CLOSE WINDOW

S191: 'phags pa sA lu'i ljang ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བརྒྱ་པ་ནས་བཀོལ་བའོ། ། ། !། རྒྱ་གར་སྐད་དུ། ཨརྱ་ཤཱ་ལི་སྟམ་བྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སཱ་ལུ་ལྡང་བ ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་མ། ་བྱ་རྒོད་ཕུང་པོའི་ར་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ་དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བན་ནུན་ཡང་དག་པར་དགའ་བ་བྱ་བའི་གཏམ ་རྣམ་པ་མང་པོ་བྱས་ནས། འདུས་ཏེ་གཉིས་ཀ་རྡོ་ལེབ་ལ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ ་འདི་སྐད་ཅེས་སྨྲས་སོ། ། བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་བ་ལ་གཟིགས་ནས། དགེ་སློང་རྣམས་ལ་མདོ་འདི་གསུངས་སོ།། དགེ་སློང་དག་སུས་རྟེན་ཅིང་འབྲེལ ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། ། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ན། བྱམས ་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། ཆོས་ནི་གང་། སངས་རྒྱས་ནི་གང་། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན ་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད ་ཅེས་སྨྲས་སོ། ། བཙུན་པ་ཤཱ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཀྱིཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན་པས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། ་སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར ་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེ ་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ ་བ་དང་། དེ་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ།། དེ་ལ་མ་རིག་པ་འགགས་པས་འདུ་བྱེད། ་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། ་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ། ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ ་པར་འབྱུང་བ་ཞེས་གསུངས་སོ། ། ཆོས་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག ་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། འདི་ནི ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། འབྲས་བུ་རྙེད་པ་དང་། མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་སོ་ཞེས་བཀའ་སྩལ་ཏོ།། དེ་ལ ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེ་ནི་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུ་དང་ལྡན་པ་དང་། ་སློབ་པ་དང་། མི་སློབ་པའི་ཆོས་དེ་དག་གཟིགས་པའོ།། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་འདས་ཀྱིས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། མི་འཇིགས་པ་དང་། མི་འཕྲོགས་པ་དང་། མ་ཞི་བའི་རང་བཞིན་དུ་མཐོང་བ་སྟེ། གང་གིས་ཚུལ ་དེ་འདྲ་བར་ཆོས་ལའང་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ ་དང་ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། མི་འཇིགས་པ་དང་། མི་འཕྲོགས་པ་དང་། མ་ཞི་བའི་རང་བཞིན་དུ་མཐོང་བ་དེ་ཡང་དག་པའི་ཡེ་ཤེས ་ཐོབ་པས། འཕགས་པའི་ཆོས་མངོན་པར་རྟོགས་པས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་གྲ་སྤངས་སོ།། སྨྲས་པ། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས ་བྱ། ། སྨྲས་པ། རྒྱུ་དང་བཅས། རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བསྡུས་ཏེ་བཀའ་སྩལ་པ། རྐྱེན་ཉིད་ཀྱིས་འབྲས་བུ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། ་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས། གང་ནི་འདི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། རྟེན་ཅིང་འབྲེལ ་པར་འབྱུང་བར་མཐུན་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཁོ་ན་དང་། མ ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་བར་དུ་གསུངས་སོ།། འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། རྒྱུ་དང ་འབྲེལ་བ་དང་། རྐྱེན་དང་འབྲེལ་བའི་ཕྱིར་རོ།། དེའང་ཕྱིའི་དང་། ནང་གི་དང་། རྣམ་པ་གཉིས་སུ་བལྟའོ།། དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་བ ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་བུ། སྦུ་བུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག། མེ་ཏོག ་ལས་འབྲས་བུ། ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའང་མི་འབྱུང་ངོ་།། ས་བོན་ཡོད་ན་མུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་བཞིན་དུ་མེ་ཏོག ་ཡོད་ན་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། ། དེ་ལ་ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།། མྱུ་གུའང་འདི་སྙམ་དུ ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། ། དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ། བདག་གིས་འབྲས་བུ་མངོན་པར་བསྒྲུབ་བོ་སྙམ ་དུ་མི་སེམས་པའི་བར་དུའོ། ། འབྲས་བུའང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མེད་ཀྱི། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུག ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུའང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང ་འབྲེལ་བར་ལྟའོ། ། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ ་ན། འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར ་བལྟའོ། ། དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད་དོ།། ཆུའི་ཁམས་ནི་ས་བོན་རླན་པར་བྱེད་དོ།། མེའི་ཁམས་ནི་ས་བོན་ཡོངས་སུ་དྲོ་བར་བྱེད་དོ།། རླུང་གི་ཁམས་ཀྱིས་ས་བོན་ལོང ་སུ་འབུ་བར་བྱེད་དོ། ། ནམ་མཁའི་ཁམས་ནི་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ།། དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ།། རྐྱེན་འདི་དག་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར ་མི་འགྱུར་གྱི། ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་འགྱུར་ལ། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་མ་ཚང་བ་མེད་པར་འགྱུར་ཏེ། ཐམས ་ཅད་འདུས་པ་ལས་ས་བོན་འགགས་པ་ནི། དེ་ལས་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ། བདག་གི་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས ་སོ། ། དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ། བདག་གི་ས་བོན་བརླན་པར་བྱའོ་སྙམ་དུ་མི་སེམས་སོ།། མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ཡོངས་སུ་དྲོ་བར་བྱའོ་སྙམ་དུ ་མི་སེམས་སོ། ། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་འབུ་བར་བྱའོ་སྙམ་དུ་མི་སེམས་སོ།། ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ ་བྱའོ་སྙམ་དུ་མི་སེམས་སོ། ། དུས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་འགྱུར་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ ་མི་སེམས་སོ། ། མྱུ་གུའང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་སེམས་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ལ། ས་བོན་འགགས་པ་ན། མྱུ་གུ་མངོན་པར ་འགྲུབ་པར་འགྱུར་རོ། ། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུའང་མངོན་པར་འགྲུབ་པར་འགྱུར་ཏེ། བྱུ་གུ་དེའང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས ་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ས་དང་།། ཆུ་དང་། མེ་དང་། ་རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་ནས། ས་བོན་འགགས་པ་ན། མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ ་རྐྱེན་དང་འབྲེལ་བར་བལྟའོ། ། དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུའང་གཞན ་ལ། ས་བོན་ཀྱང་གཞན་ཏེ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ། ས་བོན་འགགས་པ་ལས་མྱུ་གུ་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ས་བོན་ཡང་འག ་ལ། དེ་ཉིད་ཀྱི་ཚེ་ཡང་མྱུ་གུའང་འབྱུང་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཇི་ལྟར་ཆད་པར་མ་ཡིན་ཞེ་ན། སྔོན་འགགས་པའི་ས་བོན་ལསམྱུ་གུ་སྐྱེ་བ་མ་ཡིན།། མ་འགགས ་པ་ལའང་མ་ཡིན་གྱི། ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་སྲང་འདི་མཐོ་དམན་བཞིན་དུ་མྱུ་གུའང་སྐྱེ་བ་ས། དེའི་ཕྱིར་ཆད་པར་མ་ཡིན་ནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། གང་གི་ཕྱིར་རྒྱུ ་གུའང་གཞན་ལ། ས་བོན་ཡང་གཞན། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བར་མ་ཡིན་ནོ།། ས་བོན་ཆུང་ངུ་བཏབ་པ་ལ་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པར ་འགྱུར་ཏེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ།། ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་པས། དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། དེ ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔར་བལྟའོ། ། དེ་བཞིན་དུ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའང་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། རྒྱུ་དང་འབྲེལ་པ་དང་། ་རྐྱེན་དང་འབྲེལ་བའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས།། ། ་བྱ་བའི་བར་དུའོ།། གལ་ཏེ་མ་རིག་པ་མ་བྱུང་ན། འདུ་བྱེད་ཀྱང་མི་མངོན་པ་ཞིག་ན།། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན། རྒ་ཤིའི་བར་དུའང་མི་མངོན་པ་ཞིག་ན། འདི་ལྟར་མ་རིག ་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས། སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་མ་རིག་པའང་འདི་སྙམ་དུ་བདག་གིས ་འདུ་བྱེད་རྣམས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། ། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས། དེ་བཞིན་དུ་སྐྱེ་བ ་འང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་ཤིང་། རྒ་ཤིའང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི ་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང ་བར་འགྱུར་ཏེ་། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་བར་བལྟའོ།། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་ཞེ་ན། ཁམས་དྲུག་པོ་འདུས་པའི་ཕྱིར་ཏེ། ་ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་། ནུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་འདུས་པ་ལས། ནང་གི་རྟེན་ཅིང་འབྲེལ ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ། ། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་ལུས་འདུས་ནས། སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ ་འདི་ནི་སའི་ཁམས་ཞེས་བྱའོ། ། གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ།། གང་ལུས་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས ་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། ། གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ།། གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ ་། མཁའི་ཁམས་ཞེས་བྱའོ།། གང་མདུང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ། རྣམ་པར་ཤེས་པ་ལྔའི་ཚོགས་དང་། འདུས་པ་དང་། ཟག་པ ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་འདི་ནི། མདུང་ཁྱིམ་གྱི་ཚུལ་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནམ ་ནང་གི་སའི་ཁམས་ཚང་ཞིང་། དེ་བཞིན་དུ་ནུ་དང་། མ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས ་མངོན་པར་འགྲུབ་པར་འགྱུར་རོ། ། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་འདུས་ནས། སྲ་བའི་དངོས་པོ་མངོན་པར་འགྲུབ་བོ་སྙམ་དུ་མི་སེམས་སོ།། ཆུའི་ཁམས་ཀྱང་འདི ་སྙམ་དུ་བདག་གིས་ལུས་བསྡུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། ། མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས ་པ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ། ། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ནམ་མཁའི་ཁམས་ཀྱང་འདི ་སྙམ་དུ་བདག་གིས་ལུས་ཀྱི་ནང་དུ་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ། ། རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་། གཟུགས་མངོན་པར ་བསྒྲུབ་བོ་སྙམ་དུ་མི་སེམས་སོ། ། ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་པ་དང་ལུས ་ཀྱང་སྐྱེ་བར་འགྱུར་རོ། ། དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད ་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ།། དེ་བཞིན་དུ་ཆུའི་ཁམས་དང་། མའི་ཁམས་དང་། རླུང་གི ་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ།། དེ་ལ་མ་རིག་པ་གང ་ཞེ་ན། ཁམས་དྲུག་པོ་འདི་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། ་གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཤེས་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས ་བ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ། ། དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འཇུག་གོ། ཡུལ་རྣམས་ལ ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ།། ་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་རྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། ཆོས་གསུམ ་འདུས་པ་ནི་རེག་པའོ། ། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེན་པ་ནི་སྲེད་པའོ།། སྲེད་པ་འཕེལ་བ་ནི་ལེན་པའོ།། ལེན་པ་ལས་སྐྱེས་པའང་སྲིད་པ་སྐྱེད་པའི་ལས་ནི་སྲིད ་པའོ། ། རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཆི་ཞིང་སྨོས་ཏེ་མངོན་པར་འཆག་པ་དང་བཅས ་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། ། མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ ་བའོ། ། ཡིད་ལ་བྱེད་པ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་མི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག ་པབ་ཞེས་བྱའོ། ། དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ།། མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ།། རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ།། རྟེན་པའི་ཕྱིར ་མིང་དང་གཟུགས་སོ། ། སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ།། རེག་པའི་ཕྱིར་རེག་པའོ།། མྱོང་བའི་ཕྱིར་རོ།། སྐོམ་པའི་ཕྱིར་སྲེད་པའོ།། ཉེ་བར་ལྡད་པའི ་ལེན་པའོ། ། ཡང་སྲིད་པ་སྐྱེ་བའི་བྱར་སྲིད་པའོ།། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།། ཕུང་པོ་སྨིན་པའི་ཕྱིར་རྒ་བའོ།། འཇིག་པའི་ཕྱིརཱི་འཆི་བའོ།། མྱ་ངན་བྱེད་པའི་ཕྱིར ་མྱ་ངན་ནོ། ། ཚིག་གིས་སྨེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུ་ས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ།། ཉོན་མོངས་པའི་ཕྱིར ་འཁྲུག་པའོ། ། གཞན་ཡང་འདི་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་པ་ནི་མ་རིག་པའོ།། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ།། འདི་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། དེ་ལ་བསོད ་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ན ་མ་ཡིན་པ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་འདྲ ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། ། འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ།། མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ ་བ་བྱེད་པ་རྣམས་འབྱུང་སྟེ། འདི་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལས། རེག་པའི་ཚོགས་དྲུག་འབྱུང་སྟེ། འདི་ནི་སྐྱེ་མཆེད་དྲུག་གི ་རྐྱེན་གྱིས་རེག་པ་ཞེས་བྱའོ། ། ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་མངོན ་པར་དགའ་བ་དང་། ལྷག་པར་ཞེན་ནས་འཇུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་འདུག་པ་ལས། བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར ་ཅིག་སྙམ་དུ་ཡོངས་སུ་མི་གཏོང་བའི་ཕྱིར་ཞིང་སྨོན་པ་འདི་ནི། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་སྨོན་ཅིང་ཡང་སྲིད་པ་སྐྱེད་པའི་ལས། ལུས་དང་། ངག་དང་། ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། ལ་ས་དེ ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་གྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། ། སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། རྒྱུ་གཞན་དང་གཞན ་ལས་འབྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན། རྐྱེན་མེད ་པ་མ་ཡིན། མྱོང་བ་པོ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཀླུང་གི་རྒྱུན་བཞིན་དུ་རྒྱུན ་མ་ཆ་དྲ་པར་རྗེས་སུ་ཞུགས་པའོ། ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། གཅིག་གི་རྒྱུ་གཅིག། གཅིག་གི་རྐྱེན་གཅིག། རྟག་པ་མ་ཡིན། མི་རྟག ་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། མྱོང་བ་ཡོད་པ་མ་ཡིན། རྒྱུ་མེད་པ་མ་ཡིན། རྒྱུ་མེད་པ་ལས་བྱུང་བ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས ་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཀླུང་གི་རྒྱུན་བཞིན་རྒྱུན་མ་ཆད་པར་རྗེས་སུ་ཞུགས་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་པར ་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པའོ།། དེ་ལྟར་རྣམ་པར ་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། ། ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ།། མ་རིག་པ་དང་། སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ།། དེ་ལ་ལས་དང་ཉོན་མོངས ་བ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་དོ། ། དེ་ལ་ལ་ས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ།། སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ།། མ་རིག་པ་ས་བོན་རྣམ་པར་ཤེས་པ ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ།། དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ ་མི་སེམས་སོ། ། སྲེད་པའང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ།། མ་རིག་པའང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ ་བོ་སྙམ་དུ་མི་སེམས་སོ། ། ས་བོན་རྣམ་པར་ཤེས་པའང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ ་སྲེད་པའི་རླན་གྱིས་བརླན་པ། མ་རིག་པའི་ལུད་ཀྱིས་བྲན་པ། སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། ་མིང་དང་གཟུགས་ཀྱི་མྱུ་གུ་དེའང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱི་ས་མ་བསྒྱུར ་རང་བཞིན་ལ་མ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་པ་དང་མ་ཕྲད་པ་དང་། དུས་དང་ལྡན་པ་དང་། རྐྱེན་གཞན་ཡང་ཚོགས་ན ་བདག་པོ་མེད་པའི་ཆོས་བདག་གི་མེད་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་རང་བཞིན་གྱི་མཚན་ཉིད་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། སྐྱེ་བའི། ་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ།། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི། ་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན། མིག་ལ་རྟེན་པ་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པའང་བརྟན་ནས། མིག་གི་རྣམ་པར་ཤེས་པ ་འབྱུང་ངོ་། ། དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པ་རྟེན་པའི་བྱ་བ་བྱེད་དོ།། གཟུགས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེད་དོ།། སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ།། ནམ་མཁའ་ནི་མི ་སྒྲིབ་པའི་བྱ་བ་བྱེད་དོ། ། དེ་སྐྱེད་པའི་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ།། རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། ནམ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ ་དེ་བཞིན་དུ་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་ཀྱང་མ་ཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།། ་དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས ་སོ། ། སྣང་བ་འང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སློབ་པའི ་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། ། དེ་སྐྱེད་པའི་ཡིད་ལ་བྱེད་པའང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། མིག་གི་རྣམ་པར་ཤེས་པའང་འདི་སྙམ་དུ ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་སོ། ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས། མིག་གི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ།། དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་ཅི་རིགས་སུ ་སྦྱར་རོ། ། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པའང་ཡོད་དོ།། འདི་ལྟ་སྟེ། དཔེར་ན་རབ་ཏུ ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བའང་བཞིན་མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། བཞིན་དུ་མངོན་པར་སྣང་བའང་ཡོད ་དོ། ། དེ་བཞིན་དུ་འདི་ནས་ཀྱང་སུའང་ཤི་འཕོས་པ་མེད་ལ། གཞན་དུའང་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་པའང ་ཡོད་དོ། ། འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྡོད་ཆུང་ངུ་རུས་གང་བར་སླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བའང་ཟླ་བའི་དཀྱིལ ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བའང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚུང་བ་མེད་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་དུ་མངོན་པའང་ཡོད་དོ།། དེ་བཞིན་དུ་འདྲ ་ནས་ཀྱང་སུའང་ཤི་འཕོས་པ་མེད་ལ། གཞན་དུའང་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་པའང་ཡོད་དོ།། འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་དང་། ་རྐྱེན་མ་ཚང་ན་མི་འབར་གྱི། རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ།། དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། རྒྱུ་མའི་མཚན་ཉིད ་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། སྐྱེ་བའི་གནས་ཉིད་མཚམས་སྦྱོར་བ། མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ། ལས་དང་ཉོན་མོངས་པ་རྣམས་ཀྱིས ་བསྐྱེད་པ། མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབས་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར ་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར་རྟག ་བར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པའི་རྣམས་ཀྱང་གཞན་ཏེ། ཐ་མའི་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར ་གཏོགས་པ་རྣམས་མ་ཡིན་གྱི། ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས། དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཇི་ལྟར་ཆད ་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ཐ་མའི།། ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོ་དམན་བཞིན་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ།། ཇི་ལྟར ་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བ་ནས། སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་མངོན་པར་བསྒྲུབས་པ་དེའི་ཕྱིར་འཕོ་བ་མ་ཡིན་ནོ།། ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་།། ་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ།། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས། དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།། བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་བཅོམ་ལྡན་འདས་ཀྱིས ་ཡང་དག་པར་གསུངས་པ་དེ། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་དུ་སྲོག་མེད་པ་དང་། སྲོག་དང་བྲལ་བ་དང ་ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེང་བ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས ་པ་མེད་པ་དང་། མི་འཕྲོགས་པ་དང་། མི་ཟད་པ་དང་། རྣམ་པར་ཞི་བའི་རང་བཞིན་དུ་མཐོང་བ་མེད་པ་དང་། གསོག་དང་། གསོ་བ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང ་ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གས ་འོན་ཏེ་བདག་འདས་པའི་དུས་ན་མ་བྱང་བ་ཞིག། བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག། བདག་འདས་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞག་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ།། ཅི་མ་འོངས ་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར།། མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ ་མ་ལ་མི་རྟོག་གོ། ། འདི་ཅི་ཞིག། འདི་ཇི་ལྟ་བུ་ཞིག། ཅི་ཞིག་ཡོད། ར་འགྱུར། སེམས་ཅན་འདི་གང་ནས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས། ད་ལྟར། ་བྱུང་བ་ལའང་མི་རྟོག་གོ།། འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་དག་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པའམ། སྲོག་ཏུ་སྨྲ་བ་དང་ལྡན་པ་འམ ་གང་ཟག་ཏུ་སྨྲ་བ་དང་ལྡན་པའམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དེ་དག་དེའི་ཚེ་དེས་སྤངས་པར་འགྱུར་ཏེ། ཡོངས།། ་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཏ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ།། བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ཀྱི་བཟོད་པ་འདི ་ལྟ་བུ་དང་ལྡན་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཁོང་དུ་ཆུད་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན། ་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སཱ་ལུ་ལྡང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། ་