CLOSE WINDOW

S172: sa'i mdo
Wyliee-texts produced with BDRC’s OCR application

ཞུ་ཆེན་གྱི་ལོ་ཙཱ་བ་བནྟེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། བྷཱུ་མ་སཱུཿ། བོད་སྐད་དུ། སའི་མདོ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི ་གནས། ཤིང་ཡོངས་སུ་འདུས་བརྟོལ་གྱི་རྩ་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྐྱེ་བོ་གང་ཞིག ་བདེ་འགྲོར་མཆིས། ། སྐྱེ་བོ་གང་ཞིག་མཐོ་རིས་སྐྱེ།། གང་ཞིག་ཉིན་དང་མཚན་རྣམས་སུ།། རྟག་ཏུ་བསོད་ནམས་འཕེལ་བར་འགྱུར།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ་དང་། ཚིགས་སུ་བཅད་པའི་དབྱངས་ཉིད་ཀྱིས་ཞུས་པའི་ལན་གསུངས་པ། ཀུན་དགའ་ར་བ་ནགས་ཚལ་སྐྱེད།། སྐྱེ་བོ་གང་ཞིག་ཟམ་པ་བྱེད།། ཆུ་སྟེང་ཁང་དང་ཆུ ་མིག་དང་། ། གང་ཞིག་ངལ་བསོ་གནས་སྟེར་དང་།། དད་དང་ཚུལ་ཁྲིམས་ཕུན་ཚོགས་ལྡན།། མཁས་ཤིང་སེར་སྣ་དང་བྲལ་ཞིང་།། འདོད་པ་ཀུན་ལ་མ་ཆགས་ན།། རྟག་ཏུ་སེམས་ཅན་ཕན་བརྩོན་པའི།། སྐྱེ་བོ་དེ་ནི་བདེ་འགྲོར ་འགྲོ། ། སྐྱེ་བོ་དེ་ནི་མཐོ་རིས་སྐྱེ།། དེ་ནི་ཉིན་དང་མཚན་རྣམས་སུ།། རྟག་ཏུ་བསོད་ནམས་འཕེལ་བར་འགྱུར།། སེར་སྣ་དང་ལྡན་ལྟར་མི་འགྲོ།། བྱིས་དེ་སྦྱིན་པ་སྟེར་མི་བྱེད།། བརྟན་རྣམས་སྦྱིན་པ་ཡི་རང་བ།། ་དེས་འདི་གཞན་དུ་བདེ་བར་འགྱུར།། ཞིང་གི་སྐྱོན་ནི་རྩཝ་ཡིན་ལྟར།། སྐྱེས་བུ་འདི་ལ་འདོད་ཆགས་སྐྱོན།། དེ་བས་ཆགས་དང་བྲལ་རྣམས་ལ།། བྱིན་དང་འབྲས་བུ་ཆེན་པོར་འགྱུར།། གང་ཞིག་སངས་རྒྱས་ཆོས་རྣམས་དང་།། ་དགེ་འདུན་དག་དང་མཆོད་རྟེན་དང་།། སྐྱེས་པའམ་ཡང་ན་བུད་མེད་དག། ཚུལ་ཁྲིམས་ལྡན་པའི་མི་ལ་བྱིན།། གང་དང་གང་དུ་སྐྱེ་འགྱུར་བ།། ཇི་ལྟར་མི་ཡི་རྒྱལ་པོ་བཞིན།། ལྷ་རྣམས་ཀྱི་ནི་མཆོག་འགྱུར་ཞིང་།། ལྷག་པའི ་རྒྱལ་པོ་བྱེད་པར་འགྱུར། ། འཁོར་བར་ཡོངས་སུ་འཁོར་བ་ན།། སྦྱིན་པ་མ་གཏོགས་གཉེན་མེད་པས།། བློ་ལྡན་ཕུན་ཚོགས་འདོད་པ་ཡིས།། རབ་ཏུ་འབད་དེ་སྦྱིན་པ་བྱིན།། གང་ཞིག་མདའ་རྒྱང་གང་ཙམ་ཞིག། ས་འདི ་སྦྱིན་པ་རབ་གཏོང་བ། ། དེ་ནི་ལྷ་ཡི་གནས་སོང་ནས།། མཐོ་རིས་དག་ཏུ་བསྐལ་པར་དགའ།། གང་ཞིག་ཀུན་དགྲའི་ར་བ་ཙམ།། ས་ནི་སྦྱིན་པར་གཏོང་བྱེད་པ།། ཚངས་པའི་མདུན་ན་རང་བསྐྱེད་དེ།། མཐོ་རིས ་དག་ཏུ་བསྐལ་པར་དགའ། ། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར།། ས་ནི་སྦྱིན་པར་གཏོང་བྱེད་པ།། ཚངས་པའི་བསོད་ནམས་རབ་བསྐྱེད་དེ།། མཐོ་རིས་དག་ཏུ་བསྐལ་པར་དགའ།། ས་ནི་འབྲུ་ཡི་འཕྲེང་བཅས་ས།། ་རྨོས་པ་མཚན་མར་བཅས་བྱིན་ན།། བསྐལ་པ་བྱེ་བ་སྟོང་ཕྲག་ཏུ།། དེ་ནི་སྐྱེ་བ་ཉམས་མི་འགྱུར།། ཚུལ་ཁྲིམས་ལྡན་ལ་ཁྱད་པར་དུ།། འབྲས་བུ་ཞིང་ནི་གང་གིས་འབྱིན།། གང་གི་སྦྱིན་པ་དེ་ཡིས་ནི།། འབྲས་བུ་མི ་ཟད་དས་ཐོབ་འགྱུར། ། ས་ནི་སཱ་ལུ་བུ་རམ་ཤིང་།། ནས་ནི་ལྡང་བས་བརྒྱན་པ་དག། གང་ཞིག་སྦྱིན་པར་བྱེད་པ་དེ།། ལྷ་མཆོག་བདེ་བ་རབ་འཕེལ་འགྱུར།། རལ་གྲི་སེང་གེ་གདན་དང་གདུགས།། རྟ་མཆོག ་གླང་པོ་མཆོག་རྣམས་དང་། ། ས་སྦྱིན་པ་ཡི་མེ་ཏོག་སྟེ།། བརྒྱ་བྱིན་འབྲས་བུ་ཐར་པ་ཡིན།། གང་ཞིག་ས་ནི་ལེན་པ་དང་།། གང་ཞིག་ས་ནི་སྟེར་བྱེད་པ།། གཉིས་ཀ་ཕན་བྱེད་ཡིན་པའི་ཕྱིར།། ངེས་པར་མཐོ་རིས ་དག་ཏུ་འགྲོ། ། བརྒྱ་བྱིན་ཇི་ལྟར་ཆུ་ལ་ནི།། ཏིལ་མར་ཐིགས་པས་ཁྱབ་བྱེད་པ།། དེ་བཞིན་ས་ནི་སྦྱིན་པ་ལ།། ཡང་དག་བརྟེན་ལས་བསོད་ནམས་འཕེལ།། ཇི་ལྟར་འོ་མ་ཡོད་པའི་བ།། འོ་མ་འབྱིན་པས་བེའུ་གསོ།། ་བསྐལ་བཟང་དེ་བཞིན་ས་གཏོང་བ།། ས་ཡིས་ཡོངས་སུ་གསོས་པར་འགྱུར།། དེ་བཞིན་ས་རབ་སྦྱིན་པ་ཡིས།། ཞོ་དང་མར་གསར་ཆུ་བོ་དང་།། འོ་མའི་ཆུ་ནི་འབབ་པ་ཡིས།། ཚིམ་པར་བྱེད་པ་ཉིད་དུ་འགྱུར།། རྒྱལ ་#པོ་འདོད་ཆགས་ཀྱིས་གདུངས་ནས། ། ཐིག་པ་གང་ཞིག་རྒྱས་སྦྱར་བ།། དོར་བྱེད་ཙམ་ཞིག་གན་གྱུར་ལ།། བྱིན་པས་པ་འགྲོར་འགྲོ་བར་འགྱུར།། རྒྱལ་པོ་འདོད་ཆགས་ཀྱིས་གདུངས་ཏེ།། ཚིག ་པ་གང་ཞིག་བྱས་གྱུར་པ། ། དོར་ཕྱེད་ཙམ་ཞིག་དགེ་འདུན་ལ།། བྱིན་པས་བདེ་འགྲོར་འགྲོ་བར་འགྱུར།། རྩཝ་ལས་ས་ནི་ཡོངས་སུ་བརྟག། མ་ཡི་ཕྱོགས་ལས་བེའུ་བརྟགས་ཏེ།། རྟ་ནི་པ་ཡི་ཕྱོགས་ལས་བརྟག། ཚུལ་ཁྲིམས ་འཚོ་བས་མི་རྣམས་སོ། ། བསམ་གཏནས་རབ་སྦྱིན་པ་ལས།། གང་ཞིག་ཟློག་པར་བྱེད་པ་དང་།། དེ་དག་བསྡུས་འཇོམས་རི་བོ་རི།། དམྱལ་བར་མི་ནི་འགྲོ་བར་འགྱུར།། ས་དང་མཉམ་པའི་སྦྱིན་པ་བྱེད།། སྦྱིན་དང་མཉམ ་པའི་གཏེར་མེད་ལ། ། བདེན་དང་མཉམ་པའི་བསོད་ནམས་མེད།། བརྫུན་པས་གཞན་པའི་སྡིག་པ་མེད།། དེ་ནས་བརྒྱ་བྱིན་སྟོབས་ལྡན་པའི།། བདེ་སོགས་བདག་པོས་ལུས་བཏུད་དེ།། རིན་ཆེན་རང་བཞིན་ས་བྱ་བས།། དཀོན ་མཆོག་གསུམ་ལ་ཀུན་ཏུ་མཆོད། ། སའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྨ་ཀར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཚ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་