| Wylie | e-texts produced with BDRC’s OCR application |
།། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་པྲ་ཏི་བི་མ་བ། པྲ་ཏིཥྛ་ཨ་རུ་ཤང་ས། སམ་བརྣ་ནཱ་མ་དྷརྨ་བརྱ་ཡ། བོད་སྐད་དུ། འཕགས ་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ཅི་རིམ་གྲོའི ་གནས་སུ་ལྷགས་ཏེ་འདུས་ནས་བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ། ། ཁྱེད་ཅག་བྲམ་ཟེའམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་བསགས་པ ་དགེ་བ་ཇི་ལྟར་བྱ་ཞེས་ཚོལ་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱ་བར་སྤྲོ་བར་བསྐྱེད་པ་དག་སྣང་ལ། དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་ལྷགས ་ནས་བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི། ་གཟུགས་བརྙན་བགྱིད་པ་ལ་ཕན་ཡོན་ཇི་ཙམ་ཞིག་ཡོད་པ་བདག་ཅག་གིས་མི་ཤེས་ཏེ། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་མཐུན་པར་ལན་གདབ་པར་བྱ། གང་དོན་འདི་དག ་ཉིད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད ་པར་མཛད་པ། སྟོན་པ་དེ་ལ་བདག་གིས་ཞུའོ།། འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས། བྲམ་ཟེ་དང་ཁྱིམ ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལན་གདབ་པར་བྱའོ་ཞེས་བགྲོས་སོ། ། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅག་དགེ་སློང ་རབ་ཏུ་མང་པོ་དག་རིམ་གྲོའི་གནས་དེར་ལྷགས་ཏེ་འདུས་པ་དང་། བར་དེར་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ་ཁྱེད་ཅག་ལ་བྲམ་ཟེའམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ ་ཐོས་པ་བསོགས་པ། དགེ་བ་ཇི་ལྟར་བགྱི་ཞེས་ཚོལ་བ་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱི་བར་སྤྲོ་བ་སྐྱེས་པ་དག་གདའ་ལ། དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་མཆིས་ནས ་བགྱིད་པ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་འཚལ་ན། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་མཐུན་པར་ལན་གདབ་པར་བགྱི། གང་དོན་དེ་དག་ཉིད་ནི ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད་པར ་མཛད་པ། སྟོན་པ་དེ་ལ་བདག་ཅག་གིས་ཞུ་བར་བགྱིའོ།། འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས། བྲམ་ཟེ་དང ་ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་བྱེ་སྟེ། ལན་གདབ་པར་བགྱིའོ་སྙམ་བགྱིད་དོ།། བཙུན་པ་བཅོམ་ལྡན་འདས་དོན་དེ་བདག་ཉིད་བདག་ཅག་ཞུ་ཞིང་མཆིས་ན། བཙུན་པ་དེ ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི། དགེ་སློང་དག་ཁྱེད་སྐྱེ་བོ་མང་པོ་ལ ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེ་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ལ་དོན་འདི་དག་ཉིད་ཞུ་བར་སེམས་པ་ལེ་གཱ་སོ་ལེགས་སོ། ། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བསྟན་པར་བྱའོ།། དགེ་སློང་དག ་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྡེད་བཟང་པོར་གྲགས ་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན ་བ་པོའི་ཕན་ཡོན་དང་པོ་ཡིན་ནོ། ། གཞན་ཡང་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་། ཡོ་བྱད་མང་བ་དང་། བདག་དབང་བ་བདག་གིར་བྱ ་བ་མང་བ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་། གླང་པོ་ཆེ་དང་། བ་གླང་དང་། ལུག་དང་། ་བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་། མཛའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། ་དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང ་མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟློམ་པ་དང་། ལག་པ་རིང་བ་དང་། དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ཡན ་ལག་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན ་གསུམ་པ་ཡིན་ནོ། ། དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུ་འམ། ཆུང་མ ་འམ་བྲན་ནམ། ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད ་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། ། དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས ་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་། ལྷའི་མདོག་དང་། ལྷའི་སྟོབས ་དང་ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག ་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་དྷརྨ་ཀར་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར། བནྡེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། ་