CLOSE WINDOW

Q987: mchod rten bskor ba'i tshigs su bcad pa
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་དྷ་མཱ་ཀ་ར་དང་། ལོ་ཙྪ་བ་བན་དེ་ཡེ་ཤེས་སྙིང་པོས་སྒྱུར། བན་དེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཙེ་ཏྱ་པྲ་བཀྵི་ཎ་གཱ་ཐཱ། བོད་སྐད་དུ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ཤེས་རབ་བློ་ལྡན་འཇིག་རྟེན་ན།། ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ།། ཤེས་རབ་ཆེན་པོ་ཤཱ་རིའི་བུས།། སྟོན་པ་ལ་ནི་ཞུ་བ་ཞུས། མཆོད་རྟེན་བསྐོར་བ་བགྱིས་པ་ཡིས།། རྣམ་པར་སྨིན་པ་ཅིར་འགྱུར་བ། སྐལ་པ ་ཆེན་པོའི་འཇིག་རྟེན་མཆོག། རྣམ་པར་འདྲེན་པས་བདག་ལ་གསུངས།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། སྟོན་པས་དེ་ལ་བཀའ་སྩལ་པ།། མཆོད་རྟེན་བསྐོར་བ་བྱས་པ་ཡི།། ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན།། མཆོད་རྟེན་སྐོར ་བ་བྱས་པ་ཡིས། ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། ལྷ་མིན་མཁའ་ལྡིང་མི་འམ་ཅི།། ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར།། དལ་བ་རྙེད་དཀའ་ཐོབ་གྱུར་ནས།། སྐད་ཅིག་གཅིག་ཙམ་བར་དུ་ཡང་།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མི་ཁོམ་བརྒྱད་རྣམ ་སྤོང་བར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།། དྲན་དང་ལྡན་ཞིང་བློ་གྲོས་ལྡན།། ཁ་དོག་ལྡན་ཞིང་འཛངས་པ་དང་།། ཐམས་ཅད་དུ་ནི་མཆོད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལྷ་དང་དེ་བཞིན་མི་རྣམས་ཀྱིས།། ཚེ་རིང་བ་ཡང་དེ་ཡིས། ་འཐོག་གྲགས་པ་ཆེན་པོའང་འཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཛམ་བུའི་གླིང་དུ་རུས་ཀྱི་མཆོག། ཚེ་རིགས་ཡོངས་སུ་དག་པར་ཡང་།། བློ་ལྡན་དེ་ནི་སྐྱེ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཁ་བཞིན་དག་ཀྱང་བཟང ་བ་དང་། ། མདོག་སྡུག་པ་དང་མཁས་པ་དང་།། བདེ་བར་གནས་པ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཕྱུག་ཅིང་ནོར་ཡང་མང་བ་དང་། སེར་སྣ་མེད་ཅིང་གཏོད་ཕོད་དང་།། སྦྱིན་པ་དག་ལ་དཔའ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས ་ནི། ཡིད་དུ་འོང་ཞིང་ལྟ་ན་སྡུག། མདོག་བཟང་མཐོང་ན་དགའ་བ་དང་།། ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འདུ་བྱེད་སྟོང་པར་མཐོང་ནས་ཀྱང་།། དེ་ནི་ཆོས་ལ་རྨོངས་མི་འགྱུར།། མྱུར་དུ་དགའ་བ་ཐོབ་པར་འགྱུར ་མཆོད་རྟེན་བསྐོར་བ་བྱས་པས་ནི། ། རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར།། བུ་སྨད་འཁོར་དང་ལྡན་པ་དང་།། སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ།། ཚུལ་ཁྲིམས་ལྡན་ཞིང་ཐོས ་དད་ལྡན། ། རིག་བྱེད་གསང་སྔགས་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ།། ཕྱུག་ཅིང་ནོར་ཡང་མང་བ་དང་།། ནོར་དང་འབྲུ་རྣམས་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཛམ་བུའི ་གླིང་གི་མདའ་བདག་རྗེ། ། ས་སྟེང་མཐའ་དག་དབང་བྱེད་པའི།། ཆོས་དང་ལྡན་པའི་རྒྱལ་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། རིན་ཆེན་བདུན་དང་ལྡན་པ་ཡི།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར།། ཆོས་བཞིན་འཁོར་ལོ་བསྐོར་བར ་བྱེད། ། མཆོད་རྟེན་བསྐོར་བ་བྱས་པས་ནི།། འདི་ནས་འཕོས་ནས་མཐོ་རིས་འགྲོ།། སངས་རྒྱས་བསྟན་ལ་དགའ་བ་དང་། རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལྷ་ཡུལ་དག་ནས་འཕོས་ནས་ཀྱང་།། དེ་ནི་མི་ཡི་ནང་དུ ་སྐྱེ། མོངས་པ་མེད་པར་མངལ་དུ་འཇུག། མཆོད་རྟེན་བསྐོར་བ་བྱས་པས་ནི།། མངལ་གྱི་སྐྱོན་གྱི་དྲི་མ་ཡིས།། དེ་ལ་གོས་པར་མི་འགྱུར་ཏེ།། དེ་ནི་ནོར་བུ་དག་པ་བཞིན།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མ་ལྷོར་བདེ་བར་གནས་པར་འགྱུར།། དེ་ནི་བདེ ་བར་བཙའ་བ་དང་། ། བདེ་བར་ནུ་ཞོ་འཐུང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཕས་ཀྱང་གཡོག་འཁོར་མང་པོ་ཡིས།། དེ་ལ་གསོ་ཞིང་གནས་པར་འགྱུར།། མ་མས་རྟག་ཏུ་རིམ་གྲོ་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཉེ་དུ་རྣམ ་ཀྱི་སྙིང་དུ་སྡུག། དེ་བཞིན་པ་མ་ལྷག་པར་བྱམས།། སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཤ་ཟ་དང་ནི་སྲིན་རྣམས་ཀྱིས།། དེ་ལ་གནོད་པར་མི་འགྱུར་ཏེ།། ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བརྒྱར་ཡང་དེ་དག་རྣམས།། ཞར་བ་གྲུམ་པོར་ཡོངས་མི་འགྱུར།། ལུས་ཀྱང་རྣམ་པར་དག་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མིག་ཀྱང་རྣམ་པར་དག་པར་གྱུར།། དཀྱུས་རིང་མཐོན་ཐིང ་སྡུག་པ་དང་། ། ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ།། མཆོད་རྟེན་བསྐོར་བར་བྱས་པས་ནི།། ལུས་བདེ་སེམས་ཀྱང་བརྟན་པ་དང་།། དེ་བཞིན་བརྩོན་འགྲུས་བརྟན་པ་དང་།། དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ་སྟོབས་དང་བྱེད་གཟུགས་ཕུན་སུམ་ཚོགས།། ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས།། ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སུམ་བཅུ་རྩ་གསུམ་དབང་ཕྱུག་རྗེ།། རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། ལྷའི ་དབང་པོ་ཆེན་པོར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཐབ་བྲལ་ལྷའི་རྒྱལ་པོ་དང་།། དེ་བཞིན་ཡོངས་སུ་དགའ་ལྡན་དང་།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཚངས་པའི་འཇིག་རྟེན ་ཚངས་པ་ཡི། ། དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།། ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་དང་།། ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་།། ཤེས་རབ་ལྡན་པ་རྟག་ཏུ་མཆོད།། མཆོད་རྟེན་སྐོར་བ་བྱས ་པས་ནི། ། བསྐལ་པ་བྱི་བ་སྟོང་དག་ཏུ།། ལུས་གཙང་གོས་ཀྱང་གཙང་བ་དང་།། དཀར་པོའི་ཆོས་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས།། དེ་ནི་ལེ་ལོ་མེད་པ་དང་།། ཤིན་དུ་བསྒྲུབ་པཐོབ ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི། བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན།། རྒྱལ་བརྟན་ཅེས་ཀྱང་མི་ཚུགས་ཤིང་།། དོན་རྣམས་མྱུར་དུ་འགྲུབ་པར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། གདངས་སྙན་གསང་ཡང་མཐོབ་དང་། ཡིད ་དངབོང་བའི་ང་རོ་ཅན། ། གནོད་པ་མེད་ཅིང་ནད་མེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། དེ་ཉིད་ཀྱིས་ནི་བསྟན་པ་ཡི།། གནས་དེར་མྱུར་དུ་དེ་འགྲོ་ཞིང་།། ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། དྲན་པ་ཉེ་བར ་གཞག་པ་བཞི། ། སེམས་ཀྱི་ཚད་མེད་བཞི་པོ་དང་།། རྫུ་འཕྲུལ་རྐང་པའི་དབང་ཡང་འཐོབ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཕགས་པའི་བདེན་པ་བཞི་པོ་དང་།། དབང་པོ་རྣམས་དང་སྟོབས་རྣམས་དང་།། བྱང་ཆུབ་ཡན་ལག་འབྲས་བུ་འཐོབ།། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། མངོན་ཤེས་དྲུག་ལྡན་ཟག་པ་མེད།། ཉོན་མོངས་ཐམས་ཅད་སྤངས་པ་ཡི།། དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པར་ནི།། འདོད་ཆགས་ཞེ་སྡང་སྤངས་པ་དང་།། འཁོར་རྣམས ་ཐམས་ཅད་སྤངས་པ་ཡི། ། རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཇིག་རྟེན་དག་ཏུ་དེ་བཞིན་གཤེགས།། མཚན་རྣམས་ཀྱིས་ནི་བརྒྱན་པ་དང་།། གསེར་གྱི་སྐུ་མདོག་འཐོབ་པར་འགྱུར།། ལུས་ཀྱི་ལས ་ཀྱང་བསྐོར་བ་ཡིན། ། དག་གིས་ལས་ཀྱང་བསྐོར་བ་ཡིན།། ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན།། སྨོན་ལམ་བཏབ་པའང་བསྐོར་བ་ཡིན།། འདིར་ནི་བསྐོར་བ་བྱས་པ་ཡིས།། བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ།། འཇིག་རྟེན་མགོན་པོའི ་མཆོད་རྟེན་ལ། ། བསྐོར་བ་བྱས་པའི་ཡོན་ཏན་གང་།། ད་ནི་ཚིག་ཙམ་ཉིམ་ཡིས།། ལགས་པར་བསྟན་པར་མི་ནུས་པ།། སེམས་ཅན་རྣམས་ལ་སྙིང་བཙོའི་ཕྱིར།། ཤཱ་རའི་ཐུས་ནི་ཞུས་ནས་ཀྱང་།། མཚད་རྟེན་ཕྱག་རྒྱས་ཡོན་ཏན་གང། འཛི། ་རྟེན་མགོན་པོས་བསྟན་པ་ཡིན།། རྟ་བརྒྱ་དང་ནི་གསར་སྲང་བརྒྱ།། དྲི་མོའི་ཤིང་རྟ་བརྒྱ་དག་དང་།། རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས།། རིན་ཆེན་སྣ་ཚོགས་བཀང་བ་ཡང་། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ་ཀམ་པོ་རྫི་ཡི་བུ་མོ་བརྒྱ།། ནོར་བུ་རྣ་ཆ་གདུར་འཁོར་ཐོགས།། གསེར་གྱི་དཔུང་རྒྱན་འཆང་བ་དང་།། མགྲིན་པ་གསེར་གྱིས་ལེགས་བརྒྱན་པ།། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། གངས་ཀྱི་གླང་ཆེན་བརྒྱ་རྟེན ་དག། ལུས་ཆེན་ནམཆོད་ཡངས་པ་དང་།། སྭ་ཡང་གཤོལ་མདའ་འདྲ་བའི་གླང་།། གསེར་དང་ནོར་བུས་བརྒྱན་པ་དང་།། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་བོད་དོ།། མཁས་པ་གང་གིས་སངས་རྒྱས་མཆོད ་རྟེན་ལ། ། དགའ་བའི་སེམས་ཀྱིས་གོམ་པ་གཅིག་པོར་བ།། འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་འཇིམ ་གོང་གཅིག་བོར་བ། ། འཛམ་བུའི་ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས།། འཛམ་བུའི་ཆུ་ཀླུང་གསེར ་སྣོད་འབུམ་བཞག་པ། ། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས།། འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས།། དེ་ནི་དེ་དང་མཚུངས་པ་ཡོད ་མ་ཡིན། ། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་སྤོས་ཆུས་དབང་བསྐུར་བ།། འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས ་མཆོད་རྟེན་ལ། ། དགའ་བའི་སེམས་ཀྱིས་མར་མེ་འབུལ་བྱེད་པ།། འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་རྒྱལ ་མཚན་འཕན་གདུགས་ཐོགས། ། གསེར་གྱི་རི་བོ་ལྷུན་པོ་ཆེར་འབུམ་ཡང་།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། འདི་ནི་དཔག་མེད་དེ་བཞིན་གཤེགས།། རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས།། དེད་དཔོན་བླ་ན་མེད་པ་ལ།། ཕུལ ་པའི་ཕན་ཡོན་བསྟན་པ་ཡིན། ། བཞུགས་པའི་ཚེ་ན་གང་གིས་མཆོད།། མྱ་ངན་འདས་འོག་གང་གིས་མཆོད།། སེམས་དགེ་བ་ནི་མཚུངས་འགྱུར་ན།། བསོད་ནམས་ལ་ནི་ཁྱད་པར་མེད།། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། ་སངས་རྒྱས་ཆོས་ཀྱང་བསམ་མེ་ཁྱབ།། བསམ་མི་ཁྱབ་ལ་དང་རྣམས་ཀྱི།། རྣམ་པར་སྨིན་པའང་བསམ་མ་ཁྱབ།། མཆོད་ཏན་པསྐོང་བའི་ཚིགས་ས་བཅད་པ་རྫོགས་སྷོ།། ། རྟག་སྐ་དུ། ཟས་ན་ཛད་ཐཱརྨཱ། ་