| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དེ་བ་ཏ་སཱུཏྲ། བོད་སྐད་དུ། ལྷའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན། ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་མཚན་མོ་མི་ཏལ་ཙམ་ན་ལྷ་མདོག་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ ་ལམག་པས་ཕྱག་འཆལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་རྩཝ་དེའི་མཐས་རྒྱལ་བ་རྒྱལ་བྱེད་ཀྱི་ཆལ་ཐམས་ཅད་སྣང་བ་ཅན་པས་ཁྱབ་པར་གྱུར་ཏོ།། དེ་ནས་དེའི་རྩ་ལྷ་རས་ཚོགས་སུགཅད་པ་འདི་དགགས་པད། ་མཚན་ཅནན་པ་དེ་གང་ལགས།། ཧས་ཧ་པའི་དྲུག་གང་ལགས། བདུ་བར་པའི་ས་གང་ལགས།། མུན་པར་བགནག་། དེ་གང་ལགས། བཅོམ་ལྡན་འདས་ཀྱིས་པཀ་འཕྲུལ་པ།། ཅིགདུག་པརྩོན་མནན་པ་ཡིན།། དད་ཆགས་རྣས ་ཧཏལའི་དུག། ཞེ་སྡང་རབ་ཏུ་འབར་བའི་མེ།། མུན་པ་རབ་གནག་མ་རིག་པ།། ལྷས་གསོལ་བ། མི་ཡིས་ཐིམ་པ་དེ་གང་ལགས།། གང་འདིར་བོར་བ་དེ་གང་ལགས།། མི་གགས་གོ་ཆེ་ཅི་ཞིག་ལགས།། འདི་ན་མཚོན་དུ་ཅི་ནོ་ལགས།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བདག་གིས་གང་བྱིན་ཟིན་པ་ཡིན།། ཁྱིམ་དུ་གང་བཞག་འདིར་བོར་ཡིན།། མི་ཤིགས་གོ་ཆ་བཟོད་པ་ཡིན།། འདི་ན་མཚན་དུ་ཤེས་རབ་ནོ།། ལྷས་གསོལ་པ།། ཆོམ་ཀུན་ཞེས་བགྱིད་དེ་གང་ལགས།། དམ་པ་རྣམས ་ཀྱི་ནོར་གང་ལགས། ། ལྷ་དང་བཅས་པའི་འཇིག་རྟེན་ན།། བསླུས་ཤེས་བགྱི་བ་གང་དག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ།། རྣམ་རྟོག་ཆོམ་ཀུན་མཁས་པ་ཡིན།། ཚུལ་ཁྲིམས་དམ་པ་རྣམས་ཀྱི་ནོར།། གང་དག་ཚུལ་ཁྲིམས་ལོག ་ལྷུང་བྱས། ། དེ་དག་འཇིག་རྟེན་བསླུས་པ་ཡིན།། ལྷས་གསོལ་པ། བདེ་ཞེས་བགྱི་བ་དེ་གང་ལགས།། དབང་ཕྱུག་དམ་པ་དེ་གང་ལགས།། རྟག་ཏུ་རྣམ་པར་རྒྱན་པ་གང་།། ཐེ་བརྩམས་གང་ལགས་བཀའ་སྩལ་གསོལ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ། འདོད་ཆུང་བདེ་བར་ཤེས་པར་བྱ།། ཆོག་ཤེས་དབང་ཕྱུག་དམ་པ་ཡིན།། ཁྲིམས་ལྡན་རྟག་ཏུ་རྣམ་པར་བརྒྱན།། ཚུལ་ཁྲིམས་ཉམས་པ་ཐོ་བརྩམས་ཡིན།། ལྷས་གསོལ་པ། རྩ་ལག་མཉེས་གཤིན་དེ་གང་ལགས།། ་བསམ་པ་སྡང་བའི་དགྲགང་ལགས།། སྡུག་བསྔལ་མི་བཟད་དེ་གང་ལགས།། མཆོག་ཏུ་བདེ་བདེ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྩ་ལགས་ཉེས་གཤིན་བསོད་ནམས་ཡིན།། སྡིག་པ་བསམ་པ་སྡང་བའི་དགྲ།། དམྱལ་བར། ་སྡུག་བསྔལ་མི་ཟད་པ།། ཕུང་པོ་མེད་པའི་བདེ་བའི་མཆོག། ལྷས་གསོལ་པ།། སྡུག་ལ་མི་ཕན་དེ་གང་ལགས།། ཕན་ཡང་མི་སྡུག་གང་ཞིག་ལགས།། གནོད་པ་བགྱིད་པའི་ནད་གང་ལགས།། སྨན་པའི་མཆོག་གཅིག་དེ་གང་ལགས།། བ ་ལྡན་འདས་ཀྱིས་བཀའ་སྩལ་པ། ། འདོད་པ་སྡུག་ཀྱང་མི་ཕན་པ།། ཐར་པ་ཕན་ལ་མི་སྡུག་པ།། འདོད་ཆགས་གནོད་པ་མེད་པའི་ནད།། སྨན་པའི་མཆོག་གཅིག་སངས་རྒྱས་ཡིན།། ལྷས་གསོལ་པ།། གང་གིས་འཇིག་རྟེན་འདི་བསྒྲིབས ་ལགས། ། གང་གིས་འཇིག་རྟེན་དབང་དུ་བགྱིས།། གང་གིས་མཛའ་བཤེས་འབྱེད་པར་བགྱིད།། གང་གིས་མཐོ་རིས་མཆི་མི་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མི་ཤེས་པས་ནི་འཇིག་རྟེན་བསྒྲིབས།། གཏི་མུག་གིས་ནི་དབང ་དུ་བྱས། ། ཞེན་པ་མཛའ་ཤེས་འབྱེད་པར་བྱེད།། ཆགས་པས་མཐོ་རིས་འགྲོ་མི་འགྱུར།། ལྷས་གསོལ་པ།། གང་གིས་མཛའ་བཤེས་འཕེལ་བར་འགྱུར།། གང་གིས་དགྲ་རྣམས་ཞི་བར་བགྱིད།། གང་གིས་མཐོ་རིས་འཐོབ་པར་བགྱིད།། གང ་གིས་ཐར་བར་འགྲོ་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གཏོང་བས་མཛའ་བཤེས་འཕེལ་བར་འགྱུར།། བྱམས་པས་དགྲ་རྣམས་ཞི་བར་བྱེད།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ།། ཤེས་པས་ཐར་བར་འགྲོ་བར་འགྱུར།། ་ལྷས་གསོལ་པ། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། ཤིན་དུ་བསྒྲིམ་པ་བགྱིས་གྱུར་ན།། སྐྱེས་པ་འམ་བུད་མེདག་གི་འང་རུང་།། འབྲོག་པར་མི་ཚུགས་ཅི་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་དང་ནི་ཆོམ་ཀུན་གྱིས།། ་ཤིན་དུ་བསྒྲིམ་པ་བྱས་གྱུར་ཀྱང་།། སྐྱེས་པའམ་བུད་མེད་གང་གིའང་རུང་།། དབྲོག་པར་མི་ཚུགས་ཚུལ་ཁྲིམས་སོ།། ལྷས་གསོལ་པ། འཇིག་རྟེན་འདི་ནི་གང་གིས་འཆིང་།། གང་གིས་འཇིག་རྟེན་རྣམ་པར་གྲོལ།། གང་ཞིག་རྣམ་པར་སྤང ་པས་ན། ། མྱ་ངན་འདས་ཤེས་བགྱི་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདོད་པས་འཇིག་རྟེན་འཆིང་བར་བྱེད།། འདོད་པ་མེད་པས་རྣམ་པར་འགྲོལ།། སྲེད་པ་རྣམ་པར་སྤངས་པས་ན།། མྱ་ངན་འདས་ཤེས ་བརྗོད་པ་ཡིན། ། ལྷས་གསོལ་པ།། རླུང་མར་གྱིས་ཀྱང་མི་ཤིགས་ཤིང་།། ཐུགས་ཀྱིས་མི་འཚིག་དེ་ཅི་ལགས།། དོགས་བལྟམ་པར་བགྱིད་པ་ཡི།། ཆབ་ཀྱིས་མི་འདྲུལ་ཅི་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀན ་སྩལ་པ། ། དྲང་མར་གྱིས་ཀྱང་མི་ཤིགས་ཤིང་།། མེས་ཀྱང་མི་འཆིག་བསོད་ནམས་ཡིན།། ས་རྣམས་ཁེབས་པར་བྱེད་པ་ཡི།། ཆུས་ཀྱང་མི་འདྲུལ་བསོད་ནམས་སོ།། ལྷས་གསོལ་པ།། སུ་ཞིག་ཤིན་དུ་བསླུས་གྱུར་ནས།། འཇིག་རྟེན ་འདི་ནས་ཕ་རོལ་མཆིས། ། ད་དུང་བདག་གི་དོགས་པ་འདི།། ཁྱོད་ཀྱིས་བསལ་བ་མཛད་པའི་རིགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་གིས་ལོངས་སྤྱོད་ཡོད་བཞིན་དུ།། བསོད་ནམས་བསགས་པ་མ་བྱས་པ།། ་དེ་ནི་ཤིན་དུ་བསླུས་གྱུར་ནས།། འཇིག་རྟེན་འདི་ནས་ཕ་རོལ་སོང་།། ལྷས་གསོལ་པ།། འཇིགས་པ་ཀུན་ལས་འདས་གྱུར་ཅིང་།། རྒལ་བའི་འཇིག་རྟེན་མཐུ་ལྡན་པའི།། བྲམ་ཟེ་མྱ་ངན་ཡོངས་འདས་པར།། ཀྱེ་མ་བདག་གིས་རིང་ནས ་མཐོང་། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རྗེས་སུ་ཡིད་རང་སྟེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། ལྷའི་མདོ་རྫོགས་སྷོ།། ་