| Wylie | e-texts produced with BDRC’s OCR application |
དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་ཆོས་ཀྱི་མདོ་འདི་དག་བརྗོད་ན། གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲོ་བ་ནི། ་སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ།། བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ ་དང་། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། ཆོས་ཐམས་ཅད་བདག་མེད་པར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། མྱ་ངན་ལས་འདས་པའི་ཞི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ ་འཇུག་པ་སྟེ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྤྲུལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེགས ་པ་ཆེན་པོའི་མདོ་རྫོགས་སྷོ། ། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷེ་དང་། ཞུ་ཆེན་གྱི་ལོ་ཙབ་པན་དྷེས་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་རྒྱ་ཀར་སྐད་དུ། ཨཱརྱ་ཙན་དྲོ་དྷ་རཱ་དཱ་རི་ཀ་བྱ་ཀར། ན་མ་མ་ཧཱ་མཱ་ན་སཱུཿ། བོད་སྐད་དུ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི ་གནས་ན། དགྲ་བཅོ་མང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ ་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོ་བ། སེམས་ཅན་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ།། ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ ་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཐོགས་པ་མེད་པ། ཚུལ་འཆོས་པ་མེད་པ། ཁ་གསག་མེད་པ་ཤེས་ཀྱི་ཁེ་འདོད་པའི་སེམས་དང་བྲལ་བ། ཟང་ཟིང་མེད་པར་ཆོས་སྟོན་པ ་ཆོས་ཟབ་མོ་ལ་བཟོད་པ་དམ་པའི་ཕ་རོལ་ཏུ་སོན་པ། མི་འཇིགས་པ་དང་ལྡན་པ། བདུད་ཀྱི་ལས་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་སྤངས་པ། ཆོས་ཀྱི་རང་བཞིན་ལ་ཐེ་ཙོམ་མེད་པ། ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ་བཞིན་འཛུམ་པ། ཁྲོ་གཉེར་མེད་པ། ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲ་བ་ལ་མཁས་པ། སེམས་ཡོངས་སུ་མ ་གཏུགས་པ། སྤོབས་པ་རྒྱུན་མི་འཆད་པ། ཆོས་མཉམ་པ་ཉིད་ལ་བཟོད་པ་ཐོབ་པ། མི་འཇིགས་པ་ཆེན་པོས་འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ། ཚིག་གཅིག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ ་ཕྲག་གཅིག་ཏུ་སྟོན་པའི་ཡེ་ཤེས་ལ་མཁས་པ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། མིག་ཡོར་དང ་བྲག་ཆ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། གཡོ་བ་མེད་པ་དང་། གཟུང་བ་མེད་པ་དང་། ནམ་མཁའི་ངོ་བོ་ཉིད་ལྟ་བུར་མོས་པ། ་རབ་དང་ཡེ་ཤེས་ཚད་མེད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་མཁས་པ། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། ་སེམས་ཐོགས་པ་མེད་པ། ཆོས་ལ་སྲེད་པ་དང་བྲལ་བ། ཉེ་བའི་ཉོན་མོངས་པ་མེད་པའི་བཟོད་པ་དང་ལྡན་པ། ཆོས་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་ཡོན་ཏན ་བཀོད་པ་ཡོངས་སུ་ཟིན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་པར་རྒྱུན་ཏུ་མངོན་ཏུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ཤེས་པ་ལ་མཁས་པ། ཀུན་ནས་ལྡང་བ་དང་། ་ལྟ་བ་དང་།། ཉོན་མོངས་པ་དང་། བག་ལ་ཉལ་སྣ་ཚོགས་སྤོང་བ་ལ་མཁས་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བའི་མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་ཤ ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འབྱུང་དཀའ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ་བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། སྤོས་ཀྱི་འོད་གཟེར་རབ་ཏུ་གཏོང་བ་དང་། འབྲུག་སྒྲ་དང་། འོད་གཟེར་རྣམ་པར་ངེས་པའི་རྒྱལ་པོ་དང་། སྲེད་མེད་ཀྱི་བུ་དང་། ་ལག་ན་རིན་པོ་ཆེ་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ནམ་མཁའ་མཛོད་དང་། སྣང་བའི་རྒྱལ་པོ་དང་། མཐོང་དགའ་དང་། སེམས་ཅན་སྒྲོལ་དང་། རྟག་ཏུ་བརྩོན་དང་། རྟག་ཏུ་དགོད་དགའ་དབང་པོ ་དང་། ངན་སོང་སྤོང་དང་། རྡོ་རྗེའི་གནས་རྣམ་པར་གནོན་པ་དང་། འཇིག་རྟེན་གསུམ་གྱི་གནས་རྣམ་པར་གནོན་པ་དང་། མི་གཡོ་བའི་གནས་རྣམ་པར་གནོན་པ་དང་། མཐོང་བ་དོན་ཡོད་དང་། དཔལ ་གྱི་སྙིང་པོ་དང་། པདྨའི་དཔལ་དང་། བགླང་སྤོས་ཀྱི་གླང་པོ་ཆེ་དང་། སྤོབས་པ་ཟབ་མོ་དང་། སྤོབས་པ་ཆེན་པོ་དང་། ཆོས་འཕགས་དང་། ཆོས་ཀྱི་རང་བཞིན་ཐེ་ཙོམ་མེད་གྱུར་དང་། སེང་གེའི་སྟབས་སུ ་