་མཚན་ཤཱཀྱ་ཐུབ་པ་ཞེས་བྱའོ།། ད་ནི་དེའི་ཚེ ་ན་ཀུན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱེད་དེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གོས་དང་། ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཚོལ་བའི་ཕྱིར་ན། སངས་རྒྱས་དེ་རྣམས་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན། སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར ་ཤཱ་རིའི་བུ་ངས་བསམ་པ་འདས་པའི་དུས་ན། སངས་རྒྱས་བརྒྱད་སྟོང་དང་ཕྲད་དེ། ཀུན་མཚན་འོད་མི་འགྱུར་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱ་སྟེ། ་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གོས་དང་། ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པ་ཡང་བར་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་ན། སངས་རྒྱས་ར ་ནམས་ཀྱིས་མ་འོངས་པའི་དུས་ན། སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས ་ན། སངས་རྒྱས་དྲུག་ཁྲི་དང་ཕྲད་དེ། ཀུན་མཚན་འོད་སྣང་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོའི་རྒྱལ་པོ་བྱ་སྟེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་ཀུན་ལ་ཡོན་གོས་དང་། ཁ་ཟས་དང་། ་མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་ན། སངས་རྒྱས་དེ་རྣམས་ཀྱིས་ཀྱང་ངལ་ཁྱོད་ཀྱིས་མ་འོངས་པའི་དུས་ན ་སངས་རྒྱས་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། ། ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། སངས་རྒྱས་འབུམ་ཕྲག་དུ་མ་དང་ཕྲད་དེ། ་ཀུན་མཚན་པུར་ཤཱ་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོ་ཕྲུལ་གྱི་རྒྱལ་པོ་སྟེ། རྣམ་བཞིས་ཡོན་གསོལ་ན། ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས ་བསམས་པ་འདས་པའི་དུས་ན། སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་དང་ཕྲད་དེ། ཀུན་མཚན་རིའི་རྒྱལ་པོ་ཞེས་བྱའོ།། བསྐལ་པའི་མིང་ནི་བླ་ན་བརྒྱད་ཅེས་བྱའོ།། སངས་རྒྱས་ཁྲི་བརྒྱད་སྟོང་དེ་ཀུན་གྱི ་ཐ་དད་དུ་སྐྲ་བྲེགས། ཆོས་གོས་བགོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤྱད་པ་སྦྱངས་ན། ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ ་ངས་བསམས་པ་འདས་པའི་དུས་ན། སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། ཀུན་མཚན་མེ་ཏོག་བླ་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ཏེ། ཀུན་ལ་ཡོད་དོ་ཅོག་ཕུལ་ན། ་སངས་རྒྱས་དེ་རྣམས་དང་སློབ་མ་རྣམས་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། ་ཀུན་མཚན་ལེགས་པའི་བརྗིད་ཅེས་བྱའོ།། ངས་ཟད་པར་ན་ཡོན་ཕུལ་ན། ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན ་སངས་རྒྱས་ཉིས་སྟོང་དང་ཕྲད་དེ། ཀུན་མཚན་མ་ཅིང་ཞུ་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོ་རྒྱལ་པོ་བྱ་སྟེ། ཀུན་ལ་ཡོན་ཕུལ་ན། སངས་རྒྱས་དེ་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། སངས་རྒྱས་དགུ་སྟོང་དང་ཕྲད་དེ། ཀུན་མཚན་བསོད་སྐྱབས་ཞེས་བྱའོ།། ངས་རྣམ་པའི་སྤྱད་དེ་ཡོན་དུ ་གསོ་ན། སངས་རྒྱས་རྣམས་དང་སློབ་མ་རྣམས་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པའི་དུས་ན། སྔ་མ་འདས་པའི་བསྐལ་པ་ཁྲིའི ་ཚེ་སངས་རྒྱས་བྱུང་བ་མེད་དེ། དེའི་ཐོག་མ་བསྐལ་པ་ལྔ་བརྒྱའི་ནང་ན་རང་སངས་རྒྱས་དགུ་ཁྲི་ཡོད་དེ། ངས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་ཐམས་ཅད་ཀུན་ལ་ཡོན་གོས་དང་། ཁ་ཟས་དང་། མལ ་ཆ་དང་། རྩི་སྨན་ཕུལ་ཏེ། བཙུན་ཞིང་ལྕི་བར་བསྟོད་དོ།། དེའི་འོག་གི་བསྐལ་པ་ལྔ་བརྒྱ་ལ་ཡང་རྣམ་པ་བཞི་སྤྱད་དེ། རང་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལ་ཡོན་ཕུལ་ཏེ། བཙུན་ཞིང་ལྕི་བར ་བསྟོད་དོ། ། ཤཱ་རིའི་བུ་བསྐལ་པ་དེ་སྟོང་འདས་ནས། རང་སངས་རྒྱས་ཀྱང་མེད་དོ།། ང་དེའི་ཚེ་འཛམ་བུ་གླིང་དུ་ཤི་ནས་ཚངས་པའི་ཁམས་སུ་སྐྱེས་ཏེ། ཚངས་པའི་རྒྱལ་པོ་ཆེན་པོ་བྱས་སོ།། ་དེ་ལྟ་བུ་གཅིག་ནས་གཅིག་ཏུ་བསྐལ་པ་ལྔ་བརྒྱའི་བར་དུ་རྟག་པར་ཚངས་པའི་ཁམས་སུ་སྐྱེས་ནས་ཚངས་པའི་རྒྱལ་པོ་ཆེན་པོ་བྱས་ཏེ། འཇམ་བུ་གླིང་དུ་མ་སྐྱེས་སོ།། ་བསྐལ་པ་ལྔ་བརྒྱ་འདས་ནས་མར་བབས་ཏེ། འཛམ་བུ་གླིང་དུ་སྐྱེས་ནས། འཛམ་བུ་གླིང་བཅོས་བསྟན་ཏེ། ཚེ་ཟད་ནས་གནམ་ངོམ་བཞིའི་ལྷའི་རྒྱལ་པོར་སྐྱེས་སོ།། དེར་ཚེ་ཟད་ནས ་སུམ་ཅུ་རྩ་གསུམ་གྱི་ལྷའི་ཁམས་སུ་སྐྱེས་ཏེ་དབང་པོ་བྱས་སོ། ། དེ་ལྟ་བུ་གཅིག་ནས་གཅིག་ཏུ་བསྐལ་པ་ལྔ་བརྒྱ་ཚང་ནས་འཛམ་བུ་གླིང་དུ་སྐྱེས་སོ།། དེར་བསྐལ་པ་ལྔ་བརྒྱ་ཚང་ནས། ཚངས ་པའི་ཁམས་སུ་སྐྱེས་ནས་ཚངས་པའི་རྒྱལ་པོ་ཆེན་པོ་བྱས་སོ། ། ཤཱ་རིའི་བུ་ངས་བསྐལ་པ་དགུ་སྟོང་གི་བར་དུ་རེས་གཅིག་འཛམ་བུ་གླིང་དུ་མ་སྐྱེས། བསྐལ་པ་དགུ་སྟོང་གི་བར་དུ་ལྷའི་ཁམས་ཤ ་སྟག་ཏུ་སྐྱེས་སོ། ། བསྐལ་པ་ཟད་དེ་བསྲེགས་པའི་ཚེ་འདོད་དབྱངས་ལྔའི་ཁམས་སུ་སྐྱེས་སོ།། འཇིག་རྟེན་གྱི་ཁམས་ཟླ་ར་དེད་ཟིན་ནས། སླར་ཚངས་པའི་ཁམས་སུ་སྐྱེས་སོ།། བསྐལ ་པ་དགུ་སྟོང་གི་བར་དུ་མིའི་ནང་དུ་མ་སྐྱེས་ཏེ། ཤཱ་རིའི་བུ་བསྐལ་པ་དེ་དགུ་སྟོང་གི་བར་དུ་སངས་རྒྱས་དང་། རང་སངས་རྒྱས་མེད་དེ། སེམས་ཅན་རྣམས་ལ་ལམ་ངན་པར་ལྷུང་ཞིང་འཁོད་པ་མང ་ངོ། ། ཤཱ་རིའི་བུ་བསྐལ་པ་ཁྲི་དེ་འདས་ཟིན་ནས། སངས་རྒྱས་ཤིག་འཇིག་རྟེན་དུ་བྱུང་བ་མཚན་ཁྱབ་བསྲུང་ཡང་དག་པར་གཤེགས་པ་གསོལ་བཞེངས་དྲངས་ཁྱབ་མཁྱེན་སྣང་མཛད་ཞབས ་བདེར་གཤེགས་འཇིག་རྟེན་བསྐོལ། བླ་ན་མེད་པའི་དྲི་མ་གདུལ་ཐུབ་སྐྱེས་བུ་ལྷ་དང་། མི་མཁན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། ང་དེའི་ཚེ་ཚངས་པའི་ཁམས་སུ་ཚེ་ཟད་ནས་འཛམ་བུ ་གླིང་དུ་སྐྱེས་ཏེ། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་མཁན་པོ་ནི་སྒྱིད་ལྷ་ཞེས་བྱ། མི་ཚེ་ལོ་དགུ་ཁྲི་ཐུབ་སྟེ། ངས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སྐྱིད་པའི་ཡོ་བྱད་དོ་ཅོག་གིས་སངས་རྒྱས་དེ་དང་། ་དགེ་སློང་འབུམ་ཕྲག་བཅུ་ལ་ཡོན་དུ་གསོལ་ཏེ། ལོ་དགུ་ཁྲིའི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚལ་ན། སངས་རྒྱས་ཁྱབ་བསྲུང་དེས་ཀྱང་ང་ལ་ཁྱོད་མ་འོངས་པའི་དུས་ན ་སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། ། ཅིའི་ཕྱིར་ཞེ་ན། ངས་དེའི་ཚེ་ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཁོང་དུ་ཆུད་མ་ནུས་ཏེ། བདག་ཏུ་ལྟ་བར་འཛིན་པ་ལ་འདོད་ཆགས་ཏེ། ཐོབ ་པཔ་ཡོད་པ་མང་ངོ་། ། ཤཱ་རིའི་བུ་བསྐལ་པ་དེའི་ཚེ་སངས་རྒྱས་བརྒྱ་བྱུང་སྟེ་མིང་མཚན་སོ་སོ་ཐ་དད་དོ།། ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ ་རྣམས་དང་ཀུན་ལ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཙལ་ནས། སངས་རྒྱས་དེ་རྣམས་ཀྱིས་ཀྱང་ངལ་ཁྱོད་མ་འོངས་པའི་དུས་ན། སངས་རྒྱས་བྱེད་པ་ཐོབ་བོ་ཞེས ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་སངས་རྒྱས་སྟོང་དང་ཕྲད་དེ། ཀུན་མཚན ་འཛམ་བུ་ངན་ཞེས་བྱའོ། ། ངས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་རྣམ་པ་བཞིས་ཡོན་གསོལ་ན་ཡང་ལུང་བསྟན་པ་མེད་དེ། ཡང་ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ ་ངས་བསམས་པ་འདས་པའི་དུས་ན། བསྐལ་པ་བདུན་བརྒྱའི་ཚེ་ན་ཡང་སངས་རྒྱས་ཁྲི་ཕྲག་དགུ་བརྒྱ་ཉི་ཤུ་དང་ཕྲད་དེ། ཀུན་གྱི་མཚན་ཆོ་ག་ཐམས་ཅད་མཐོང་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི ་འཁོར་ལོའི་རྒྱལ་པོ་བྱས་ནས། སྐྱིད་པའི་ཡོ་བྱད་དོ་ཅོག་གིས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་། ཀུན་ལ་ཡོན་གསོལ་ན་ཡང་ང་ལུང་མ་བསྟན་ཏོ།། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ་ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་ཡང་བསྐལ་པ་བདུན་བརྒྱའི་ཚེ། སངས་རྒྱས་བརྒྱད་ཅུ་རྩ་བཞི་དང་ཕྲད་དེ། ཀུན་མཁན་པོ་རྒྱལ་པོ་མཚན་ཞེས་བྱའོ།། ངས་དེའི་ཚེ་ཀུན་གྱི་འཁོར ་ལོ་རྒྱལ་པོ་བྱས་སོ། ། སྐྱིད་པའི་ཡོ་བྱད་དོ་ཅོག་སྤྱད་དེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གསོལ་ཀྱང་ང་ལ་ལུང་མ་བསྟན་ཏོ།། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ ་བསམ་པ་འདས་པའི་དུས་ན། ཡང་བསྐལ་པ་གྲངས་མེད་བདུན་བརྒྱའི་ཚེ་ན་སངས་རྒྱས་བཅོ་ལྔ་དང་ཕྲད་དེ། ཀུན་གྱི་མཚན་གཉིས་སྣང་ཞེས་བྱའོ།། ངས་དེའི་ཚེ་ན་ཀུན་གྱི་འཁོར་ལོ་འཕྲུལ ་གྱི་རྒྱལ་པོ་བྱས་ནས་སྐྱིད་པའི་ཡོ་བྱད་དང་། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གསོལ་ན་ཡང་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། ཤཱ་རིའི་བུ་ངས ་བསམས་པ་འདས་པའི་དུས་ན། ཡང་བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་སངས་རྒྱས་དྲུག་ཅུ་རྩ་གཉིས་དང་ཕྲད་དེ། ཀུན་མཚན་དགེ་ཞེས་བྱའོ།། ངས་དེའི་ཚེ་འཁོར་ལོ་འཕྲུལ་གྱི་རྒྱལ ་པོ་བྱས་ནས་སྐྱིད་པའི་བསམས་ཡོ་བྱད་དོ་ཅོག་སྤྱད་དེ། ཚེ་ཟད་ཀྱི་བར་དུ་ཡོན་གསོལ་ན་ཡང་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ།། དེ་ལྟ་བུར་གཅིག་ནས་གཅིག་ཏུ་སངས་རྒྱས་འོད ་མི་འགྱུར་བ་དང་ཕྲད་པ་ལ་ཐུག་ན། གདོད་སྐྱེ་བ་མེད་པའི་བཟོད་པ་ཐོབ་ནས་ལུང་བསྟན་པ། ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་འདས་པ་དང་། སངས་རྒྱས་བྱེད་པ་ཐོབ་སྟེ། ་མཚན་ཤཱཀྱ་ཐུབ་པ་ཡང་དག་པར་གཤེགས་པ་གསོལ་བཞེངས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས། བདེ་གཤེགས་འཇིག་རྟེན་བཀྲོལ་བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན ་སངས་རྒྱས་བཅོམ་ལྡན་འདས་ཞེས་བསྒོའོ། ། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཅུ་གཉིས་ཡོད་དེ། ཀུན་གྱི་མིང་སྤྱི་བོ་སྐྱེས་ཞེས ་བྱའོ། ། ཡང་ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་སུམ་ཅུ་ཡོད་དེ། ཀུན་གྱི་མིང་མང་ཐ་མ་བྱའོ།། ཤཱ་རིའི་བུ་ངས་བསམས་པ་འདས ་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཞི་ཡོད་དེ། ཀུན་མིང་བཞི་འབྱི་ཞེས་བྱའོ།། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་གཅིག ་ཁྲི་ཞིག་ཡོད་པ་ཀུན་གྱི་མིང་མངོན་སྣང་ཞེས་བྱའོ། ། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་ཉི་ཁྲི་གཅིག་ཡོད་དེ། མིང་མཁན་ཀུན་སོ ་སོ་ཐ་དད་དོ། ། ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཅུ་དྲུག་ཡོད་པ་མིང་མཁན་ཀུན་སོ་སོ་ཐ་དད་དོ།། རྒྱལ་པོ་དག་ལ་སོགས་པ་ངས་དགའ ་བོ་དག་ལ་བཤད་དོ། ། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། རྒྱལ་པོ་འདི་རྣམས་མི་གཞན་གྱི་མ་ཡིན་གྱི། ང་ཉིད་ཀྱི་ལུས་ཡིན་ནོ།། ཤཱ་རིའི་བུ་ངས་བསམས་པ་སྔ་མ་འདས་པའི་ཚེ་དུས་ན ་སངས་རྒྱས་ཤིག་ཡོད་པ་མཚན་དགེ་སྡང་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའི་ཚེ། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་མིང་མངོན་ཞེས་བྱ་སྟེ། ཐོག་མ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས ་བསྐྱེད་པ་དེའི་ཚེ། སེམས་ཅན་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་སྟེ། སངས་རྒྱས་དགེ་སྣང་དེས་ལན་གསུམ་བསྡུས་ཏེ་ཆོས་བཤད་ན། ཐོག་མ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཅིག། ་ཅར་ལ་མ་ཐོབ་བོ།། དེའི་འོག་ཏུ་ཕལ་པོ་ཆེ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་བཞི་ཅིག་ཅར་ལམ་མཐོང་ངོ་།། གསུམ་གྱི་ཐ་མར་ཕལ་པོ་ཆེ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་གཉིས ་ཅིག་ཅར་ལམ་ཐོབ་བོ། ། དེའི་རྒྱལ་པོ་སངས་རྒྱས་ཀྱིས་ལན་གསུམ་བསྡུས་ཏེ་ཆོས་བཤད་ན། དཔག་ཏུ་མེད་པའི་མི་བསྔལ་པ་མཐོང་ནས་སེམས་ལ་ཤིན་ཏུ་དགའ་གཞའ་སྟེ། ལོ་ཁྲིའི་བར་དུ་ལོ ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དང་སློབ་མ་ལ་ཡོན་གསོལ་ཏེ། སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཙལ་ཏེ། མ་འོངས་པའི་དུས་ན་སེམས་ཅན་བསྒྲལ་བ་སླའོ།། ་ངནམ་ཞིག་སངས་རྒྱས་གྲུབ་པ་དང་། ཚེ་སྲོག་གི་དུས་དཔག་པ་དང་། དགེ་སློང་གི་དགེ་འདུན་གྱི་གྲངས་དང་འཁོར་བར་བསྐོར་བ་ནི་དེ་ལྟ་བུ་མ་ཡིན་ནོ།། ཤཱ་རིའི་བུ་ངས་དོན་དེ་ཤེས་པ་ནི་འདི་བས ་འདས་ཏེ་དཔག་ཏུ་མེད་དོ། ། ཤཱ་རིའི་བུ་སངས་རྒྱས་བྱམས་པས་སེམས་བསྐྱེད་དོ།། བསྐལ་པ་བཞི་བཅུ་ལོན་ཟིན་ནས་ངས་གདོད་སེམས་བསྐྱེད་དེ། སངས་རྒྱས་ཐུབ་མེད་ཀྱི་ཐད་དུ་ཐོག་མ་དགེ ་བའི་རྩ་བ་བསྐྱེད་ནས། ངས་ལོ་སྟོང་གི་བར་དུ་སྐྱིད་པའི་ཡོ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དེ་ལ་ཡོན་གསོལ་ནས་རས་ཡུག་ལྔ་བརྒྱ་ཕུལ་ཏེ། སངས་རྒྱས་དེ་འདས་པའི་ཕྱི་ན་རིན་པོ་ཆེ་སྣ་བདུན ་གྱི་མཆོད་རྟེན་བརྩིགས་ནས་འཕངས་ནི་དཔག་ཚད་གཅིག། ཆུ་ཞེང་ནི་དཔག་ཚད་ཕྱེད་དེ། ཀུན་གསེར་དངུལ་བཻ་ཌཱུཪྻ་དང་། མརྒད་དང་། གཟི་དང་། མུ་ག་དང་། མུ་ཏིག་དམར་པོ་ལས ་བྱས་སོ། ། སེམས་ལ་རྟག་ཏུ་སྨོན་ལམ་བསྐྱེད་པ་སེམས་ཅན་སྡུག་བསྔལ་ཏེ་བསྒྲལ་བའི་ར་མདའ་མེད། ཆོས་ངན་པ་དང་ཕྲད་ཅིང་ལམ་ངན་པར་ལྷུང་བ་མང་ན། ངས་དེའི་ཚེ་སངས་རྒྱས ་གྲུབ་པར་ཤོག་ཅིག། ཤཱ་རིའི་བུ་ཁྱོད་ཀྱིས་རེ་ཞིག་ལྟོས་ཤིག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤྱད་སྦྱངས་ན་ཚེ་རབས་གྲངས་མེད་པའི་བར་དུ་སྡུག་བསྔལ་རྣམས་ཀྱིས་ཉོན་མོང ་ཏེ་བཤད་དུ་ཟིན་ན། ཁྱོད་ཀྱིས་ཐོས་པ་དང་ཡི་མུག་ཅིང་སྒྱིད་ཡུག་ཏུ་རུང་ངོ་།། ངས་སྡུག་བསྔལ་དང་མྱ་ངན་འཁྲུགས་པས་ཉོན་མོངས་སོ་ཅོག་ནི་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཚོལ་བའི་ཕྱིར་རོ། ། ཤཱ་རིའི་བུ་ཁྱོད་ལྟོས་ཤིག། བྱང་ཆུབ་སེམས་དཔའ་སར་ཝ་དན་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ་རང་མི་ཉན་དང་། ་བྱང་ཆུབ་སེམས་དཔའ་རྟག་འགྲུས་ཀྱིས་དེ་སྙེད་ཀྱི་སངས་རྒྱས་རྣམས་ལ་ཡོན་གསོལ་ཏེ། སྡུག་བསྔལ་ཏོ་ཅོག་གིས་ཉོན་མོངས་ན། འོན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་དཀའ ་ན། མི་གཏི་མུག་གཞན་གྱིས་སྐད་ཅིག་མྱ་ངན་ལས་འདས་པ་བཙལ་བ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུར་སྤྱད་ན་འོན་ཀྱང་ཤིན་ཏུ་དཀའ་ན་མ་སྤྱད་པ་ལྟ་སྨོས་ཀྱང་ཅི་དགོས ་ལྟ་བས་ན་ཤཱ་རིའི་བུ་ངས་བྱེ་བྲག་ཕྱེད་པར་བསྒོའོ། ། འོག་མའི་ཆོས་སྤྱད་པས་བླ་མའི་ཆོས་ཐོབ་པར་མི་རུང་སྟེ། བླ་མའི་ཆོས་སྤྱད་ན་གདོད་བླ་མའི་ཆོས་ཐོབ་བོ།། གང་ལ་སོགས་པ་འོག་མའི ་ཆོས་དེ་ནི་ལུས་ཀྱི་ངན་པའི་ལས། ཁའི་ངན་པའི་ལས། ཡིད་ཀྱི་ངན་པའི་ལས་སོ།། འོག་མའི་ཆོས་ནི་མིང་སེམས་ལ་དགེ་བའི་ཆོས་འགྲུབ་པར་སྤྱོད་སྤྱོད་མི་ནུས་པ་ཞེས་བྱའོ།། འོག་མའི ་ཆོས་ནི་ལེ་ལོ་སྙོམས་ལས་བྱེད་ཅིང་ཚུལ་ཁྲིམས་ནོས་སོ་ཅོག་གི་བཤིག་པའོ་ཞེས་བྱའོ། ། ཤཱ་རིའི་བུ་དེའི་མིང་འོག་མའི་ནང་ན་ཡང་འོག་མ་ཞེས་བྱའོ།། ཡང་འོག་མའི་ནང་ན་འོག་མ་ཞེས་བྱ་བ་ནི ་ངའི་ཆོས་ལ་ཁྱིམ་ནས་བྱུང་སྟེ། ཐོབ་པ་མཐོང་བ་དང་། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བའང་སྐྱེས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས ་པས་དེ་ལ་མངོན་པར་སྣང་མཁྱེན་ཏེ། ཐོབ་པ་ཡོད་པར་འཛིན་པས་ནི་མི་འགལ་བའི་བཟོད་པའང་མེད་ན། ལམ་གྱི་འབྲས་བུ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཐོབ་པ་ཡོད་པར་འཛིན་དུ ་ཟིན་ན་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་འཁོར་ལོ་གསུམ་སྤྱད་དེ། མངོན་པར་བསྟན་དུ་ཟིན་ཀྱང་མི་དེས་མཐོང་བཏང་ན་མི་གཞན་གྱི་ཁ་ཟས་ཁམ་གཅིག་ཀྱང་མི་ཞུ་ན། ལམ་གྱིས་འབྲས་བུ་མི ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་།། མྱ་ངན་ལས་འདས་པ་ཐོབ་པ་ནི་ཕལ་ཐ་མལ་པ་ཐམས་ཅད་ཀུན་གྱིས་ཞི་བར་འདས་པའི་རིགས་སོ།། ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ནི་ཀུན་ཡོན་པོ་མཐོང་བ་ཡིན་ནོ།། མི་ཕལ་ཐ་མལ་པ་རྣམས་དང་། བདག་ཏུ་ལྟ་བའི་གནས་དང་། གང་ཟག་ཏུ་ལྟ་བའི་འདོད་མང་སྟེ། ་དེ་ལྟ་བུས་ན་ཐ་མལ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པའི་རིགས་སོ་ཞེས་བྱས་སོ།། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་བསམ་པ་བྱས་ཏེ། བདག་ཡོད། གང་ཟག་ཡོད་ཅེས་མི་དེས་དེ ་བུའི་མཐོང་བ་མ་བཏང་བར་མྱ་ངན་ལས་འདས་པ་ཆུང་ངུ་ཟིན་ན། ཕལ་ཐ་མལ་པ་ཐམས་ཅད་ཀྱིས་འཕགས་པའི་ལམ་ཐོབ་པའི་རིག་སོ།། དེ་ཅིའི་ཕྱིར་ཞེ་ན། ཕལ་ཐ་མལ་པ་ཐམས་ཅད ་ཀུན་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཡིན་ཏེ། དེ་བས་ན་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བས་མྱ་ངན་ལས་འདས་པར་ཆུད་ན་ནི། ཕལ་ཐ་མལ་པ་ཀུན་གྱིས ་འཕྲུལ་གྱི་ལམ་ཆུད་དེ་འཕགས་པའི་ནང་ན་ནི་ཅིའང་ཉུང་བ་མེད་དོ། ། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་སེམས་བྱ་སྟེ། བདག་ཏུ་ལྟ་བ་ཡོད་པ་ལ་མྱ་ངན་ལས་འདས་པ་ཡོད་ཟིན་ན། མི་དེས་འཕགས ་པའི་ལམ་ཐོབ་ཀྱིས་གཞན་བསམས་མི་དགོས་སོ། ། ཅིའི་ཕྱིར་ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ལ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་མི་ཉུང་བས་ན། དེ་ལྟ་བུའི་མི་གཏི་མུག་ལ ་དེལྟ་བུའི་ཉེས་འཁྲུལ་པ་ཡོད་དེ། ཕལ་ཐ་མལ་པ་རྣམས་ཀུན་གྱིས་འཕགས་པའི་ལམ་དུ་ཆུད་ཟེར་རོ།། འཕགས་པ་འཕྲུལ་གྱི་ལམ་ལ་བཅིང་བ་མེད། མི་དེས་སྤྱད་པའི་ཚེ་སྲོག་གཅོད་པ་ལྔ ་མནོས་ལོག་པ་ལྔའི་སྡིག་བསྐྱོད་པའི་རིགས་སོ། ། དེ་ལྟ་བས་ན་མི་གཏི་མུག་གིས་འཕགས་པའི་ལམ་ལ་ལོག་པ་ལྔའི་སྡིག་ཡོད། ཅིའི་ཕྱིར་ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ཀུན་ནི ་བདག་ཏུ་ལྟ་བ་ཡོད། སེམས་ཅན་ཡོད་ཅེས་འཆད་དོ།། མི་ལ་ཚིག་དེ་སྐད་ཟེར་ན། ལོག་པའི་ལྔའི་སྡིག་མང་དུ་སྩོལ་ཏེ། ཆོག་ཚང་ནས་མི་དགེ་བ་གསུམ་གྱི་རྩ་བ་སྤྱད་དོ།། ཤཱ་རི ་བུ་ངས་ཚུལ་ཁྲིམས་འཛིན་པའི་དགེ་སློང་ལ་ཕན་བསོད་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཆོས་ཡིག་བཤད་དོ།། དེ་ལྟ་བུའི་གཏི་མུག་གིས་འཇིག་རྟེན་གྱི་རྒྱུ་རྐྱེན་ཆུད ་དུ་སྤྱད་དེ། ཁྱིམ་ན་འདུག་པ་ལ་བཤད་དེ། ཡི་གེར་ཡང་བྲིས་ནས་གོས་སྐྱ་བོ་ཅན་ལ་ཡང་བསྟན་ཏོ།། ཤཱ་རིའི་བུ་དེ་ལྟའི་མི་གཏི་མུག་གིས་བཤད་པ་ཆོས་སོ་ཅོག་སྟོང་པ་དང ་རང་གི་མཚན་མ་བྱ་ག་ལ་ནུས་ཞེས་འཛེར་ཏོ། ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་མི་གཏི་མུག་འབྱུང་བ་དང་། བརྐམ་པ་དང་། མི་ངན་འཁྲུག་པའང་བསལ་མི་ནུས་ན། མ་རིག་པའོ་ཅོག ་ཆོད་མ་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེའི་ཚེ་ཚུལ་ཁྲིམས་ལུགས་འཛིན་པའི་དགེ་སློང་དགེ་བ་སློབ་མི་ནུས་སོ།། ཆོས་སོ་ཅོག་སྟོང་པར་ཡང་ལེགས་པར་མི་སློབ་བོ།། ་མདོ་སྡེ་ཁ་ཏོན་དང་ལེགས་པར་མི་སློབ་བོ།། ཤཱ་རིའི་བུ་ཚུལ་ཁྲིམས་ལུགས་འཛིན་པའི་དགེ་སློང་གིས་ལེགས་པར་མི་སློབ་མི་ནུས་ཞེས་བྱ། ཡང་དག་པར་གཤེགས་པའི་ཆོས ་ཡིགེ་ནང་ན་བསླབས་པ་བཤད་པ་གསུམ་ཡོད་དེ། དགེ་བའི་ཚུལ་ཁྲིམས་བསླ་བ། དགེ་བའི་སེམས་བསླབ། དགེ་བའི་ཤེས་རབ་བསླབས་ཏེ། མི་དེས་བསླབ་པ་གསུམ་ལ་དགེ ་བར་བསླབ་མ་ནུས་ཏེ། མང་པོ་ཐོས་རྒྱུ་རྐྱེན་འབའ་ཞིག་སྤྲད་ནས་མི་གཞན་ལ་བརྙེས་ཏེ་མི་དེ་ནི་དགེ་བའི་ཆོས་སྒྲིབ་ཅིང་གཅོད་པ་ཡིན་ཏེ། དེ་ལྟ་བུའི་གཏི་མུག་ཆོས་བཞིན་དུ་ལན་གློན་ཞིང ་འདྲི་བའང་མི་ནུས་ན། ཡུན་དུ་ཅིའང་མེད་པ་ལ་བརྩོན་སྤྱོད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ཙམ་གྱི་ཚེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་གོས་སྐྱ་བོ་ཅན་གྱི་གཡོག་བྱེད ་ཅིང་ཕོ་ཉར་མངགས་ཤིང་འདུག་པ་དང་། སྨན་གྱི་ཆོས་བདག་རང་གསོ་བར་བྱེད་དོ།། ཤཱ་རིའི་བུད་ཁྱོད་ལྟོས་ཤིག་དང་། མི་ངན་པ་དེས་ངའི་ཆོས་ལས་ཁྱིམ་ནས་བྱུང ་ནས། ཚུལ་ཁྲིམས་མནོས་ནས། ཡོན་ནོད་པ་ཐོབ་ནས། སླར་ང་ལ་དགྲར་འཛིན་ཏོ།། ཤཱ་རིའི་བུ་དེའི་གནམ་ངོས་བཞི་ལྷའི་རྒྱལ་པོ་དང་། དབང་པོ་དང་། ཚངས་ལྷའི་རྒྱལ་པོ་ཆེན ་པོ་དང་། བརྒྱ་སྟོང་ཁྲི་འབུམ་གྱི་ལྷ་གཞན་ཀུན་ཀྱང་ངའི་ཆོས་ཀྱི་ནང་ན་དེ་ལྟ་བུ་ཞིག་ཉམས་པ་མཐོང་ནས་ཀུན་ཤིན་ཏུ་མྱ་ངན་བྱེད་ཅིང་མི་དགའ་སྟེ་ངུས་ནས་མཆི་མ་བབ་བོ།། ཤཱ་རིའི་བུ་དེ་བདེན་པར་ན ་ང་བརྟན་ཅིང་གོས་སྐྱ་བོ་ཅན་གྱི་ཚོན་མ་སྦྱོར་ཞིང་བྱེད་པའི་རིགས་སོ། ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པའི་སློབ་མ་རྣམས་ལྷ་དང་། ཀླུ་དང་། ལྷ་མ་ཡིན་གྱིས་བཀོལ་ཞིང་བདག་པོ ་ཡང་བྱ་བའི་མི་རིགས་ན། ཀླུ་དང་། ལྷ་མ་ཡིན་གྱིས་ངའི་ལམ་ལ་བཀོལ་ཞིང་བདག་པོ་མ་བྱས་ན། དེ་ལྟ་བུའི་མི་གཏི་མུག་གོས་སྐྱ་བོ་ཅན་ལ་ཉེ་བསྙེན་པས་ཆོས་སོ་ཅོག་གི་གཞུང་སྟོང་པ་བཤད ་སྦྱངས་ཏེ། ཁོང་དུ་ཆུད་པར་ནུས་ཞེས་ཟེར་ན་བདེན་པ་ཡོང་མེད་དོ།། ཤཱ་རིའི་བུ་དེའི་ཚེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ཆང་ཕོར་བུ་གང་ཞིག་ཐོབ་ན་ཡང་གོས་སྐྱ་བོ་ཅན་རྣམས་ལ་སངས་རྒྱས ་ཀྱིས་གྲངས་བཤད་དོ། ། ཁྱོད་ཀྱི་ཡིད་ལ་ཇི་སྙམ། འདོད་ཆགས་དང་ཞེ་སྡང་གཏི་མུག་མང་པོ་དང་། ཆོས་ཡིག་ཀློག་པ་ལ་སྲེད་པ་མང་བ་དང་། ཐ་མལ་པའི་ཡི་གེའི་ཁེ་ལ་བརྐམ་ཞིང་སྤྲོད་པ ་མི་གདང་བའི་མི་དེ་ལྟ་བུའི་མིས་ཅིའང་མེད་པ་ཡུན་དུ་སྟོང་པའི་ཆོས་ཡིད་ཆེས་པར་ནུས་ཤིང་། དགེ་སྦྱོང་གི་འབྲས་བུ་ཅོག་ཚང་བར་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ།། ཤཱ ་རིའི་བུ་དགེ་སློང་ལ་ལ་ཞིག་གོས་དང་། ཟས་དང་། མལ་ཆ་དང་། རྩི་སྨན་ཐོབ་པ་ལ་ཕྱོགས་ན། ཚུལ་ཁྲིམས་འཛིན་པ་གཙང་གདང་སྟེ་མང་པོ་འཛེས་པ་དང་། ཅལ་ཅོལ་གྱི་ཆོ་ག་ལ་མི་སྲེད ་ཕྱི་ལོགས་ཀྱི་གཞུང་ལ་མ་ཆགས་ཏེ། ཉིན་མཚན་དུ་བརྩོན་འགྲུས་པས་ནི་མགོ་ཚིག་པའི་ར་མདའ་བྱེད་པའི་བཞིན་ཏེ། སེམས་གཅིག་ཏུ་དྲང་པོའི་འཕྲུལ་གྱི་ལམ་བརྒྱད་འགྲུས་པར་སྤྱད་ན། མི་དེས ་འོན་ཀྱང་མི་དེས་སྟོང་པའི་ཆོས་ཅིའང་ཐོབ་པ་མེད་པའི་ཁོང་དུ་ཆུད་པར་དཀའ་ན། དེ་ལྟ་བུའི་མི་གཏི་མུག་ཟབ་མོ་འདོད་པ་མེད་པ་ལ་ཡིད་ཆེས་ཤིང་ཤེས་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཁྱོད ་ལྟོས་ཤིག་དང་། མི་དེ་ཡང་དག་པར་གཤེགས་པའི་བླ་ན་མེད་པའི་གཞུང་མ་ཤེས་པས་ན། ངའི་དྲང་པོའི་ཆོས་བཤིག་སྟེ། བདག་རང་གི་ལུས་དང་མི་གཞན་གྱི་རྒུད་པའི་མྱ་ངན་ཆེན་པོ་བྱས་སོ།། ་དེ་ལྟ་བུའི་དགྲ་ཆེན་པོ་ནི་འཇིག་རྟེན་ན་དགྲ་ཆེན་པོ་ཡིན་ཏེ། ཆོས་ཀྱི་ཡི་གེ་འདིའི་ནང་ན་ཡང་ཡོང་བྲལ་བའི་རིགས་ཞེས་བཤད་དོ།། དེ་ལྟ་བུའི་མོས་ནི་སངས་རྒྱས་ཀྱི་དྲིན་ཀྱང་མི་ཤེས་ཏེ། རང་གིས་བསམ ་པ་བདག་གི་ལ་སོགས་པ་ཁྱིམ་ནས་བྱུང་སྟེ། ཆོས་འདིའི་ནང་ན་སྤྱད་པའི་མི་རིགས་རྣམས་ནི་སྨད་པའི་མི་རིགས་སོ་སྙམ་དུ་སེམས་སོ།། དེ་ལྟ་བས་ན་ཤཱ་རིའི་བུ་ཡང་དག་པར་གཤེགས་པས་མ་འོངས་པའི་དུས་ལ་འདི ་ལྟ་བུ་ངན་པ་གཅོད་པའི་ཕྱིར་ཆོས་འདི་ལྟ་བུ་བཤད་དོ། ། དགེ་སློང་ལ་ལ་ཞིག་ཚུལ་ཁྲིམས་མནོས་སོ་ཅོག་ཞིག་ཅིང་ཆོས་བཤིག་བྲལ་ལ་དྲང་པོའི་མཐོང་བ་བཤིག་པ་ཞིག་གིས་ཆོས ་ཡིག་འདི་ཐོས་ན་འཇིགས་སྐྲག་སྟེ། ཚུལ་ཁྲིམས་སླར་ཟློག་གོ།། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་མི་ནི་སེ་གོལ་གཏོགས་པ་ཙམ་གྱི་བར་དུ་འཕགས་པའི་མི་གཟུགས་དང་། ཆོས་གོས ་དང་། འདུག་པའི་ནང་ན་འདུག་པ་མི་རིགས། ལ་ལ་ཞིག་གིས་ཆོས་ཡིག་འདི་ཐོས་ཏེ། སེམས་དགའ་གཞའ་ན། མི་དེའི་མིང་སངས་རྒྱས་རྣམས་ཡོན་གསོལ། སངས་རྒྱས་ཀྱི་ལམ་བསྲུང ་ཞིང་རིམ་གྲོ་བྱེད་པ་ཞེས་བྱའོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེའི་མིང་སངས་རྒྱས་ལམ་ཡང་དག་པའི་དབྱིངས་ཞེས་བྱའོ།། པོ་དགེ་བ་མོ་དག་ལ་ལ་ཞིག་དགེ་སློང་གིས་ཆོས་ཐོས་པར་འདོད་ན། ་ཆོས་ཡིག་ཉོན་ཅིག། བརྒྱ་སྟོང་ཁྲི་འབུམ་གྱི་དཔག་ཚད་འདས་པའི་རིགས་སོ།། ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པར་སངས་རྒྱས་རྣམས་ཡུན་རིང་པོ་ཞིག་ལོན་ན་གདོད ་འཇིག་རྟེན་དུ་འབྱུང་མོད་ཀྱི་བར་དུ་ཟད་དོ། ། ལེའུ་དགུ་སྟེ་དོགས་པ་བྱེ་བྲག་ཕྱེད་པའི་ལེའུའོ།། ། སངས་རྒྱས་ཀྱིས། ཤཱ་རིའི་བུལ་བཀའ་སྩལ་པ། ་རྣམ་གསུམ་ཞིག་ཡོད་པས། ཆོས་ཡིག་འདི་བཤད་པ་ཐོས་ན་སེམས་ལ་མི་དགའ་མ་དང་དོ།། གསུམ་གང་ལ་སོགས་པ་ཞེས་བྱ་ན། གཅིག་ནི་ཚུལ་ཁྲིམས་ཞིག་དགེ་སློང་ངོ་།། གཉིས་ནི་དགེ ་སློང་ཡར་སྐྱེ་བའི་མའོ། ། གསུམ་ནི་ཆོས་འཆད་པ་མི་གཙང་བ་དང་། བདག་ཏུ་ལྟ་བ་ལ་འདོད་ཆགས་ཏེ། མི་དེས་འདི་ལྟ་བུའི་བདེན་པའི་མཚན་མ་ཟབ་མོ་ཆོས་ཡིག་བཞིན་དུ་མི་འགལ་བ་ཡོང་སྔང ་ནས་དམུས་ལོང་གི་སྡེ་དང་རོགས་ཀྱི་ཚང་གང་རྒྱས་སོ། ། དེ་ལྟ་བས་ན་ཤཱ་རིའི་བུ་ངའི་ཆོས་ཡིག་འདི་བསླབས་ཏེ་ཁྱོད་གཏམས་བཅོལ་ཏོ།། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཡི་གེ་འདི་ཡང་དག་པར ་ག་ཤེགས་པའི་ཕྱི་ན་གཙང་གདང་བར་ཚུལ་ཁྲིམས་འཛིན་པའི་དགེ་སློང་སེམས་ལ་འདི་ལྟ་བུ་ཆོས་ཡིག་ཟབ་མོ་ལ་དགའ་ཞིང་དད་པ་སྐྱེ་བར་བྱ་ནུས་པ་ཚུལ་ཁྲིམས་གདང་བས་རྟག་པར་སྡུག་ཅིང་འཛིན་པར ་བྱའོ། ། ཚུལ་ཁྲིམས་ཞིག་པ་ནི་རྟག་པར་བསྲིངས་སྤངས་སོ།། ཅིའི་ཕྱིར་ཞེ་ན། གཏི་མུག་གིས་ཡང་དག་པའི་བཞི་བདེན་པའི་དྲང་པོའི་ཚིག་བཤད་པ་ཐོས་ན་སྡུག་བསྔལ་ཡིན་པར་འཛིན་ཏོ།། ་ཤཱ་རིའི་བུ་ཚུལ་ཁྲིམས་བཞིག་པའི་དགེ་སློང་གིས་བྱད་གཟུགས་ཅིར་གྲུབ་པ་ཡང་དག་པར་གཤེགས་པས་ཞིབ་ཏུ་རྒྱ་ཆེར་བཤད་ཟིན་ཏོ།། ཤཱ་རིའི་བུ་ཚུལ་ཁྲིམས་བཤིག་པའི་དགེ་སློང་ནི་ཆོས་ཀྱི་ཚུལ ་ཁྲིམས་འཛིན་པའི་ཆོ་ག་ལ་མ་དད་དོ། ། གཏི་མུག་གི་མི་ནི་ཤེས་རབ་ལ་མི་དགའ་འོ།། སེར་སྣ་ཅན་གྱི་མི་ནི་སྦྱིན་པ་བཤད་པ་ལ་ཐོས་པར་མི་དགའ་འོ།། ལེ་ལོ་ཡར་སྐྱེ་བ་ནི་དྲགས་ཤིང་ལེ་ལོ་མེད ་པའི་ཆོས་འདི་ཐོས་སུ་མི་དགའ་སྟེ། ཐོས་སོ་ཟིན་ན་ཡང་སྤངས་ཤིང་སྐྲག་པ་ནི་ཁུང་ཟབ་མོར་ལྷུང་བ་དང་མཚུངས་སོ།། འཇིག་རྟེན་གྱི་ཁེ་ལ་སྲེད་པ་ནི་ཞིམ་པོའོ་རོ་ལ་འདོད་ཆགས་ཏེ། ཟས ་ལ་གཤེར་བསྐྲད་པ་ཐོས་ན་སེམས་ལ་མྱ་ངན་འཁྲུག་གོ། ། མི་ལ་ལ་ཞིག་ཐ་མལ་པའི་ཡི་གེ་ཀློག་པ་ལ་སྲེད་ན། དེ་ལས་དང་མཐུབ་ཅིང་བདེན་དུ་ཟིན་པའི་འདུ་ཤེས་སྐྱེའོ།། ་ཚིག་ལ་འདོད་པ་ནི་ཅལ་ཅོལ་འཆད་པ་ལ་སྲེད་པའོ།། རང་བཟོའི་ཚིག་སྙན་སྔགས་འཆད་པ་ལ་སྲེད་པ་ནི་སངས་རྒྱས་མཆོག་གི་གཞུང་ལ་གཙང་བའི་སེམས་མེད་པའི་སྟེང་དུ་ཆོས་འདི་ལ་ཡིད་མི ་ཆེས་མི་གུས་སོ། ། ཤཱ་རིའི་བུ་དཔེར་མི་མ་ནིང་དང་མཚུངས་ཏེ། སྐྱེས་པ་སྤྱད་པ་མེད་ན། སྐྱེས་པའི་ནང་དུ་ཕྱིན་པ་དང་མ་ནིང་གི་འདུ་ཤེས་སྐྱེས་ཏེ་སེམས་འདི་སྙམ་བྱེད་དོ།། མི་འདི་གཞན་ལ ་སོགས་པ་ཡང་བདག་དང་མི་མཚུངས་པ་མེད་སྙམ་བྱེད་དོ། ། དེ་ལྟ་སྟེ། ཐ་མལ་པའི་ཡི་གེ་ལ་སྲེད་ཆགས་པ་ནི་རྟག་པར་ཚིག་རང་བཟོའི་སྙན་སྔགས་པ་བརྒྱན་པ་ལ་སྲེད་དེ། སངས་རྒྱས་ཀྱི ་མཆོག་གི་གཞུང་ལ་སེམས་ཀྱིས་རི་མོ་མི་གུས་སོ། ། ཤཱ་རིའི་བུ་དེའི་ནང་ན་མི་ལ་ལ་ཞིག་གཙང་གདང་བའི་ཆོས་ཡིག་འཆད་པ་ཡོད་ན་མི་དེ་ལ་ཡང་རི་མོ་གུས་ཏེ། གཙང་གདང་བའི་ཚུལ་ཁྲིམས་འཛིན ་པའི་དགེ་སློང་ལ་ཡང་ཡང་ཞིང་འདུས་སོ། ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མུར་འདུག་གི་ཆོས་ཀྱི་ཡི་གེ་ལ་ནི་ཡང་དག་པའི་ཚིག་བདེན་པ་མེད་དེ། ཆོས་ཀྱིས་དྲེགས་ཤིང་ལེ་ལོ་དང་མཐོང ་ཞིང་རང་ཆེ་འདོད་པའི་རིགས་སོ། ། ཅིའི་ཕྱིར་ཞེ་ན། དོན་དེ་ནི་སྐྱོ་བྲལ་བའི་མིའི་ཕྱིར་མ་ཡིན། སྟོང་པ་ཞི་བའི་མིའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པ་མིའི་མ་ཡིན། མི་དེས་ཡིད ་ཆེས་པ་ལ་སོགས་པ་རྩ་བ་ཞིག་ཉམས་པས་ན། གནས་སོ་ཅོག་ལེགས་པའི་དོན་ཡོད་པར་ཡིད་མི་ཆེས་པ་ནི་མ་ནིང་དང་མཚུངས་ཏེ། མི་གཞན་ཀུན་ལ་བདག་དང་མཚུངས་ཞེས་ཟེར་རོ།། ་ཤཱ་རིའི་བུ་དམུས་ལོང་གིས་ཁ་དོག་རྣམས་མི་མཐོང་བ་དང་མཚུངས་སོ།། དེ་ནི་ནག་པོ་ཁ་དོག་དཀར་པོའི་ཁ་དོག་སྟེ། དཀར་ནག་གི་ཁ་དོག་མཐོང་བ་མ་མཐོང་ངོ་།། བཟང་པོའི་ཁ་དོག་མ་མཐོང ་ངོ་། ། མི་སྡུག་པའི་ཁ་དོག་ཀྱང་མ་མཐོང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་རྨ་མཐིང་ཁའི་ཁ་དོག་ཀྱང་མི་མཐོང་། རིང་ཐུང་སྦོམ་ཕྲ་ལ་སོགས་པ ་གཟུགས་མི་མཐོང་། སྐར་མ་ཉི་ཟླ་མི་མཐོང་བ་མ་མཐོང་བ་དེ་ལྟ་བུའི་མི་ལོང་བས་ཐལ་བྱུང་སེམས་འདི་སྙམ་བྱས་སོ།། དཀར་ནག་གི་ཁ་དོག་མེད། དཀར་ནག་གི་ཁ་དོག་མཐོང་བ་མེད། བཟང ་པོ་དང་མི་སྡུག་པའི་ཁ་དོག་བྱས་པ་མེད། སྔོན་པོ་དང་། སེར་པོ་དང་། རྨ་དང་། མཐོན་མཐིང་ཁ་དང་། རིང་ཐུང་ཕྲ་སྦོམ་དང་། ཟབ་མི་ཟ་བ་དང་། ཉི་ཟླ་དང་སྐར་མའི་ཁ་དོག་མེད ་ཉི་ཟླ་སྐར་མ་མཐོང་བ་མེད་པས་ན་གཞན་ཀུན་ཀྱང་བདག་དང་མཚུངས་སྙམ་དུ་འཛིན་ཏོ། ། མི་དམུས་ལོང་གི་སེམས་ཕྱིན་ཅི་ལོག་པས་གནས་སོ་ཅོག་ཐམས་ཅད་ལ་མུན་གནས་ཆེར་ཟེར་རོ།། ཤཱ ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལེ་ལོ་པར་སྐྱེས་པའི་མི་མུར་འདུག་བཤད་པར་ལྷུང་ངོ་། ། དགེ་སློང་ཡང་དེ་དང་མཚུངས་ཏེ། སངས་རྒྱས་ཀྱིས་ཟབ་མོ་ཆོས་ལ་སེམས་ཡིད་མ་ཆེས ་མ་དད་དོ། ། ཁོང་དུ་ཆུད་པར་མ་ནུས་སོ།། ཆོས་ས་ཅག་སྲུང་ཞིང་ཅིའང་མེད་པ་ཟོས་ན་ཡིད་མི་ཆེས་མ་དད་དོ།། ཁོང་དུ་ཆུད་པར་མ་ནུས་སོ།། ཤཱ་རིའི་བ ་གཞན་བཞིན་དུ་ཁྱེད་ལ་སོགས་པ་ཡང་ལོག་པའི་དབྱིངས་སུ་ལྷུང་དྲང་པོའི་ཆོས་མི་ཐོབ་ཀྱིས་དོགས་སོ། ། དྲང་པོའི་ཆོས་འདི་སྤྱོད་པའི་མིང་ཡང་དག་པར་བདེན་པའི་དགེ་སྦྱོང་ཞེས་བྱའོ།། ་ཁྱོད་ཀྱིས་ཐོབ་བོ་ཅོག་ལ་མི་ཆེས་ཡིད་མི་ཆེས་པ། དཔེར་ན་དམུས་ལོང་ན་རེ། དཀར་ནག་ལ་སོགས་པའི་ཁ་དོག་མེད་ཅེས་ཟེར་བ་དང་མཚུངས་སོ།། ཤཱ་རིའི་བུ་མི་དེས་དེ་ལྟ་བུའི་ལོག་པའི ་དབྱིངས་སུ་ཞུགས་ཏེ། མུར་འདུག་གི་བཤད་པ་བཙལ་ནས་མང་པོའི་འཛིན་པའི་ཚིག་སྲེད་དེ། མྱ་ངན་འཁྲུག་པའི་རང་བཞིན་ངན་པ་དང་། ཆོས་ངན་པ་སྐྱེས་ཤིང་འཕེལ་ཏོ།། མི་ངེས ་ཆོས་སོ་ཅོག་སྟོང་ཡང་ཡིད་ཆེས་པར་མི་འགྱུར་ན། ཁོང་དུ་ཆུད་པ་ལྟ་སྨོས་ཀྱང་ཅི་དགོས་ཤཱ་རིའི་བུ་ཁྱོད་ཀྱིས་འདི་ལ་ཇི་སྙམ། ཝས་སེང་གེ་ལྟར་བྱས་ན་བསྒྲགས་ཟིན་ཏམད་བསྒྲག ་གམ་ཕྱིས་བསྒྲག་གམ། སེང་གེའི་འགྲོས་བྱས། ད་འགྲོ་བ་དང་། ཕྱིས་འགྲོ་བ་དང་། འགྲོས་ཟིན་པ་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ།། ཅིའི ་ཕྱིར་ཞེས་བགྱི་ན། ཝའི་ཁ་དོག་དང་། སྟོབས་དང་། སྒྲ་སྐད་སེང་གེ་ཙམ་མི་ཕོད་དོ།། ཝ་ས་ནི་ཝའི་སྒྲ་འབའ་ཞིག་བགྱི་ནུས་སོ།། སྒྲར་ཞིག་བགྱིར་བཏབ་ན། ཝའི་སྒྲ ་འབའ་ཞིག་འབྱུང་སྟེ། སེང་གེའི་སྒྲ་མ་ལགས་སོ།། དེ་ཡིན་ནོ།། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལེ་ལོར་ཡར་སྐྱེ་བའི་དགེ་སློང་ནི་རང་དམ་པ་ཡིན་སྙམ་འཛིན་ཏོ།། ཆོས ་འཆད་པ་མི་གཙང་བ་ནི་འཇི་གེ་ན་ཛིའི་བཤད་པ་མནོས་ཏེ། དོན་གཅིག་ལ་ཆགས་ཏེ་དམ་དུ་གཟུང་སྟེ་མ་བཏང་ངོ་།། འཇིག་རྟེན་གྱི་ཁེ་ལ་བརྐམ་ཞིང་རིན་ཆེ་སྟེ། ཐ་མལ་པའི་ཡི་གེ་ལ་ཀློག ་པ་ལ་སྲེད་པས་ཆོས་སོ་ཅོག་གི་བདེན་པ་ཁོང་དུ་ཆུད་པར་ནུས་སོ། ། མཚན་མ་མེད་པའི་ཆོས་ལ་ཡིད་ཆེས་ཤིང་ནོད་ནུས་ཤེ་ན། བདེན་པ་ཡང་མེད་དོ།། ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་ལོ་གྲངས ་ཀྱིས་རྒན་ཞིང་ལེགས་པ་ཡོད་ལ་དགེ་སློང་གི་ནང་ན་ཀླུ་སྟེ། ཤེས་རབ་ཟབ་མོ་ཡོད་ལ་དེ་ལྟ་བུའི་མིས་ཅིའང་མེད་པ་ཉིད་ཀྱིས་མཚན་མ་སྟོང་པའི་ཆོས་བདག་ཏུ་ལྟ་བ་མེད་པ་དང་། གང་ཟག ་མེད་པའི་ཆོས་ལ་ཡིད་ཆེས་པར་ནུས་སོ། ། ཇི་ལྟ་ཞེ་ན། མི་དེ་མང་པོ་འཛིས་པའི་ཚིག་གོ་ཅོག་དང་དགེ་འདུན་ལ་མི་སྲེད་དོ།། ཆོས་ཡིག་ཀློག་པ་དང་། གཉིད་ཀྱིས་ལོག་པ་དང་།། དོན ་མང་པོ་ལ་མི་སྲེད། ། གོས་སྐྱ་བོ་ཅན་འཚོ་ན་མ་དང་དོན་མི་བྱེད་དོ།། ཕོ་ཉར་མངག་ཅིང་ཡི་གེ་ཁྱེར་ཞིང་སྐྱེལ་བ་མི་བྱེད། སྨན་གྱི་ཆོས་མི་བྱེད། སྨན་དཔྱད་མི་ཀློག། ཚོང་སྤོགས་མི ་ད། འཇིག་རྟེན་གྱི་ཚིག་བརྗོད་ཅིང་སྨྲ་བ་ལ་མི་སྲེད་དོ།། འཇིག་རྟེན་ལས་འབྱུང་བ་བཤད་པ་འབའ་ཞིག་ལ་དད་ཅིང་དགའའོ།། མི་ཆོས་སོ་ཅོག་སྤོང་བར་ཡིད་ཆེས་པར་ནུས་ཏེ། ཆོས་སོ ་ཅོག་མེད་ཅིང་མི་ལྡན་མི་འཇུག་གོ། མི་དེ་ལྟ་བུས་ན་གདོད་ཡང་དག་པའི་བདེན་པ་དབྱིངས་སུ་གྲུབ་པར་ནུས་ཏེ། བདེན་པ་བཞིན་གྱི་ཡང་དག་པའི་སེང་གེའི་སྒྲ་ནུས་ཏེ ་ཝའི་སྒྲ་མ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་ཐ་མའི་ཡི་གེའི་གཞུང་ལ་ཆགས་པ་ཞིག་ཡོད་ན། མི་དེས་སངས་རྒྱས་ཀྱི་ཟབ་མོ་དམ་པའི་མཆོག་བཏང་སྟེ། མུར་འདུག་གི་ཆོས ་ཁ་ཏོན་དང་གཟུངས་སུ་འཛིན་པ་ཞེས་བྱའོ། ། ཕལ་མང་པོའི་ཕྱིར་བཤད་ནའང་ཝའི་སྒྲ་འབའ་ཞིག་ཟེར་རོ།། ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་ནི་མིང་རུལ་ཞིག་པའི་དགེ་སློང་ཞེས་བྱའོ།། ཅིའི་ཕྱིར ་ཞེ་ན། མུར་འདུག་གི་གཞུང་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ།། ཤཱ་རིའི་བུ་མུར་འདུག་གི་ཆོས་ལ་ཆགས་པའི་དགེ་སློང་ནི་བདག་རང་སངས་རྒྱས་ཀྱི་སློབ་མ་ཡིན་ཞེས་བརྗོད་པའི ་མི་རིགས་སོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་ཤཱཀྱའི་བུ་ནི་འཇིག་ན་ཇིའི་ཆོས་མི་འཆད་དེ། ཕལ་མང་པོའི་ནང་དུ་སངས་རྒྱས་ཀྱི་ཆོས་འབའ་ཞིག་འཆད་དོ།། མི་ལ་ལ་ཞིག་མི་གཙང་བའི་ཚིག ་ལ་ཆགས་ན་སེང་གེའི་སྒྲ་དབྱངས་ཀྱང་ཝའི་སྒྲ་སྐད་དུ་གྲགས་ཏེ། མི་དེ་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་གཞུང་ཤེས་པར་མི་ནུས་སོ།། ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ།། མི་ལ ་ལ་ཞིག་ཚུལ་ཁྲིམས་འཛིན་པ་དང་། བསམ་གཏན་ཐུབ་པ་དང་། ཤེས་རབ་མཆོག་ཚང་སྟེ་མི་འཇུག། མི་བརྐམ། ཞེ་སྡང་གཏི་མུག་གིས་མ་ཞེ་ན། གཙམ་སྒྱུ་མི་བསྲེལ། ངན་པས ་སྐྱེས་པའི་སེམས་ཡོད། ཡང་དག་པའི་བདེན་པའི་ཚིག་སྨྲ་ཞིང་རྟག་པར་འབའ་ཞིག་གནས་ལ་སྲེད། སྟོང་པ་མཚན་མེད་པ་དང་། སྨོན་པ་མེད་པ་དང་། འགོག་པ་མེད་པའི་སྤྱོད་པ་ལ་སྲེད་དོ།། ་ཟབ་མོ་འདོད་པའི་སེམས་སྐྱེས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་གཞུང་ཤེས་པ་བཙལ་ནས་འཇིག་རྟེན་གྱི་ཚིག་ལ་ནི་མི་དགའ། འཇིག་རྟེན་ལས་འབྱུང་བའི་ཚིག་ལ་དད་དེ། ཚུལ་ཁྲིམས ་རྣམས་རྫོགས་པར་བཟུང་ནས་དོན་ངན་པ་ཐམས་ཅད་ངན་པའི་བཤེས་གཉེན་ཀུན་བསྲིངས་སྤངས་ཏེ། དེ་ལྟ་བུའི་ཆོས་ལ་གནས་པས་སྟོང་པས་ཅིའང་མེད་པའི་ཆོས་ཤེས་པར་ནུས་སོ།། ཅིའི ་ཕྱིར་ཞེ་ན། ཤཱ་རིའི་བུ་སྤྱད་པ་དེའི་མིང་ནི་མི་ཆེན་པོའི་སྤྱོད་པ་ཞེས་བྱ་སྟེ། གསོ་བའི་ཁེ་ལ་བརྐམ་ཞིང་སྲེད་པའི་ཁེ་མ་ཡིན་ནོ།། གཏི་མུག་བླུན་པོ་མི་ཐ་མལ་པའི་སྤྱོད་པ་མ་ཡིན་ནོ།། སུན ་བྱུང་ཞིང་ཞིག་པའི་དགེ་སྦྱོང་པོ་སྤྱོད་པ་མ་ཡིན་ནོ། ། དཀའ་ཐུབ་ཀྱི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ།། སྒྱུ་མའི་ངའི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ།། ཤཱ་རིའི་བུ་ཆོས་སོ་ཅོག་གི་བདེན་པའི་མཚན ་མའི་མཐའ་ཡུན་དུ་སྟོང་པ་ཉིད་སངས་རྒྱས་ཀྱི་ལམ་ཡིན་ཏེ། འཇིག་རྟེན་གྱི་ནོར་ཁེ་ལ་སྲེད་པ་དང་། ཆོས་ཀྱི་གཙང་བ་ཐོབ་པ་མི་ནུས་སོ།། ཤཱ་རིའི་བུ་དེའི་མིང་ནི་ཤེས་རབ་ཆེན་པོའི་ས་ཞེས ་བྱ་སྟེ། མུར་འདུག་ལ་བསམ་སྲེད་པའི་ཆོས་ལ་མ་ཡིན་ཏེ། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་འཆད་པའི་ས་མ་ཡིན་ནོ།། ཤཱ་རིའི་བུ་བདེན་པར་བདག་ཏུ་ལྟ་བ་ཡོད། གང་ཟག་ཏུ་ལྟ ་ཁ་བོད་དུ་ཟིན་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་འཆད་པ་ལ་བདེན་པའི་མཚན་མ་ཡོད་པའི་རིགས་ཀྱིས་བདེན་པ་བཞིན་དུ་འདྲི་བའི་རིགས་སོ།། བདག་ཏུ་ལྟ་བ་ཡོད་དུ ་ཟིན་ན། ཁ་དོག་ཇི་ལྟ་བུ་ཡིན། སྔོན་པོ། སེར་པོ། དམར་པོ། དཀར་པོ་འམ། ལུས་ཀྱི་ནང་ན་འདུག་གམ། ལུས་ཆུབ་པར་འདུག་གམ། མར་གསོ་མ་ལ་འདུག་པ་དང ་མཚུངས་སམ། ཤཱ་རིའི་བུ་གསོ་མའི་ནང་ན་མར་ཡོད་པའི་ནི་འབྱུང་དུའང་རུང་། བསྟན་དུའང་རུང་། བདག་ཏུ་ལྟ་བ་ནང་ལོག་ན་འདུག་ཏུ་ཟིན་ན། བདག་ཏུ་ལྟ་བ་ཡོད་པར་འཆད་པས་བཤད ་བའི་རིགས་བསྟན་པའི་རིགས་ཏེ། གསོ་མའི་ནང་ནས་མར་འབྱུང་ཞིང་མར་བསྟན་པ་དང་མཚུངས་སོ།། མཆོག་གི་གཞུང་གི་ནང་ན་བདག་ཏུ་ལྟ་བ་བཙལ་ཀྱང་རྙེད་པར་མི་རུང་ངོ་།། དེ་ལྟ་བས ་ན་ཤེས་པར་བྱོས་ཤིག། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བར་འཆད་པའི་མི་དེ་ལ་དགེ་སྦྱོང་གི་ཁྲིམས་ཀྱང་མེད་ན། དགེ་སློང་གི་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཤེས་པར ་བྱོས་ཤིག། ལོག་པ་ལ་འདོད་ཆགས་པ་ནི་བདག་ཏུ་ལྟ་བ་ལ་ཆགས། སེམས་ཅན་ལ་ཆགས། ཚེ་སྲོག་ལ་ཆགས་ཏེ་སྤྱི་བོའི་ཆོས་ལྷུང་ངོ་།། མི་དེ་དེ་ལྟ་བུར་ལོག་པ་ལ་འདོད་ཆགས་པས་ན། ་གསོ་བའི་ཁེ་ལ་བརྐམ་པའི་སེམས་ཀྱང་བསམ་མི་ནུས་ན། མྱ་ངན་འཁྲུག་པའི་ཞིབ་མོ་ལྷ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་སྟོང་པའི་ཁོང་དུ་ཆུད་པ་འདོད་ཆགས་པ་དང་། ཞེ་སྡང་གཏི་མུག་དང་། ་གསོ་ལྕེ་བཀབ་ཅེས་ཟེར་ན་བདེན་པ་ཡོང་མེད་དོ།། སྤྱི་བོས་ཆོས་སོ་ཡོང་མི་ལྷུང་ངོ་།། ཤཱ་རིའི་བུ་བདག་ཏུ་ལྟ་བའི་སེམས་ལ་ཆགས་པའི་ནི་སྲོག་ཡོད་ཅེས་ཟེར་བ་ནི། ཆེ་སྲོག་གི་རྒྱུ་རྐྱེན ་གྱིས་ན་གསོ་བའི་ཁས་དཀྲིས་ཏེ། ལམ་བསྒྲིབས་བཅད་དེ། ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའི་ནི་ངའི་ཆོས་ལ་ཁྱིམ་ནས་བྱུང་བ་སྟེ། ཆོས་སོང་མོད་ཀྱི། དེ་ལྟ་བུའི་མིག་ཏི ་མུག་གཙང་གདང་བའི་ནང་ནས་ནི་ཁྱིམ་ནས་བྱུང་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འཇི་གེ་ན་ཇིའི་ཁྱིམ་ནས་བྱུང་བ་ནི་ཀུན་ངའི་སེམས་ལ་ཆགས་ཏེ་ཐོབ་པ་ཡོད་པར་འཛིན་ཏོ།། ཤཱ་རིའི་བུ་ཐོབ ་པར་འཛིན་པ་ནི་ཐོག་མ་ཞེས་བྱ་བ་མེད་པའི་ཚེ་རབས་ཚུན་ཆད་རྟག་པར་དེ་ལྷ་མཐོང་བ་ཡོད་དེ། ཁྱིམ་ནས་བྱུང་དུ་ཟིན་ཀྱང་ཡོད་དེ་ཅིའི་ཆད་དོ།། དེའི་མིང་མུར་འདུག་གི་ཞར་ལས་ཁྱིམ་ནས་བྱུང་ཞེས་བྱའོ།། ། ་མིང་འཕགས་པའི་ཞར་ལས་ཁྱིམ་ནས་བྱུང་བ་ཞེས་མི་བྱའོ།། ཅིའི་ཕྱིར་ཞེ་ན། བཀབ་པའི་མིས་ཆོས་ཆེན་པོ་ལ་ཡིད་ཆེས་ཤིང་དད་པར་མི་ནུས་ཏེ། གཙང་གདང་བའི་ཆོས་ཆེན་པོ་ཡང་དག་པའི ་བདེན་པའི་འདུ་ཤེས་མེད་དོ། ། ཤཱ་རིའི་བུའི་ཆོས་བཤིག་པའི་སྡིག་ལྕི་བ་རྒྱུ་རྐྱེན་གྱིས་ཁ་ན་མ་ཐོ་བའི་ལྷག་མ་ཟད་པས་ཆོས་སོ་ཅོག་བདེན་པའི་མཚན་མ་ཡིད་ཆེས་ཤིང་ཤེས་པར་མ་ནུས་ཏེ། མི་དགེ་བའི ་ལས་གཡོས་ནས་བར་བར་ནི་དྲང་པོའི་འཕྲུལ་གྱི་ལམ་བརྒྱད་ལ་སྐུར། བར་བར་ནི་དགེ་སློང་ལ་ངན་པའི་སེམས་བསྐྱེད་དེ། དེའི་མི་བདེན་པའི་ཉེས་པ་བྱུང་སྟེ། བར་བར་ནི་ཚུལ་ཁྲིམས་བཤིག། ་མཐོང་བ་བཤིག། སྲོག་བཤིག། ཆོ་ག་བཤིག་ཅེས་ཟེར། བར་བར་ནི་གཞན་གྱི་ཉེས་པ་མ་མཐོང་བར་མི་བའི་ཡིན་མ་ཡིན་སྐྱེས་བར་བར་ཞེ་སྡང་ཕྲག་དོག་གི་སེམས ་རྟོག་པ་སྤྱད་དེ་གཞན་གྱི་ངན་པ་བཤད། བར་བར་ནི་སངས་རྒྱས་ཀྱི་ཆོས་ཡིག་གི་གཞུང་གི་ཚུལ་ཤེས་པར་མ་ནུས་པས་སངས་རྒྱས་ཀྱི་ཆོས་མ་ཡིན་ཞེས་ཟེར་རོ།། དེ་ལྟ་བུའི་མི་ཆོས་བཤིག་པའི་ལམ ་འབྱོར་འགྲུབ་པས་སངས་རྒྱས་ཀྱི་མཆོག་གི་གཞུང་ལ་སེམས་ཐོག་པ་མེད་པར་མ་ནུས་ཏེ། མི་འཇུག་མི་དགའ་འོ།། དེ་ལྟ་བུའི་སྡིག་ལྕི་བའི་ལན་གྱི་ལྷག་མའི་རྒྱུ་རྐྱེན་གྱི་བརྩོན་འགྲུས་སྤྱད་མོད་ཀྱི། ་འོན་ཀྱང་རྟེན་ཏོ་ཅོག་གི་མཚན་མ་ལེན་མ་ནུས་ན། སེམས་ལ་བཏགས་པའི་ལམ་གྱི་འབྲས་བུ་ཐོབ་པར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། གཅིག་ཏུ་ན་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ལ ་གནས་རྟེན་ཏེ། དེ་ལྟ་བུའི་ལྟ་བ་སངས་རྒྱས་མན་ཆད་ཀྱིས་ཀྱང་དེའི་རྩ་བ་ནི་ཕྱི་མོ་ཕྱིན་པར་སེམས་མི་ནུས་ན། ཉན་ཐོས་ལྟ་སྨོས་ཀྱང་ཅི་དགོས་ཤཱ་རིའི་བུ་དེ་ལྟ་བུའི་བརྐམ་ཆགས་པའི ་མི་དགེ་བའི་ལོག་པ་མཐོང་བ་ཡོད་ན། དེ་ནི་བདག་ཏུ་ལྦ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བའོ།། གཅིག་ཏུ་ན་མཆོག་གི་གཞུང་སྟོང་པ་ལ་སྤངས་སྐྲག ་ཅིང་དོག་པ་སྟེ། ། མི་དེས་སྔན་ཆད་ཀྱི་ཚེ་ལ་བཤིག་པའི་སྡིག་རྐྱེན་འབྱོར་འགྲུབ་སྟེ། མྱ་ངན་ལས་འདས་པར་ཆུད་དོ།། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བར་བཅད་པས་མྱ་ངན་འདས ་པར་ཆུད་ཅེས་ཟེར་ན། བརྫུན་གྱི་ཚིག་ཡིན་ཏེ། སངས་རྒྱས་ལ་སྐུར་བ་ཡིན་ནོ།། གཅིག་ཏུ་ན་ངའི་ཆོས་ཀྱི་ནང་ན་གཙང་གདང་བར་ཁྱིམ་བྱུང་སྟེ། ཐོབ་པར་ནུས་པ་ཞེས་ཀྱང་བྱའོ།། ་སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་བམ་པོ་བཞི་པ།། སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་གཙང་མ་མཐོང་བའི་ལེའུ་འོག་མའོ།། །། ཤཱ ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། ། ཐོབ་པ་ཡོད་དོ་ཅོག་ལ་ནི་མྱ་ངན་ལས་འདས་པ་མེད་དོ།། ཐོབ་པ་ཡོད་དོ་ཅོག་ལ་མྱ་ངན་ལས་འདས་པ་ཡོད་དུ་ཟིན་ན། དེ་ནི་སངས་རྒྱས་ཀྱི་རྣམས ་འཇིག་རྟེན་དུའང་མི་འབྱུང་ངོ་། ། ཕལ་ཐ་མལ་པ་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པར་ཆུད་དོ།། ཕལ་ཐ་མལ་པ་ཐམས་ཅད་ཀུན་ལ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཡོད་དོ།། ་ཀུན་ལ་ཐོབ་པ་འཛིན་པ་མེད་དེ། དེ་ཀུན་ལོག་པ་མཐོང་བ་ཡིན་ནོ།། ཤཱ་རིའི་བུ་ཁྱོད་ཀྱིས་རེ་ཞིག་ངས་ཇི་སྲིད་ལོན་ན་འབྱོར་པ་ལྟོས་ཤིག། ཐོབ་པ་དང་། མཐོང་བ་དང་། མཐོང་བ་ཡོད་དོ་ཅོག ་ནི་མཛངས་ཤིང་འཕྲུལ་པའི་སྤྱོད་པ་མ་ཡིན་ནོ། ། སངས་རྒྱས་རྣམས་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན་སངས་རྒྱས་བྱེད་པ་ཐོབ་པ་ཞེས་ལུང་མ་བསྟན་ཏོ།། ཤཱ་རིའི་བུ་ངས་དེ་ལྟ་བུ་སྤྱད་ན་འོན ་ཀྱང་ལུང་བསྟན་པ་མ་ཐོབ་ན། དེ་ལྟ་བུའི་མི་གཏི་མུག་གི་ཚུལ་ཁྲིམས་འཛིན་པ་དང་། མང་པོ་ཐོས་པ་དང་། བསམ་གཏན་དུ་ཐུབ་པ་ལ་སོགས་པ་འབའ་ཞིག་སྤྲད་དེ། བདག་ཏུ་ལྟ་བ་དང་། ་གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་སྐྱེས་པས་མ་ཐོབ་པ་ལྔ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ངས་བཤད་པ་ལ་དེ་ལྟ་བུའི་མིང་སྤྱོད་པ་ཞེས་ཀྱང་མི་བྱའོ།། ཅིའི་ཕྱིར ་ཞེ་ན། ཤཱ་རིའི་བུ་ཉིན་མཚན་དུ་དེ་ལྟ་བུའི་ལོག་པ་མཐོང་བ་ལ་འདོད་ཆགས་དེ་ཞི་བར་འདས་པ་མ་ཐོབ་བོ།། དེ་ལྟ་བུའི་གཏི་མུག་གིས་འདི་སྙམ་དུ་བདག་ལ་སོགས་པའི་ཅིའི་ཕྱིར་ནས་བདག་དང ་གང་ཟག་གི་ཆོས་མེད་པ་སྤྱོད་པ་སྦྱངས་ཏེ། མི་དེས་བདག་ལ་སོགས་པ་སྡུག་བསྔལ་མང་པོ་ཕུང་པོ་ཆོད་ཀྱང་རུང་སྲིད་ན་འདི་སྙམ་སེམས་བྱའོ།། ཤཱ་རིའི་བུ་ཐོག་མ་སྐྱེས་པ་ནས་ལོང་བའི་མི་ཁྱི་ཟ། ་བ་ལས་བྲོས་ཏེ། བྱོལ་ནས་མེའི་དོང་ཟབ་མོར་ལྷུང་བ་དང་མཚུངས་སོ།། ཤཱ་རིའི་བུས་སྨྲས་པ། མི་གཏི་མུག་གིས་དེ་ལྟ་བུར་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཐོབ་པ་ཡོད ་པར་མཐོང་བ་སྤྱད་པ་སྦྱངས་ཏེ། དེ་ལྟ་བུའི་མཐོང་བ་རྣམས་སྤྱད་དེ། གཙང་གདང་ན་འདོད་ཅིང་རེ་བ་ནི་མི་འདོད་ཅིང་ཆགས་པ་ལ་འབྲངས་ཏེ། དེ་ལྟ་བུའི་དོན་སྤྱད་པས་མྱ་ངན་ལས་འདས་པར་ཐོབ ་པར་འདོད་ན། ངས་མིང་མཐར་ལམ་ངན་པ་ལྷུང་ཞེས་བྱའོ།། ཤཱ་རིའི་བུ་དཔེར་མི་ལོང་བ་བཟང་མོ་ལ་བདེ་སྐྱིད་པའི་སེམས་སྐྱེས་པ་དང་མཚུངས་སོ།། དེ་ལྟ་བུའི་མི་གཏི་མུག་ཀྱང་བདག་དང་གང ་ཟག་ཏུ་ལྟ་བ་དང་། ཐོབ་པ་ཡོད་པར་མཐོང་བ་ལ་བདེ་སྐྱིད་པའི་སེམས་སྐྱེས་ཏེ། མི་དེ་ཉིན་མཚན་དུ་ཆགས་པ་ལ་འབྲངས་པས་བརྙས་བསླུས་ནས་སླར་དོན་དེ་ལ་ཆགས་ཏེ་ངའི་ཆོས་ཀྱི་ནང་དུ་ཡོན ་བླང་ནས། དེ་ལྟ་བུའི་མི་གཏི་མུག་ཉིན་མཚན་དུ་རྒུད་པའི་མྱ་ངན་གྱིས་ལམ་ངན་པའི་ནང་དུ་ལྷུང་ངོ་།། ཤཱ་རིའི་བུ་དཔེར་མི་སྤྱི་བླུགས་ཀྱི་རྒྱལ་པོ་ཆེན་པོ་དང་མཚུངས་ཏེ། བདག་གི་ཁམས་ཀྱི་ཡུལ ་གྱི་ནང་ན་བརྗིད་ཀྱི་སྟོབས་རང་དབང་སྟེ། མི་དེ་ལྟ་བུ་ཞིག་འཕྲོག་པའི་རིགས། མི་དེ་ལྟ་བུ་ཞིག་བཀོལ་བའི་རིགས་ཞེས་ཟེར་ཏེ། མི་ཕལ་གཞན་རྒྱལ་པོའི་ཡིད་དང་འགལ་ཏེ། རྒྱལ་པོ ་ཉེས་པ་ངན་པ་བརྗོད་ནས། མའི་སེམས་གྱེས་ཤིང་ཞིག་པས་མཁར་གྱི་རིམ་གྲོ་མ་ནུས་སོ།། ལོག་པར་བགྲོས་པ་རྒྱལ་པོས་མི་དེ་དག་དགྲ་ཆེན་པོ་ཡིན་པར་རིག་ནས། ཕལ་མང་པོའི་ནང་དུ ་རྔ་སྒྲ་ངན་པ་བརྡུངས་ཏེ་དེའི་ཉེས་པ་ཤིན་ཏུ་བཅོས་ནས་བསླད་དེ་འགོང་ཐོན་དུ་བྱུང་ངོ་། ། དེའི་སྙིང་ཉེ་བ་ཟད་ཀྱིས་བཙལ་ན་མཁར་གྱི་རིམ་གྲོ་བྱ་མ་ནུས་པས་ན་དེ་ལྟ་བུའི་སྡུག་བསྔལ་ཐོབ་བོ།། ཤཱ ་རིའི་བུ་སངས་རྒྱས་ཀྱང་དེ་དང་མཚུངས་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤྱད་སྦྱངས་ཏེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་བྱས། ཆོས་ཀྱི ་ཡུལ་ས་བཟུང་གཟི་བརྗིད་ཀྱི་མཐུ་ཆེན་པོ་ཡོད། སློབ་མ་རྣམས་ཀྱི་ནང་ན་ཆོས་ཀྱི་རོ་ཤེས་པ་ཡོད་དོ།། དེ་སྲོག་སྟོར་ལ་ཐུག་ཀྱང་ངས་བསྟན་པ་མ་ཉམས། ལྷ་དང་འཇིག་རྟེན་གྱི་མི་རྣམས ་ཀྱིས་གཞིག་ནུས་པ་མེད་དེ། བསྟན་པ་མནོས་པའི་ནང་ན་བདག་ལ་ངན་ཅིང་ལོག་པའང་མེད། གཞན་ལའང་མི་སྟོན་ཏོ།། དཔལ་གྱི་ནང་ན་གཟི་བརྗིད་ཀྱི་མཐུ་ཆེན་པོ་ཡོད་པས་རང་དབང་གི། ་ཆོས་བཙུགས་ཏེ། ཆོས་ཀྱི་མཁར་རིམ་གྲོ་བསྲུངས་ནས་དགྲ་ངན་པས་བཤིག་བྲལ་ཞིང་མི་ཆུད་པར་བྱས་སོ།། ཡང་དག་པར་གཤེགས་པའི་གསང་བའི་ཆོས་བཤད་པ་སམ ་ཟག་པ་ནས་མནོས་ཏེ། ཁོ་ན་མི་དགྲ་ཆེན་པོ་མཐོང་བའི་རྣམས་ལ་བཤད་དོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པའི་དི་ལྟར་བཞུགས་པས་ཆོས་ཀྱི་མཁར་རིམ་གྲོ་མཁས་ལ། སློབ་མ་ཆེན་པོ ་དེ་བཞི་ཤེས་རབ་ཟབ་ཅིང་རྒྱང་རིང་བ་ད་ལྟར་དེའི་ཆོས་ཀྱི་མཁར་ཞིག་རལ་མི་དོགས་སོ། ། ལ་ལ་ཞིག་ཆོས་ཀྱི་མཁར་ལ་བསྒྲིབས་ཤིང་བགེགས་བྱེད་ན། དགྲ་ཆེན་པོ་ཡིན་ཏེ། ཆོས་ཀྱི་མཁར ་བབཤིག་བྲལ་ལ་ངའི་ཆོས་གསང་སྐུར་ཏེ། མུར་འདུག་ལ་བཤད་དོ།། མི་རྟག་པར་ངའི་ཐད་དུ་འོངས་ཏེ་ང་དང་གཏམ་བྱས་ནས་དེ་ལ་ཆོས་བསྟན་ན། གསང་ཞིང་གཅེས་པ་མ་བཤད་ན་མི་དེས ་ཆོས་བསྟན་པ་བཙལ་བའི་ཕྱིར་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་མནོས་པས་ན། ངས་མི་དེས་ཕྱི་ས་ལ་མ་ཐོབ་པར་རིག་པར་ཤེས་པས་ཁྱིམ་ནས་བྱུང་བར་གནང་སྟེ་ཟླ་བ་བཞིའི་བར་དུ་སད་དོ།། ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཁར་གྱི་རིམ་གྲོ་བྱ་བའི་ཕྱིར་རོ།། གཅིག་མ་འོངས་པའི་དུས་ཀྱི་དགྲ་སླར་མི་སྡང་བར་བྱ་བའི་ཕྱིར་རོ།། དེ་ལྟ་བུར་ཡང་དག་པར་གཤེགས་པས་ཆོས་ཀྱི་མཁར་བསྲུང ་བ་མཁས་པས་གླགས་མི་རྙེད་པར་བྱ་སྟེ། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ནོད་ཅིང་སྔོན་གྱི་ནང་པ་ལོག་པ་མཐོང་བར་བྱས་སོ།། དགེ་སློང་ཕལ་མང་པོ་རྣམས་ཀུན་དགའ་གཞའ་སྟེ། ཁྱིམ་ནས ་བྱུང་བར་གནང་སྟེ། ཚུལ་ཁྲིམས་ནོད་པ་ཐོབ་ཟིན་ནས། ལྷ་དང་། མི་དང་། འཇིག་རྟེན་གྱིས་བསྐྱོད་ཅིང་བ་སྒྱུར་མི་ནུས་སོ།། ཤཱ་རིའི་བུ་གང་ལ་སོགས་པ་སད་དུ་རུང་བ་ཞེས་བྱས་ན ་ནི་མུར་འདུག་གི་མིང་དང་མུར་འདུག་གི་ཆོས་ལ་སྲེད་པའོ། ། ཤཱ་རིའི་བུ་གང་ལ་སོགས་པ་མུར་འདུག་གི་ཆོས་ལ་སྲེད་པ་ཡིན། དེ་ནི་ཐོབ་པ་ཡོད་པ་དང་། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ ་དང་། སེམས་ཅན་དུ་ལྟ་བ་དང་། ཡོན་པོ་ལ་འདོད་ཆགས་པ་དང་། ཉིད་ཀྱི་མཚན་མ་སྟོང་པའི་ཆོས་ལ་ཐེ་ཚོམ་གྱིས་སེམས་སྐྱེ་བ་དང་། ཡོན་པོ་སྒྱུ་མ་མི་བདེན་པའི་སེམས་སྒྱུ་མའི་ཆོས་རྣམ་པ ་མང་པོ་མནོས་པ་སྤྱད་དེ། མཆོག་གི་གཞུང་སྟོང་པར་འཇུག་མི་ཕོད་ཅིང་ཡོན་པོའི་ལམ་རྣམས་སྤྱད་པ་སྟེ། མི་དེའི་མིང་མུར་འདུག་གི་ཆོས་ལ་སྲེད་པ་ཞེས་བྱའོ།། ཤཱ་རིའི་བུ་སད་དུ་མི་རུང་བར ་ནི་ཁ་དོག་རྣམ་པ་མང་པོ་སྤྱོད་པ་མི་གོས་སྐྱ་བོ་ཅན་ཡང་རུང་། ཆོས་གོས་བགོས་པའང་རུང་། དེ་ལྟ་བུའི་མི་བདེན་པ་ཐོབ་པ་ཡོད་པར་མཐོང་བ་ཀུན་གྱིས་མིང་མུར་འདུག་ཅེས་བྱའོ།། ངའི་ཆོས ་ཀྱི་ནང་ནས་ཁྱིམ་ནས་བྱུང་བ་ལ་ཚུལ་ཁྲིམས་མནོས། དེ་ལྟ་བུའི་མི་ནི་སད་པའི་རིགས་སོ།། ཅིའི་ཕྱིར་ཞེ་ན། ཐོབ་པ་ཡོད་པར་འཛིན་པ་ནི་ངའི་ཆོས་ཀྱི་ནང་ན་ལོག་པ་ལ་ལྟ་བ་ཡིན་ཏེ། དེའི་མིང ་དགྲ་ཆེན་པོ་ཞེས་བྱའོ། ། འཇིག་རྟེན་ཐམས་ཅད་ཀྱི་ནང་གི་ལྷ་དང་མིའི་དགྲའོ།། དེའི་མིང་འཇིག་རྟེན་ཐམས་ཅད་ཀྱི་དགྲ་སྡང་བ་སྟེ། སངས་རྒྱས་རྣམས་ཀྱི་དགྲ་ཆེན་པོའོ།། ཤཱ་རིའི་བུ་ལོན ་པལ་ལྟ་བའི་མི་དེ་ངས་ཀྱང་ཁྱིམ་ནས་བྱུང་ཞིང་ཚུལ་ཁྲིམས་ནོད་དུ་མ་གནང་ངོ་། ། ཤཱ་རིའི་བུ་ཆོས་སོ་ཅོག་ཐམས་ཅད་ལ་བདག་ཏུ་ལྟ་བ་མེད་དོ།། མི་ལ་ལ་ཞིག་གིས་དེ་ལ་བཟོད་པ ་སྐྱེ་བ་དང་། ཆོས་སོ་ཅོག་སྟོང་པ་དང་། བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་པར་མི་ནུས་ཤིང་ཤེས་པར་མ་ནུས་ལ། ངའི་ཆོས་ཀྱི་ནང་དུ་ཡོན ་ལན་ལ་མིང་མི་གཙང་བ་ཞེས་བྱ་སྟེ། མི་དེས་སངས་རྒྱས་ལ་ཡོན་ལེན་མི་འབུལ། ཆོས་ལ་ཡོན་མི་འབུལ། དགེ་འདུན་ལ་ཡོན་མི་འབུལ་བར་ནན་གྱིས་ངའི་ཆོས་ལ་ཞུགས་ཏེ་ལུས་ནི་དགེ་སྦྱོང ་ཡིན་ལ། སེམས་ནི་མུར་འདུག་ཡིན་ཏེ། ཆོས་རྐུ་བའི་མི་ཞེས་བྱའོ།། ཤཱ་རིའི་བུ་མ་འོངས་པའི་དུས་ན། དགེ་སྦྱོང་ཞིག་ཡོད་པ་ལུས་མི་འཆོས། ཚུལ་ཁྲིམས་མི་སྤྱོད། སེམ་སོ ་མི་འཆོས་ཤེས་རབ་མི་སྤྱོད་དེ། ཡང་དག་པར་གཤེགས་པས་བཤད་དོ་ཅོག་དང་། ཡང་དག་པར་གཤེགས་པས་སྤྱོད་དོ་ཅོག་ལའང་གཤེའོ།། བརྙས་སོ།། ཡང་དག་པར་གཤེགས་པ ་ནི་རྟག་པར་མཆོག་གི་གཞུང་གི་སྟོང་པ་ལ་རི་མོ་གུས་ཤིང་ཡོན་གསོལ་ཏེ། རྟག་པར་སྤྱོད་ལ་སྲེད་ན། དགེ་སློང་དེ་རྣམས་ཀྱིས་ཡང་དག་པར་གཤེགས་པས་ཡང་དག་པའི་དབྱིངས་མཐའ་ཡུན་དུ་སྟོང ་པའི་ཆོས་སྤྱོད་པ་ལའང་བརྙས་ཤིང་གཤེའོ། ། ཤཱ་རིའི་བུ་དེའི་ཚེ་དགེ་སློང་ལ་ཉོན་མོངས་པའི་ལས་སྤྱོད་པ་ཡོད་ན། ཡང་ཀུན་གྱིས་བརྙས་ཏེ་གཤེའོ།། ད་ངའི་སློབ་མ་སྟོང་པ་སྤྱོད་པ་ཡོད་ན ་དགའ་བོ་ཞེས་བསྟོད་དེ། དེའི་ཚེ་མི་དེ་སྟོང་པ་སྤྱོད་པ་ལའང་བརྙས་ཏེ། མི་སྲིམ་མཁྲང་བ་འབའ་ཞིག་གིས་དོན་ཚོལ་ལོ།། བདག་ཏུ་ལྟ་བ་ཡོད་པ་དང་། ཆོས་སོ་ཅོག་ཡོད་པ་སྤྱད་དེ། དེ་ལྟ ་བུ་ལ་སོགས་པའི་དོན་གྱིས་ཕལ་གྱིས་སེམས་དགའ་བར་བྱས་སོ། ། ལ་ལ་ཞིག་གིས་ཆོས་སོ་ཅོག་སྟོང་པར་བཤད་ན། མི་དེ་ལའང་བརྙས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ནི་དེ་བཞིན ་པའི་རིགས་ཏེ། སེམས་ཀྱི་དགེ་བའི་རྩ་བ་ཆད་དུ་བྱེད་ནི་ཕྱི་མོ་གཟུགས་མངོན་པར་བྱུང་ངོ་།། ཡང་དག་པའི་བདེན་པ་དམ་པའི་ཆོས་འཇིག་རྟེན་དུ་འདུག་ན་གནོད་པ་མེད་དེ། དཔེར་ན་གཏི་མུག་གིས ་སྤོས་ཙན་དན་དང་། ཤིང་ངན་པ་གཉིས་འདྲ་བར་འཛིན་པ་དང་མཚུངས་སོ།། ཤཱ་རིའི་བུ་སངས་རྒྱས་བསོད་སྐྱབས་ཀྱིས་བཤད་པ། མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི ་སློབ་མ་རྣམས་ཀྱིས་གསོ་བའི་ཁེའི་ཕྱིར་གོས་སྐྱ་བོ་ཅན་རྣམས་ལ་མཆོག་གི་གཞུང་སྟོང་པ་བཤད་ན། དེའི་ཚེ་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་གཏི་མུག་མང་པོས་མ་མནོས་ཏེ། ལོག ་གལ་ནས་ཡིད་མི་ཆེས་ཤིང་སླར་འཕྱ་སྐུར་ནས་བསོད་ནམས་ཆེན་པོ་སྟོར་ཏོ། ། རྒྱུ་རྐྱེན་འདི་ལྟ་བུ་སྤྱད་པས་ན་མཐའ་ལ་མ་ངན་པར་ལྷུང་ངོ་།། ཤཱ་རིའི་བུ་དེའི་ཚེ་འགལ་བ་མང་པོ་ཡོད་དོ།། ་རྩོད་པ་འཆད། བདག་ཏུ་ལྟ་བ་འཆད། གང་ཟག་འཆད། སེམས་ཅན་འཆད། ཆེར་འཛིན་པ་འཆད། སྲོག་ཏུ་འཛིན་པ་འཆད་དོ།། དགེ་བའི་ཆོས་ཉུང་ངུ་བྱེད་པས་གསོ་བའི ་འབའ་ཞིག་ལ་སྲེད་དོ། ། བདེན་པ་བར་གཏི་མུག་ཡོད་ན། རང་ན་རེ་ཤེས་རབ་ཡོད་ཅེས་ཟེར་རོ།། གཅིག་ལ་གཅིག་ལོག་འགལ་ཏེ་རྟག་པ་འཐབ་རྩོད་ཅིང་དོན་ཡོད་པ་ལ་གཅོད ་པ་སྲེད་དོ། ། ཁོ་ན་དང་ཕྲག་དོག་གི་སེམས་སྐྱེས་ནས། མི་དེས་དགེ་སློང་གི་སེམས་བཏང་སྟེ། གསོ་བའི་ཁེ་འབའ་ཞིག་ཚོལ་ལོ།། འཚོ་ནམ་གྱི་དོན་མང་པོ་ལ་སྲེད་དེ། སྦྱར་བ་གཅིག་པུ ་མ་ཡིན་ནོ། ། རྟོག་པར་མི་གཞན་གྱི་གཡོ་འཚང་འཚལ་བ་ལ་སྲེད་དེ། རང་གི་ཉེས་པ་སྦུབས་ནས་ལེགས་པའི་དོན་བརྗོད་ཅིང་བཤད་དོ།། ད་ལྟར་གྱི་དགེ་སློང་གི་ལེགས་པའི་དོན་སྦས་བཅབས་ཏེ་རང ་གིས་ཉེས་པ་ངན་པ་བྱུང་ངོ་། ། དེ་ཙམ་གྱི་ཚེ་ཀུན་གྱིས་ཚུལ་ཁྲིམས་པས་བསྲུང་ཞིང་གཟུང་མི་ནུས་ཏེ། ཁོང་དུ་ཆུད་པ་མེད་དོ།། གཞུང་གི་བསོད་ནམས་བཤིག་སྟེ། ཆོས་སོ་ཅོག་མི་འགྱུར་ཞིང ་ཉིན་མཚན་སྟོང་པ་ལ་ཇི་ལྟ་བུར་བྱ་མི་ནུས་ཞེས་འཛེར་ཏོ། ། རྩེད་མོ་བྱེད་པའི་མི་འདར་རས་པ་བསྒྱུར་ཅིང་བསྟན་པ་མང་པོ་བྱས་ནས། ཅིའང་ཤེས་པ་མེད་པས་མཐོང་ན་ཤིན་ཏུ་བགད་དོ།། ་ཅིའི་ཕྱིར་ཞེ་ན། རྩེད་མོ་ཆོས་མི་ཤེས་པས་འཐབ་སྟེ་ངོ་མཚར་སྐམ་སྟེ། ཡོད་དཀོན་པའི་སེམས་སྐྱེས་ནས། སྔངས་དོག་སྟེ་ཆེར་བགད་དོ།། དེ་ལྟ་སྟེ། ཤཱ་རིའི་བུ་དེའི་ཚེ་ཡང་དག ་པའི་བདེན་པའི་དགེ་སློང་གིས་སྟོང་པ་ཞི་བའི་ཆོས་འཆང་ན། སྲོག་གསོ་བའི་ཁེ་ཚོལ་བ་ཀུན་གྱིས་ཁྲེལ་ཏེ་བཤད་དོ།། ཅིའི་ཕྱིར་ཞེ་ན། མི་དེས་སངས་རྒྱས་ཀྱི་ཆོས་ཀྱི་གཞུང་མ་རིགས་པས ་སྟོང་པའི་ཆོས་བཤད་པ་ཟོས་ནས། སྔངས་དོགས་ཤིང་འཇིགས་སྐྲག་གོ།། ཤཱ་རིའི་བུ་ཁྱོད་ཀྱིས་མི་འདི་ལ་ལྟོས་དང་། བདེ་སྐྱིད་པའི་གནས་ལ་རྒུད་པའི་མྱ་ངན་སྐྱེས་སོ།། རྒུད་པའི་མྱ ་ངན་གྱི་གནས་ལ་ནི་བདེ་སྐྱིད་པའི་སེམས་སྐྱེས་ཏེ། མི་དེ་ཕྱིན་ཅི་ལོག་པས་དག་པའི་ཆོས་ནི་ལོག་པར་སྤྱད། ངན་པའི་ཆོས་ནི་མ་ལོག་པར་སྤྱད་དོ།། ཤཱ་རིའི་བུ་དེ་ལྟ་བུའི་མི་གཏི་མུག་ལ་སེར ་སྣ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་པར་མངོན་ནོ།། ཤཱ་རིའི་བུ་མི་ལ་ལ་ཞིག་དེ་ལྟ་བུར་ངན་པ་ལོག་པ་མི་དགེ་བ་འདོད་ཆགས་ན། དེ་ནི་བདག་ཏུ་ལྟ་བ་ལ་ཆགས ་གང་ཟག་ལ་ཆགས། ཚེ་སྲོག་ལ་ཆགས་ཏེ། མི་དེ་ལྟ་བུ་ནི་བརྒྱ་སྟོབ་འབུམ་གྱི་སངས་རྒྱས་ཀྱིས་འཁོར་ལོ་གསུམ་སྤྱད་དེ་མངོན་པར་བསྟན་ཀྱང་གོ་བར་བྱ་བ་དང་། ལམ་གྱི་འབྲས་བུ་ཐོབ ་བར་མི་ནུས་སོ། ། ཤཱ་རིའི་བུ་གཉིས་ན་རལ་གྲི་རྣོན་པོ་ས་ལྕེ་བཅད་ཀྱང་བླའོ།། གཞན་གྱི་དོན་མཐོང་བའི་རིགས་ཏེ། དེའི་ཉེས་པ་ཚུལ་ཁྲིམས་བཤིག་པ། མཐོང་བ་བཤིག་པ། སྲོག ་བཤིག་པ། ཆོ་ག་བཤིག་པ་མི་བརྗོད་དོ།། ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་སློང་དག་ཅིག་ཡོད་པས། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དགེ་བར་བསྲུངས་ན། མི་དེས་ལེ་ལོའི ་སེམས་བསྐྱེད་དེ། འདི་སྙམ་དུ་བསམ་པ་བྱས་སོ།། བདག་ནི་ཚུལ་ཁྲིམས་འཛིན་པ་ཡིན། མི་གཞན་ནི་དེ་ལྷ་མ་ཡིན་གྱིས། ཞན་ལ་བརྙས་སོ་ཞེས་སེམས་ལ་རི་མོ་གུས་པ་མེད ་དོ། ། བདག་ནི་མང་པོ་ཐོས་པ་ཡིན། པ་བི་ནི་མང་པོ་ཐོས་པ་མ་ཡིན་སྙམ་དུ་སེམས་སོ།། ཤཱ་རིའི་བུ་དེའི་ཚེ་ན་དགེ་སློང་ཚུལ་ཁྲིམས་འཛིན་པ་ཆེད་ཆེར་སེམས་པ་མང་། ་སྟེ། ཨ་ལན་ཞི་ལས་སྤྱོད་པ་མང་ངོ་།། ཚུལ་ཁྲིམས་དགེ་བར་བསྲུང་ནུས་ཏེ་བཤད་པ་བཞིན་དུའང་སྤྱོད་དེ་སེམས་འགྲུས་པར་ཆོས་ཡིག་བཀླགས་ནས། སངས་རྒྱས་ཀྱི་ཆོས་ལ་ཕྱག་འཚལ ་ལོ། ། དེ་ལྟ་བུའི་མི་ལ་སོགས་པ་མང་པོ་ཐོས་པ་སྐྱེས་པས། ཨེ་ལེན་ཞལ་ལྟོས་པས་ཞེ་སྡང་ལ་སྲེད་དེ། སེམས་རྟག་པར་དྲི་མ་རྟོགས་པས་ཟབ་ཏུ་འཇུང་བརྐམ་པ་དང་། ཞེ་སྡང་འདུག་པའི ་སེམས་ལ་བསྲེལ་ལོ། ། ཐེག་ཆེན་ཞིང་བླུན་པས་ཅིའང་ཤེས་པ་མེད་དེ། རྒྱུ་རྒྱན་ཆུང་ངུ་སྤྱད་པས་དོན་ཆེན་པོ་གཡོས་ཏེ་དེའི་ཞེ་སྡང་གི་སེམས་བཀབ་ནས། གཅིག་ཉེས་པ་གཅིག་ཕྱུང་སྟེ། ་ནི་ཚུལ་ཁྲིམས་བཤིག་པ་དང་། མཐོང་བ་བ་ཤིག་པ་དང་། སྲོག་འཤིག་པ་དང་། ཆོག་བ་ཤིག་པའོ།། ཤཱ་རིའི་བུ་དེ་ལྟ་བུའི་དགེ་འདུན་གྱི་ནང་ན་དགེ་དེས་པ་ཡོད་པས་སེམས་ལ་ལོག་པ་མད ་བར་ན་གནས་ཤིང་འདུག་ན། དེའང་ངན་པ་དེ་དག་གི་ནང་ན་འདུག་པས་གཅིག་ལ་གཅིག་སྐུར་བརྗོད་པས། འཐབ་རྩོད་མ་ཆད་དེ་བསམ་གཏན་འདུག་པ་དང་། ཆོས་ཡིག་ཀློག་པའང་བདེན་པ ་མཐོབ་ནས་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་ཡང་དཀྲུགས་བསྐྱེད་དོ།། དེ་ལྟའོ། ཤཱ་རིའི་དུས་དགེ་སློང་ལོ་གཅིག་ལོ་གཉིས་ལོ་གསུམ་ལོ་དགུ་འཐུག་པ་མང་དུ་ཡོད་ན། སྟེང་ན ་འདུག་པ་ལ་ཡང་ཞིང་བརྙས་ཏེ་རི་མོ་གུས་པ་མེད་དོ། ། མི་དེ་ཚུལ་ཁྲིམས་མནོས་པ་དགེ་སྦྱོང་སློབ་མའང་ཆོས་བཞིན་བྱེད་པ་མང་། མཁན་པོ་དང་ཨཱ་ཙརྱ་ལ་རི་མོ་གུས་པ་མེད་དོ།། ཤཱ་རིའི་བུ་དེའི ་དགེ་སློང་གཞོན་ནུ་དང་། སྔར་ཁྱིམ་ནས་བྱུང་བ་ལ་གནས་རྟེན་མེད་པ་གཅིག་གིས་གཅིག་བརྙས་ཡང་སྟེ། ལོ་བཅུ་ལོན་པའི་དགེ་སློང་ལ་སློབ་མ་ཕལ་བཅད་པའི་རྣམས་གཞན་གྱི་སློབ་མ་ཀུན་གྱིས་རི ་མོ་གུས་པ་མེད་དེ། ཆོ་གའི་ཆོས་བཞིན་དུ་མི་བྱེད་དོ།། ཤཱ་རིའི་བུ་དེའི་མི་ངན་པ་རྣམས་ཀྱིས་འདོད་ཆགས་ཞེ་སྡང་ཅོག་ཚང་བས་གཅིག་ལ་གཅིག་བརྙས་ཡང་སྟེ། རི་མོ་གུས་པ་མེད་ཅིང་གཅིག ་ལ་གཅིག་ལོག་འགལ་བས་ངའི་ཆོས་དེངས་སོ། ། ཤཱ་རིའི་བུ་དེའི་ཚེ་མི་གཏི་མུག་རྣམས་ཀྱིས་བཤིག་པའི་སྡིག་ལས་བསྐྱོད་པ་མང་པོ་སྡིག་བསྐྱོད་པས་མཐར་ལ་མ་ངན་པར་ལྟུང་ངོ་།། ཤཱ་རིའི་བུ ་ཁྱོད་ལངས་བྱེ་བྲག་ཕྱེད་པར་བསྒོའོ། ། རང་གི་བསོད་ནམས་བཙལ་དུ་ཟིན་ན། དགེ་སློང་དགེ་བ་ནི་དེའི་ཕལ་གྱི་ནང་ན་ཞག་གཅིག་ཀྱང་འཇུག་པའི་མི་རིགས་སོ།། དགྲ་བཅོམ་པ ་མྱ་ངན་ཆོས་ཟིན་པ་དང་། དགེ་སློང་ངན་པའི་དེར་དོན་ཡོད་པ་ནི་མ་གཏོགས་སོ།། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ཙམ་གྱི་ཚེའི་མི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འདུག ་པ་མདོ་སྡེ་མི་གསོན་པས། འཇིགས་སྐྲག་ཕོངས་གཏིང་ལ་ཐུག་པས་དགེ་བའི་བཙལ་ཏེ། རང་སོ་སོར་རི་དང་ཚལ་སྡོང་དབེན་པར་གནས་ཏེ་ཚེ་ཟད་ན་གཅན་གཟན་བཞིན་ཤིའོ།། ཤཱ ་རིའི་བུ་ཁྱོད་ལངས་བྱེ་བྲག་ཕྱེད་པར་བསྒོའོ། ། ངའི་ཡང་དག་པའི་ཆོས་འདིའི་འཇིག་རྟེན་ན་འདུག་པའི་རིང་པོ་མ་ཐོགས་སོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ལེགས ་པའི་དཔལ་གྱི་དགེ་བ་ཟིན་ཏེ་རྙོག་པའི་དུས་ཉེ་བ་ན་འདུག་གོ། ། བདག་གིས་བསོད་ནམས་བཙལ་དུ་ཟིན་ན་དགེ་སློང་དགེ་བས་འདི་ལྟ་བུའི་སྐྱོ་བའི་སེམས་བསྐྱེད་པའི་རིགས་སོ།། བདག་ནམ་ཞིག་ཇི་ལྟ ་བུར་ཆོས་ཞིག་འཁྲུགས་པ་མཐོང་ངོ་། ། འདི་ལྟ་བུ་དགེ་སྦྱོང་གི་ཚེ་དུས་ངན་པའི་བགེགས་ལ་བབ་པ་མཐོང་ན། བདག་གིས་བརྩོན་འགྲུས་པའི་སེམས་བསྐྱེད་དེ་མྱུར་དུ་ལམ་གྱི་འབྲས་བུ་ཐོབ་པར ་བྱའོ། ། ཤཱ་རིའི་བུ་ངའི་ཆོས་འདོད་ལ་དོན་དཀའ་བ་གཞན་མེད་དེ། གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨན་མི་བསམ་མོ།། ཁྱེད་ལ་སོགས་པ་ཅི་ནས་ཀྱང་སངས་རྒྱས་ཀྱི ་ལམ་གྲུབ་པར་སྤྱོད་ལ། འཇིག་རྟེན་གྱི་ནོར་གྱི་ཁེ་དང་ཡོན་རིན་ཆེར་མ་འཛིན་ཅིག། ཤཱ་རིའི་བུ་ཁྱོད་ལེགས་པར་ཉོན་ཅིག་དང་ངས་ཁྱོད་ལ་བསྒོའོ།། དགེ་སློང་ལ་ལ་ཞིག་གི་སེམས་གཅིག་ཏུ་ལམ ་སྤྱོད་ན། སྟོང་གསུམ་གྱི་གནམ་གྱི་ལྷ་ཀུན་སེམས་འཐུན་པར་སྐྱིད་པའི་ཡོ་བྱད་དོ་ཅོག་སྤྱད་དེ་སྤྱིས་ཡོན་གསོལ་ལོ།། ཤཱ་རིའི་བུ་གཞན་གྱིས་བསམ་གཏན་ན་འདུག་པའི་དགེ་སློང་ལ་ཡོན་ཕུལ་བས ་གནམ་གྱི་ལྷས་ཡོན་ཕུལ་བ་ཙམ་མི་ཕོད་དོ། ། དེ་ལྟ་བས་ན་ཤཱ་རིའི་བུ་ཁྱོད་རང་ཡོན་མི་ཐོབ་པའི་མྱ་ངན་སེམས་པར་ཡང་དག་པར་བསླབས་པ་གཞིན་དུ་མ་གལ་བར་སྤྱད་དེ་མཆོག་གི་གཞུང་སྟོང ་བ་ལ་མིའི་ཉེས་པ་མྱ་ངན་མ་བྱེད་ཅིག། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བག་ཚ་བའི་བགེགས་ཆེན་པོ་ནི་སྟོང་པ་ཐོབ་པ་སྟེ། དགེ་སློང་ལ་ལ་ནི་ངའི་ཆོས་སྤྱོད་པའི་ཞིང་ལས་ཁྱིམ་ནས་བྱུང་སྟེ། ཚུལ ་ཁྲིམས་མནོས་ཤིང་ཆོས་འདི་ལ་བརྩོན་འགྲུས་སྤྱོད་ན། ལྷ་དང་ལྷ་མ་ཡིན་རྣམས་དང་མི་རྣམས་ཀྱིས་མི་དྲན་མོད་ཀྱི། སེམས་གཅིག་འགྲུས་པར་ལམ་སྤྱོད་ནུས་ཏེ། མཐར་ཡང་གོས་དང་ཟས་ཅི ་དགོས་པ་མི་སེམས་སོ། ། ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པས་དཔལ་གྱི་མཛོད་དཔག་ཏུ་མེད་དེ་བརྗོད་པར་དཀའ་འོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པ་འདས་པའི་ཕྱིན། སྐུ ་དཀར་པོའི་མཚན་གྱི་ནང་ན་བརྒྱ་སྟོང་འབུམ་གྱི་ཆ་ལས་དེའི་ཆ་གཅིག་གིས་སྐུ་གདུང་གི་སློབ་མའི་རྣམས་ཕུལ་ལོ། ། ཤཱ་རིའི་བུ་འཇིག་རྟེན་ཐམས་ཅད་ཀྱི་མི་ཀུན་ཁྱིམ་ནས་བྱུང་སྟེ། ཆོས་བཞིན་དུ་སྤྱད ་ཟིན་ཀྱང་སྤུ་དཀར་པོ་མཚན་གྱི་བརྒྱ་སྟོང་འབུམ་གྱི་ཆ་དེ་གཅིག་ཀྱང་མི་ཕོད། ཤཱ་རིའི་བུ་ཡང་དག་པར་གཤེགས་པ་ནི་དེ་ལྟ་བུ་དཔལ་ཡོན་དཔག་ཏུ་མེད་དེ། དགེ་སློང་རྣམས་ཀྱིས་ཁ་ཟས་དང་རྫས་ཅི་དགོས ་པ་རྣམས་ཐོབ་ན། འགྲོ་བས་ཀུན་ཆོག་ཚང་བར་རུང་། ཤཱ་རིའི་བུ་དགེ་སློང་དེ་དག་གི་རྣམས་འདི་སྙམ་དུ་བསམ་པའི་རིགས་སོ།། རྫས་ཅི་དགོས་པ་དང་ལོག་པའི་སྲོག་རྣམས་ཀྱི་ཆོས་ངན་པ་སྤྱད ་པའི་མི་རིགས་སོ། ། ཤཱ་རིའི་བུ་གོས་ལྡན་པ་ཅན་གྱི་དགེ་སློང་ལུང་ཕྱག་དར་གྱི་ནང་ནས། ངན་པའི་རྙིང་པ་བཏུས་ཏེ་བླངས་ན་སེམས་འདི་སྙམ་དུ་བགྱིད་པའི་རིགས་སོ།། འདི་སྤྱད་དེ་ལྷག་པའི ་བསླབས་པ་དང་འཕགས་པའི་ལམ་སྤྱད་ན། བདག་གིས་དངན་པ་རྙིང་པ་འདི་སྲུད་དེ་དྲུབས་ལ་ཆོས་གོས་སུ་བྱས་ཏེ། བརྩོན་འགྲུས་སུ་སྤྱོད་དེ་པ་ལ་ཐ་མལ་པ་ནི་ནུབ་གཅིག ་ཀྱང་འདི་གྱོན་པའི་མི་རིགས་སོ། ། དགེ་སློང་དེས་དག་པར་དཀྲུས་ནས་རིང་དུ་གྱོན་པའི་དགེ་སློང་གོས་ལྡན་པ་ཅན་དེ་ལ་འདོད་ཆགས་པའི་སེམས་སྐྱེས་ན། མོད་བཞིན་དོར་བའི་རིགས་ཏེ། ངས ་གྱོན་དུ་མི་གནང་ན་གོས་གཞན་སྨོས་ཀྱང་ཅི་དགོས་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་དེས་གོས་དེ་ལ་དགེ་སློང་གི་ཆོས་མ་ཡིན་པ་སྐྱེད་དེ། དགེ་སློང་དེའང་འགྲོ་བའི་མོ་རིགས་པར་འཛིན་ན ་རྫས་གཞན་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེའི་ཚེ་དགེ་སློང་དེ་ཉིད་ན་ལྕགས་དམར་པོ་བའི་ཞགས་མས་ལུས་བཅིངས་ཀྱང་བླའི། གོས་ལྡན་པ་ཅན་འདི་བགོ་བའི་མི་རིགས་པར་འཛིན་ཏོ།། ་ཇི་ལྟ་ཞེ་ན། གོས་འདི་ལ་སེམས་སྲེད་ཅིང་ཞེན་པའི་ཕྱིར་རོ།། ཤཱ་རིའི་བུ་གོས་ལྡན་པ་ཅན་གྱི་དགེ་སློང་ནི་སེམས་འདི་སྙམ་བྱ་བའི་རིགས་སོ།། གོས་ལྡན་པ་ཅན་འདི་བགོས་ཏེ་གྲང་བ་དང་ཆ ་བ་བསྒྲིབས་ལ་ལམ་སྤྱོད་པ་ལ་བཏང་ན། བདག་སླར་གོས་མ་བགོས་ན། མཐའ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ ་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། ཤཱ་རིའི་བུ་དེ་ལྟ་བུ་གོས་ལྷན་པ་ཅན་གྱི་དགེ་སློང་གཅིག་ཏུ་ལམ་ཚོལ་བ་ནི་ངས་ཀྱང་གོན་དུ་གནང་ངོ་།། ཤཱ་རིའི་བུ་ཟན་སློང་བའི་དགེ་སློང་ནི་ཆོས ་སོ་ཅོག་ལ་རྣམ་པར་བརྟག་པར་མེད་དེ། རྟག་པར་སེམས་བསྡུས་ཏེ་གྱོན་ཅིང་འཁྲུག་ཏུ་མི་གཞུག་གོ།། གྲོང་ཁྱིམ་དུ་འཇུག་ན་བསམ་གཏན་ཐུབ་པའི་རྣམས་སྤྱད་དེ་དེ་རང་བརྒྱན་ལ་ཟན་བསླངས་ཏེ་ཐོབ ་ཟིན་པ་དང་སེམས་མི་ཞེན་པ་བསྒོ་བར་ཟན་ཅི་ཐོབ་པ་ཁྱེར་ཏེ། གྲོང་ཁྱིམ་ནས་བྱུང་ནས་ཆུ་གཙང་མའི་འགྲམ་ལ་མ་སྤྱད་དུ་རུང་བའི་གནས་སུ་འདུག་ལ་ཟས་ངོས་གཅིག་ཏུ་བཞག་སྟེ། རྐང་པ ་བཀྲུས་ཏེ་འདུག་ནས། ཟན་མདུན་དུ་བཞག་སྟེ་སྐྱོ་ཞིང་བྲལ་བའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྒྱག་རྫབ་ཀྱི་འདུ་ཤེས་དང་། མནམ་རུལ་བའི་འདུ་ཤེས་དང་། ་སྐྱུགས་པའི་འདུ་ཤེས་དང་། རྨ་སྐུས་པའི་འདུ་ཤེས་དང་། ཐོབ་པས་སྐྱོབ་པའི་འདུ་ཤེས་དང་། བུའི་ཤ་སྙམ་པའི་འདུ་ཤེས་དང་། ཤིང་ཐོག་རུལ་བའི་འདུ་ཤེས་དང་། ཕྱིར་ཞིང ་ལྕི་བའི་འདུ་ཤེས་བསྐྱེད་པའི་རིགས་སོ། ། གཅིག་ཏུ་ན་ལུས་ལ་འཆི་བའི་འདུ་ཤེས་དང་། སྔོ་བའི་འདུ་ཤེས་དང་། རྣག་པའི་འདུ་ཤེས་དང་། རུལ་ཞིག་པའི་འདུ་ཤེས་བསྐྱེད་པའི ་རིགས་སོ། ། ཤཱ་རིའི་བུ་དགེ་སློང་གིས་འདི་ལྟ་བུའི་འདུ་ཤེས་བསྐྱེད་པའི་རིགས་སོ།། འདོད་ཆགས་ཀྱི་སེམས་མེད་པ་ལ་སྤྱད་ལ། དེ་ནས་གདོད་བཟས་ཏེ། ལུས་བརྟན་ཞིང་བཀྲེས ་སྐོམ་པའི་ནན་བསླད་དུ་ཟད་དོ། ། ལམ་སྤྱད་པར་ཐོབ་པར་བྱའོ།། སེམས་འདི་སྙམ་དུ་བའི་རིགས་སོ།། ངས་ཟན་འདི་ཟོས་ན་སྔན་ཆད་ཀྱི་སྡུག་བསྔལ་བཤིག་ལ། ཕྱིན་ཆད་ཀྱི་སྡུག ་བསྔལ་མི་སྨྱེ་ནིང་། སེམས་དགའ་སྐྱིད་པ་ཐོབ་ལ་ནད་མེད་པ་སྐྱེད་དེ། ལུས་སེམས་ཀྱང་བཤོར་ཞིང་འགྲོ་བལྟས་བདེ་བརྟན་པའི་ཕྱིར་རོ།། ཡང་ཟན་འད་ཟོས་ན་རྒྱུན་དུ་ཞུགས ་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། སྐྱེ་བ་མེད་པའི་ཆོས་ཀྱི་བཟོད་པ་ཐོབ་པའི་རིགས་སོ།། ཤཱ་རིའི ་བུ་དེ་ལྟ་བུར་ཟ་བ་ནི་ངས་ཟན་སློང་དུ་གནང་ངོ་། ། ཤཱ་རིའི་བུ་ཟ་ན་སློང་བའི་དགེ་སློང་ཟན་ཐོབ་བོ་ཅོག་གི་རོ་ལ་ཆགས་པ་ནི་སེམས་སྐྱེས་ཏེ། ཞི་མ་དང་ར་རོ་སྙམ་གྱི་སེམས་བྱེད་ཅིང་བདག་ཟན་འདི ་ཐོབ་པས་མདང་ས་བཟང་པོ་དང་ཉམས་སྟོབས་དར་བ་ཐོབ་སྙམ་དུ་སེམས་ཏེ། བདག་ནི་ཟན་འདི་ཟོས་ལ་འཕགས་པའི་ལམ་འདི་འགྲུས་པར་སྤྱོད་དོ་ཞེས་དེ་སྙམ་གྱི་སེམས་མི་བྱེད་པ་ལྟ་བུའི ་དགེ་སློང་ནི་ངས་ཆུ་རྔུབས་གཅིག་ལེན་དུ་མི་གནང་ན། ཁ་ཟས་ལྟ་སྨོས་ཀྱང་ཅི་དགོས་ཤཱ་རིའི་བུ་ཟས་ལ་ཉེས་པ་དང་། ངན་པའང་མི་མཐོང་བར་ཐལ་བྱུང་ཟ་བས་ནི་གཉིས་ན་རང་གི་ལག ་པས་བརླ་ཤ་ལ་བཅད་དེ་ཟ་བའང་བླའོ། ། ཅིའི་ཕྱིར་ཞེ་ན། ངས་སྤྱོད་པ་དང་། ཐོབ་པས་གཞན་གྱི་ཡོན་ལེན་པ་གནང་གི། མི་གཞན་ལེན་དུ་མ་གནང་ངོ་།། ཤཱ་རིའི་བུ་ལྟ་བུར་མིང་སྤྱོད་པ ་ཞེས་བྱ། དགེ་སློང་ལ་ལ་ནིག་མིར་འགྱུར་བརྟན་ཏེ། སེམས་བསྐྱོད་ལས་ངས་ད་ལྟར་གྱི་དུས་ལ་བདུད་ངན་པས་མངག་པའི་རྣམས་འཆད་དེ། ལྷག་མ་མེད་པར་མྱ་ངན་ལས་འདས་པར་འཇུན ་པའི་འཕྲུལ་གྱི་ལམ་སྤྱད་པ་ནི་མགོ་མེས་ཚིག་པའི་ར་མདའ་བྱ་བ་བཞིན་ནོ། ། གཅིག་ཏུ་ན་མི་དགེ་བ་ངན་པའི་ཆོས་བཤད་བསལ་བ་དེའི་མིང་སྤྱོད་པ་ཞེས་བྱའོ།། ཡང་གཅིག་ཏུ་ན་སེམས་གཅིག་ཏུ ་སྟོང་པ་མཚན་མ་མེད་པ། སྨོན་པ་མེད་པ་ཡིད་ཆེས་ཤིང་ཤེས་པར་ནུས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་།། ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་མྱ་ངན་འཁྲུག་པའི་རྣམས་ཆོད་པར་དེའི་མིང་སྤྱོད་པ་ཞེས་བྱའོ།། དགེ་བའི་ཆོས་རྣམས་ཚོལ་ཞིང་རྟག་པར་གསོལ་འདྲི་བ་དེའི་མིང་སྤྱོད་པ་ཞེས་བྱའོ།། ་ཡང་གཅིག་ཏུ་ན་ཐམས་ཅད་གྲོལ་ཐར་པར་སེམས་བསྐྱེད་ནུས་པའི་མིང་སྤྱོད་པ་ཞེས་བྱའོ།། སེམས་མི་འཁྲུགས་པར་ལམ་ལ་བཏང་བའི་ཆོས་རྣམས་སྤྱད་སྦྱངས་ཏེ། ཆོས་སོ་ཅོག་ལ་བཤད་པ ་བཞིན་དུ་སྤྱོད་ཅིང་སེམས་གཅིག་ཏུ་སངས་རྒྱས་ཀྱི་ལམ་ཚོལ་བ་ཡོད་དོ། ། ཤཱ་རིའི་བུ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་དེ་ལྟ་བུའི་མིང་སྤྱོད་པ་ཞེས་བྱའོ།། ཇི་ལྟ་བུར་ཐོབ་པ་ཞེས་བྱ་བ་ནི་རྒྱུན་དུ ་ཞུགས་པ་ཐོབ་སྟེ། ལམ་ངན་པ་གསུམ་ལས་ཐར་པའི་མིང་ཐོབ་པ་ཞེས་བྱའོ།། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་མྱ་ངན་འཁྲུག་པའི་རྣམས་ཆོད་དེ་ལ་མ་ཚོལ ་བ་ཞིག་ཟིན་ཅེས་བྱའོ་ཅོག་འབྱོར་ཟིན་བསླབ་པ་གསུམ་དགེ་བར་ལོབས་པ་དེའི་མིང་སློབ་པ་སྟེ། ངས་མི་དེ་ཡོན་ལེན་དུ་གནང་ངོ་།། མི་དེ་ལྟ་བུས་ཡོན་བླངས་པ་ཞེས་བྱའོ།། ཤཱ་རིའི་བུ ་གཙང་གདང་བར་ཚུལ་ཁྲིམས་བཟང་བ་དང་། ཡོན་བདག་ཕྱེ་བ་བསྟན་པ་དང་། མདོ་སྡེའི་ཡོ་ཀེ་ཁ་ཏོན་ཀློག་པ་ཐོས་ཏེ། དེ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི ་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ་ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེའོ།། མི་དེས་ཡང་གཅིག་ཏུ་ཚུལ་ཁྲིམས་གཙང་གདང་བར་བཟུང་ནུས་ཏེ། སྐྱོན་མེད་ཅིང་མི་སྐྱེ་མི་རྙོག། མི ་ཡ་བས་ས་རྣམས་ངྱས་སས་བུའ ་ཨི་དགེ་སློང་ནི་ངས་ཀྱང་ཡོན་ལེན་དུ་གནང་ངོ་། ། ཤཱ་རིའི་བུ་ལུས་ཀྱིས་ཆོས་རིག་ན་དོགས་ཤིང་འགྱོད་པ་མེད་པ་ངས་དེ་ལྟ་བུའི་མི་སྟན་མཐོན་པོར་འདུག་ཅིང་ཆོས་བཤད་དུ་གནང་ངོ་།། ་ཐ་མལ་པའི་ལམ་ཡིན་མོད་ཀྱི། ཚུལ་ཁྲིམས་གཙང་གདང་བ་བཟུང་ལ་སེམས་མུར་འདུག་གི་ཆོས་ཀྱི་གཞུང་ལ་ཆགས་ཏེ། སེམས་གཅིག་ཏུ་འགྲུས་པར་དགེ་སྦྱོང་གི་རབ་ནི་འབྲས་བུ ་བཅད་དེ་གསོལ་བའི་ཁེལ་མ་ཆགས་ངེས་པར་བཤད་པ་ལ་བཟོ་མཁས་ཏེ། མང་དུ་ཐོས་པའི་དཔེར་རྒྱ་ཡངས་པ་ནི་དཔེར་རྒྱ་མཚོ་ཆེན་པོ་དང་མཚུངས་ཏེ། སྲོག་སྟོར་ལ་ཐུག་ཀྱང ་བརྫུན་ཚིག་མི་ཟེར། འཐབ་ཅིང་རྩོད་པ་ལ་མི་སྲེད་དེ། རང་ལའང་ཕན། གཞན་ལའང་ཕན། གཙང་གདང་བའི་མཆོག་གི་གཞུང་འབའ་ཞིག་འཆད་ཅིང་བཤད་དོ།། མཆོག་དེ ་བཞིན་ལ་དེ་བཞིན་དུ་སྤྱོད་པའོ། ། ཤཱ་རིའི་བུ་དེ་ལྟ་བུར་འཆད་པ་ནི་ངས་ཆོས་འཆད་དུ་གནང་ངོ་།། ཡང་དག་པར་གཤེགས་པས་ཅི་བཤད་པ་ཆོས་སོ་ཅོག་དང་མི་འགལ་མི་ལྡོག་པར་བྱ་ནུས་ཏེ། ་དེ་ཚུལ་ཁྲིམས་དང་། བསམ་གཏན་དང་། ཤེས་རབ་དང་། གྲོལ་ཐར་དང་། ཤེས་མཐོང་བ་ལས་ཀྱང་གྲོལ་ཐར་ཏོ།། ཤཱ་རིའི་བུ་ཁེ་ཚོལ་བའི་དགེ་སློང་ནི་སངས་རྒྱས་ཀྱི་ཕྱིར་ཁྱིམ ་ནས་ཚུལ་ཁྲིམས་ཀྱི་ལེའུ་བཤིག་ན། ཆོས་བཤད་པ་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཆོས་ཀྱི་ཡི་གེའི་ནང་ན་བཤད་པ་མི་ལ་ལ་ཞིག་བདག་གིས་བག་བྱ་མི་ནུས་པར། མི ་གཞན་དགེ་བར་ཞི་བ་དང་བདག་གི་བྱ་ནུས་ཤེས་ན་བདེན་པ་ཡོང་མེད་དོ། ། དཔེར་ན་མི་ཞིག་རང་འདམ་རྫབ་ཏུ་ནུབ་ལ་མི་གཞན་ལ་དབྱུང་བར་བྱ་བ་དང་མཚུངས་ཏེ། བདེན་པའང་མེད་དོ།། ་མི་ལ་ལ་ཞིག་བདག་གི་དགེ་བ་ཞི་བར་ནུས་ཤིང་འདམ་རྫབ་ན་ཕྱིན་ནུས་པས། མི་གཞན་འབྱུང་བར་བྱ་བ་ནི་བདེན་པ་ཡོད་དོ།། དེ་ལྟ་བས་ན་ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ།། ་ཡང་དག་པར་གཤེགས་པ་ལ་འཕྱ་ཞིང་སྐུར་ན། དེའི་སྡིག་ནི་ལྕིའོ།། བདེན་པར་སྨྲ་བའི་དགེ་སློང་ནི་ཆོས་འཆད་དུ་གནང་བའི་རིགས་སོ།། བརྫུན་ཟེར་བའི་ཚུལ་ཁྲིམས་འཛིན་པའི་དགྲ ་བླང་རྒན་རྫས་ཀྱི་སྟོན་པ་མཐས་སོ། ། ཤཱནྡྷའི་ས་ཝི་གན་མཚན་པོ་ལས་ཆོས་འཆན་ཅིང་ཡང་དག་པར་ངེས་པར་བ་ཙམཆོད་པ་ནི་ནང་བྲམ་མདནན།། ལ་ལ་ཅིག་རྒྱམ་། ་འཛིན་པ་མི་གཙང་ལ་མུར་འདུག་གི་གཞུང་ལ་ཆགས་པ་ནི་ངས་མ་གནང་ངོ་།། བརྫུན་ཟེར་བ་དང་། འཇིག་རྟེན་གྱི་སྐྱིད་པ་རིན་ཆེར་འཛིན་པ་དང་། ཡོན་གྱི་ཁེ་ཚོལ་བ་དང་། འཐབ་རྩོད་པ་ལ ་སྲེད་པ་ནི་ངས་ཀྱང་མ་གནང་ངོ་། ། ངས་གཙང་གདང་བར་ཚུལ་ཁྲིམས་འཛིན་པ་དང་། སེམས་དྲང་དཀན་པ་དང་། ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཁོང་དུ་ཆུད་པ་ནི་ཁྲི་སྟན་མཐོན་པོར་ཆོས ་འཆད་དུ་གནང་ངོ་། ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གཉིས་ན་ཁྲིམས་བཏང་བླའི། འཕགས་པའི་མཚན་མ་དང་ཆོས་གོས་སུ་སྡིག་གི་དྲི་མ་སྦས་བཅབས་ལ་གསང་སྟེ། ངན་པ ་མང་པོ་བྱ་ཞིང་མི་གཞན་གྱི་ཡིད་ཆེས་པའི་སྦྱིན་པ་ལ་མ་ཆགས་ཤིག། ཤཱ་རིའི་བུ་རྒྱུ་རྐྱེན་དུ་མའི་ཕྱིར་ཡུན་རིང་དུ་སེམས་ཅན་དམྱལ་བའི་ལུས་ཐོབ་པར་འགྱུར་རོ།། ལེའུ་བཅུ་སྟེ་ཐབས་བཅོལ་བའི ་ལེའུ་སྟེ་བཅུ་པའོ། ། ། དེའི་ཚེ་དགའ་བོས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་དེ་ཙམ་གྱི་དྲས་ནས་དགེ་སློང་རྣམས་ཀྱིས་དགེ་བའི་ཆོས་ལ་ཇི་ལྟ་བུར་བརྩོན ་འགྲུས་སྤྱད། སངས་རྒྱས་ཀྱིས། དགའ་བོ་ལ་བཀའ་སྩལ་པ། རེ་ཞིག་ཞོག། མ་དྲི་ཞིག། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཆོས་ཡིག་བཤདདེ ་ཅོག་དེ་ཙམ་གྱི་ཚེའི་དགེ་སློང་གིས་ཡིད་ཆེས་པར་ཡང་མི་ནུས་ལ། འགྲུས་པར་སྤྱོད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དགའ་བོ་ཡང་དག་པར་གཤེགས་པའི་བྱ་བ་ཡོད་པའི་ཆོས་ཀྱི་ཤེས་རབ་ཡོང ་དོ་ཅོག་རང་སངས་རྒྱས་དང་། དགྲ་བཅོམ་པ་ཐམས་ཅད་ལ་སོགས་པ་གོ་ཞིང་ཤེས་པར་མི་ནུས་སོ།། དགའ་བོ་ཡང་དག་པར་གཤེགས་པས་མཁྱེན་ཏོ་ཅོག་གི་ཆོས་ལ་བཤད་དུ་ཟིན་ན། ཁྱོད་སླད ་ཅིང་རྨོངས་སུ་རུང་ན། ཡིད་ཆེས་སུ་མི་རུང་བ་ལྷ་སྨོས་ཀྱང་ཅི་དགོས། ཡང་དག་པར་གཤེགས་པས་ད་ལྟར་གྱི་དེ་ལྷའི་ཆོས་བཤད་པ་ནི། དེའི་ཚེ་མི་གཏི་མུག་གིས་ཀྱང་མི་ཆེས་ན། ཡིད་མི ་ཆེས་ཤིང་སྡིག་གིས་ལན་བཤད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དགའ་བོ་ཆོས་དེ་བཞིན་པའི་རིགས་ཏེ། བདག་གི་ལུས་ངན་ཡིན་ན། གཞན་ལའང་ངན་ཅེས་ཟེར་རོ།། ད་ལྟར་གྱི་དུས ་སུ་ལེ་ལོ་བའི་དགེ་སློང་ལ་དེ་ཙམ་གྱི་བར་དུ་བརྩོན་འགྲུས་པའི་དགེ་སློང་གིས་ཐུབ་པར་མི་ནུས་སོ། ། ཚུལ་ཁྲིམས་འཛིན་ཏོ་ཅོག་དང་ཤེས་རབ་བསྐྲུན་མི་རུང་ངོ་།། ཡང་དག་པར་གཤེགས་པའི་མི ་དེ་ཉེས་པ་ངན་པ་བྱས་སོ་ཅོག་བཤད་དུ་ཟིན་ན། ལུས་གྱུར་ཅིང་མནོས་སོ་ཅོག་མི་དེས་ཡིད་མི་ཆེས་ཏེ། སྡིག་ལྕི་བ་གཡོ་བར་འགྱུར་རོ།། ཁྱེད་ལ་སོགས་པ་ཡང་འཇིགས་སྐྲག་སྟེ ་དེས་ངན་པ་མནོས་སོ་ཅོག་ནི་དཔག་ཏུ་མི་ནུས་སོ། ། དགའ་བོ་ཡང་དག་པར་གཤེགས་པ་ཟབ་མོའི་ཆོས་ནོད་པ་ནི་དཀའ་འོ།། ཁྱོད་ཀྱི་ཡིད་ལ་ཇི་སྐམ། ཁྲི་སྟན་བཟང་པོ་ལ་འཕགས་པ ་དགུ་སྲེད་དམ་མི་སྲེད། བཅོམ་ལྡན་འདས་མི་སྲེད་ལགས་སོ།། དགའ་བོ་ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོས་འདི་ཟབ་མོ་དམ་པ་སྟེ། ཤེས་རབ་ཅན་སྲེད་པ་ནི་མ ་དེས་ཡིད་ཆེས་ཤིང་ཤེས་པ་ཁོང་དུ་ཆུད་པ་མ་ནུས་སམ། ཁྱིམ་ནས་བྱུང་ཟིན་པ་དང་རང་ན་རེ་དགེ་སྦྱོང་ཞེས་ཟེར་ཏེ། བདེན་པ་བཞིན་བསྟན་བསླབས་པ་ནོད་མ་ནུས་སོ།། ཆོས་འདི་སེམས ་བཅོས་པ་མ་ནུས་སོ། ། ཞིམ་པོའི་རོ་མ་ཐོབ་སྟེ། ལག་པ་བརྡབས་ནས་སོང་སྟེ། ལམ་ངན་པར་ལྷུང་འདུག་པ་ནི་དཔེར་འཕགས་དགུས་ཁྲི་སྟན་བཟང་པོ་བཟང་པོ་བཏང་བ་དང་མཚུངས་སོ།། ་ཅིའི་ཕྱིར་ཞེ་ན། དགའ་བོ་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤིན་ཏུ་གཙང་བ་དང་། གདང་བ་བསྟན་དཀའ་བས་ཡིད་ཆེས་ཤིང་ཤེས་པར་ནུས་པ་མ་ཡིན་ཏེ། གདུལ་དཀའ ་བ་དང་། ཤེས་རབ་མེད་པ་དང་། དགང་བར་དཀ་བ་དང་། གསོ་བར་དཀའ་བ་དང་། ཚུལ་ཁྲིམས་ཉམས་པ་དང་། གདངས་དཀའ་བ་དང་། ལོག་པའི་ཆོས་ལ་ཆགས་པ་དང་།། ལོག ་པ་སྤྱད་པ་སྤྱོད་པ་དང་། ནོར་གྱི་ཁེ་ཆེད་ཆེར་འཛིན་པ་དང་། གོས་དང་ཟས་རབ་བོ་སྙམ་དུ་འཛིན་པ་དང་། ཆོ་ག་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྤྱི་བོའི་ཆོས་སུ་ལྷུང་བ་དང་། ་ངན་པ་ཞིག་དང་། ལེ་ལོ་ཆད་པ་དང་། འདོད་རྒྱུ་ཆུང་བ་དང་། ཁྲེལ་མེད་པ་ངོ་ཚ་བའི་ཁ་ན་བརྗོད་པ་དང་། སོ་ན་མ་ལས་ཀྱི་དོན་ལ་བྲེལ་བ་དང་། དགེ་སློང་གི་ནང་ན་གོས་སྐྱེ་བོ་ཅན་དང་། ་དགེ་སྦྱོང་གི་ནང་ན་སུན་ཕྱུང་བ་དང་། དགེ་སྦྱོང་གི་ནང་ན་ལོག་པའི་ལམ་སྤྱོད་པ་དང་། དགེ་སྦྱོང་མ་ཡིན་པར་རང་རེ་དགེ་སྦྱོང་ཞེས་ཟེར་བ་དང་། བདུད་ཀྱིས་བསླུས་པ་དང་། མུ་སྟེགས་ཀྱི་གཞུང་དང ་མཐུན་པ་དང་། བཤད་པ་བཞིན་དུ་མི་སྤྱོད་པ་མང་པོ་འཛིན་པ་ལ་སྲེད་པ་དང་། ཚིག་ཅལ་ཅོལ་ལ་སྲེད་པ་དང་། བདུད་ཀྱི་དོན་དང་ལྡན་པར་སྤྱོད་པ་དང་། བདུད་ཀྱི་རྒྱུད་དཀྲུག་པ་དང་། མྱ་ངན ་འཁྲུག་པས་ཁོང་དུ་ཆུད་པ་དང་། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཕྱིན་ཅི་ལོག་ཅན་གྱིས་ངས་ཆོས་འདི་ལ་ཡིད་ཆེས་ཤིང་ཤེས་ལ་ཁོང་དུ་ཆུད་པ་ནུས ་ཤེ་ན། བདེན་པའང་མེད་དོ།། ཅིའི་ཕྱིར་ཞེ་ན། དགའ་བོ་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཙང་གདང་བ་སྙིང་ཚིམ་པར་རྒྱ་ཆེ་བས། མི་ངན་པ་འདི་འཆང་བར་མི ་རུང་ངོ་། ། དགའ་བོ་དཔེར་ན་བརྒྱ་སྟོང་འབུམ་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་པར་ཡངས་ཤིང་རིང་བ་དང་མཚུངས་སོ།། ངན་བཞིན་པའི་མི་འདིས་དགེ་སློང་གི་ཆོས་བསྲིངས་པའང ་དེ་བཞིན་ན། མི་འགལ་བའི་བཟོད་པ་དང་མྱ་ངན་ལས་འདས་པའི་མི་ཐོབ་པ་ལྷ་སྨོས་ཀྱང་ཅི་དགོས། དགའ་བོ་དེ་ལྟ་བུའི་དོན་འདི་ན་བཤད་མི་ཟད་དོ།། མ་འོངས་པའི་དུས་ཀྱི་དགེ་སློང་ངན ་བཞིན་པ་ཐ་མ་ཤིན་ཏུ་འཇུང་བརྐམ་བསྲེལ་ཏོ། ། ཤིན་ཏུ་ཞེ་སྡང་བ་སྲེལ་ཏོ།། ཤིན་ཏུ་ཡིད་མི་ཆེས་པ་བསྲེལ་ཏོ།། གདུག་པ་གསུམ་མདོ་པར་སེམས་ལ་སྤྱོད་པ་རྩིང་ཞིང་ཞེ་གནག་པས ་བཅོས་གདུལ་དཀའ་འོ། ། དཔེར་ན་ཞིང་གཤིན་པ་ལེགས་པ་སྦྱིན་པ་ལ་རང་གི་མེས་བསྲེགས་པ་དང་མཚུངས་ཟས་ཞིག་ལ་རང་གི་དུག་བླུག་པ་དང་མཚུངས། ཁང ་ཁྱིམ་ཅིའང་ཡོན་ན་རང་གིས་སེམས་བསྲེགས་ན། དེ་ལྟ་བུར་རིགས་སམ་མི་རིགས། བཅོམ་ལྡན་འདས་མི་རིགས་ལགས་སོ།། དགའ་བོ་དེ་ལྟ་བུ་མ་འོངས་པའི་དུས་ཀྱི་གཏི་མུག་ངའི་ཆོས་ཀྱི ་ཞར་གྱིས་ཡོན་ལེན་པ་ཐོབ་ན། ཡང་དག་པར་གཤེགས་པ་ལ་ལེགས་པའི་དོན་ལ་ཡིད་མི་ཆེས་མི་ཤེས་པའི་སྟེང་དུ་འདི་ལྟ་བུ་ལ་སོགས་པའི་ཆོས་ཀྱི་ཡི་གེ་ཡིད་ཆེས་པར་མི་ནུས་སོ།། བདེན་བཞིན ་དུ་བཤད་པའི་ཉེས་པར་བཟོད་པར་བརྣགས་མི་ནུས་སོ། ། རྨའི་ཤུ་བ་དང་ཤུས་ན་ངའི་ཚིག་ལ་བཟློག་སྟེ། དེ་ལྟ་བུའི་མི་གཏི་མུག་ནི་སངས་རྒྱས་ལ་རྟེན་ཅིང་རང་ཚོལ་ཆོས་དེ་ཟློག་གོ།། དགའ་བོ ་དེ་ཙམ་གྱི་ཚེ་ན་འཛམ་བུ་གླིང་གི་ནང་ན་དེ་ལྟ་བུའི་མི་གཏི་མུག་གི་དེ་ན་ལྷག་པོར་གནང་ངོ་། ། དགའ་བོ་རེ་ཞིག་ཞོག། དེ་ལྟ་བུའི་མི་གཏི་མུག་ཅན་ངན་པར་འདོད་པ་དང་། དགའ་བར་འདོད་པ་དང་། ་ངན་པའི་དོན་སྤྱོད་པ་བཙལ་ཅི་དགོས། དེ་ནས་དཀའ་བོས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་ཡི་གེ་འདི་མོད་ཅི་ཞེས་བགྱི་ཇི་ལྟ་བུར་གུས་པ་གཟུངས་སུ་བཟུང ་སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཆོས་ཀྱི་ཡི་གེ་འདིའི་མིང་སངས་རྒྱས་ཀྱི་མཛོད་ཅེས་བྱའོ།། མིང་བརྩོན་འགྲུས་གཡོ་བ་སྤྱོད་ཅེས་ཀྱང་བྱའོ།། མིང་ཚུལ་ཁྲིམས་ཉམས ་ཞིག་པའི་ཁྲིམས་ཐུལ་ཅེས་བྱའོ། ། ཆོས་སོ་ཆོས་ལ་གཏམས་བཙལ་ཞེས་ཀྱང་བྱའོ།། གུས་པར་གཟུངས་སུ་ཟུང་ཞིག། དགའ་བོ་མི་ལ་ལ་ཞིག་གིས་ཆོས་ཡི་གེ་འདི་ཁ་ཏོན་དང་གཟུངས་སུ་བཟུང ་ན། ལེགས་པའི་དོན་ཐོབ་པ་ནི་དཔག་ཏུ་མེད། མུ་མེད་དོ།། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཉམས་པའི་དགེ་སློང་གིས་ཡིད་ཆེས་ཤིང་ཁ་ཏོན་དང་བཀླགས་ལ་མི་ལ་ལ་ཞིག་བརྟན་པའང་མི་ནུསཿ། ་དེལ་སེམས་དགའ་གཞའ་བ་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་ཅིའི་ཕྱིར་ཞེ་ན། དགའ་བོ་དཔེར་ན་རྐུན་པོ་ངན་པ་རྒྱལ་པོ་དང་། རྒྱལ་པོ་ཆེན་པོའི་ཐད་དུ་རང་འབྱུང་དུ་མི་དཔོགས་པ་དང་མཚུངས་སོ། ་གཞན་གྱི་རྫས་བརྐུས་ན་བདག་རྐུན་པོ་ཡིན་ཞེས་ཟེར་རོ།། དེ་ལྟ་སྟེ། དགའ་བོ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་དགེ་སྦྱོང་གི་ཆོས་མ་ཡིན་པར་འབྱོར་གྲུབ་ན། འོན་ཀྱང་བདག་ངན་པ་ཞེས་ཟེར་ན། ་མི་གཞན་ལ་རང་ན་རེ། སྡིག་གིས་འཆད་མ་ཕོད་པ་ལྷ་སྨོས་ཀྱང་ཅི་དགོས། དགའ་བོ་འདི་ལྟ་བའི་ཆོས་ཀྱི་ཡི་གེ་ནི་ཚུལ་ཁྲིམས་ཞིག་པའི་རང་ཐུལ་འཁྲུགས་པར་ནུས་ན། ཁྲེལ་དྲིན་ཡོད་པ་དང ་ཚུལ་ཁྲིམས་འཛིན་པའི་དགེ་སློང་གིས་སྐྱེ་ཞིང་འཕེལ་བ་ཐོབ་བོ། ། ཆོས་ཀྱི་ཡི་གེ་འདི་བཤད་པའི་ཚེ། ལྔ་དགུ་ཁྲི་ཀུན་གྱིས་ཆོས་སོ་ཅོག་ལ་ཆོས་ཀྱི་མིག་ཐོབ་གཙང་མ་ཐོབ་ནས། བདུད ་ངན་པ་དང་གཉེན་བཤེས་རྣམས་ཀུན་མྱ་ངན་ཆེན་པོ་འཁྲུགས་པ་ནི་དཔེར་ཁུང་ཆེན་པོ་རྣམ་པ་བཅུ་དྲུག་ཏུ་ལྷུང་བ་དང་མཚུངས་ཏེ། སྐད་ཆེར་དུས་ཏེ་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་ངས་ཤེས་སོ།། ་ངས་ཚོར་རོ།། ངས་རྟག་པར་ཉིན་མཚན་དུ་སྨོན་པ། སངས་རྒྱས་འདས་པའི་བྱིན། ཚུལ་ཁྲིམས་འཛིན་པ་བཤིགས། རྡུལ་ཁྲིམས་པཤིག་པ་ཡང་སྣང ་དགེ་སློང་ངན་པ་རྣམས་ཀྱིས་ཆོས་མི་ཤེས་ཤིང་ཁ་ཏོན་དང་ཀློག་པ་འབའ་ཞིག་ཤེས་པར་བྱའོ། ། སངས་རྒྱས་ཀྱི་ཆོས་ལ་འབའ་ཞིག་པའི་སེམས་བཤིག་ལ། ཚིག་གིས་འདི་སངས་རྒྱས་ཀྱི་ཆོས ་མ་ཡིན་ཏེ་ཕྱོགས་བཞིའི་གཞུང་མེད་དོ་ཞེས་བྱའོ། ། གོའུ་ཏ་མ་ད་ལྟར་ལྷ་དང་། མི་དང་། ཕལ་མང་པོ་ཀུན་ཚོགས་པའི་ནང་ན་ཆོས་འདི་ལ་བསྲུངས་བྲན་ཏེ་ངའི་སྨོན་ལམ་བཀག་གོ། ་བདུད་ཀྱིས་བཤད་ཟིན་ནས་མི་དགའ་བའི་མྱ་ངན་འཁྲུག་པ་བསྲེལ་ཏེ་ཕྱོད་ཅེས་མི་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་གསལ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་གསུངས་པ། ་ངས་སུ་ཆོས་རྣམས་བཤད་དོ་ཅོག། མཆོག་གི་གཞུང་བཞིན་མི་འགལ་ཏེ། བྱ་བ་ཡོད་པ་མི་སྲ་བ། དཔེ་རུ་རྨི་ལམ་མཐོང་དང་མཚུངས།། ངས་ད་ཆོས་ཡིག་འདི་བཤད་པ།། མ་འོངས ་དོན་ནི་སྤྱོད་ཅིང་བསྐྲད། ། མཆོག་གི་གཞུང་བཞིན་མི་འགལ་ཏེ། མི་ངན་རྣམས་ཀྱི་ནན་ཐུར་བྱས།། དེ་ཚེའི་དུས་ནི་ངན་པའི་དུས།། དགེ་སློང་སེམས་ནི་འཁྲུག་ཅིང་གཡོ།། འཐབ་ཅིང ་རྩོད་ཅིང་ཡིད་མི་སྐྱེས། ། མྱ་ངན་འདས་པ་ཐོབ་མི་ནུས།། དགེ་སློང་དང་ནི་གོས་སུ་ཅན།། འཆད་དོ་ཅོག་ལ་མི་མཚུངས་མེད།། དེ་ཡི་ཆེ་ཡི་ཆོས་འདི་ནི།། ཐ་མལ་ཆོས་དང་ཐ་དད ་མེད། ། བཤད་ནི་ཁྱིམ་ན་འདུག་ཕྱིར་བཤད།། ཁྱོད་ཀྱིས་ང་ཡི་ཡོན་དཀོན་ཞེས།། ང་ཡི་སངས་རྒྱས་ཆོས་ལས་སུ།། ཐོག་མ་ལམ་དུ་འཆོལ་འབྲས་ཐོབ།། དེ་ནས་དགེ་སློང་ཞིག་ན་རེ། ་ངས་བཤད་ལམ་དང་མི་མཐུན་ན།། མི་དེ་ང་དང་འཐུན་པ་ཡིན།། ང་ནི་ཡང་དག་ཆོས་མཐོང་བའོ།། ཆོས་མཐོང་དང་ནི་མིང་མཐོང་བ།། གོས་སྐྱ་ཅན་གྱིས་སྤྱད་པས་སུ།། སོ་སོར་རང ་གི་ཆོས་ནང་གིས། ། དེ་ཡི་འགྲོ་ཞིང་བརྗོད་པ་སྐྱེས།། ལ་ལ་ན་རེ་ཐམས་ཅད་ཡོད།། ལ་ལ་ན་རེ་ཐམས་ཅད་སྟོང་།། དྲང་པོ་ལམ་ལ་མི་གནས་པས།། རང་བཞིན་ངན་པས་ངའི་ཆོས ་བཤིག། ཁྱོད་མི་དེ་ལ་མ་ཉེ་ཞིག། ང་ལ་འོངས་ཏེ་བསྙེན་པར་རུང་།། ཁྱོད་ལ་ཡང་དག་ཆོས་བཤད་ན།། རང་བཞིན་མྱུར་ཏེ་ལམ་ཐོབ་བོ།། དེ་ལྟ་བུ་ཡི་སྒྲ་སྐད་རྣམས།། ཉེ་རིང་ཀུན ་ཏུཁྱད་པར་འགྲོ། ། སེམས་མཐུན་ཞིང་ནི་གྲོགས་ལྡོགས་པས།། ངས་སུ་བསྟན་པའི་ཆོས་ཀུན་བཤིག། དཔེ་རུ་རྐུན་པོ་ངན་པ་རྣམས།། ངན་པ་འཐུན་པ་རོགས་སུ་བྱས།། ལོག ་ཅིང་འགལ་བ་ཡུལ་ས་དང་། ། མཁར་ཡུལ་དང་ནི་གྲོང་ཁྱིམ་བཤིག། དེ་ཡི་ཚེ་ན་དགེ་སློང་རྣམས།། དབྱེ་ཞིང་བསྟན་པ་རུང་ཐོབ་ན།། དབང་པོ་རྟུལ་བའི་བབ་ཆགས་པས།། ཤེས ་རབ་ཉུང་ཞིང་མི་བརྟེན་པ། ། ཡང་དག་གཤེགས་པ་སྤྱོད་པ་བཞིན།། ཆོས་བཤད་པ་ཡང་མི་ཤེས་ཏེ།། ཟག་པ་ཡོད་པ་གར་སྐྱེ་བཤད།། རང་ན་དེ་ནི་ལམ་ཐོབ་ཀྱང་།། མང་པོ ་ཚོགས་པའི་ནང་ན་འདུག། དགེ་སློང་རྣམས་ནི་མང་དུ་ཡོད།། ཀུན་ན་རེ་ནི་ཤེས་རབ་ཡོད།། ཤེས་རབ་ཚོལ་བ་མི་གཅིག་མེད།། མང་པོ་ཚོགས་པ་དེ་ནང་ན།། ་དགེ་སློང་ལ་ལ་ཅིག་འགའ་ཞིག། ཡང་དག་བདེན་པ་ཤེས་པ་ཡོད།། ཀུན་གྱིས་སྤྱོད་དེ་ཤེས་རབ་མེད།། ལྷ་དང་ལྷ་མ་སྲིན་གྱིས་མཐོང་།། ཆོས་ཀྱི་རྒྱལ་པོའི་ལམ་ཁྱེ་ཞིག། ཐམས ་ཅད་མྱ་ངན་འཁྲུག་པ་སེལ། ། གཅིག་ལ་གཅིག་སྐྱོ་མཆིམས་དུ།། དེ་ནང་ཤིང་ལྷ་ཡོད་པ་ཀུན།། ཤིང་གི་ཁ་ལས་ས་ལ་བབས།། ཀུན་ན་རེ་ཞིག་སེང་གེ་ཡི།། དམ་པའི་ཆོས་ན་མཐའ ་ཀུན་མེད། ། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། འཇིག་རྟེན་ཡུན་རིང་མ་ལོན་པར།། ཇི་ལྟ་བུར་ནི་དེ་རིང་ཀུན།། ཟད་པ་ཐམས་ཅད་གྱེས་ཤིང་ཞིག། ཡང་དག་གཤེགས་པ ་ཆོས་བཤད་པ། ། ང་ལ་སོགས་པར་ཅིས་མི་ཐོས།། བླུན་མོངས་མེད་པས་ཤེས་པས་སུ།། བླ་མ་ལ་ནི་མེད་སྙམ་སྟེ།། དེ་ཚེས་ཡི་ལྷ་རྣམས་དང་།། སྒྲ་སྐད་ཆེན་པོ་བྱུང་ནས་སུ།། ་ཡང་དག་གཤེགས་པའི་ཆོས་སྒྲོན་ཆེན།། དེ་ནི་མེད་པར་ཟད་ཅེས་ཟེར།། ལྷ་དང་ལྷམ་སྲིན་གྱི་རྣམས།། མ་མཐོང་མ་ཐོས་རྗེས་སུ་འཛེར།། ཕྱིན་ཆད་འགྱོད་པ་མ་བྱེད་ཅིག། སངས ་རྒྱས་ལམ་ནི་མེད་ཟིན་པ། ། སངས་རྒྱས་བསྐལ་པ་གྲངས་མེད་དུ།། བདག་ཀྱང་གསོད་ཅིང་གཞན་ལགསོད།། སྡུག་བསྔལ་ཐམས་ཅད་བཟོད་པར་མནོས།། སངས་རྒྱས་གྲུབ་པས ་སྨོན་ལམ་བསྐྱོད། ། ཤཱཿ་སེང་གེ་འཕྲུལ་ཅན་གྱིས།། སེམས་ཅན་ཐམས་ཅན་ཀུན་པ་སྤྲུལ་པ།། གཙང་གདང་ཆོས་མེད་ཟད་དུ་བྱེད།། གཏི་མུག་ངན་པའི་དམ་རྣམས་ཅན།། དེ་ནིན ་ཡི་མ་ཐུ་ཐོབ་སྟེ། ། བྱམས་ཤིང་སྙིང་རྗེའི་སེམས་མེད་པས།། གཅིག་ལས་གཅིག་ལ་སྐུར་ཅིང་དཀྲུགས།། བདུད་ཀྱིས་བཀོལ་བའི་བདུད་པ་རྣམས།། དབང་པོ་རྟུལ་བས་དབྱེ་ཆོས་དཀའ། ་གཅམ་སྒྱུ་མི་དྲན་ལེ་ལོ་སེམས།། ཞེ་སྡང་སངས་རྒྱས་ཆོས་ཀྱང་བཤིག། ཚལ་ནགས་སྟོང་པ་འབའ་ཞིག་ལ།། བསམ་གཏན་འདུག་སྟེ་ཟླ་གསུམ་ལོན།། རང་ན་དེ་ནི་དགྲ་བཅོམ་ཡིན།། ་བསམ་གཏན་ཐོབ་པ་ཡོང་མེད་དེ།། ལམ་ཐོབ་པ་ལྟ་སྨོས་ཅི་དགོས།། ལམ་མཐོང་ཐོབ་ཅེས་སྨྲས་པ་ནི།། ཤི་ན་མྱ་ངན་འདས་ཞེས་ཟེར།། མི་ཀུན་ཡིད་ཆེས་མཆོད་རྟེན་བརྩིགས།། སེམས ་ཅན་དམྱལ་བར་སོང་ཞེས་ཟེར། ། དེ་ལྟའི་གཏི་མུག་སྟོང་པ་རྒས།། གཅིག་ལ་གཅིག་ནི་བརྙས་ཤིང་ཁྲོ།། ངས་སུ་བསྐལ་པ་གྲངས་མེད་དུ།། ཐོབ་བོ་ཅོག་ནི་ད་ཟད་ཀྱིས།། ད་ལྟར་ནམ་མཁ ་ལྷ་རྣམས་ཀྱིས། ། ཤཱཀྱའི་རིགས་ཀྱི་སེང་གེ་མཐོང་།། དམ་པའི་ཆོས་ནི་ཉམས་ཤིང་ཞིག། སྭ་བསྐྱོན་ཀུན་གྱིས་མཆིམས་ངུ།། ངོས་བནི་ལྷ་རྗེས་དེ་ཐོས་ནས།། ཀུན་ཀྱང་མྱ་ངན ་འཁྲུག་པ་བསྲེལ། ། དེ་ཚེ་ལྷ་དང་ལྷམ་སྲིན།། ཐམས་ཅད་ཀུན་ཀྱང་འོངས་ཏེ་བབས།། ཡང་དག་པ་ན་མཁར་གནས་སུ།། འབར་བའི་ལྷ་སྲིན་ཀུན་འོངས་ཏེ།། ཀུན་གྱིས་མཆི་མས་དུས ་དུས་ཏེ། ། འཇིགས་སུ་རུང་བའི་སྒྲ་སྐད་ཕྱུང་།། རིན་ཆེན་བདུད་ཀྱི་མཁར་རྣམས་ཡོད།། བྱི་དོར་བརྒྱ་པ་ཤིན་ཏུ་བཟང་།། ཁ་དོག་སྟོར་ཏེ་ས་དང་མཚུངས།། ཝཱ ་རྣམས་འཁོར་བར་མ་དད་ནས། ། མི་ཡིད་ཚེ་ནི་ཆེ་རུ་དུས།། རང་གི་གནས་ཀུན་འོངས་འདུས་པ།། སོ་སོ་རང་ངན་འཁྲུག་པ་བསྲེལ།། གཅིག་གིས་གཅིག་མཐོང་སྨྲ་མི་ཕོད།། ཀུན་གྱིས ་གནས་ཀྱི་སྟེང་ནས་འོངས། ། ལྷན་ཅིག་ང་སྐྱེས་གནས་སུ་ཕྱིན།། འགྲེ་ལྡོགས་ལ་ཉལ་འདུག་གནས།། འདི་སྐད་ཀྱིས་ནི་སྒྲ་དབྱངས་སྤྱོད།། ལྷན་ཅིག་འཛམ་བུ་གླིང་དུ་དོང་།། དེ་ལྟའི ་འཇིགས་སྐྲག་ཆེན་པོ་མཐོང་། ། སངས་རྒྱས་བུ་རྣམས་འཐབ་ཅིང་རྩོད།། ཆོས་བཤིག་སྟེ་ནི་སོ་སོར་གྱིས།། ལྷ་སྲིན་དང་ནི་རིན་ཆེན་མཁར།། ཞག་བདུན་བར་དུ་འོད་མདངས་མེད།། ་སོ་སོ་ལྷན་ཅིག་འཁོད་ཅིང་ངུ།། ཞག་བདུན་པར་རུ་མ་ལངས་སོ།། ཇི་ལྟ་བུ་ནི་བརྩོན་འགྲུས་ཆེ།། དཔའ་ཞིང་རྡུལ་ལ་འཇིག་རྟེན་བཙུན།། བདག་ཅག་ད་ལྟར་འདི་ན་འཁོད།། ད་ཕྱིན་ཆད ་ནི་མི་མཐོང་ངོ་། ། ཀུན་འགྲོགས་ཏེ་དེ་གྱི་དབང་དོང་།། གཅིག་ལ་གཅིག་ཕྱོགས་མཆི་མས་ངུ།། སངས་རྒྱས་འདི་རུ་བདེན་ཞིང་བཤད།། བདག་ཅག་རྣམས་ཀྱི་དང་ནན།། འཇིག་རྟེན་མུན ་བའི་ལོང་བ་རྣམས། ། གཅིག་ལ་གཅིག་ནི་བརྙས་ཁྲོ་ལྡོད།། ངན་པའི་ལས་རྣམས་འབའ་ཞིག་སྤྱོད།། སྔར་ཡང་ལམ་ངན་པ་རུ་ལྷུང་།། ལྷ་ཡི་ཕོ་བྲང་བཟང་པོ་ཀུན།། འཕངས་པ་ད་ནི་སྟོབས ་སུ་བྱེད། ། བདག་ཅག་ལྔ་དང་ལྷ་མ་སྲིན།། བསྒྲལ་བའི་མདའ་ཡང་ད་མེད་དོ།། དེ་ཡི་ཚེ་ནི་འཛམ་བུ་གླིང་།། ཉམས་ཞིག་ལ་བརྗོད་མངངས་མང་ངོ་།། བགྲོད་པའི་མདངས་དང་ཤིང་དྲུང་དང་།། ་རིདང་ཕུག་དང་དགེ་མི་བྱེད།། འཇིག་རྟེན་ཐམས་ཅད་ཟད་པར་ན།། ཀུན་ཀྱང་ཤིན་ཏུ་དཀྲུགས་ཤིང་གཡོ།། ལྷ་དང་ལྷ་མིན་དབང་པོ་རྣམས།། སྒྲ་སྐད་འཇིགས་ཤིང་སྐྲག་ཏུ་རུང་།། དེ་རྩ ་སུམ་ཅུ་རྩ་གསུམ་ལྷ། ། ལྷག་བསྦེང་བཞིན་དུ་མི་དགའ་ངུ།། སོ་སོའི་ཕོ་བྲང་ནང་ན་ཡང་།། སྐད་ཕྱུང་སྐྱོད་དེ་ངུ་ཞིང་འབོད།། ལྷ་རྣམས་ཀྱི་ནི་ཕོ་བྲང་ན།། བདག་ཅག་བརྗོད་ཅིང་བཤད ་དེ་དུ། ། གཞའ་རུ་འཕྲུལ་ཆེན་རྗེ་དང་བྲལ།། བདག་ཅག་ཕྱིར་དུ་ཆོས་བཤད་པ།། རྩ་གསུམ་ལྷ་རྣམས་ཟླ་དྲུག་ཏུ།། ཚེའུ་འདི་ཁ་ཟས་མི་ཟ་ཞིང་།། སིལ་གྱི་སྒྲ་དབྱངས་མི་མཉན་ཏེ།། ་མི་དགའ་མྱ་ངན་ཤི་བ་བཞིན།། ལྷ་མ་ཡིན་པ་ཐམས་ཅད་ཀྱིས།། དེ་ལྟ་བུ་ཡི་གཏམ་ཐོས་ན།། གཅིག་གིས་གཅིག་སྨན་ཀུན་བསོག་སྟེ།། རྩ་གསུམ་ལྷ་ལ་རྒོལ་དུ་ཆས།། དེ་ཚེ་འཇམ ་གླིང་རྒྱལ་པོ་དག། ཕན་ཚུན་འཐབ་ཅིང་རྩོད་པར་འགྱུར།། ལྷ་རྣམས་དང་ནི་ལྷ་མིན་ཀྱང་།། དེ་བཞིན་ཕན་ཚུན་འཐབ་ཅིང་རྩོད།། དེའི་ཚེ་དགེ་སློང་དགེ་སློང་མ།། ལས་སུ་ལམ ་ངན་ལྟུང་བ་མང་། ། དེ་ལས་ཐར་པ་ཅུང་ངུ་ཡོད།། ཚུལ་ཁྲིམས་ངན་པའི་སེམས་ཅན་རྣམས།། དགེ་སློང་ངན་པ་བཞིན་དུ་འབྲང་།། དེ་ཡི་རྒྱུ་རྐྱེན་སྤྱད་པས་ན།། ཀུན་ཀྱང་ལམ ་ངན་པ་ལས་ཕྱོགས། ། དགེ་བསྙེན་ངན་པ་རྣམས་ཀུན་ཀྱང་།། མཁན་པོ་ངན་པའི་ཕྱིར་འབྲངས་པས།། དེ་ཡང་ལམ་ངན་པ་རུ་སོང་།། འཇིག་རྟེན་ཐམས་ཅད་འཇུག ་གཡོས་པ། ། ལ་ལ་མཁར་དང་གྲོང་དུ་ཞུགས།། ལ་ལ་རི་དང་ཚལ་དུ་ཕྱིན།། ཤར་ནུབ་ཏུ་ནི་མྱ་ངན་བསྲེལ།། དེ་ཡི་ཚེ་དང་སྲོག་ལ་གནོད།། དེ་ཡི་ཚེ་ནི་དགྲ་ངན་མང་།། བག་ཚའི ་ལ་མ་ནི་རྣམ་མང་ཡོད། ། ཁྲེ་ནས་རྣམ་ལྔ་བསྐྱེད་མི་འཁྲུང་།། འཁྲུངས་སུ་ཟིན་ཀྱང་སྲིན་གྱིས་ཟོས།། དེ་ཡི་ཚེན་འཇིགས་པ་རྣམས།། བཀྲེས་པས་ལྟོགས་ཏེ་ཤི་བ་མང་།། ཡི་དགས ་ངན་དུ་ལྟུང་བ་རྣམས། ། ཡུན་རིང་སྡུག་བསྔལ་ཉོན་ཡང་མོངས།། དེ་ཡི་ཚེ་ན་མི་རྣམས་ཀྱིས།། སངས་རྒྱས་ཀྱི་ནི་མཆོད་རྟེན་དང་།། ཕྱོགས་བཞིའི་དགེ་འདུན་སྦྱིན་པའི་ནོར།། ཐུགས ་ཐུབ་ཏུ་ནི་ཀུན་བགོས་ཟོས། ། ང་ཕྱི་དགེ་འདུན་དེ་བཞིན་ནོ།། དགའ་བོ་ཁྱེད་ལ་སོགས་པའི་རྣམས།། མུགས་ཏེ་བྱུང་ལ་བརྩོན་འགྲུས་སྤྱོད།། ཕྱི་མའི་དུས་ནི་ཟད་པ་ན།། དེ་ལྟ་བུ་ཡི་ཆོས ་ངན་རྣམས། ། མཐོང་བར་བྱ་བའི་མི་རིགས་སོ།། ཐ་མལ་པ་ནི་ཐམས་ཅད་ཀུན།། གཏི་མུག་བླུན་པོ་ཤེས་རབ་མེད།། ཐ་མལ་པ་ཡི་རྣམ་སྐྱོད་པ།། མྱུར་དུ་ལམ་ངན་ནང་དུ་ལྷུང་།། ་ཁྱེད་རྣམས་འགྲུས་པར་ཁ་ཏོན་ལྷོགས།། དེ་ཡི་མིང་ནི་ཤེས་རབ་རྒྱུ།། ཤེས་རབ་ཀྱི་ནི་ཡོན་གྱིས་སུ།། སྦྱར་ཏེ་རྒྱལ་བའི་གནས་སུ་ཕྱིན།། ངས་སུ་འཇིག་རྟེན་དྲང་པོ་མཐོང་བ་སླབས་པ། ་ཁྱེད་རྣམས་ཀྱང་ནི་དེ་བཞིན་སློབས།། འཇིག་རྟེན་བསྒྲིབས་བགས་དོན་བཅད་ན།། སྦྱར་ཏེ་རྒྱལ་བའི་གནས་སུ་ཕྱིན།། འཕགས་པ་ལམ་བརྒྱད་འགྲུས་སྤྱད་ན།། སྦྱར་ཏེ་མྱ་ངན་འདས་པ ་ཐོབ། ། ཆོས་བཙལ་བདག་གིས་བསོད་ནམས་བཙལ།། ངས་སུ་བཤད་དོ་ཅོག་ན་དེ་བཞིན་ནོ།། བསྐལ་པ་འདི་ནི་འདས་ཕྱིན།། བསྐལ་པ་དྲུག་ཅུར་སངས་རྒྱས་མེད།། སྒྲ་དང་སྐད་ཀྱང ་མེད་པས་ན། ། ལ་མ་ཐོབ་པ་ལྟ་སྨོས་ཅི་དགོས།། དེ་ཚེ་དུས་ཀྱི་མི་རྣམས་ཀུན།། བཀྲེས་ལྷོགས་བྲུ་བས་ཉན་པས་སུ།། སྲིཞུ་བྱམས་པ་སེམས་མེད་དེ།། མ་དང་བུ་ཡི་ཤ་ཡང་ཟ། ་དེ་ཚེ་ཁྱིམ་གྱི་བུས་པ་རྣམས།། གཞན་གྱིས་ཟོས་དོགས་རིམ་གྲོ་རྟག། དེ་ལྟ་བུ་ཡི་དུས་ངན་ཐོབ།། སུ་ཞིག་སྐྱེ་ཤི་ལས་ཀྱང་བསྐྱེད།། སྡུག་བསྔལ་ཕྱི་མོ་གཏི་མུག་ཡིན།། ལྔ་ཕུང་ཕྱི་མོ་འདོད་ཆགས་ཡིན།། འདོད་ཆགས་ལྔ ་ལ་མ་དད་ན། ། འདོད་ཅིང་ཆགས་པ་རྣམས་ཀུན་ཚེ།། དཔལ་གྱི་འབྲས་བུ་ལམ་ཐོབ་ལ།། འདོད་ཅིང་ཆགས་པའི་སེམས་ཟབ་སྐྱེས།། འདོད་ཆགས་ཀྱི་ནི་རྒྱུ་རྐྱེན་གྱིས།། ངན་པ་གཡོས ་པས་ལམ་ངན་སྲུང་། ། ཟག་མེད་ཆོས་ནི་སྟོན་པ་ནི།། འཇིག་རྟེན་སྲ་མ་ཁྲང་མེད་པར་འགྱུར།། དེ་ལྟ་བུར་ནི་ཤེས་རིག་ན།། ཁྱེད་ལ་སོགས་པ་མྱུར་སྤྱོད་རིགས།། སེམས་མེད་སེམས ་ཀྱི་འདུ་ཤེས་སྐྱེས། ། བདག་ཉིད་ཤིན་ཏུ་འཇིགས་ཤིང་སྐྲག། བདག་གིས་བྱས་སམ་མ་བྱས་པ།། དེ་ཡི་དོན་ནི་ཇི་ལྟ་བུར།། དེ་ལྟ་བུ་ཡི་ཐ་མལ་རྣམས།། བསམས་ཤིང་མནོས་ཏེ ་འགྲོས་དཔགས་ན། ། བདག་གིས་ཇི་ལྟ་བུ་རུ་བྱས།། དེ་བཞིན་རྟག་པར་མཆིམས་དུ།། ཕུད་མེད་ཕུང་པོའི་འདུ་ཤེས་སྐྱེས།། ང་མེད་ང་ཡི་འདུ་ཤེས་སྐྱེས།། ་ཉིན་གྱི་མཚན་མའི་སྟོང་ཆོས་ཐོས།། དེ་ལྟ་བུས་ཀྱང་བསླབ་ཅིང་རྨོངས།། སངས་རྒྱས་ཀྱིས་སུ་བདེན་པ་བཤད།། ཕུང་པོ་རྣམས་ཀྱི་གཞུང་མ་རིག། ཐོས་ན་མི་འགྱུར་སྙམ་དུ་འཛིན།། ་འཇིགས་སྐྲག་པའི་གནས་ནི་སེམས་པ་མེད།། ངས་འདས་མ་འོངས་ད་ལྟར་བཤད།། ཕུང་པོ་རྣམས་ནི་སྟོང་སྟོང་ཞིང་།། དུས་གསུམ་ཟད་པར་ཉམས་སྙེམས་ཏེ།། དཔེར་ན་ནམ་མཁའ ་སྟོང་པ་བཞིན། ། འདས་པའི་སངས་རྒྱས་ཡོད་དོ་ཅོག། དེས་ཀྱང་ཉིན་མཚན་སྟོང་པར་བཤད།། མ་འོངས་དུས་ཀྱི་སངས་རྒྱས་རྣམས།། དེས་ཀྱང་ཉིན་མཚན་སྟོང་པར་བཤད།། ང་འདའ ་འཇིག་རྟེན་མངོན་པར་བྱུང་། ། ཆོས་རྣམས་ཐམས་ཅད་ཀུན་བཤད་ཀྱང་།། ངོ་བོ་ཉིད་དང་མཉམ་ཉིད་སྟོང་།། དུས་གསུམ་ལ་ནི་མི་མཚུངས་མེད།། སངས་རྒྱས་བདེན་གཞུང་བཤད་དོ། ་ཅོག། མ་འོངས་མིས་སུ་མི་ཤེས་ཏེ།། ང་དང་སེམས་ཅན་ལ་ཆགས་པས།། མཐའ་ངན་པ་ཡི་ལམ་དུ་ལྷུང་།། མ་འོངས་དུས་ནི་དེ་བཞིན་ཏེ།། ངན་ཆེན་ཤིན་ཏུ་འཇིགས་སྐྲག་རུང་།། ་ཁྱེད་ལ་སོགས་པ་བརྩོན་པར་གྱིས།། སངས་རྒྱས་ཀྱིས་བཤད་དོ་ཅོག་ཐོས་ནས་ཀུན་ཤིན་ཏུ་དཀའ་གཞའ་སྟེ། སངས་རྒྱས་ཀྱིས་བཤད་པ་ལ་ཡིད་ཆེས་པར་མནོས་སོ།། སངས་རྒྱས ་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་རྫོགས་སོ། ། རྒྱ་ལས་འགྱུར་བའི་བརྡ་རྙིང་པར་སྣང་ངོ་།། རྒྱ་གར་སྐད་དུ ་