CLOSE WINDOW

S145: 'phags pa sbyin pa'i phan yon bstan pa
Wyliee-texts produced with BDRC’s OCR application

རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཆོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་ཛི་ནི་མི་ཏྲ་དང་། པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་རྒྱ་གར་སྐད་དུ། ཨཱརྱ་སཱ་ག་ར་ནཱ་ག་རཱ་ཛ་པེ་རི་བྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཾ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས། ཀླུའི་རྒྱལ ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ན། དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་མངོན་པར་ཤེས ་པ། མངོན་པར་ཤེས་པ་མང་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་དང་། མི་འམ ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདུས་པར་མཁྱེན་ནས། ཀླུའི ་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ། ཀླུའི་བདག་པོ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ལས་རྣམ་པ་སྣ་ཚོགས་ཀྱིས་བསྐྱོད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས།། ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ ་མངོན་པར་འདུ་བྱེད་དེ། དེའི་འགྲོ་བ་ཡང་སྣ་ཚོགས་སུ་གྱུར་ཏོ།། ཀླུའི་བདག་པོ་འཁོར་འདི་དང་། རྒྱ་མཚོ་ཆེན་པོ་འཛིན་རྣམ་པ་སྣ་ཚོགས་ཇི་སྙེད་པ་དང་། གཟུགས་ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བར། ་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་། ལུས་དང་ངག་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་སྣ་ཚོགས་སུ་བྱས་པས། སྣ་ཚོགས་སུ་གྱུར་པ་དག་གོ།། སེམས་ནི་གཟུགས་མེད་པས། བསྟན་དུ་མེད ་པ། གཟུང་དུ་མེད་པའོ།། ཀླུའི་བདག་པོ་འདི་ལྟར་ཆོས་ཐམས་ཅད་ནི་མ་བཅོས། མ་བསྒྲུབས་པར་གནས་པའི་མཚན་ཉིད་དེ། བདག་པོ་མེད་པ་བདག་གི་མེད་པ།། ཡོངས་སུ་འཛིན་པ་མེད་པའོ།། དེ་དག་ནི་ལས་ཇི ་ལྟར་བསགས་པས། བསྒྲུབས་པ་སྣ་ཚོགས་སུ་བྱས་པ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ།། ཀླུའི་བདག་པོ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ།། ་ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པས། ཆོས་ཐམས་ཅད་བསྒྲུབས་པས་གནས་པའི་མཚན་ཉིད་དུ་ཤེས་ནས། དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱའོ།། དེ་དགེ་བའི་ལས ་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་ན། བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་དགེ་མངོན་པར་འགྲུབ་པ་དེ་དག་མཛེས་ཤིང་བལྟ་ན ་སྡུག་ལ་གཟུགས་བཟང་བ་དག་ཏུ་མངོན་པར་འགྲུབ་བོ། ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལས་སྐྱེས་པ། མཚན་རྣམས་ཀྱིས་ཇི་ལྟར་བརྒྱན་པ་དང་། ཇི་ལྟར ་བསྒྲུབས་པ་དང་། དཔལ་གྱིས་ལྷ་དང་མིར་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། མ་ཆགས་པར་བཞུགས་ཏེ། གང་ན་བརྒྱ་སྟོང་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོ་འདི ་དག་མོག་མོག་པོར་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་ལ་ལྟ་ནའང་མིག་ཟི་ཟི་བོར་གྱུར་པ་ལ་ལྟོས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གཟུགས་དང་། མཚན་དང་། ལུས་དང་། རྒྱན་རྣམས་ལ་ལྟོས། ཀླུའི ་བདག་པོ་དེ་དག་ཐམས་ཅད་ནི་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་ཀྱིས་མངོན་པར་འདུས་བྱས་པ་བརྒྱན་པར་བསྒྲུབས་པའོ། ། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ཐམས་ཅད་ལས་བྱུང་བའོ།། ཀླུའི་བདག་པོ ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡེ་ནི་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་འདི་དག་གི་བཀོད། ་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བའོ།། ཀླུའི་བདག་པོ་འདི་ན་གང་དག་ལས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིབས་མི་ལེགས་པ་དང་། དབྱིབས་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། ་གང་དག་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་། རང་རང་གི་སེམས་དང་ལུས་དང་ངག་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་སྣ་ཚོགས་སུ་བྱས་པས་སྣ་ཚོགས་སུ་གྱུར་པ་དག་གོ།། ཀླུའི་བདག་པོ་དེ་བས་ན་ལས་བདག་གིར་བྱ་བ ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་བྱའོ།། ཞེས་ཀླུའི་བདག་པོ་ཁྱོད་ཀྱིས་དེ་ལྟར་སློབས་ཤིག་དང་། ལས་བདག་གིར་བྱ་བ་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ། ཁྱོད་དགེ་བའི་ཆོས་མངོན་པར་འདུ་བྱ་བ་བློ་འཇུག་པར་འགྱུར་རོ།། ལྟ་བ་ཆུད་གསོན་པར་བྱེད་པར་མི་འགྱུར་རོ།། ཆད་པ་དང་། རྟོག་པར་ལྟ་བ་ལ་གནས་པར་མི་འགྱུར་རོ།། ་ཁྱེད་ཀྱིས་སྦྱིན་པའི་གནས་རྣམས་མགུ་བར་བྱེད་པར་འགྱུར་རོ།། མགུ་བར་བྱས་ནས་ཀྱང་བསྟི་སྟང་བྱེད་པར་འགྱུར་རོ།། བསྟི་སྟང་བྱས་པའི་རྒྱུ་ལས་བྱུང་བས། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་བྱ་བར ་འགྱུར་རོ། ། ཀླུའི་བདག་པོ་ཆོས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་ངན་འགྲོ་ངན་སོང་མི་ཁོམ་པའི་ལས་ཐམས་ཅད་ཡང་དག་པར་གཅོད་དོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་ཞག་རྣམས ་འགྲོ་ཞིག་གུ་སྙམ་དུ་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྟོག་པའོ། ། དེ་དེ་ལྟར་དགེ་བའི་ཆོས་ལ་རབ་ཏུ་རྟོག་པ་མང་བས་མི་དགེ་བའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ།། དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ ་