| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་ནི་ཏྱཏ་སཱུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན ་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་བཞི་པོ་འདི ་དག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱ་བའོ།། བཞི་གང་ཞེ་ན། དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ།། དབེན་པ། ཕངས་པ། ཡིད་དུ་འོང་བར་མངོན་པ ་དགའ་བར་བྱ་བའོ། ། ནད་མེད་པ་དེའི་མཐའ་ཡང་ནད་ཡིན་ཏེ། དགེ་སློང་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་ལང་ཚོ་ནི་འཇིག ་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། ལ་ཚོ་འདིའི་མཐའ་ཡང་རྒ་བ་ཡིན་ཏེ།། དགེ་སློང་དག་རྒ་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད ་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། འབྱོར་བ་དེའི་མཐའ་ཡང་རྒུད་པ་ཡིན་ཏེ། དགེ ་སློང་དག་རྒུང་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ་ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། སྲོག་དེའི་མཐའ་ཡང་འཆི་བ་སྟེ། དགེ་སློང་དག་འཆི་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྙན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ནད་མེད་མི་རྟག་ལ་ཚེ་ཏག་མ་ཡིན།། འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། ་སྐྱེ་བོ་མིན་ག་ཉིད་ཀྱིས་ཉན་གྱུ་།། དོ་པར་མན་ཏན་དགའ་བ་ཇི་ལྟར་སྟེ།། བཅོམ་ལྡན་འདས་ཀྱིས་དེ་གདནས་བཀའ་སྩལ་ནས། དགེ་སློང་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསངས་པ་ལ་མངོན་པར་སྟོད་། ་མི་རྟག་པ་ཉིད་ཀྱི་མ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་སུ་རན་དྲ་བ་དྷི་དང་། ཐུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ནས་སྐད་གས་རབཅད་ཀྱིས་ཀྱང་བསྟན་ནས་གཏན་ལ་ཕབ་པོ།། ། རྒྱ་ག་སྐ ་ཨ་ནི་ཏྱ་སཱུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདབ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི ་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། མི་བརྟན་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། ་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། དགེ་སློང་དག་ཆོག་གིས་འདུ་བྱེད་ཐམས་ཅད་ལས་སེམས་ཟློག་ཤིག། དགེ་སློང་དག་མ་ཆགས་པ་དང་། མ་ཞེན་པ་དང་། རྣམ་པར་གྲོལ་བར་གྱིས་ཤིག། གང་ཡང་སེམས་ཅན་ཐམས་ཅད་དང་། ་འབྱུང་པོ་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱི་གསོན་པའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ།། གང་ཡང་ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། ་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། ཤད་ཀ་ཤི་ལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། ནོར་དང་། ལོངས ་