CLOSE WINDOW

Q998: khang bu brtsegs pa'i mdo
Wyliee-texts produced with BDRC’s OCR application

པོས་སྤྲས་པ། ། ཀྱེ་མ་བདེན་པ་གཟིགས་པ་ཡི།། སངས་རྒྱས་རྣམས་ནི་འབྱུང་བ་རྨད།། དེ་དག་གིས་ནི་ཚིགས་སུ་བཅད།། བརྗོད་ན་དགྲ་གཅན་ཟླ་བ་གཏོང་།། ཟླ་བའི་མདོ་རྫོགས་སྷོ།། །། །། རྒྱ་གར་སྐད་དུ། ཀུ་ཊ་ཨ ་བཱ་ར་སཱུཏྲ། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན ་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཕྱག་དར་བགྱིས་པས་དགེ་བའི་རྩ་བ་ཅིར་འགྱུར་ལགས།། དཀྱིལ་འཁོར་བགྱིས་པས་ཅིར་འགྱུར ་ལགས། ། སྐྱབས་སུ་མཆི་བ་དང་། བསླབ་པའི་གཞི་རྣམས་ཀྱི་དགེ་བས་ནི་ཅིང་འགྱུར་ལགས།། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་སུག་ལས་ཀྱིས་ནི་ཅིར་འགྱུར་ལགས།། བཅོམ་ལྡན་འདས་པ། ་བའི་རྩ་བ་འཁོར་བ་རབས་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་བས་མ་འཚལ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ནི་གང་ལགས། དེ་བཞིན་གཤེགས་པའི་སྐུ་གཟུགས་བགྱིས་པས་ནི། ་ཅིར་འགྱུར་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྟར་འགྱུར་ཏེ་ལྔ་གང་ཞེ་ན། ཀུན་དགང་པོ་འདིས་སྟེ་བདག་གི་སེམས་དང་བར་འགྱུར་བ་དང་གཞན་གྱི་སེམས ་པར་འགྱུར་བ་དང་། ལྷ་རྣམས་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་འཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན ་གཤེགས་པའི་ཆེད་དུ་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན་དེ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། ། ཀུན་དགའ་བོ ་ག་ཨང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཆེད་དུ་དཀྱིལ་འཁོར་ཟླུམ་པོ་བྱེད་ན་དེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླེང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར ་སྨྲའོ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དད་པས་དཀྱིལ་འཁོར་ཟླ་གམ་ལྟ་བུ་བྱེད་ན་དེ་ཤར་གྱི་ལུས་འཕགས་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་དགའ་ལྡན་གྱི ་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ད་སྨེའོ། ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དད་པས་དཀྱིལ་འཁོར་ཤིང་རྟའི་དབྱིབས་ལྟ་བུར་བྱེད་ན་དེ་འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོར ་འགྱུར་ཞིང་ལུས་ཞིག་ནས་འཕྲུལ་དགའ་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ད་སྨྲའོ། ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། གང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས ་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་བསོད་ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་ང་སྨྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ ་མཐའ་གཟུང་བར་མི་ནུས་པར་ང་སླའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཐུགས་སུ་ཆུང་ནས་ལྗགས་པད་མ་དམར་པོའི་འདབ་མ་དྲི་མ་མེད་ཅིང་ལོ་མ་འཇམ་པ་དང་། འཚལ་དམར་པོ་དང་། ཤིང་མྱ་ངན་འཆང་གི་ལོ ་མ་དང་ཟངས་ཀྱི་གླེགས་མ་སྲབ་མོ་དང་འདྲ་ལ་ཆུང་ཞེང་གབ་པས་ཞལ་གྱི་དཀྱིལ་འཁོར་དབུའི་སྒྲ་མཚམས་ལ་ཐུག་པའི་བར་ཐམས་ཅད་དུ་བརྐྱང་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་པ་ཐུན་དུ་སྨྲ་བ་དང་། ཕྲ་མ་དང་། ་ཚིག་རྩུབ་པོ་དང་། ཚིག་ཀྱལ་བ་སྨྲ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ།། བཙུན་པ་མ་ལགས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་བ་ཡིན་ནོ།། ཀུན་དགའ་བོ་གད་ལ ་ལ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དལ་ཕྱག་འཚལ་ལོ། ། ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་ཡོངས་སུ་མྱ་ངན ་ལས་བཟླས་པ་ཡིན་ནོ། ། སེམས་ཅན་དེ་རྣམས་ནི་ང་ཐུགས་ཁྲལ་ཆུད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་དུ་རབ་ཏུ་གནས་པ་ཡིན་ནོ།། དེ་ཤིན་དུ་རབ་ཏུ་གནས་པའི་ཕྱིར་ཐལ ་པོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ། ཀུན་དགའ་བོ་ལྟོས་ཤིག་སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་འམ། བོར་བུ་བཀྲུས་པ་ཙམ་པ་འམ།། ཕྲུ་ལྡོག་བཀྲུས་པ་ཙམ་གང་ཡིན ་པ་ཨ་དེ་ཡང་ཡོད་ལ་གལ་ཏེ་དེ་འདི་སྙམ་དུ་འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་སྙམ་དུ་སེམས་ཤིང་སྟོར་ཁུང་དུ་འབོད་པར་བྱེད་ན་ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲ་ན་མི་འགྱུར་པ ་ལྟ་སྨོས་ཀྱང་ཅི་དགོས། ། ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ།། གསུམ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ།། ཀུན་དགའ་བོ་དེ་ལ་གང་གིས ་ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཨ་རྦ་ར་གཅིག་ཙམ་ཡང་དགེ་འདུན་ལ་དབུལ་བར་བྱེད་ན ་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཟས་ནལ་ཅེ་གང་ཙམ་དགེ་འདུན་ལ་ཟུལ་ན་དེ་མུ་གོའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར ་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ། ། གསུམ་པོ་གང་དག་ཅེ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བ ་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས ་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས ་འཛམ་བུའི་གླིང་གི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ནི་ཞིང་དུ་ནི་དཔག་ཚད་བདུན་སྟོང་། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞེང་ནི་ཆེ་ལྷོའི་ནི་ཤིང་རྟའི་དབྱིབས་སོ།། ་དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམ་དང་། ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་ཀྱུ་རུ་ར་ཙམ། ་བྱེད་དུ་འཇུག་སྲོག་ཤིང་ཁབ་ཙམ་འཇུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གིལ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་པ། སྐུ་གདུང་ཡུངས་དཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བ ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ། ། ཟན་དཀའ་བོ་འདམ་བུའི་གླིང་གི་མིང་ལྟཞོག་གི། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཤིང་དུ་ཡང་དཔག་ཚད་བརྐྱང་སྟོང་། ཆུར་ཡང་དངག་ཚད་བརྒྱད་སྟོང་། ་ནནས་རྣ་བ་འམ་བལྐ་རྦ་ཞིག་ཡོད་དོ།། དེ་རིགས་ཀྱི་ཐའས་རིགས་ཀྱི་བུ་སོ་དང་པ་ཅན་ལ་ལས་རིན་པ་ཆེན་བདུན་གྱིས་བཀང་སྟེ། རྒྱུན་དུ་བླགས་པ་རྣམས་དང་། ལན་ག་ག་བྱེར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་ག ་བཅོམ་པ་རྣམས་དང་རང་སང་ས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི ་མཆོད་རྟེན་འཇིམ་པ་ལས་སྱ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབཙམ་འཇུགས་སུ་འཇུག་གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་མུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་སྐུ་གདུང་ཡུངས་དཀར་ཀྱ་འབྲུཙམ་འཇུན ་བར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སླའོ། ། ཀུན་དགའ་བོ་འཛམ་བུའི་གླིང་གི་སྲིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ཡང་ལྟ་ཞོག་གི་ཀུན་དགའ་བནུབ་ཀྱི་བན་གླང་སྟོད་ཅེས་བྱ་བའི་ཐེ ་ནང་དུང་དབག་ཚད་དགྲ་སྟོང་། ཆུང་ཡང་དབུག་ཚད་ད་སྟོང་པ་ཀུན་ནས་ཟླ་བཅ་བ་ལྟ་བུཞིག་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ་ཡན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུའི ་གླིང་གི་གླིང་ལྟ་ཡང་ཞོག་ཤར་གྱི་ལུས་འཕགས་པོའི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཞེང་དུ་དཔག་ཚད་ཁྲི་ཆུར་ཡང་དཔག་ཚད་ཁྲི་བ་ཀུན་ནཱ ་གྲུ་བཞི་པ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་། ་རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན ་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ ་ཡང་ཞོག། བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ་དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ ་སྔ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག། གདུགས ་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་རབ་ཏུ་མང་བར་ང་སྨྲའོ།། ་ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག་བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ ་བར་རྒྱལ་བ་ལྟ་ཡང་ཞོག་གི། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར ་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས ་ནས་འབྲུ་ཙམ་བྱེད་དུ་འཇུག་ལ་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་རབ་ཏུ་མང་བར་ང་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ ་ཤེས་རབ་དཔག་ཏུ་མེད་པ། བྱམས་པ་དང་གཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད་དེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན ་པའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡིད་རངས་ནས་མངོན་པར་བསྟོད་དོ།། ཁང་བུ་བརྩེགས་པའི ་མདོ་རྫོགས་སྷོ། ། །། ཞུ་ཆེན་གྱི་ལོ་ཙྪ་བ་རད་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། འཕགས་པ་གནས་འཇོག་གི་མདོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་