| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ནཱ་ག་རཱ་ཛཱ་བྷེ་རཱི་གཱ་ཐཱ། བོད་སྐད་དུ། ཀླུའི་རྒྱལ་པོ་རྡ་སྒྲའི་ཚིགས་སུ་བཅད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པས་རབ་བསྟན་པ།། བྱང་ཆུབ་སེམས ་དཔའ་སྐྱེས་པའི་རབས། ། ཐམས་ཅད་ལེགས་པར་འདུས་ནས་སུ།། ཤིན་དུ་དད་པའི་སེམས་ཀྱིས་ཉོན།། རྫོགས་པའི་སངས་རྒྱས་ལྷ་ཡི་ལྷ།། དེ་བཞིན་གཤེགས་པ་བཞུགས་པ་ན།། དགེ་སློང་རྣམས་ནི་གཅིག་ལ་གཅིག་ཁ་སྟོབ ་ལས་སོགས་རྣམས་ཀྱིས་འགྱེད། ། དགེ་སློང་ཚིག་ངན་འདོན་པ་དག། དྲང་སྲོང་ཆེན་པོས་གསན་པ་ན།། དེ་ཕྱིར་ཐུབ་པས་དགེ་འདུན་རྣམས།། བསྡུས་ནས་འདི་སྐད་བཀའ་སྩལ་ཏེ།། ཁྱེད་ཅག་ལ་སྟོབས་ལས་སོགས་པས།། ་གཅིག་ལ་གཅིག་ནི་འཚེ་བྱེད་པ།། ཁྱིམ་ནས་ཁྱིམ་མེད་རབ་བྱུང་དང་།། དེ་དག་འཐུན་པ་མ་ཡིན་ནོ།། རྟག་ཏུ་ཡང་དག་དགའ་བྱེད་པའི།། ཆོས་དྲུག་གང་ཡིན་ལ་འཇུག་པ།། འདི་ནི་ཁྱིམ་ནས་ཁྱིམ་མེད་པར།། རབ་ཏུ་བྱུང་བ་རྣམ ་དང་འཐུན། ། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། འཚེ་བ་མེད་པར་དེས་བསྒོམས་ནས།། ཇི་ལྟར་བྱང་ཆུབ་དོན་གཉེར་བ།། དགེ་སློང་ང་ལས་འདི་ཉོན་ཅིག། ཤེས་རབ་ལྡན་པའི་མི་ཡིས་འདི།། ཐོས་ནས་སྡིག་པ་རྣམས ་སྤོངས་ལ། ། གྲུབ་དང་བདེ་བ་ཐོབ་བྱའི་ཕྱིར།། དགེ་བའི་ཆོས་ལ་སྤྱད་པར་གྱིས།། སྔོན་གྱི་སྤུན་དྲུང་གྱུར་པ་ཡི།། ཀླུ་ཡི་རྒྱལ་པོ་གཉིས་བྱུང་བ།། གཅིག་གི་མིང་ནི་རྔ་ཞེས་བྱ།། གཉིས་པ་ཉེ་རྔ་ཞེས་བྱའོ།། གཉིས་ཀ་སྲོག་གཅོད ་ལས་ལྡོག་ཅིང་། ། ཚུལ་ཁྲིམས་ལྡན་ཞིང་དབང་ཆེན་གྲངས།། ཀླུ་ཡི་སྐྱེ་གནས་ལ་སྨོད་ཅིང་།། མ་ཡི་སྲིད་པ་འདོད་པར་གྱུར།། ཚུལ་ལྡན་མང་དུ་ཐོས་པ་ཡི།། དགེ་སྦྱོང་བྲམ་ཟེ་མཐོང་བ་དང་།། མི་ཡི་ཚུལ་དུ་བསྒྱུར་ནས་ནི།། བསྙེན ་ཀྲུང་དག་ཀྱང་བྱེད་པར་འགྱུར། ། ཟླབ་ཕྱེད་དང་ཆེས་བརྒྱད་དང་།། བཅུ་བཞི་བཅཝ་ལྔ་གང་ཡིན་པ།། དེ་ལ་ཡན་ལག་བརྒྱད་པ་ལ།། གསོ་སྤྱང་ལ་ནི་ལེགས་མཉམ་འཇོག། ད་གཉིས་སྔོན་གྱིས་གནས་སྤངས་ནས།། ཡུལ་གཞན ་ཞིག་ཏུ་ཕྱིན་པ་དང་། ། དེ་དང་ཉེ་བའི་གནས་དེ་ན།། རྔ་སྒྲ་ཞེས་བྱའི་ཀླུ་གནས་སོ།། ཀླུ་ཡི་སྐྱེས་མཆོག་སྤུན་གཉིས་པོ།། དེ་གཉིས་འོད་པར་ངེས་ཤེས་ནས།། ཁེངས་ཤིང་ཁྲོས་པའི་ཡིད་ཀྱིས་སུ།། དུ་བ་ཅན་གྱི་དབུགས་འབྱིན་ཅིང་།། ་ཁྱེད་གཉིས་ཆོས་སྤྱོད་མ་ཡིན་ཏེ།། གཡོན་ཅན་ཚུལ་ངན་མཆོག་པའོ་ཞེས།། རྔ་སྒྲས་ཚིག་ནི་རྩུབ་མོ་ཡིས།། ཡང་དང་ཡང་དུ་སྐྲོད་པར་བྱེད།། དམན་པས་བསྐྲད་པ་ཐོས་པ་དང་།། ཉེ་རྔ་རབ་ཏུ་ཁྲོས་གྱུར་ཏེ།། དེ་ཚེ་ཕུ་བོ་རྡ་ལ་ནི།། ཚིག ་རྣམས་ཀྱི་ནི་གོས་བྱས་པ། ། ཀྱེ་རྔ་མི་ཡི་འཇིག་རྟེན་དག་འདི་ནི།། ཚིག་ངན་མངོན་དུ་སྨྲ་བས་གདུང་བྱེད་ཅིང་།། སྦལ་ཟན་ཆུ་ཡི་འགྲམ་ན་སྐྱེས་པ་ཡིས།། མཆེ་བ་གདུགས་པས་བདག་ཅག་སྐྲོད་པར་བྱེད།། འདི་ནི་ཆུ་ནང་དུད ་འགྲོ་རྣམས་ལ་འཚེ། ། ཐད་ལ་མི་ནམས་ལ་ཡང་འཚེ་བར་བྱེད།། གཙོ་བོ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་།། ཚིག་དན་སྨྲ་ལ་ཡིད་ནི་བཟོད་མི་ནུས།། དེང་ནི་འདི་ཡི་གྲོང་ཁྱེར་དང་།། ཕོ་བྲང་གཉེན་འདུན་བཅས་བརླག་སྟེ།། ་རྔ་སྒྲ་གཏན་ནས་བླངས་ནས་སུ།། འདི་ནས་བདག་ཅག་འདོད་པར་བྱ།། ཀླུ་ཡི་རྒྱལ་པོ་སྟོབས་པོ་ཆེ།། དེ་ཡིས་ནུ་བོའི་ཚིག་ཐོས་ནས།། ཡིད་ལ་འབབ་པར་བྱེད་པ་ཡི།། ཚིགས་བཅད་འདི་སྐད་སྨྲས་ཏེ་བསྒོ།། གང་གིས་ཁྱིམ ་དུ་ཉིན་ཞག་འགའ་གནས་ཤིང་། ། བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ།། དེ་ལ་ཡིད་ཀྱིས་གནོད་པར་མི་བསམ་སྟེ།། བྱས་པ་གཟོ་བ་སྐྱེས་བུ་དམ་པས་བསྔགས།། ལྗོན་ཤིང་གང་གི་གྲིབ་མ་ཡིས།། ཡུལ་ཙམ། ་ཞིག་ཀྱང་ལེགས་འགབས་དེའི།། ལོ་མ་འང་གཅད་པར་མི་བྱ་ན།། ཡལ་ཀ་ལྗོན་ཤིང་སྨོས་ཅི་དགོས།། ནགས་ཚལ་ཤིང་ནི་བཅད་དམ་བསྲེགས་ཀྱང་རུང་།། སླར་ཡང་སྐྱེས་འགྱུར་འདི་ལ་ཐེ་ཚོམ་མེད།། ལག་པ་རློན ་བཅད་ཕྱིར་ཡང་མི་སྐྱེ་ལྟར། ། གྲོགས་ལ་འཁུ་བས་ཡུན་རིང་པད་མི་ཐོས།། སྐྱེ་བོ་ངན་པ་ཡུན་རིང་མཆོད་བྱས་ཤིང་།། བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་།། དེས་ནི་ངེས་པར་གྲགས་པོ་སྤོད ་འགྱུར་ཏེ། ། གླང་ཆེན་གྱིས་ནི་གེའུ་ཤིའི་སྤྱིལ་བུ་བཞིན།། ཇི་ལྟར་ཆུ་འགྲམ་ཤིང་ནི་འགྱེལ་འགྱུར་ལྟར།། མི་གང་བློ་ནི་གཡོ་ཞིང་འགྱུར་བྱེད་པ།། དེ་ཡི་མཛའ་བཤེས་བརྟན་པར་མི་འགྱུར་ཏེ།། ཤིང་ཤུན་མཚོན་གྱིས་རས ་དཀར་བཙོས་པ་བཞིན། ། གལ་ཏེ་མཁས་པས་དགྲ་བ་དག། མི་དགའ་བར་ནི་བྱེད་འདོད་ན།། སེམས་ལ་སྐྱོན་ནི་མེད་བྱས་དང་།། དེ་ཉིད་ཀྱིས་ནི་དེར་གནོད་འགྱུར།། རྒྱ་མཚོ་དང་ནི་རི་རབ་དང་།། ས་རྣམས་བདག་གི་ཁུར་མིན ་གྱི། ། བྱས་པ་མི་གཟོ་གང་ཡིན་པ།། དེ་ནི་བདག་གི་ཁུར་ཆེན་ཡིན།། མི་གང་སེམས་ནི་མི་རྒོད་ཅིང་།། བྱས་པ་གཟོ་དང་བྱས་པ་ཚེར།། བྱས་པ་ཆུང་གཟོན་མི་བྱེད་པ།། དེ་དག་མཁས་པས་རབ་ཏུ་བསྔགས།། ཆོས་བདེ་བྱམས ་བ་བདེ་བ་སྟེ། ། འཇུག་དོགས་བདེ་བའི་ཆུ་ཀླུང་བཞིན།། གྲོགས་ལ་འཁུ་བ་མེད་པ་དང་།། ང་སྙེམས་ང་རྒྱལ་ཟད་པ་བདེ།། ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ།། སྡིག་པའི་གྲོགས་པོ་བསྟན་པ་དང་།། སྟོབས་ལྡན་རྣམས་ལ ་རྒོལ་བྱེད་པ། ། དེ་དག་རྣམས་ཀྱི་གྲགས་པ་འཇིག། དེ་ཕྱིར་ཁེངས་པར་མི་བྱ་སྟེ།། ཁྲོ་བ་རྣམ་པར་སྤང་བར་བྱ།། ཁེངས་དང་ཁྲོ་བ་འོངས་འགྱུར་ན།། གྲགས་པ་མཐའ་དག་འཇིག་པར་འགྱུར།། གང་ཞིག་རྒན་དང་བྱིས ་བནང་བ་དང་། ། ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་།། རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ།། སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་།། རང་གི་ཡུལ་འཁོར་གནས་སྤངས་ཏེ།། གཞན་གྱི་ལྗོངས་སུ་ཕྱིན ་བན། ། ཚིག་ངན་སོ་སོར་ཟློག་པ་ལ།། བཟོད་པ་ཆེན་པོ་བྱ་དགོས་སོ།། རང་གི་ཡུལ་ན་བརྙས་བཞིན་འདུག་པ་བས།། མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་།། གང་ན་མི་རྣམས་གཞན་གྱིས་མི་བརྙས་ཏེ།། རང་གི་ཡུལ ་ཡིན་དེ་དག་རང་གི་མེ། ། མི་མཆོག་རྣམས་ནི་བརྙས་ཐབས་བྱས་པའི་ཚེ།། ཆུང་མ་སྡུག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་།། ངན་པ་རྣམས་ནི་དེ་ནའང་ཡོངས་སུ་འཁྱམ།། བརྙས་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུང་དང་བ་རྙེད་པ།། ་དཀར་བ་སྟེ།། རྒུད་པ་མོད་པ་ཡིན་པའི་ཕྱིར།། སེམས་ཅན་ངོམས་པས་གྱུར་པའི་ཚེ།། ཁ་རོག་འདུག་དང་བདེ་བ་འཐོབ།། གལ་ཏེ་ནོད་མེད་ཕྱོགས་ཉུང་ངམ།། མཛའ་བཤེས་ཕྱོགས་ཀྱི་སྟོབས་ཆུང་ངམ།། དགྲ་བོ་ཕྱོགས་ཀྱི་སྟོབས ་ལྡན་ཏོ། ། བ་རག་འདུག་དང་བདེ་བ་འཐོབ།། མི་རྣམས་ཆོས་མིན་བྱེད་པ་དང་།། འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་།། དང་ཆུང་ངོ་ཚ་མེད་པའི་ཚེ།། ཁ་རོག་འདུག་དང་བདེ་བ་འཐོབ།། མི་རྣམས་ཁྲོ་བར་བྱེད་པ་དང་།། གནད ་སེམས་མང་པོར་གྱུར་པ་དང་། ། གཞན་ལའང་གདུག་པའི་ཚུལ་ལྡན་ཆེ།། ཁ་རོག་འདུག་དང་བདེ་བ་འཐོབ།། མི་རྣམས་དད་པ་མེད་པ་དང་།། ཁྭ་བཞིན་མུ་ཅོར་སྨྲ་བ་དང་།། སྒྲ་དང་གཡོ་དག་བྱེད་པའི་ཚེ།། ཁ་རོག་འདུག་དང་བདེ་བ ་འཐོབ། ། མི་རྣམས་ཚུལ་ཁྲིམས་འཆལ་བ་དང་།། གཏུམ་ཞིང་གཟུ་ལུམས་བྱེད་པ་དང་།། བདེན་པའི་ཆོས་དང་མི་ལྡན་ཚེ།། ཁ་རོག་འདུག་དང་བདེ་བ་འཐོབ།། མི་རྣམས་དང་ཚུལ་ངན་པ་དང་།། ལོག་པའི་ལྟ་བས་བཅོམ་པ་དང་། གཏུམ ་ཞིང་སྡང་བར་གྱུར་པའི་ཚེ། ། ཁ་རོག་འདུག་དང་བདེ་བ་འཐོབ།། ངོ་ཚ་མེད་ཅིང་བརྫུན་དུ་སྨྲ།། དོན་མེང་པྲ་མ་ཚིག་རྩུབ་དང་།། དབྱེན་དང་ཁྱལ་བ་སྨྲ་བའི་ཚེ།། ཁ་རོག་འདུག་དང་བདེ་བ་འཐོབ།། ཡ་རབས་ཚུལ་མེད་ཤིན་དུ་ཁེངས།། ་ང་རྒྱལ་གྱིས་ནི་འགྱིད་པ་དང་།། ཕྲག་དོག་བརྐམ་དང་ཚུལ་ཉམས་ཚེ།། ཁ་རོག་འདུག་དང་བདེ་བ་འཐོབ།། གང་ཚེ་མི་ཡི་དུས་རྣམས་དང་།། རིགས་རྣམས་ཤེས་པ་མ་ཡིན་པའི།། མི་དང་ལྷན་ཅིག་འདུག་པ་ན།། དེ་ཚང་རྒྱལ་བྱར ་མི་རུང་། ། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི་ཚེ།། ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར།། གཞན་གྱིས་བརྙས་པ་དེ་བཟོད་བྱ།། གཞན་གྱི་ཡུལ་ན་གནས་པ་དང་།། གཞན་གྱི་འཚེ་བས་འཚེ་བའི་ཚེ།། སྡང་བས ་འཁྲུག་པར་འགྱུར་བ་ན། ། གཞན་གྱིས་བརྙས་པ་དེ་བཟོད་བྱ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚེ་བས་འཚ་བའི་ཚེ།། དམན་པས་བསྐྲད་པར་གྱུར་ཀྱང་རུང་།། ཤེས་རབ་ལྡན་པས་དེ་བཟོད ་ཀྱེ་མ་ཡུལ་ལོག་བདག་གནས་ཤིང་། ། མཛའ་བཤེས་ངན་དང་ཕྲད་པ་ན།། བྱིས་པ་རྣམས་དང་འགྲོགས་པ་ཡི།། གནས་སུ་མི་ངན་རྟེན་བྱེད་མེད།། ཤེས་རབ་ལྡན་པས་དེ་བསམས་ནས།། མི་ཤེས་མི་དང་འགྲོགས ་བྱེད་ཀྱང་། ། མཁས་པས་ནོར་དང་ལོངས་སྤྱོད་ཕྱིར།། གཟུ་ལུམས་ཁོ་ནར་ཁྲོ་མ་བྱ།། ཇི་ལྟར་ཐལ་བས་འཀའ་བའི་མེ།། རྩཝ་དང་ཤིང་གས་གཡོགས་པ་ལ།། རླུང་རྣམས་ཀྱིས་ནི་ལེགས་བུས་ན།། ཤིན་དུ་རབ་ཏུ་འབར། ་འགྱུར་ཏེ།། རྩཝ་དང་ཤིང་དེ་བསྲེགས་ནས་སུ།། ཆེན་པོར་མཆོད་ཅིང་འབར་བ་ཡིས།། རྩཝ་དང་གལ་བ་མང་པོ་དག། ལྗོན་ཤིང་ཆེན་པོ་སྲེག་པ་ལྟར།། དེ་བཞིནི་རྣམ་རྟོག་བུད་ཤིན་ལས།། བྱུང་བའི་ཁྲོ་བ་མེ་འདྲ་བས།། ། ་བདག་ཉིད་དང་ནི་གཞན་དག་ལ།། ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར།། དེ་ཕྱིར་ཁྲོ་བ་བྱུང་བ་ན།། ཞེ་སྡང་མཉེན་པོར་གྱུར་པ་ཡི།། བྱམས་པའི་སེམས་ལ་བསྒོམས་ནས་སུ།། མཁས་པ་རྣམས་ཀྱིས་ཟློག་པར་བྱེད། ་བསྟོད་པ་བྱས་ན་མཛའ་བྱེད་ལ།། མ་བསྟོད་མཛའ་བར་མི་བྱེད་ཅིང་།། མོད་ལ་ཡོངས་སུ་སྤོང་བྱེད་པ།། དེ་ནི་བྱིས་པའི་མཚན་ཉིད་ཡིན།། གལ་ཏེ་འདི་ནི་བྱིས་པ་དག། སྒྲོགཤོག་བཏོགས་པའི་བྱ་ལྟ་བུར།། བློ་སྤངས ་ཤེས་རབ་མ་འཆལ་ན། ། མཁས་པ་ཇི་ལྟར་འཚ་བར་འགྱུར།། གང་ཕྱིར་བྱིས་པ་ཕལ་ཆེར་ནི།། བློ་གྲོས་སྤངས་ཤིང་ཤེས་འཆལ་བ།། དེ་ཕྱིར་མཁས་པ་ཤེས་རབ་ཅན།། ཁྱད་པར་དུ་ནི་བདེ་བར་འཚ།། མཁས་པ་ནོར་སྐྱེད ་དགའ་བར་མི་འགྱུར་ལ། ། ཕོངས་པར་གྱུར་ཀྱང་མི་འཁྲུལ་འཁྲུག་པ་མེད།། རྗེས་སུ་གཟུང་ཕྱིར་ཕན་པ་དེ་སྨྲ་ན།། ལེགས་སྨྲ་ཡིན་ཞེས་གཞན་གྱིས་ཅིས་མི་རྟོགས།། མཁས་པ་གཟུ་ལུམས་མེད་པར་གྱུར་པ་དེ།། དེ་ཉིད ་དབྱང་བ་ལེགས་པར་མཉན་ནས་སུ། ། དེ་ལྟར་རྣམ་པར་བསམས་ནས་རང་དོན་དང་།། གཞན་གྱིས་དོན་དག་ལགས་པར་སྤྱོད་པར་བྱེད།། མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ་གྱིས།། སྡིག་པའི་ལས་རྣམས་ཀུན་དུ་སྤྱོད་མི།། ་འགྱུར།། གལ་ཏེ་བདེ་དང་སྡུག་བསྔལ་ལྡན་གྱུར་ཀྱང་།། རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་མེད།། བློ་ལྡན་གཡོ་སྒྱུ་ཅན་དུ་མི་འགྱུར་ཏེ།། རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར།། ཕོངས་པའི་གནས་ན་མྱ་དན་མི ་བྱེད་པ། ། གཞན་གྱིས་གནང་ལ་འབེབས་པར་བྱེད་རེ་སྐན།། ཧ་ཅང་ཐལ་དང་ཧ་ཅང་ཞུམ་པ་ཡི།། དམན་པའི་མི་རྣམས་ལོ་ཡང་མ་ཡིན་ཏེ།། བར་མའི་གནས་ལ་བསྟེན་པར་བྱེད་པ་དག། དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད ་ཡིན། ཧ་ཅང་ཐལ་བ་རྟག་ཏུ་འཁོན།། ཧ་ཅང་ཞུམ་པ་རྟག་ཏུ་བསྙེས།། དེ་ཕྱིར་དེ་གཉིས་སྤངས་ནས་སུ།། གོ་འཕང་བར་མ་བསྟེན་པར་བྱ།། རེས་འགའ་ལྐུགས་པ་འམ་འོན་པ་ལྟ་བུར་གྱིས།། དུས་ལ་བབ་ནས་བདག་བཞིན་དུ ་སྨྲས། ། རེས་འགའ་གངས་རི་བཞིན་དུ་བསིལ་བར་གྱིས།། དུས་ལ་བབ་ན་མེ་ལྕེ་བཞིན་དུ་སྤོང་།། རེས་འགའ་རྩཝ་དང་འདྲ་བ་ཞུམ་པར་བྱ།། དུས་ལ་བ་བ་ན་རི་རབ་ལྟ་བུར་གྱིས།། རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བར་བྱ།། དུས ་ལ་བབ་ན་ཐུབ་འདྲ་ནགས་སུ་སོང་། ། རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།། དུས་སུ་བདེ་དང་སྡུག་བསྔལ་དང་དུ་བླང་།། ནོར་ཕྱིར་བྲན་བཞིན་བཀོལ་བར་མི་བྱ་སྟེ།། ཁྲོ་བའི་དབང་དུ་གྱུར་པར་མི་བྱའོ།། རེས་འགའ ་དགའ་བའི་གླུ་དང་སིལ་སྙན་གྱིས། ། རྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ།། རེས་འགའ་རི་དགས་ལྟ་བུར་འཇིགས་བཞིན་སོང་།། དུས་སུ་གཅན་ཟན་བཞིན་དུ་མཉམས་སྩལ་བསྟན།། དང་པོར་རུས་དང་དུས་མིན་དང་།། བདག་ཉིད ་སྟོབས་ལྡན་སྟོབས་མེད་དང་། ། དར་དང་རྒུད་པ་བརྟགས་ནས་སུ།། དེ་ནས་དོན་རྣམས་ལེགས་པར་བརྩམ།། བཟོད་མེད་རྣམས་ལ་བཟོད་པ་དང་།། བཟོད་ལྡན་རྣམས་ལའང་བཟོད་པར་གྱིས།། ཉམ་ཆུང་རྣམས་ལའང་བཟོད་པ། ་དང་། སྟོབས་ལྡན་རྣམས་ལ་རྟག་བཟོད་ཀྱིས།། བོན་གྱིས་ཁོན་ཞིང་ནམས་ཀྱང་མི་འགྱུར་པས།། བཟོད་མང་རྣམས་ལའང་བཟོད་པར་བྱས་ན་ལེགས།། ཁྲོས་པ་རྣམས་ལ་རྟག་ཏུ་དང་བ་དང་།། གཞན་གྱི་སྐྱོན་རྣམས ་རྟག་ཏུ་བཅབ་པར་གྱིས། ། གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་།། འཐབ་ཟླའི་ཚིག་དག་འཐབ་གཙུགས་གྱུར་ཕྱིར་བཟོད།། གང་ཞིག་འོག་མའི་ཚིག་དག་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས།། གཤེ ་དང་གྱ་ཙོམ་སྨྲ་བ་དང་། ། ཚིག་ངན་སྨྲ་བར་བྱེད་པ་ལ།། བློ་གྲོས་ཆུང་ངུ་མི་བཟོད་དེ།། པད་མ་ལ་ནི་རྡོ་ཚར་བཞིན།། གཤེ་དང་གྱ་ཙོམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤིན་དུ་བཟོད་བྱེད་དེ།། གླང་ཆེན་མེ་ཏོག་ཆ་རབ་བཞིན།། ་ཁྲོ་བོ་དང་ནི་བརྫུན་དག་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤེས་རབ་ལྡན་གྱུར་པ།། གང་ཡིན་དེ་ནི་ཐམས་ཅད་བཟོད།། རྡོ་བ་བསྲེགས་ཀྱང་འཛུ་མི་འགྱུར།། ཆར་པ་བབ་ཀྱང་འཇིག་པ་མེད།། དེ་བཞིན་བདེ་དང་སྡུག ་བསྔལ་གྱིས། ། མཁས་པ་ཉམས་པར་འགྱུར་བ་མེད།། གང་ཞིག་བདེན་པས་གཤེ་བྱེད་པ།། དེ་ལ་མཁས་པས་བཟོད་པར་བྱེད།། བདེན་པ་མ་ཡིན་པ་ཡང་བཟོད།། དེ་ལས་གཞན་པ་བསྟན་དུ་མེད།། འདི་ལྟར་སྐྱེས་བུ་མཁས ་པ་ནོར་གྱི་ཕྱིར། ། སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ།། གལ་ཏེ་མི་བཟོད་མྱ་ངན་རྣམས་སྤངས་ཏེ།། གཞན་དུ་སོང་ན་སྟོང་ཕྲག་རྙེད་དང་འདྲ།། ཡལ་ག་སྟེགས་ལ་འཇུ་བར་མི་བྱ་ཞིང་།། ཆགས་བྲལ་སེམས ་ལ་ཆགས་པར་མི་བྱ་སྟེ། ། བཟང་ཞིང་སྡུག་པས་ས་སྙེད་གང་བས་ན།། འཇིག་རྟེན་ཡངས་པ་བཞིན་དུ་འགྲོར་ཟད་མོད།། གང་ན་བརྙས་བྱེད་བཀུར་སྟི་མི་བྱེད་དང་།། སྨོད་པར་བྱེད་ཅིང་བསྟོད་པར་མི་བྱེད་ན།། མཁས་དང ་ཡུན་འགྲོགས་ཆེད་ཀ་མི་ཆེ་བས། ། རང་རྒྱལ་བཞིན་དུ་མ་སྨ་དེ་འགྲོ་རིགས།། གང་ན་སྐྱེས་བུ་འཐབ་ལ་དགའ་གྱུར་ནས།། གཡོ་སྒྱུའི་བསམ་ལྡན་རྟག་ཏུ་གྲངས་ཀྱང་མེད།། ཀྱལ་བ་དབྱེན་བརྫུན་ཚིག་རྩུབ་སྨྲ་བྱེད་པ།། དེ་ཆེ ་མཁས་པ་མྱུར་དུ་ཡུལ་གཞན་སོང་། ། གང་ན་མི་རྣམས་འཆེ་བར་བྱེད་གྱུར་ནས།། ཕན་ཚུན་གནོད་ལ་འབེབས་པར་དགའ་བ་དང་།། ལུས་དང་ངག་ཡིད་སྡོམ་པ་མེད་འགྱུར་བ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།། གང ་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས། ། གཞན་གྱི་རྙེད་ལ་རྟག་ཏུ་མི་བཟོད་ཅིང་།། སྡང་བའི་བསམ་པས་རྣམ་རྨོངས་ཚུལ་འཆོས་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་སྡིག་བྱེད་འདོད་གྱུར་ནས།། ་བརྐྱང་སྟི་འདོད་ཅིང་ཚུལ་འཆོས་གཡོ་སྨྲ་བྱེད།། ནང་ཡང་མ་དག་ཕྱི་ཡང་མ་དག་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་ཞེས་མེད་གྱུར་ནས།། ཡ་རབས་ཚུལ་མེད་ཁེངས་ཤིང་ང་རྒྱལ་ལྡན།། ་བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་དང་གང་དུ་བཟའ་བཏུང་དང་།། གང་དུ་གོས་རྣམས་རྙེད་པ་དང་།། གང་དུ་འཚོ་བ་དེར་སོང་ལ།། ཆགས་འགྱུར་གནས་སུ་མ་འདུག ་ག་ལན་འགའ་རྩོད་འགྱུར་སྲེད་པ་གང་ཡིན་སྤོངས། ། རྟག་ཁེངས་མཆོད་མེད་ང་རྒྱལ་ག་ང་ཡིན་སྤོངས།། འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས།། ཕོངས་དུས་མི་ལྟའི་གྲོགས་པོ་གང་ཡིན་སྤོངས།། མེ་ཡིས་གང ་བའི་ལམ་འདྲའི་མ་རིག་སྤོངས། ། བྱས་གཟོ་མེད་པའི་གཉེན་འདྲའི་འདོད་ཆགས་སྤོངས།། མཆེ་བ་མི་བཟད་ཀླུ་འདྲའི་ཆགས་པ་སྤོངས།། དགྲ་བོ་མཚོན་ཐོགས་ལྟ་བུའི་སྡུག་བསྔལ་སྤོངས།། ཀླུ་མོ་ལྟ་བུ་མི་བཟང་ཆུང་མ་སྤོང ་མགོ་ལ་མེ་འབར་ལྟ་བུའི་བུ་རྣམས་ཐོང་། ། འགོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས་ཐོད།། བཏུང་བ་དུག་ཆེན་ལྟ་བུའི་འདོད་པ་ཐོད།། ཁྱིམ་གྱི་ཕྱིར་ནི་ཅི་བཏང་སྟེ།། གྲོང་ཁྱེར་དོན་དུ་ཁྱིམ་བཏང་ངོ་།། ལྗོངས་ཀྱི་ཕྱིར་ནི་གྲོང ་བྱེར་ཏེ། ། བདག་གི་དོན་དུ་ས་བཏང་ངོ་།། མི་ཡི་ཡན་ལག་ཕྱིར་ནི་ནོར་བཏང་ཞིང་།། སྲོག་གི་དོན་དུ་ཡན་ལག་བཏང་བར་བྱ།། ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག། ཐམས་ཅད་གཏང་གི་འདིར་ནི་ཆོས་སུང་ངོ་།། ཆོས་སྤྱོད། ་བལ་འཇིགས་སྐྲག་མེད་པ་ཉིད།། ཆོས་སྤྱོད་པ་ནི་ངན་འགྲོར་མ་འགྲོ་སྟེ།། ཆོས་སྤྱོད་པ་ནི་འདོད་པའི་འདོད་པར་འགྲོ།། ཆོས་མི་སྤྱོད་པ་ཤི་ནས་གདུང་བར་འགྱུར།། མཁས་པ་ནོར་རྙེང་དགའ་བར་མིའི་འགྱུར་ལ།། ་ནོར་ཟད་ན་ཡང་བློ་གྲོས་མིའི་འལྡར་བར།། འཇིག་རྟེན་དག་ན་ཅིང་ཀར་ལེགས་ཆུ་བ།། སེམས་ཅན་ནང་ན་མི་ཡི་སྙིང་པོར་ཆུད།། གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་།། ང་རྒྱལ་མཆེ་བ་རྣམ་སྤངས་བདེན་ལ་གནས། ་རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི།། དཔའོ་རྟུལ་པོ་ད་ཡ་རབས་ཐབས་ལྡན་ཡིན།། གང་ཞིག་དེ་དང་དེ་ལ་ལེགས་བསླབས་པས།། དོན་རྣམས་ཀུན་ལ་མཁས་པར་གྱུར་པ་དང་།། དེས་ལ་འགྲོགས་ན་བདེ་བ་དེ་དག་ནི། ་དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད།། ཉེ་རྫས་སྨྲས་པ།། རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་།། འདི་ལྟར་བདག་ནི་རབ་ཏུ་དང་།། བདག་གི་ལུས་འདི་སྐམས་པ་འམ།། ཡང་ན་སེམས་ནི་མེད་ཀྱང་བླ།། སྡུག་བསྔལ ་ཤིན་དུ་མི་བཟད་པར། ། ལྷུར་ཡང་ཕྱིན་ཆད་སྡིག་མི་བགྱིད།། ཚུལ་ཁྲིམས་ཉམས་པ་གསོན་པ་བས།། ཚུལ་ཁྲིམས་ལྡན་པ་ཤི་ཡང་བླ།། སྐྱེ་བ་གཅིག་ཏུ་འདི་ཡི་ཕྱིར།། ཇི་ལྟ་བུར་ནི་མི་ཟད་སྤྱད།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ། སྔོན་ཚེ་གང་དུ་རབ་གནས་ཤིང་།། དེ་དང་དེར་ནི་སྐྱེས་པ་ན།། མི་དགེའི་གྲོགས་དང་གྲོགས་པ་ཡིས།། ང་ཡིས་མི་དགེ་ལས་རྣམས་བྱས།། དགེ་བའི་བཤེས་དང་ཕྲད་པ་ན།། མི་དགེའི་ལས་རྣམས་སྤངས་པར།། ་གྱུར།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡིས།། སྔོན་གྱི་གནས་རྣམས་མངོན་མཁྱེན་ནས།། དེ་ཕྱིར་དགེ་སློང་རྣམས་ལ་ནི།། ཐུབ་པས་ལུང་ཡང་བསྟན་པའི་མཛད།། སྔོན་ཚེ་ང་ནི་རྔར་གྱུར་ཏེ།། ཀུན་དགའ་བོ་ནི ་ཉིརྔ་ཡིན། ། ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས།། སྐྱེས་རབས་དེ་ལྟར་གཟུང་བར་གྱིས།། ཆོས་རྣམས་སྡུད་པར་བྱེད་པ་ཡི།། དོན་རྒྱས་མདོ་སྡེ་འདི་ཐོས་ནས།། དགེ་སློང་ཐམས་ཅད་གོས་བཅས་པར།། ཆོས་ལ་སྤྱད་པ་ཉིད་དུ་གྱིས།། ་ཀླུ་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་རྫོགས་སྷོ།། ། ཡེ་དྷརྨ་ཧེ་ཏྲ་པྲ་བྷ་བཱ་ཧེ་དྲནྟེབྷཙྪ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བ~ཾ་བཱ་དཱི་མ་རཱ་ཤྲ་མ་ནཿ།། 96།། རྒྱ་གར་སྐད་དུ། ཨུ་དཱན་པ་ར་ག། བོད་སྐད་དུ།། ཆེད་དུ ་