| Wylie | e-texts produced with BDRC’s OCR application |
བོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།། ། !། རྒྱ་གར་སྐད་དུ། ཨཱརྱ་ལོ་ཀཱ ་རུ་བརྟ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཐུབ་པའི་རྒྱལ་པོ་རི་ལ་བཞུགས།། བྱང་ཆུབ་སེམས་དཔའ་སེམས་ཆེན་དང་།། ཉན་ཐོས་རྣམས ་ཀྱིས་མདུན་གྱིས་བལྟས། ། དེ་ནས་མཁས་པ་འཇམ་དབྱངས་ཀྱིས།། བཏུད་དེ་རྒྱལ་ལ་འདི་སྐད་གསོལ།། སླད་མའི་སྐྱེ་བོ་རྣམས་སླད་དུ།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ་སངས་རྒྱས་ཀུན་གྱི་ཡོན་ཏན་འབྱུང་།། ཟབ་ཅིང་རྒྱ་ཆེ་ཕུན་སུམ་ཚོགས།། མདོ་སྡེ་དམ་པ་བློ་རབ་ཀྱིས།། སྨྲ་བའི་མཆོག་གིས་བཤད་དུ་གསོལ།། འཇིག་རྟེན་མགོན་པོ་ཐུགས་སྐྱེས ་སྲས། ། གཅེས་འཛིན་མཆོག་ལ་བཀའ་སྩལ་པ།། རྩེ་གཅིག་སེམས་སུ་ཡིད་བྱོས་ལ།། ཉོན་ཅིག་ད་ནི་བཤད་པར་བྱ།། བློ་དང་ལྡན་པས་ཡོན་ཏན་ཞུས།། དེ་བཞིན་གཤེགས ་པས་བཀའ་སྩལ་པ། ། ཆོས་སྨྲ་སེམས་ཅན་མཆོག་རྣམས་ཀྱིས།། ཆོས་ཉིད་དེ་ནི་མཉན་པར་གྱིས།། དེ་བཞིན་གཤེགས་རྣམས་དཔག་མེད་ལས།། རང་སངས་རྒྱས་ནི་ཐམས་ཅད་དང་།། ་ཉན་ཐོས་དག་གིས་རྣམ་ཀུན་ཏུ།། རྫོགས་པའི་སངས་རྒྱས་བསགས་པ་ན།། དེ་བཞིན་གཤེགས་པ་སྤྲོས་མེད་ལ།། བྱིས་པ་སྤྲོས་ལ་སྤྱོད་པ་ཡི།། སེམས་ཅན་ཀུན་གྱི་རྒྱལ་བ་རྣམ ་རིགས་པར་མི་ནུས་སྤྲོས་ཅི་དགོས། ། སངས་རྒྱས་ཀྱིས་ནི་སངས་རྒྱས་དང་།། སངས་རྒྱས་ཆོས་ཉིད་གང་ཡིན་དང་།། རང་བྱུང་སྐུ་ཐུགས་ཅི་འདྲ་དང་།། ཤེས་རབ་ཅི་འདྲ་རབ་ཏུ་མཁྱེན།། ་འཇིག་རྟེན་དུ་ནི་འཇིག་རྟེན་སྒྲོན།། རྣམ་པར་འདྲེན་པ་རྣམས་འབྱུང་ཡང་།། འཇིག་རྟེན་དང་ནི་འདྲེས་མེད་པ།། འཇོག་རྟེན་དུ་ཡང་སྣང་བ་སྟོན།། སྐུ་དང་སྐུ་ཡི་འཕྲིན་ལས་དང་།། ་གསུང་གི་གང་དག་བརྗོད་པ་དང་།། ཡིད་དང་ཡིད་ཀྱི་རྣམ་རྟོག་རྣམས།། རྒྱལ་བའི་ཐམས་ཅད་འཇིག་རྟེན་འདས།། འཇིག་རྟེན་ན་ནི་ཐུགས་བརྩེ་བས།། འཇིག ་རྟེན་མགོན་པོ་འོད་མཛད་པ། ། འཇིག་རྟེན་ཇི་ལྟར་རྟོགས་པ་བཞིན།། སེམས་ཅན་རྣམས་ལ་ཆོས་སྟན་ཏོ།། འཇིག་རྟེན་འདས་པའི་སྤྱོད་རྣམས་ཀྱི།། སངས་རྒྱས་ཐམས་ཅད་ཡང་དག ་འཕགས། ། དེ་དག་འཕྲིན་ལས་འཇིག་རྟེན་འདས།། རྣམ་པར་སྨིན་པ་བླ་ན་མེད།། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས།། འཇིག་རྟེན་མཐུན་པར་མི་འཇུག་ན།། སངས་རྒྱས་ཆོས་ཉིད ་གང་ཡིན་དང་། ། སངས་རྒྱས་སུས་ཀྱང་ཤེས་མི་འགྱུར།། འཇིག་རྟེན་ཀུན་ལ་ཕན་བཞེད་པ།། སྐྱོབ་པ་རྫུ་འཕྲུལ་ལྡན་པའོ།། རང་བྱུང་སྡིག་པ་མི་མངའ་བ།། དེ་དག་གཡོ་བ ་བསམ་མི་ཁྱབ། ། བདེ་བར་གཤེགས་པ་རྣམས་ཀྱི་སྐུ།། འཁྲིག་པ་ལས་ནི་བྱུང་མིན་ལ།། ཡབ་དང་ཡུམ་ཡང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བསྐལ་པ་བྱེ ་བགྲངས་མེད་ནས། ། ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་།། འོན་ཀྱང་བྱིས་པ་ཉིད་སྟོན་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་འོད་ནི་དཔག་མེད་དེ།། ཕྱོགས་བཅུ་དག་ཏུ ་སྣང་མཛད་ཀྱང་། ། འདོམ་གང་འོད་དུ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མི་ཡི་དམ་པ་ནམ་དུ་ཡང་།། ཞབས་གཉིས་ས་ལ་མི་རེག་སྟེ།། འོན་ཀྱང་ལམ་སྲང་དེ ་སྟོན་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདོད་པ་དེ་དག་རྣམ་སྨད་དེ།། འདོད་པའི་རྫབ་ལས་ཡང་དག་འཕགས།། འོན་ཀྱང་སྲས་ལ་སོགས་སྟོན་པ།། འདི་ནི་འཇིག། ་རྟེན་མཐུན་འཇུག་ཡིན།། མར་མེ་མཛད་ནས་བཟུང་ནས་སུ།། དེ་བཞིན་གཤེགས་པ་འདོད་ཆགས་བྲལ།། སྒྲ་གཅན་ཟིན་ལ་སྲས་ཞེས་གསུངས།། འདི་ནི་འཇིག་རྟེན་འཐུན་འཇུག ་ཡིན། ། ལྷ་དང་བཅས་པའི་འཇིག་རྟེན་ལ།། ང་ནི་མཆོག་ཅེས་བཀའ་སྩལ་པ།། ཕྱི་ནས་ཆོས་ནི་ཚོལ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཐུབ་ཆེན་འཛམ་ཤིང་གྲིབ ་མ་ལ། ། བཞུགས་ཏེ་བསམ་གཏན་མཛད་བསྟན་པ།། ལོ་དྲུག་བར་དུ་དཀའ་སྤྲད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། གཉིས་སུ་མེད་པའི་ཞིང་འདི་ན།། བྱང་ཆུབ ་སྙིང་པོར་བཞུགས་ནས་ནི། ། བདུད་འདུལ་རྣམ་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། བྱང་ཆུབ་མཚུངས་མེད་སངས་རྒྱས་ཏེ།། ལྷར་བཅས་འཇིག་རྟེན ་སྟོན་ཡིན་ཡང་། ། ཐུགས་ལས་ཆུང་ངུ་ཉིད་སྟོན་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དཔའ་བོ་ཐུགས་རྗེ་ཆེ་ལྡན་པ།། བསྟན་པའི་ཕྱིར་ནི་འདིར་གཤེགས་ལ།། གསོལ ་བ་འདེབས་ལ་གཞེས་མཛད་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རང་བྱུང་རྣམས་ཀྱི་མཁྱེན་པ་ནི།། ཕྱིར་ནིང་འཇུག་པ་མི་མངའ་ཡང་།། དེ་དག་དྲན་པ་སྟོན་མཛད་ག ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། ། རྫོགས་པའི་སངས་རྒྱས་རྣམས་ལ་ནི།། བྱོན་དང་བཞུགས་པ་མི་མངའ་ཡང་།། འོན་ཀྱང་བཞུད་པ་རྣམ་སྣང་བ།། ་འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྒྱལ་བ་རྣམས་ནི་མཁའ་འདྲ་སྟེ།། ཆོས་རྣམས་ཀུན་ལ་མི་གནས་ཀྱང་།། ལྡང་བ་ལྟར་ཡང་སྣང་བ་ནི།། འདི་ནི་འཇིག་རྟེན་འཐུན་འཇུག ་ཡིན། ། ཞབས་ནི་པདྨའི་འདབ་འདྲ་སྟེ།། དེ་དག་རྡུལ་གྱིས་མི་གོས་ལ།། ཞབས་ཀྱང་འཁྲུ་བར་མཛད་པ་ནི།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་དག་དྲི་མ་མི་མངའ་སྟེ།། ་སྐུ་ནི་གསེར་གྱི་མདོག་འདྲ་ཡང་།། རྫོགས་པའི་སངས་རྒྱས་ཁྲུས་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཞལ་ནི་པདྨའི་དྲི་ལྡན་ཞིང་།། ཚེམས་ནི་དྲི་མེད་མུ་ཏིག་འདྲ།། ་འོན་ཀྱང་ཚེམས་ཤིང་གསོལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་དག་བཀྲེས་པ་མི་མངའ་ཡང་།། དེ་དག་ཞལ་ཟས་གསོལ་མཛད་ཅིང་།། སྦྱིན་པ་པོ་ལས་འབྲས་བུ་མེ ་འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། ། སྐུ་མ་ཁྲེགས་རྡོ་རྗེ་འདྲ་བའི་ཕྱིར།། ཟག་པ་དག་ནི་མི་མངའ་ཡང་།། གཤང་བའི་སར་ནི་གཤེགས་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག ་ཡིན། ། དེ་དག་སྙུན་ནི་མི་མངའ་ཡང་།། དགེ་འདུན་འགྲུབ་མཛད་པའི་ཕྱིར།། སྨན་ཀྱང་སྟེན་པར་མཛད་པ་ནི།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་ཡོན་ཏན། ་ཀུན་ལྡན་ཏེ།། སྐུལ་འགྱུར་བ་མི་མངའ་ཡང་།། དེ་དག་རྒ་བ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། འཇིག་རྟེན་ཁམས་ནི་དཔག་མེད་པ།། ཞབས་ཀྱི་མཐེ་བོས་གཡོ་མ ་བ། ། འོན་ཀྱང་ཉམ་ཆུང་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཡིད་ཀྱི་སྐུ་དང་ལྡན་པས་ན།། དེ་བཞིན་གཤེགས་པ་ཆོས་སུ་ཡང་།། རྣག་ཅན་ཀླུ་ནི་སྟོན་མཛད་པ།། ་འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་རྣམ་རྟོག་མི་མངའ་ཡང་།། སེམས་ཅན་སྤྱོད་ཡུལ་ཇི་བཞིན་དུ།། དེ་དག་སྤྱོད་པ་རྣམ་པར་རྟོག། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ་དེ་དག་རྟག་ཏུ་མཉམ་བཞག་ལ།། འགྲེང་དང་བཞུགས་དང་བཞུད་པ་དང་།། དེ་བཞིན་རྣལ་བར་རྣལ་བར་ཡང་།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྫོགས་པའི་སངས་རྒྱས་ཐུབ་དགའ་ལ ་གྲང་དང་ཚ་དང་གྲིབ་མ་དང་། ། དེ་བཞིན་ཉི་མ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཚངས་པའི་ཁྱིམ་ན་ཚངས་པ་ལྟར།། རྒྱལ་བ་རྟག་པར་ན་བཟའ་གསོལ།། འོན་ཀྱང་ན ་བཟའ་ལེན་མཛད་པ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྤྱི་གཙུག་བལྟར་ནི་མི་མཐོང་ཕྱིར།། སུ་གྲིས་གཅོད་དུ་ཡོད་མེད་ཀྱང་།། དབུ་འདྲེག་པར་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན ་མཐུན་འཇུག་ཡིན། ། རྫུ་འཕྲུལ་རྐང་པ་རབ་བསྒོམས་ཏེ།། དེ་དག་རྫུ་འཕྲུལ་རྣམ་སྟོན་ལ།། བསམ་གཏན་མཛད་པར་སྣང་བ་ཡང་།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། འཇིག་རྟེན ་རྣམ་པར་འདྲེན་པ་ཀུན། ། རོ་བྲོ་མཆོག་རྣམས་བརྙེས་གྱུར་ཀྱང་།། ངན་ངོན་དག་ནི་སྟེན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། བསོད་ནམས་མི་ཟད་ཐམས ་ཅད་ཀྱིས། ། སངས་རྒྱས་ཐམས་ཅད་ཡང་དག་འཕགས།། འོན་ཀྱང་མ་རྙེད་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དགའ་བའི་ཟས་ནི་མངོན་བསྒྲུབས་ཏེ།། བསྐལ་པ ་བྱེ་བར་བཞུགས་མཛད་ཀྱང་། ། རྟག་ཏུ་ཞལ་ཟས་གསོལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། བསོད་ནམས་ཕ་རོལ་ཕྱིན་པས་འཕགས།། ལྷ་ཡིན་བཟའ་རྙེད་གྱུར ་ཀྱང་། ། ཕྱག་དར་ཁྲོད་པ་གསོལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། འོག་མིན་གཞལ་མེད་ཁང་པ་རྣམས།། རྣམ་འདྲེན་རྣམས་ཀྱིས་ཡོངས་སྤངས་ཏེ།། རྩཝ་ཁྱིམ ་རྣམས་ནི་སྟེན་མཛད་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདྲེན་པ་རྣམས་ནི་ཞལ་དབུགས་ཀྱིས།། རྒྱ་མཚོ་ཆེན་པོ་སྐམས་མཛད་ཀྱང་།། ཆར་པའི་སྐྱབས་ཀྱང་རབ་འཛིན་པ།། ་འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། བདུད་རྣམས་བྱེ་བ་དཔག་མེད་པ།། ཐུགས་བསྐྱེད་ཙམ་གྱིས་འདུལ་མཛད་ཀྱང་།། བདུད་ཀྱི་བགེགས་རྣམས་སྟོན་མཛད་པ།། འདི་ནི་འཇིག་རྟེན ་འཐུན་འཇུག་ཡིན། ། ང་དང་ང་ཞེས་ལྟ་བ་གང་།། དེ་ནི་རང་བྱུང་རྣམས་ལ་མེད།། འོན་ཀྱང་ང་དང་ངའི་ཞེས་གསུངས།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྐྱོབ་པ་སངས་རྒྱས་ཆོས་ཀུན་ལ ་མི་མཁྱེན་པ་ནི་མི་མངའ་ཡང་། ། གཞན་ལ་ཡོངས་སུ་འདྲི་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། རྣམ་པར་འདྲེན་པ་འབྱུང་མཛད་ཀྱང་།། རབ ་ཏུ་དབེན་པར་སྣང་བ་སྟེ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་དག་སྣ་ཚོགས་སྐུ་མེད་ཀྱང་།། སེམས་ཅན་མོས་པ་ཇི་བཞིན་དུ།། སྐུ་ལུས་སྤྲུལ་པ་མཛད་པ་ནི།། འདི་ནི་འཇིག་རྟེན་འདུན ་འཇུག་ཡིན། ། འཇིག་རྟེན་ཀུན་གྱི་སྒྲ་སྐད་ཀྱིས།། དེ་བཞིན་གཤེགས་པ་མི་གཡོལ།། འོན་ཀྱང་སྒྲ་ཆུང་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྫོགས་པའི་སངས ་རྒྱས་སྤྲོས་མི་མངའ། ། ཆོས་རྣམས་ཀུན་ལ་གསལ་གྱུར་ཀྱང་།། སྤྲོས་དང་བཅས་པར་གསུང་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མིང་མེད་པ་ཡི་ཆོས་ཀྱི་ས་རྣམས།། བསམ ་དུ་མེད་པའི་མིང་དག་གིས། ། སེམས་ཅན་རྣམས་ལ་ཡོངས་བརྗོད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཆོས་རྣམས་སེམས་ཅན་མེད་པ་དང་།། ཤིན་ཏུ་དངོས་པོ་མེད་མཁྱེན་ལ།། ་སེམས་ཅན་མང་པོ་འདུལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། གང་གིས་ལས་བྱས་འདི་ཉིད་ཀྱིས།། མྱོང་བར་གྱུར་པ་མ་ཡིན་ཡང་།། གང་གིས་བྱས་པ་སྟོན་མཛད་པ།། ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་རྣམས་ཐམས་ཅད་སྟོང་པ་ལ།། སྐྱེས་བུ་མཆོག་རྣམས་མངོན་སུམ་ཡང་།། རིམ་འཕོ་སྐྱེ་བ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ་འཇིག་རྟེན་འདི་ནས་སྲིད་གཞན་དུ།། སུ་ཡང་འཁོར་བ་ཡོང་མིན་ལ།། འཁོར་བ་ཡང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཕུང་པོ་དག་དང ་ཁམས་རྣམས་དང་། ། སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ།། ཁམས་གསུམ་པོ་དག་སྟན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དུས་གསུམ་དག་ཏུ་སེམས་ཅན་གྱི།། ་རང་བཞིན་དམིགས་པ་མ་ཡིན་ལ།། སེམས་ཅན་ཁམས་ཀྱང་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཏ། གང་དག་ཇི་བཞིན་གཞན་མིན་པར།། ཆོས་རྣམས་རྟོགས་པར་ཐུག ་ཆུད་ལ། ། འོན་ཀྱང་གཞག་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དམ་པའི་དོན་དུ་ཆོས་རྣམས་ཀུན།། ཟབ་པ་རབ་ཏུ་མཁྱེན་གྱུར་ལ།། སྣ་ཚོགས་སུ་ནི་སྐྱོན ་མཛད་པ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སེམས་ཅན་བསམ་པ་ཇི་བཞིན་དུ།། འཕགས་པའི་བདྲེན་པ་སྟོན་མཛད་ཅིང་།། བརྫུན་པར་ཡང་ནི་སྟོན་མཛད་པ།། འདི་ནི་འཆི ་རྟེན་མཐུན་འཇུག་ཡིན། ། བདུད་ནི་བྱེ་བ་ཕྲག་བརྒྱ་ཡིས།། དགེ་འདུན་དབྱེ་བར་མི་ནུས་ཀྱང་།། དགེ་འདུན་དབྱེན་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཆོས་གང ་ཡང་ནི་མ་བསླབས་ལ། ། མ་སླབས་པ་ཡང་གང་ཡང་མེད།། སློབ་དང་མི་སློབ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། འདུས་བྱས་རྣམས་ཀྱི་ངོ་བོ་ཉིད།། ངོ་བོ་ཉིད། ་ཤཀུན་ལ་མི་མཁྱེན་རྣམ་བྲལ་ཏེ།། ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས།། འོན་ཀྱང་མངོན་མཐའ་མི་གསུང་བ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། ་ཀྱིས་གྲོལ་བཅིངས་མེད།། འོན་ཀྱང་རྣམ་པར་གྲོལ་བ་སྟོན།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མྱ་ངན་འདས་ལ་འགྲོ་མེད་ཀྱང་།། དགྲ་བཅོམ་དེ་ནི་འགྲོ་འོང་ཞེས།། སེམས་ན། ་རྣམས་ལ་དེ་བསྟན་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དོན་དང་དོན་མིན་མི་གཟིགས་ལ།། འགོག་པ་དང་ནི་དམ་པའི་དོན།། སྨྲ་བ་རྣམས་ཀྱི་མཆོག་གསུངས་པ།། འདི་ནི ་འཇིག་རྟེན་མཐུན་འཇུག་ཡིན། ། དངོས་པོ་མེད་པ་གསལ་བའི་ཆོས།། རྙོག་པ་མེད་པ་རབ་སྟོན་ཀྱང་།། ཆོས་རྣམས་ཅུང་ཟད་མེད་ཅེས་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ་ཆོས་རྣམས་ཐམས་ཅད་བརྗོད་མེད་པར།། དེ་བཞིན་གཤེགས་པས་རབ་མཁྱེན་ཀྱང་།། བརྗོད་པ་དག་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་མཁྱེན ་པ་ཆགས་མི་མངའ། ། དུས་རྣམས་ཀུན་ཏུ་མཉམ་གཞག་ཀྱང་།། དབང་པོ་རྣམས་ནི་སྦེད་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་བཞིན་གཤེགས་པ་རྡོ་རྗེའི་སྐུ།། སངས ་རྒྱས་ཅུང་ཟད་མི་སྦྱང་ཡང་། ། དགེ་སློང་བྱང་ཆུབ་ཡན་ལག་སྨོས།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྡིག་པ་ཐམས་ཅད་ཡོངས་ཟད་པས།། བསོད་ནམས་ཀུན་གྱིས་མངོན ་འཕགས་ཀྱང་། ། ལས་ཀྱི་རྒྱུ་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྐྱོབ་པ་སངས་རྒྱས་དུས་གསུམ་ལ།། མཐར་ཐུག་འགྱུར་བ་ཡོད་མིན་ཡང་།། མཚམས་གཅོད། ་པ་ཡང་རྟོན་མཛད་པ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་བཞིན་གཤེགས་པ་ཆོས་སྨྲ་སྟེ།། གཅིག་ཅི་འདྲ་བར་དེ་བཞིན་ཀུན།། འོན་ཀྱང་ཐ་དད་སྐྱོན ་མཛད་པ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། ཉན་ཐོས་སོ་སོའི་སྐྱེ་བོ་དང་།། འཁོར་བ་དང་ནི་མྱ་ངན་འདས།། ཚིག་གི་ལས་ཀྱིས ་རབ་ཏུ་བྱེ། ། སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ།། ཆོས་ཀྱི་དབྱིངས་ལས་བྱུང་ཡིན་ཡང་།། སངས་རྒྱས་ཞིང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྫོགས ་པའི་སངས་རྒྱསྲ་བསམ་མི་ཁྱབ། ། དེ་བཞིན་གཤེགས་པ་བསམ་མི་ཁྱབ།། སེམས་ཅན་འདུལ་བའི་དོན་གྱི་ཕྱིར།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཟག་མེད་ཡོད་པ་མ་ཡིན། ་ཡང་།། དེ་བཞིན་གཤེགས་པ་ཉན་ཐོས་ལ།། ཟག་པ་མེད་པ་ཉིད་གསུངས་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མཁྱེན་པས་དེ་དག་གཉིས་མིན་ཡང་།། དུས་གསུམ་དག་ནི་རྣམ ་གཟིགས་ཤིང་། ། གཉིས་ཀྱིས་འདུ་ཤེས་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས་རྒྱས་ཆོས་ཉིད་གང་ཡིན་དང་།། སངས་རྒྱས་རིག་པ་སུ་འདོད་པ།། དེ་ནི་ཆོས ་དབྱིངས་ཞུས་ཤིག་པ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྐྱེ་བ་མེད་པ་བཟོད་བསྟན་པ།། རྟག་ཏུ་ཡང་དག་རབ་ཏུ་མཁྱེན།། མཁྱེན་ན་རབ་ཏུ་སྟོན་མཛད་པ།། འདི་ནི་འཇིག་རྟེན ་། མཐུན་འཇུག་ཡིན།། རྟག་ཏུ་ཆོས་ཀྱི་དབྱིངས་མཚུངས་ཏེ།། འཇུག་པ་མེད་ཅིང་འབྱུང་མེད་ཀྱང་།། འགྲོ་བ་གནས་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མི་སྐྱེ་བ་ལ་གཅིག ་པ་འམ། ། མང་པོ་ཡོད་པ་མ་ཡིན་ཡང་།། སྣ་ཚོགས་རིམ་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། དེ་དག་ཐ་དད་སྒྱུ་མེད་ཀྱང་།། སངས་རྒྱས་ཞིང་རྣམས་དཔག་མེད་དུ།། ། ་སྐུ་ལུས་དག་ནི་སྤྲུལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སྟོང་གསུམ་བྱེ་བ་བརྒྱ་བགྲངས་པ།། སངས་རྒྱས་ཞིང་དུ་བརྗོད་བྱ་བ།། དེར་ནི་སྐྱེ་བ་སྟོན་མཛད་པ།། འདི་ནི་འཇིག ་རྟེན་མཐུན་འཇུག་ཡིན། ། དེ་བཞིན་གཤེགས་པས་དུས་ཀུན་ཏུ།། ཆོས་ནི་གནས་པར་རབ་མཁྱེན་ཀྱང་།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། སངས ་རྒྱས་འོད་ནི་དཔག་མེད་ཅིང་། ། སྐུ་ལུས་དཔག་ཏུ་མེད་མིན་ཡང་།། དཔག་ཏུ་ཡོད་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཆོས་ཀྱི་དབྱིངས་ལ་མཆོག་མེད་དེ།། དུས ་གསུམ་དག་ཏུ་སྟོང་ཉིད་ཀྱང་། ། མཆོག་གི་ཆོས་རྣམས་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཞིག་པ་མེད་ཅིང་སྐྱེ་མེད་ལ།། ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་།། ་བསྲེག་པའི་བསྐལ་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཆོས་ཀྱི་དབྱིངས་ནི་གྲུབ་མེད་དེ།། དེ་ལ་ངོ་བོ་ཉིད་མེད་ཀྱང་།། འོན་ཀྱང་ངེས་པར་འབྱུང་སྟོན་པ།། འདི ་ནི་འཇིག་རྟེན་མཐུན་འཇུག་ཡིན། ། གཟིགས་པ་ཅི་ཡང་མི་མངའ་ལ།། ལྷག་མཐོང་གིས་ནི་གཟིགས་གྱུར་ཅིང་།། ལྟ་བ་ཐམས་ཅད་སྟོན་མཛད་པ།། འདི་ནི་འཇིག་རྟེན ་མཐུན་འཇུག་ཡིན། ། ཆོས་རྣམས་ཀུན་ལ་བྱེད་པ་པོ།། ཤིན་ཏུ་ཡོད་པ་མ་ཡིན་ཡང་།། བྱས་དང་མ་བྱས་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མྱ་ངན་འདས་དང་ནམ ་མཁར་ནི། ། རྒྱལ་བ་བགྲངས་སུ་མ་ཚུད་ཀྱང་།། ཁམས་ཀྱི་གྲངས་རྣམས་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། གྲངས་མེད་སྟོབས་རྣམས་རྙེད་གྱུར་ལ། མཐུ་ལས ་ཉམས་པ་མི་མངའ་ཡང་། ། ཞ་མ་རིང་པ་དག་ཚོལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ནམས་ཀྱང་བྱིས་པའི་བློ་ལྡན་དང་།། སངས་རྒྱས་འདྲེས་པ་མི་མངའ་ཡང་།། ་བྱིས་པ་དེ་དག་འདུལ་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཡོན་ཏན་ལྡན་པ་ཐམས་ཅད་ཀྱིས།། ཕ་རོལ་དེ་བཞིན་གཤེགས་བྱོན་ཡང་།། དེ་ལ་དེ་བཞིན་གཞན་ཞེས ་བ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མི་སྐྱེ་བ་ནི་རྟག་ཏུ་སྐྱེ།། དེ་དག་རྒྱུ་ལས་བྱུང་མིན་ཡང་།། མ་རིག་རྐྱེན་གྱིས་འབྱུང་ཞེས་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ་རྒྱལ་བ་རྙེད་དང་བཀུར་སྟི་ལས།། སྒྲིབ་པ་མེད་པ་ཉིད་བརྙེས་ལ།། ཆོག་ཤེས་པ་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། གང་ན་སེམས་ཅན་འདུལ་ཡོད་པ ་སྣང་བ་དེར་ནི་འདྲེན་པ་རྣམས། ། དེ་དག་སྤྱོད་པསྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རིག་པ་གསུམ་གྱི་ཚོགས་བསོགས་ཏེ།། རིག་པ་བསྐྱེད་པར་ངེས་བརྩོན།། ་འདི་ལ་མཐོང་བ་ཅི་ཡང་མེད།། འདི་ན་འཇིག་རྟེན་མཐུན་འཇུག་ཡིན།། འཇིག་རྟེན་སྨོན་མ་ཐམས་ཅད་དུ།། སྐྱེ་བོང་དཔག་ཏུ་མེད་པ་འདུལ།། གླེང་གཞི་དག་ཀྱང་སྟོན་མཛད་པ།། འདི ་ནི་འཇིག་རྟེན་མཐུན་འཇུག་ཡིན། ། འཇིག་རྟེན་གསུམ་པོ་གང་ན་ཡང་།། ཆོས་གང་ཕུང་པོ་གནས་པ་མེད།། འོན་ཀྱང་ཆོས་བསྒྲུབ་བཀའ་སྩལ་པ།། འདི་ནི་འཇིག་རྟེན་མཐུན་འཇུག ་ཡིན། ། མཐའ་གསུམ་གྱི་ནི་མཐར་སྐྱེས་པ།། དེ་བཞིན་གཤེགས་རྣམས་སྟོན་མཛད་པ།། སེམས་ཅན་རྣམས་ལ་རབ་སྟོན་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། ཆོས་རྣམས་ཀུན།། ་གྱི་རྒྱུད་མཁྱེན་ནས།། འཆི་འཕོ་སྐྱེ་བ་རྣམ་སྤངས་ལ། དེ་དག་ཐམས་ཅད་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། མི་སྐྱེ་བ་ནི་གང་མཐོང་བ།། མ་རིག་དེ་ནི་ཡེ་ཤེས་བགེག།། ་རིག་པ་བསྐྱེད་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྫོགས་པའི་སངས་རྒྱས་གཅིག་ཡིན་ཡང་།། སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར།། འབྱུང་བ་དག་ནི་བསམ ་མི་ཁྱབ། ། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། གང་དག་མདོ་སྡེ་འདི་འདྲ་འདི།། ཕྱི་མའི་དུས་ན་ཐོས་འགྱུར་ཞིང་།། ཐེ་ཙོམ་མེད་ལ་ཤེས་འགྱུར་བ།། དེ་དག་སྔོན་གྱི་རྒྱལ་བ་མཐོང་།། ་འཇོག་རྟེན་མགྲོན་སྟིས་དེ་གསུངས་ནས།། ཟས་པོ་འཇམ་པའི་དཀྱང་གལ་རྫོགས།། རབ་ཏུ་དམའ་ཞིང་ཡི་རངས་ཏེ།། སྟོན་པའི་བཀཱ་ལ་མངོན་པར་བསོད། ་འཕགས་པ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མིང་དང་། དྲན་ཙྪ ་