CLOSE WINDOW

S208: chos kyi 'khor lo'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། དྷརྨ་ཙཀྲཱ་སཱུ་ཏྲ། བོད་སྐད་དུ། ་ཆོས་ཀྱི་འཁོར་ལོའི་མདོ།། །། ཐམས་ཅད་མཁྱེན་པ་ཉིད་ལ ་ཕྱག་འཚལ་ལོ། ། འདི་སྐདབདག་གིས་ཐོས་པ་དུས ་རྒྱུ། ། གཅིག་ན། སངས་རྒྱས་བཅོམ་ལྡན་འདས་ཝཱ་རཱ་ཎཱ་སི་དྲང་སྲོང ་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྔ་སྡེའི ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས ་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ། ་། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། ་འདི་ནི་སྡུག་བསྔལ་ལོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར ་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། ་དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས། ཡོངས་སུ་ཤེས ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང ་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་ཀུན་འབྱུང་བ་འཕག་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང ་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན ་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པ་ཤེས་པ། འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས། མངོན་སུམ་དུ་བྱའོ་ཞེས ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས ་བའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན ་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས ་རྣམས་ལ། སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས། ཡོངས་སུ་ཤེ་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། ་རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པ་འཕགས་པའི་བདེན ་པ་དེ་ངས་མངོན་པར་ཤེས་པས། མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང ་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག ་སྐྱེས་སོ། ། ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་པ་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ཤེས་པ་མ་ཡིན། རིག་པ་མ་ཡིན། བློ་མ་ཡིན། རྟོག་པ་མི་སྐྱེས་པ་དེ་སྲིད་དུ། ང་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས། ཚངས་པ ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་བྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་།། ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར ་མ་ཤེས་སོ། ། དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ། དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང་། ཤེས་པ ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་པ་དེ་ནས། ང་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི ་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་། དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། ། ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན། ཚེ་དང་ལྡན་པ་ཀོའུ་དི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམ ་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀོའུ་དི་རྒྱལ་བཀའ་སྩལ་པ། ཀོའུ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ ་ལྡན་འདས་ཀུན་འཚལ་ལགས་སོ། ། ཀོའུ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ།། ཀུན་འཚལ་ལགས་སོ།། ཚེ་དང་ལྡན ་བཀོའུ་དི་རྒྱས་ཆོས་ཀུན་ཤེས་པས། དེའི་ཕྱིར་ཚེ་དང་ལྡན་པ་ཀོའུ་དི་ནྱ་ཀུན་ཤེས་ཀོའུ་དི་ནྱ་ཞེས་ཚིག་བླ་དགས་སུ་བཏགས་སོ།། ཚེ་དང་ལྡན་པ་ཀོའུ་དི་ནྱས་ཆོས་ཀུན་ཤེས་སོ་ཞེས། ས་བླའི ་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱ་རཱ་ཎ་སིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི ་འཁོར་ལོ་ཆོས་དང་ལྡན་པ། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་། ་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བསྐོར་བས། ལྷའི་རིས་མངོན་པར་འཕེལ་ཞིང་། ལྷ་མ་ཡིན་གྱི་རིས ་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། ། ས་བླའི་གནོད་སྦྱིན་རྣམས་ཀྱིས་སྒྲ་ཐོས་ནས།། ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་། རྒྱལ་ཆེན་བཞི་པའི་རིས་དང་། སུམ་ཅུ་རྩ་གསུམ ་པའི་ལྷ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས། སྐད་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག། ་དང་། ཨུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བསྔགས་སོ།། ཚངས་རིས་ཀྱི་སྒྲ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱརཿ ་སིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ ་འམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས ་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བསྐོར་བས། ལྷའི་རིས་མངོན་པར་འཕེལ་ཞིང་། ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ།། བཅོམ་ལྡན་འདས་ཀྱིས་ཝཱ ་རཱ་ཎ་སིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས ་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། ། ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སོ།། ། ཐར་པ་ལོ་ཙོས་བསྒྱུར་བ་དང་། མདོའི་ངོ་གཅིག་ཏུ་སྣང་།། ་