| Wylie | e-texts produced with BDRC’s OCR application |
ཀུ་ལ་སང་ཤོ་དྷ་ནེ། ཨ་གྲ་ཧེ། ཨ་བི་བྷ་དྲེ། ཨ་ཀ་ལ་པེ། ཨད་ཙྪཏ། ཤུ་བྷ་ཏེ་ཛི། ཏེ་ཛོ་བ་ཏི། མེ་ཧཱ་ཏེ་ཛེ། ཨུ་པ་ཤཱ་མེ། མེ་ཏྱུ་ག་ཏ། ཤོ་ཥ་ཡ་མཱ་ནེ། སད་ཏ་དར་ཤ་ནེ། ཨ་བི་རུད་དྷེ ་ས་ཧི་ཏ་ཨཪྵེ། ཨནྨ་སིདྡྷི། ཨ་མྲི་ཏ་པ་ཏེ། སཱ་ག་རེ། སཱ་ག་ར་བ་ཏི། ཨ་བྷི་དེ། བཛྲ་སན་དྷི། ཨཀྵ་ཡེ། ཨཀྵ་ཏ། པྲ་བྷེ། ཛཱ་ཏི་བི་ཤོ་དྷ་ནེ། ཤུ་དྷེ་ཤུ་བྷེ། ཨ་བ་བྷ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ ་ཙད་ཏེ། ཨ་ནུད་ཏ་རེ། བུདྡྷ་ཨ་དྷིཥྛཱ་ནེ། ཤི་ལ་བི་ཤོ་དྷ་ནེ། ཨ་ན་ཏི་ཀྲ་མ་ཎེ། ཨ་སང་ཧཨཱ་རྱེ། ནི་གྲྀ་ཧཱི་ཏིམ། མཱ་ར་བ་ལམ། པ་རཱ་ཛ་ཡོ་དྷིཥྚོ་ག་ཏཱ་ནཱན། ཛཱ་ལཱ་ནཱན། དྷ་ར་མོ་ཝཱ་ནཱན། སང་གྲྀཧཱི་ཏཱན། ་དྷརྨཱ་ཏཱ་ནཱན། ཨུད་གཱ་ཊི་ཏཱན། དྷརྨ་ནིདྷ་ནཱན།། ཀོའུ་ཤི་ཀ་རིག་སྔགས་དང་། གསང་སྔགས་ཀྱི་གཞི་ནི་འདི་དག་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གསུངས་སོ། ། རིག་སྔགས་དང་། གསང་སྔགས་ཀྱི་གཞི་འདི་དག་གིས་ནི། རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ།། དེ་ནས ་བཅོམ་ལྡན་འདས་ལ། ཚངས་པ་ཀུན་ཏུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ།། ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ནི། དཀར་པོའི་ཆོས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས ་བདག་ནི། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་རྗེས་སུ་དྲན་ཞིང་རྗེས་སུ་སྲུང་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་གཟུང་བར་བགྱི། ཡོངས་སུ་བསྲུང་བར་བགྱི། ་དེ་ནས་བཅོམ་ལྡན་འདས་ལ། ལྷའི་བུ་བསོད་རྣམས་འཕགས་ཀྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཇི ་སྙེད་ཙམ་ཞིག་སྐྱེད་པར་འགྱུར་ལགས། ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། སངས་རྒྱས་སྤྱན་གྱིས་ཕྱོགས་བཅུ་ཡི།། ཞིང་རྣམས་ཇི ་སྙེད་ངས་མཐོང་བ། ། དེ་ཀུན་རིན་ཆེན་གང་བྱས་ནས།། མི་གང་སྦྱིན་པ་སྦྱིན་བྱེད་ལ།། གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ་འཛིན་བྱེད་ནོ།། དེ་བས་མི་ཡི་བསོད་ནམས་ནི།། ་ཤིན་ཏུ་མང་དུ་འཕེལ་བར་འགྱུར།། བསྐལ་པའི་བར་དུ་བཞུགས་ནས་ནི།། དཔེ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པ་ཡི།། བསོད་ནམས་ཟད་པར་ཡོང་མི་འགྱུར།། ཆོས་ཀྱི ་རྣམས་གྲངས་འདི་བསྟན་པ་ན། ། སྐུ་ཁྲག་ཁྲིག་བདུན་ཅུ་རྩ་དྲུག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་དྲུག་བྲི ་ནིམི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་། མཚན་མ་ཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་འགྱུར་ཏེ། འདི་ལྟ་སྟེ། ་ཤར་ཕྱོགས་མཐོ་ན། ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོན། ཤར་ཕྱོགས་དམའ།། ལྷོ་ཕྱོགས་མཐོ་ན། བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན། ལྷོ་ཕྱོགས་དམའ། དབུས་མཐོ་ན། མཐའ་དམའ། མཐའ ་མཐོ་ན། དབུས་དམའ་བར་གྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོག། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུའུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ།། མེ་ཏོག་གི ་ཆར་ཆེན་པོ་ཡང་བབ་བོ། ། སིལ་སྙན་དག་ཀྱང་མ་བཀྲོལ་བར་རང་འཁྲོལ་ཞིང་། སིལ་སྙན་དང་། ཀླུ་དབྱངས་དེ་དག་ལས་ཀྱང་སྒྲ་འདི་ལྟ་དུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི ་པས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས་སོ། ། ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ་དུ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏབ་བོ་ཞེས་སྒྲ་བྱུང་ངོ་།། ཀླུའི ་རྒྱལ་པོ་རྒྱ་མཚོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་ཕབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལ། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང ་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི། ཀླུའི་རྒྱལ་པོ་རྒྱ་མཚོ ་ཞུས་པ་ཞེས་བྱ་བར་ཟུང་ཤིག། ཀླུའི་བདག་པོའི་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། རིན་པོ་ཆེ་ཀུན་ནས་བཏུས་པའི་ཆོས་ཀྱི་སྒོ་ཡོངས་སུ་དག་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱབ་པོ་མ་དྲོས་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། ཕྱོགས ་