CLOSE WINDOW

S204: mdo chen po rgyal mtshan dam pa zhes bya ba
Wyliee-texts produced with BDRC’s OCR application

འདི་སྐད་བདག་གིས་ཐོས་པ་དུས་གཅིགན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན་བཞུགས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་ལེ་ས། དགེ་སློང་དགགལ་ཏེ་བྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་ངན་འདུག་ཀྱང་རུང་སྟེ། ་འཇིགས་པའམ། ངག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་བྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས ་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་པ་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། ངའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིག ་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་དབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།། དགེ་སློང་དག་སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་ན ་ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅིག་ལཱུ་དང་། ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་ན། འཇིགས་པ་འམ། ་བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་དམ་པ་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས ་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ ་མེད་པར་འགྱུར་རོ། ། དགེ་སློང་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀླུང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ། འཇིགས་པ་དང ་བག་ཚ་བ་དང་། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དོན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས ་ཡིན་ནོ་ཞེས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དགེ་སློང་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པའམ། བག་ཚ་བ་འམ། ་སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།། དགེ་སློང་དག་ལྷའི་དབང་པོ་བརྒྱ་བྱིན་དེ་ནི་ད་དུང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས ་ཤིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མཐར ་འཇིགས་པ་ཡོད། བག་ཚ་བ་ཡོད། སྔས་པ་ཡོད། འབྲོས་པ་ཡོད་ཅིང་། དེ་ནི་ལན་འགའ་འཇིགས་པར་ཡང་འགྱུར། བག་ཚ་བར་ཡང་འགྱུར། འབྲོས་པར་ཡང་འགྱུར་ཏེ ་དགེ་སློང་དག་དུང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མཱ་ངན ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མཐར་ལཱ། འཇིགས་པ་ཡོད། བག་ཚ་བ་ཡོད། སྔས་པ་ཡོད། འབྲོས ་པ་ཡོད་པའི་ལྷའི་དབང་པོ་དརྒྱ་བྱིན་དེའི་ཚིག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དད་པས་མཉན་པར་བྱས་སེམས་ཤིང་། ཚིག་བཞིན་དུ་བྱ་བར་སེམས་ན། དགེ་སློང་དག་ང་ནི་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ་སྡེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་པ། འཇིགས་པ་མད། བག་ཚ་བ་མེད།། སྤངས་པ་མེད། འབྲོས་པ་མེདང ་ཡིན་པས། དགེ་སློང་དགེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་དང་། སྐྱེ་བ ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་པ ་རིགས་པ་ན། ངག་ཀྱ་དད། སྡུག་པནིང། འཛུམ་མེད་ད་ཚིག་མ་ཉན་པ་ཅ་དད་། གཏནས་པ་བཞི་ན་པ་དང་། རྫུས་སུ་བསྟན་དུ་བྱུ་བ་ནི་དུ་བའི་ནས་ཡིནན།། ། ་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། དགོན་པ་དང་ནི་ཤིང་དྲུང་དང་།། ཁྱིམ་སྟོང ་དག་ཏུ་འཇིག་རྟེན་གཙོ། ། རྣམ་པར་འདྲེན་པ་རྫོགས་སངས་རྒྱས།། རྗེས་སུ་དྲན་གྱི་དགེ་སློང་དག། གལ་ཏེ་རྣམ་འདྲེན་འཇིག་རྟེན་གཙོ།། རྫོགས་སངས་རྒྱས་པ་མི་དྲན་ན།། འདོད། ་ཆགས་བྲལ་བ་རྣམས་ཀྱི་མཆོག། ཆོས་དེ་རྗེས་སུ་དྲན་པར་གྱིས།། གལ་ཏེ་འདོད་ཆགས་བྲལ་བའི་མཆོག། ཆོས་དེ་རྗེས་སུ་མི་དྲན་ན།། དགེ་འདུན་བླ་མེད་བསོད་ནམས་ཞིང་།། དེ་ནི། ་རྗེས་སུ་དྲན་པར་གྱིས།། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། དེ་ལྟར་རྗེས་སུ་དྲན་བྱས་ན།། འཇིགས་དང་བག་ཚ་སྤུ་ལྡང་བ།། མེད་པར་འགྱུར་རོ་དགེ་སློང་དག། འཇིགས་པ་སྐྲག ་པའི་མི་མང་པོ། ། རི་དང་ནགས་ཚལ་རྣམ་དག་དང་།། ཀུན་དགའ་མཆོད་པའི་ལྗོན་ཤིང་ལ།། སྐྱབས་སུ་འགྲོ་བར་གང་བྱེད་པ།། དེ་ནི་སྐྱབས་གཙོམ་ཡིན་ཞིང་།། ད་ནི་སྐྱབས་མཆོག་མ ་ཡིན་ཏེ། ། སྐྱབས་དེ་དག་ལ་རྟེན་བྱེད་པ།། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར།། གང་ཞིག་སངས་རྒྱས་ཆོས་དང་ནི།། དགེ་འདུན་དག་ལ་སྐྱབས་སོང་བ།། སྡུག་བསྔལ་སྡུག་བསྔལ་ཀུན ་འབྱུང་དང་། ། སྡུག་བསྔལ་ཡང་དྲག་འགོག་པ་དང་།། བདེ་ཞིང་མྱ་ངན་འདྲས་འགྲོ་བའི།། འཕགས་ལམ་ཡན་ལག་བརྒྱད་པ་ཡི།། འཕགས་པའི་བདེན་པ་བཞི་པོ་དག ་ཤེས་རབ་ཀྱིས་ནི་ལེགས་མཐོང་འགྱུར། ། དེ་ནི་སྐྱབས་ཀྱི་གཙོ་བོ་དང་།། དེ་ནི་སྐྱངས་ཀྱི་མཆོག་ཡིན་ཏེ།། སྐྱབས་དེ་དག་ལ་བརྟེན་བྱས་ན།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས ་བྱ་བ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་