| Wylie | e-texts produced with BDRC’s OCR application |
ནུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྐུར་ཅིང་ཞུས་ཏེ་གཏན་ལ་བབ་པ། རྒྱ་གར་སྐད་དུ། ཨཱརྱ་དྷརྨ་མུ་དྲཱ་ནཱ་མེ་མ་ཧཱ་ཡཱ ་། སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་བཔ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་ཐབས་ཅིག་ཏུ་ཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག ་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་རབ་ཏུ་བྱུང་བ་རབ་ཏུ་བྱུང་བ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དགེ་སློང་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས ་འདས་པའི་རྫོགས་པར་བསྙེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང ་མ་ཐོབ་པ་དེ་ཙམ་གྱིས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པའི་བསྙེན་པས་རྫོགས་པར་བསྙེན་པ ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་རབ་ཏུ་བྱུང་བ་ཡིན་གྱིས། དེ་ལྟར་མ་ཡིན་པར་རབ་ཏུ་བྱུང་བའི་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོངས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་དང་། སྨན་ཟོང ་རྣམས་ལའང་ལོངས་སྤྱོད་པར་འོས་སོ། ། ཤཱ་རིའི་བུ་གཞན་ཡང་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ནོར་བ་དང་། འདུ་ཤེས་དང་། འདུ་བྱེད་ནས། ་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར ་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟ་ན་རབ་ཏུ་བྱུང་བ་གང་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག ་པར་རབ་ཏུ་བྱུང་བ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོངས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་སོས་དང་། སྨན ་དང་། སྲིན་ཟོང་རྣམས་ལོངས་སྤྱད་པར་འོས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཤཱ་ར ་བུ་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན། དགེ་སློང་ལེགས་པར ་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག ་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད ་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྙུན་དང་། ནཱ་བའི་གསོས་དང་། སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་དེ་སྐད་ཅེས་བཀའ་སྩལ་པ། ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་འདའ་བར་བྱ་བར་མི་ནུས་སོ།། ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཡོད ་སུ་མ་གྲུབ་པ་སྟེ། དེ་དག་ནི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་གྱི་ཁམས་ནི་ནང་ནའང་མི་དམིགས། ཕྱི་རོལ་ནའང་མི་དམིགས། གཉིས་ཀར་མེད ་བར་ཡང་མི་དམིགས་ཏེ། སེམས་ཅན་གྱི་ཁམས་ཀྱི་རང་བཞིན་གང་ཡིན་པ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་དག་རི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ།། ཚེ་དང་ལྡན ་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན།། ་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང ་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱིས། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས ་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་གང་གསུངས ་པ་དེའང་། དེ་ཚེ་དང་ལྡན་པ་རབ་འབྱོར་གང་དག་གི་རྟེན་ཏམ། གནས་མེད་པ་དེ་དག་ནི་ཇི་ལྟར་ཐོབ་པར་རུང་། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཟག་པ་མེད་པའི་ཆོས་རྣམས་ཐོབ་ཏུ་རུང་ན ་དམིགས་པ་ལས་དགྲ་བཅོམ་པ་འབྱུང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ནི་བལྟོས་པ་མེད་པ་སྟེ། ཚེ་དང་ལྡན་པ ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། འདི་སྐད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན ་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ།། ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ་དགེ་སློང་ད་ལྟ་བུས་ནི ་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས ་བཀའ་སྩལ་ཏོ། ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཅི་ལས ་དགོངས་ཏེ། བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། གཏོང ་བར་མི་བྱེད་དེ། དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པར་རྫོགས་པར ་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱིས། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང ་བ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་།། ་སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་དེ་སྐད་བཀའ་སྩལ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ལ་དགོངས་ནས། ་འདི་སྐད་དུ་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད ་ཅེས་བཀའ་སྩལ་ཏོ། ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཀྱི་དབྱིངས་ནི་ནང་ནའང་མི་དམིགས། ཕྱི་རོལ་ནའང་མི་དམིགས། གཉིས་ཀར་མེད་པར་ཡང་མི་དམིགས་སོ།། ནང་གདགས་པ་ནི ་གདགས་སུ་མེད་པ་དང་། སྐྱེ་བ་མེད་པའི་གདགས་པའོ།། དེ་ལྟར་ན་སེམས་ཅན་གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དོ།། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས ་སེམས་ཅན་གྱི་ཁམས་མཉམ་པ་ཉིད་དོ། ། དེ་ལྟར་ན་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ།། གང་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་པ ་ལ་ནི། བསལ་བའང་མེད། གཞག་པའང་མེད་དོ།། གང་ལ་གསལ་བའང་མེད། གཞག་པའང་མེད་པ་དེ་ནི། འདའ་བའམ། ཐོབ་པར་བྱར་མི་ནུས་ཏེ། ཚེ་དང ་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་འདི་སྐད་དུ་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱིས་ནི་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས ་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི ་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། ། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ན་དང་། སྟན་དང་། ན་བའི་གསོས་དང་། སྨན་ད ་སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་བཀའ་སྩལ་ཏོ། ། དོགས་པ་མེད་པའི་དགེ་སློང་ནི་དོགས་པ་ཁས་མི་ལེན་ཏོ།། ཡི་གེ་མེད་ཅིང་ཡི་གེ་ལས་འདས་པའི་དགེ་སློང་གང་ཡིན་པ་དེ་ནི ་བགྲང་བས་བསྟན་པར་མི་ནུས་ལ། དེ་ནི་འོང་བའང་མེད། འགྲོ་བའང་མེད། འགྲེང་བའང་མེད། འདུག་པའང་མེད། ཉལ་བའང་མེད་དོ།། རྟོག་པ་ཅན་མ་ཡིན་པའི་དགེ་སློང་ནི་། ་བརྟགས་པ་ལ་ལོངས་སྤྱོད་པའོ།། རྟོག་པ་ཅན་གྱི་དགེ་སློང་ནི་མ་བརྟགས་པ་ལ་ལོངས་སྤྱོད་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། ཤཱ་ཙམ་གྱི་ནི་དགེ་སློང ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ ་བླང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས ་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་དང་། སྨན་ཟོན་རྣམས་སྤྱད་པར་འོས་སོ་ཞེས་བཀའ་སྩལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱ་རིའི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་བཞིན་དུ་ངས་དེ་ལ་དགོངས་ནས་བསྟན ་པ་ཡིན་ཏེ། འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ་ཕྱག་རྒྱ་འདིས་མངོན་པའི་ང་རྒྱལ་ཅན་བརྟག་པར་འདོད་པས་ནི། ཕྱག་རྒྱ་དེའི་མདུན་དུ་བརྗོད ་པར་བྱའོ། ། ཤཱ་རིའི་བུ་ཤིན་ཏུ་བརྟག་པ་ནི་ཕྱག་རྒྱ་འདིས་ནི་མངོན་པའི་ང་རྒྱལ་ན་མང་པོ་བརྟག་པར་མ་ནུས་སོ།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། དགེ་སློང་བདུན་བརྒྱ་ལེན་པ་མེད་པར ་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། སྲིད་པ་ཐ་མའི་དགེ་སློང་བརྒྱ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མ་ཞུགས་ཤིང་མ་གཏོགས་པ་ལ་མ་མོས་ནས་སྟན་ལས་ལངས་ཏེ་དོང་ངོ་།། དགེ་སློང ་ལྔ་ནི་སྤོང་བ་བྱས་ཤིང་བཟློག་པ་བྱས་ནས། རང་གི་ལུས་དང་བཅས་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བྲངས་ཀྱེ་མཆོས་འདི་ནི་འཇིག ་རྟེན་ཐམས་ཅད་དང་མི་མཐུན་ནོ་སྙམ། དེ་ལ་དགོངས་ནས་དེ་སྐད་བསྟན་མོང་གི། འོན་ཀྱང་གང་དང་ཡང་མི་མཐུན་པ་མེད་དེ། ཤཱ་རིའི་བུ་དཔེར་ན་མིལ་ལ་ཞིག་གཉིད་གིས་ལེག་པའི་ཕྱི ་ལམ་ན་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་ཁྱེད་ལ་ངས་ཆོས་བཤད་པར་བྱའོ། ། ཆོས་དེ་རང་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་ཚིག་ཏུ་སྨྲས་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཆོས་ད ་ཨང་མི་མཐུན་པ་གང་དག་ཡིན་པའི་མི་དེ་དག་ཡོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མཆིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ ་ངའང་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས། དེ་སྐད་དུའང་སྟོན་ལ། འཇིག་རྟེན་དེའང་ཡང་དག་པར་མ་མཐོང་ངོ་།། འཇིག་རྟེན་མེད་པ་ལ་ནི་ཆོས་ཀྱང་བགྲང་དུ་མེད་དོ།། ་འཇིག་རྟེན་གདགས་པའང་མེད་དོ།། ཤཱ་རིའི་བུ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་བྱ་བ་ནི་ཆོས་རྣམས་མ་འདྲེས་ཤིང་། ཆོས་རྣམས་འདྲེ་བ་མེད་པ་ལ་བྱ་བར་གསུངས་སོ།། གསོལ་པ། ་བཅོམ་ལྡན་འདས་མ་འདྲེས་པ་ཞེས་བཀྱེ་བའི་ཚིག་གི་དོན་གང་དག་ལགས། བཀའ་སྩལ་པ། ཤཱ་རིའི་བུ་མ་འདྲེས་པ་ཞེས་བྱ་བ་ནི་ཆོས་རྣམས་རོ་གཅིག་པར་གདགས་པ་ཡིན་ཏེ། གཅིག་པུཁྭ ་ནའང་མ་ཡིན། ཐ་དད་པ་ཁོ་ནའང་མ་ཡིན་ནོ།། ཤཱ་རིའི་བུ་མ་འདྲེས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ།། གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་ཅེས ་བགྱི་བའི་ཚིག་གི་དོག་དོན་གང་ལགས། བཀའ་སྩལ་པ། ཤཱ་རིའི་བུ་སྟོང་པ་ཉིད་ཅེས་བྱ་བ་ནི་གདགས་སུ་མེད་པའོ།། གང་གདགས་སུ་མེད་པ་དེ་ནི་གདགས་པར་མི་ནུས་སོ།། གང་གདགས་པར ་མི་ནུས་པ་དེ་ནི་འཇིག་རྟེན་ཡང་མ་ཡིན། འཇིག་རྟེན་ལས་འདས་པའང་མ་ཡིན་ནོ།། ཤཱ་རིའི་བུ་གང་འཇིག་རྟེན་པའང་མ་ཡིན། འཇིག་རྟེན་ལས་འདས་པའང་མ་ཡིན་པ་དེ་ནི་སྟོང་པ་ཉིད ་ཅེས་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་གི་དྲགེ་འདུན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ། ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ལོ་ཙ་བ་བན་དྷེ་ཀླུའི་དབང་པོ་དང་། ལྷའི་ཟླ་བས་སྒྱུར་ཅིང་གཏན་ལ་ཕབ་པ།། ་