CLOSE WINDOW

Q974: tshe 'pho ba ji ltar 'gyur ba zhus pa'i mdo
Wyliee-texts produced with BDRC’s OCR application

ཤུད་ད། འབྱུ་བན་དག་མརྒྱས་། ། ན་བྱ་ད་འ་གས་ཀྱིས་ན་ས་། ་དུ། ཨཱ་ཡུ་བད་ཏི་ཡ་ཐཱ་ཀཱ་རོ་བ་རི་བྲིཙྪ་སཱུ་ཏྲ།། བོད་སྐད་དུ། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་པར་གཤེགས་པ་ལས། དེའི་ཚེ་ཤཱཀྱ་དགའ་སྐྱེས་ཤེས་བྱ་བ ་དཔལ་བབ་པ། གཉེན་གྱི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན་དེའི་བུ་དང་། ཆུང་མ་དང་། སྤུན་དང་། གཡོག་འཁོར་རྣམས་ཀྱིས་རྟའི་ཚོགས ་དང་གླང་པོ་ཆེའི་ཚོགས་དང་། གོས་དང་རྒྱན་སྣ་ཚོགས་པ་ཡང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་ཡང་བསགས། བཟའ་བ་དང་། བཏུད་བ་རོ་ཞིམ་པོ་དང་། རྨང་བ་སྣ་ཚོགས་པ་ཡང་བསགས་ཏེ ་སྐྱེགས་འདོན་དགའ་ཤེས་པ་གས་ས་མནས་པ་ཆོད་པ་བྱེད་པ་དང་། རྒྱལ་ལ་ཟས་གཅང་མས་བམམས་པ་འབོས་པའི་ལ་གས་པ་པ་དང་། ལྡན་པན་བྲས་པ་དག་བྱུང་པ་ས་ཚས་དང་། བསྔན་པ་དང ་ན་ནས་དག་མ་མ་ཀྱི་མྱོང་དུས་བྱག་འདིས་། མལྡན་དམ་ཅད་འས་ས་ང་ད་པ་རྣམས@ ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའསྩལ་པ། ཀྱེ་རྒྱལ་བ་ཆེན་པོ་ཙོ་དང་ཅྀ་བཞེད་པཟླས་ཤིག་དང་། རྒྱལ་བ་ཆེན་པོའི་སེམས་རངས་པར་བཤད་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་། ་ཆེན་པོ་ཟས་གཙང་མས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་ཏན་འདི་ནས་ཚ་ཕ་རོལ་དུ་འཕོས་པའི་སེམས་ཅན་རྣམས་པ་རལ་ཏུཀྱེ་བ་དེ་ས་རྣམས་ཀྱང་སྤར་བྱེའམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ས ་དགས་དང་། དམྱལ་བ་རྣམས་ཀྱང་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་སུ་ཚེ་འཕོས་པར་རིགས་མ་འདྲེས་པར་སོ་སོར་སྐྱེ་འམ། བཅོམ་ལྡན་འདས་གཞན་ཡང་ལྷ་རྣམས་ནས་ཚེ་འཕོས་པ་མི་ལ་སོགས་པ་གཞན་རྣམས ་སུསྱེ་འམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་ནས་ཚེ་འབོས་ན་ཡང་ལྷ་ལ་སོགས་པ་གཞན་རྣམས་སུ་ཡང་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས ་ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས་སྐྱེ་བ་ཡེ་མ་མཆིས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་པ་དང་། མེས་པོ་དང་། ཡང་མས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང ་བའི་བར་ང་བརྒྱད་པའི་རིས་འཐུན་པ་རྣམས་འཇིག་རྟེན་པ་རོལ་དུ་ཕྱེ་བ་མི་ལེན་པར་འདིར་ཅི་སྤྱད་པ་བཞིན་འགྲོགས་ཏེ་གནས་ས་ནང་ན་པ་དག་མཆིས་ན་དེ་ལྟར་ལགས་སུམ། བཅོམ་ལྡན་འདས་གཞན་ཡང་འདིན་ཕྲུག་དྲེགས ་གས་པ་དངེས་པ་ས་ཏྟ་ཡང་དྲུག་རྗེགས་རྒྱགས་པར་གྱུར་ར། ། འདི་ད་རྫམ་དྲུང་དྷམ་རྒྱད་པ་རྣམས་པ་རོམ་དུ་ཡང་དཀྱུལ་ཆུད། མ་རྒྱད་པར་འགྱུར་རབ། འོན།། དེ་གཉིས་ཀྱི་འདབར་བན་རྒྱན་པ་རློལ་མ་གྱུར། ་མ་ལྡན་དས་གའནས་པ་དྀ། དང་གང་པོ་ལ་སོགས་པ་ཞིན་པ་དང་། འདུན་གིས་ཆེན་པ་དང་། ན་ཐོགས་པ་དང་། འདྀ་ཁས་པཔ་པ་དང་། བདུ་དང་ན་པ་དམས་ཀྱི་མམ་རྣས་པ་མདུ་ས་བན་པ ་ནས་ན། ག་། གས་པ། ད་དུ་ས་ས་མ་པལ་པ་འས་རྒྱ་ས་མ་ས་ས་# ་གཏང་བའམ། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འབྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ན་ཕ་མ་འམ། སྤུན་ནམ ་བུ་ལ་སོགས་པ་ལ་བཏམས་ཏེ། ཚིག་ཅི་སྨྲས་པ་དང་། གཟུགས་བྱང་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་སྔོན་ཚེམ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་དག ་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆིན་དེ་ལྟར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཤི་འཕོས ་ནས་ལྷ་རྣམས་ལྟར་སྐྱེ་ལ་སོགས་པ་གསུངས་པ་དེ་ལྟར་མ་ལགས་ཏེ། རྣམས་ཚེ་འཕོས་པ་ཡང་ལྷར་སྐྱེས་ནས་འགྲོ་བ་རིས་གཞན་རྣམསུ་མི་སྐྱེ་བ་ལགས་པ་ནས་དེ་བཞིན་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས་འགྲོ་བ་གཞན་དང་གཞན ་རྣམས་སུ་མི་སྐྱེ་བར་རང་རང་གི་སྔ་མའི་རིས་རྣམས་སུ་སྐྱེ་བ་ལགས་ན་ནི། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ལ། ངན་སོང་གསུམ་པོ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར་གང་ལྷ་ལ་སོགས ་པ་ཆེ་འཕོས་པ་དེ་འགྲོ་བ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ་ལག་སོ། ། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་ཆེན་པོས་གསུངས་པ་ལྟར་ལགས་ན་ནི་ད་ལྟར་གྱི་འགྲོ་བ་རིས་དྲུག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་དུས་ཐམས ་ཅད་དུ་དེ་ལྟར་འགྱུར་བའི་རིགས་ན། མི་རྣམས་ལས་མི་དགེ་བ་སྤྱད་པ་མང་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་པོ་ལ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་གྱི་དགྲ་བཅོམ་པ་འདི་དག་ནི་མི་ལས་གྱུར་པ ་ལགས་ན། འགྲོ་བ་རིས་སོ་སོར་མ་འདྲེས་པར་ཡང་རིས་སོ་སོར་སྐྱེ་བ་ནི་མི་རིགས་སོ།། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཡང་མི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིརརིན་ལས་དགེ་བ་དང་། མི་དགེ་བའི་དབང་གིས་མཐོ ་རིས་དང་ངན་སོང་ལ་སོགས་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ། ། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་ལྷ་རྣམས་ཚེ་འཕོས་ནས་མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ་ཞེས་བྱ་བ་ལ་སོགས་པ་དྲིས་པ་ནི ་དེ་བཞིན་ལགས་ཏེ། དེ་དེ་ལྟར་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ་སྐྱེ་བ་ཡེ་མ་མཆིས་ས་མ་ཞེས་གསུངས་པ་ནི་དེ་ལྟར་མ་ལེགས ་ཀྱི་རྒྱལ་པོ་ཆེན་པོ་དཔེར་ན་ས་བོན་ཡོད་ན་འབྲས་བུ་འབྱུང་སྟེ། ཚེ་འདི་ས་བོན་ལྟ་བུ་ལས་ཚེ་ཕྱི་མ་འབྲས་བུ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་ཤར་ནས་ཁད་ཀྱིས་ནུབ་སྟེ་སྨག་ཏུ་གྱུར་པ་ལས་ཡང་ནང་པར་འཆར་བ་བཞིན་དུ་ཚེ་འདིའ ་ནས་ཡང་སྐྱེ་བ་ཕྱི་མ་ལེན་ནོ། ། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་ཕྱི་མར་སྐྱེ་བ་ཡེ་མ་མཆིས་ན་འགྲོ་བ་རྣམས་ཟད་པའི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་རྩཝ་དང་ཤིང་རྣམས་ཀྱང་དུས་ཀྱི་དབང་གིས་སྐམས་པ ་དེ་ཡང་ཕྱིར་སྐྱེའོ། ། དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ།། དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཚེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛད ་ཅིག། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཐོས་ནས་ཕ་དང་། མེས་པོ་དང་། ཡོད་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱད་པའི་རིས ་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར་འདི་ན་སྤྱོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆིན། དེ་དེ་ལྟར་ལགས་སམ་ཞེས་གསུང་བན་ཀྱེ་རྒྱལ་པོ་ཆེན་པོ་འདིན་པ་དང་བྲ ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི་གཟུགས་དངོས་པོ་ཅན་གཅིག་ལ་གཅིག་སྣང་གི། སེམས་གཅིག་གིས་ཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་ཞིག་སྟེ། མེད་ན་ཕ་རོལ་ན་སེམས་གཅིག ་ལ་གཅིག་ཇི་ལྟར་སྣང་སྟེ་བགྲོགས། ། ཚེ་འཕོས་པའི་ཕ་དང་མེས་པོ་དང་། ཡང་མེས་ལ་སོགས་པ་ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པས་ཀྱང་མི་མཐོང་ན་ཕ་རོལ་ཏུ་ཚེ་འཕོས་པའི་ལུས་མེད་པས ་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འདི་ན་པ་དང་། བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན་ཡང་གཟུགས་སོ་སོར ་སྣང་བ་ལས་མ་གཏོགས་པ་རང་གི་སེམས་ཀྱང་རང་གིས་མི་མཐོང་ན་ཐ་སྤད་དང་སྤུན་གྱི་སེམས་གཅིག་གིས་གཅིག་ལྟ་ག་ལ་མཐོང་ན། ཚེ་འཕོས་ནས་ཇི་ལྟར་མཐོང་སྟེ། ཕ་རོལ་ན་ཕ་སྦེད་དང་། སྤུན་དང་མེས་པོ ་དང་ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས་ན་དེ་བས་སྔ་པ་མེད་པའི་མེས་པོ་དང་། ད་ལྟའི་བུར་རྣམས་ཕ་རོལ་ན་འགྲོགས་ན་ད་ལྟེ་མིའི་རུས་དང་། རིགས་དང་། ཕྱོགས ་དང་། རིས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་། གནས་གང་ན་འདུག་པ་དང་རུས་རིགས་ཅིག་པ་དང་། སྐད་དང་ཆ་ལུགས་མཐོས་པ་དང་མ་མཐོང་བ་དག་ཀྱང་ཐོག་མ་མེས་པོ་ཅིག ་པས་གྱེས་པ་ཡིན་ན་ད་ལྟར་ཕ་སྤང་དང་། སྤུན་དང་། མེས་པོ་ལ་སོགས་པ་འགྲོགས་མི་འགྲོགས་ཀྱི་མཚམས་སྤུན་དང་ཕ་སྤང་གང་ལ་གཟུང་། དང་པོ་མེས་པོ་ནས་བཟུང་སྟེ་ལྟར་སྤུན་དང་ཕ་སྤྲད་ཀྱི་བར་དུ་བཅུད ་པ་རྣམས་ཀྱང་ད་ལྟར་གྱི་ཕ་སྤང་དང་སྤྱན་འདྲ་བར་སོ་སོན་བརྩེ་ཞིང་གདུང་བར་འདྲན་གང་གང་ནི་འགྲོགས། གང་གང་ནི་མི་འགྲོགས། ལྟར་གྱི་མིརྣམས་སོ་སོ་ནས་གདག་ཅག་གིམས་པོ་འདི་ཡིན་ནོ།། ཞེས་ཕྱོགས་དང་རེས་ཅུ ་སྟེ། བདག་ཅག་འདི་དང་ཕ་ཅིག་གི་བུའོ་ཞེས་ཕྱོགས་དང་རིས་སུ་བཅད་ན་དེ་དག་གིས་མེས་པོ་ཞེས་སོ་སོར་བཟུང་བ་དེ་ཀུན་གྱི་ཡང་ཕ་དང་། མེས་པོ་དང་། ཡང་མས་དང་ཞེམས་ནས་དང་པོའི་མེས་པོ་ལ་ཐུག་གི་བ་དུང་རྒྱུད་པ་ནི་དེ་ལྟར་སོ་སོ་ན་པ ་ཅག་གི་མེས་པོ་ཞེས་བཟུང་བ་ཡིན་ན་འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ནིས་ཚེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་ཕ་སྤང་དང་སྤུན་འགྲོགས་ན་ད་ལྟར་ཟུམ་རིགས་དང་། ཕྱོགས་མ་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོགས ་གཅིག་ནས་འགྲོགས་དགོས་སོ། ། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་ཚེ་འདི་གཟུགས་ཅན་དངོས་པོར་སྣང་བ་ཡང་མུན་པ་དང་། ཕག་ན་འདུག་པ་དག་གཅིག་གིས་གཅིག་མི་མཐོང་ན་ཚེ་འཕོས་པའི་སེམས་ཅན་གཟུགས་མེད་པས་གཅིག་གིས ་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་དང་ལྡན་པས་ཀྱང་མི་མཐོང་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མི་ནུས ་ན་ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་རྙེད་པ་དག་བཙལ་བའི་ཕྱིར་བསླུས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལགས་ན་པར་མི་རིགས་སོ།། ། ་ཀྱེ་རྒྱལ་པོ་ཆེན་པ་རྒྱལ་པོ་ཆེན་པོས་འདི་ན་བྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་ཡང་ཕྲུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་ཆུད་ཉམས་ཆུང་བ་རྣམས་ཕ་རོལ་དུ་ཡང་དབུལ་རྒུད་ཉམ་ཆུང་བར་འབྲུ ་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་སྩོལ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་མི་འཕོས་པའི་སྐྱེ་བ་འདི་ལ་ཡང་ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར ་པ་ལས་ལོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམ་ཆུང་བ་ཡང་ཡོད། ལ་ལ་སྐྱེས་ནས་གཞོན་དར་བའི་ཚེ་ལ་དབུལ་རྒུད་པ་ལས་ལོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་ཕྱུག་དྲེག་ཏུགས་པ་དག ་དག་ཡོད་ཅེ་འཕོས་ནས་ཕྱུག་དབུལ་མི་རྟག་པ་ལྟ་ཅི་སྨོས། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན་རྩཝ་དང་ཤིང་ལ་སོགས་པ་དྲོ་བ་དང་བརླན་པའི་རྐྱེན་ཚོགས་པའི་ཚེ་ནི་ལོ་མ་དང་མདབ་མ་རྒྱས་པར་འགྱུར་ལ། གང་ཞིང་རླན་མེད ་བའི་རྐྱེན་གྱིས་སྐམས་པར་འགྱུར་བ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྐྱེན་གྱིས་ནི་ཕྱག་དྲེགས་རྒྱགས་པར་འགྱུར་ལ། ། སྐུ་འཕྲོག་དང་། སེར་སྣའི་དབང་གིས་ནི་དབུལ་རྒུད་པར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པ་རྒྱུན་མཆད་པས ་ཚེ་རབས་ནས་ཚེ་རབས་སུ་ཕྱུག་དྲེགས་རྒྱགས་པ་ཡང་ཡོད། ཕྱོགས་ཆ་དང་སྦྱིན་པ་ལ་འགྱོད་པ་བྱས་པས་ཚེ་འགའ་དང་། ཚེ་སྟོད་སྨད་ལ་དབུལ་རྒུད་པ་ཡང་ཡོད། དུས་ཐམས་ཅད་དུ་རྐུ་འཕྲོག་དང་སོར་སྣ་དག་ལ་གནས ་པས་ཚེ་རབས་ནས་ཚེ་རབས་སུ་དབུལ་རྒུད་པ་ཡང་ཡོད། རྐུ་འཕྲོག་དང་སེར་སྣ་ལ་འགྱོད་པ་བྱས་པས་ཚེ་འགའ་འམ། ཚེ་སྟོད་སྨད་ལ་ཕྱུགས་དྲེགས་པ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་རྐྱེན ་གྱིས་དབུལ་རྒུད་པ་ཡང་མི་འབྱུང་ངོ་། ། སེར་སྣའི་དཔུང་གིས་ཕྱུག་དྲེགས་པ་ཡང་མི་འབྱུང་ངོ་།། ཕྱུག་དྲེགས་པ་དང་དབུ་ལ་རྒུད་པ་འདི་གཉིས་ཚེ་སྔ་ཕྱི་ལ་རྗེ་བ་ཡང་མ་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན ་བོས་འདིན་རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཚེ་འཕོས་ནས་པ་རོལ་དུ་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང ་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ་ལས་དགེ་སྡིག་གང་སྤྱོད་པ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ཏེ། ། ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སོ།། ཚེ་འཕོས་པ་འདིའི་ཆ་ལུགས་ལྟར་སྣང་བ་ནི་བར་སྣང་གི་ཁམས་འདི་ནི་དྲི་ཟའི་འཇིག་རྟེན་གྱིས་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར ་ཐུག་པ་མེད་པ་ད་དེ། དྲི་ཟ་འཆིག་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ཡོད།། དེས་དྲི་ཟའི་ཟས་བཙལ་བའི་ཕྱིར་ཚེ་འཕོས་པའི་ལུས་དང་། གོས་དང་། རྒྱན་དང་ཆ་ལུགས་ལྟ་བུ་དག་སྤྲུལ་པར་བྱེད་དེ། ་ཚེ་འཕོས་པ་དེའི་ཆ་ལུགས་དང་གཏམ་དག་བྱེད་ཅིང་སྤྲུལ་པ་སྟོན་པ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དོ།། དྲི་ཟ་ལས་མ་ཏོགས་པ་གཞན་ཡང་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང ་པོ་ལ་སོགས་པས་ཚེ་འཕོས་པའི་ཕ་མའས། ། བུ་འམ། སྔུན་ལ་སོགས་པ་བསླུ་བའི་ཕྱིར་མི་མ་ཡིན་པ་དེ་ཡིས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི་གཏན་ཚིགས་དང་། ས་མལ་དང་། ལོ་རྒྱུས་དག་ཤེས་པར ་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་པས་མཐོང་བ་དང་། རྨི་ལམ་དུ་བྱུང་བ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། སྤད་དང་སྤུན་ལ་སོགས་པ་ཡུན་རིང་པོར་ལྷན་ཅིག་པའི་བག་ཆགས་ཉས་པས ་མཐོང་བ་དང་རྨི་ལམ་དུ་སྣང་བ་ཡང་ཡོད་དེ། དཔེར་ན་མི་ཞིག་གིས་ད་ལྟར་ཚམ་འཕོས་པའི་རང་གི་ཕ་མའམ། སྤུན་ཟླ་འམ། བྲན་སོལ་ལམ། གཞན་སུ་ཡང་རུང་བ་དག་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱི་བདེ་བ་འམ་དགྲ་ཀུན་དང ་འཐབ་རྩོད་ལ་སོགས་པ་བདེ་བ་དང་། སྡུག་བསྔལ་གར་ཡང་རུང་བ་དག་རྨིས་ན་མི་དེས་རྨིས་པ་བཞིན་དུ་གང་རྨིས་པའི་ཕ་མ་འམ།། སྤུན་ཟླ་འམ། བྲན་ཁོལ་ལམ། གཞན་སུ་ཡང་རུང་བ་རྨི་ལམ་ན་སྣང་བ་དེས་ཚོང ་བ་ཡོད་ན་ནི་རྨིས་པ་དེ་བདེན་པ་ཡིན་ནི་དེས་སྨིས་པའི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ། གཞན་སུ་ཡང་རུང་བ་རྨི་ལམ་ན་སྣང་བདེ་བདེན་པར་ཇི་ལྟར་བཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པ་ཡང་གཅིག ་གིས་རྨིས་པ་གཅིག་གིས་མི་ཚོར་ན་ཚེ་འཕོས་པའི་རྨིས་པ་ཚེ་འཕོས་པ་དེ་ཡིན་པར་ག་ལ་འགྱུར་ཏེ་བག་ཆགས་རྟས་པ་ཡིན་ན། ། ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ། ་མི་ཞིག་སྔོན་ཆ་སྟོད་ལ་མཆིས་པའི་མཁར་དང་། ཁང་པ་དང་། གྲོང་གང་ཡིན་པ་ཞིག་བོར་ཏེ། ཡུལ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ན་སྔོན་གྱི་གྲོང་དེ་ཡང་ཞིག་སྟེ། སྔོན་མི་འདྲ་བ་ལས་མི་དེས་སྔོན་གྱི་ཁང་པར ་དབྱིབས་དང་རྒྱ་ཅི་འདྲ་བ་མ་ཞིག་པ། མ་འདྲངས་པ་རྨིས་ན་གྲོང་དང་ཁང་པ་དེ་ལ་སེམས་ཡོད་ན་ནི་ཁང་པ་དེའི་སེམས་སྣང་དུ་རུང་ན། ཁང་པ་དང་གྲོང་དེས་རྡོ་བེམས་པོ་ཡིན་ན་མི་དེས་རྨིས་པ་དེ་ཅིའི་ཕྱིར་བག་ཆགས ་ཏས་པ་མ་ཡིན། དེ་བཞིན་དུ་ཚེ་འཕོས་པའི་ཏག་དང་ས་མིས་པ་ཡང་ཁང་པ་མ་ཞིག་པ་རྨིས་པ་དང་འདྲ་སྟེ། ཚེ་འཕོས་པའི་སེམས་ཀྱང་ལས་གང་འཐུན་པར་སྐྱེ་བ་བླངས་ཟིན་ན་དེ་སྣང་དུ་བཏུབ་པས། ཀྱེ་རྒྱལ་པོ་ཆེན་པོ ་དེའི་ཕྱིར་བག་ཆགས་མཐུ་རྟས་པའི་དབང་གིས་ཚེ་འཕོས་པའི་གཏན་ཚིགས་དང་། ཆ་ལུགས་མཐོང་བ་ཡང་རྨིས་པ་ཡིན་ནོ།། དེ་བཞིན་དུ་རལ་གྲི་ལ་སོགས་པའི་གོ་མཚོན་ཐོགས་པ་དང་། གོས་དང་རྒྱན་ལ་སོགས་པ་གྱོན་པ་དང་། ་ཏ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པར་སྣང་བ་དང་རྨི་ལམ་དུ་བྱུང་བ་ཡང་བག་ཆགས་སྣང་བ་ཡིན་ཏེ། ཁང་པའི་དཔེ་བཞིན་དུ་རིག་པར་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ནས་ཤི་འཕོས་པ་ལ་ཕ་མ་འམ། སྤུན ་ནམ་བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏང་བ་དང་། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིས་ན་དེ་ལྟར་ལགས ་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས་སྟོང་གི་འདི་རྟེན་གྱི་ཁམས་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག་ཏུ་མེད་པ་བསམ ་གྱིས་མི་ཁྱབ་པ་ཐམས་ཅད་ན་བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས་དུ་བཐམས་ཅད་དང་། བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ་ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས། ་པའི་འདོད་པ་འབྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཡང་སྔོན་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་ལས་བྱུང་བ་ཡིན་ཏེ།། གནམ་བབས་དང་། གློ་བུར་དུ་བྱུང་བ ་ནི་མ་ཡིན་ན་བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་པ་མཐའི་བར་དུ་མི་ཟད་པ་དེའི་རིགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཚམ་འཕོས་པའི་ཕ་སྤང་དང་། སྤུན་གཅིག་ལ་གཅིག་འབྲེལ་བར་འཛིན་པ་ཕན་པར་འདོད་པ།། ་རྣམས་ད་ལྟར་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན་དེ་ལ་ཕ་མའམ། བུ་འམ། སྤུན་གང་ཡང་རུང་བས་ཟས་སྐོམ་མང་པོར་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་ཡུལ་གཞན་ཏུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས ་བོར་བ་ཞིང་འཐུང་བལྟ་ག་ལ་ཡོད། ཚེ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཤིང་གཏང་བ་བཞིང་འཐུང་བ་ལྟ་ག་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕྲོས་ནས་སེམས་ལུས་དང་བྲལ་བ་དེས་བུ་དང་སྤུན་ལ་སོགས་པས་གཏད་པའི་ཟས་དང་། ་སྐོམ་དངོས་པོ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུགས་མེད་པས་ཇི་ལྟར་བདག་པོ་བྱེད་པར་འགྱུར།། དེ་ཅིའི་ཕྱིར་ཞེ་ན། བཟའ་བ་དང་བཅའ་བ་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན། སེམས་ལ་ལུས་ཀྱི་ཡན་ལག ་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་གཏོང་བ་འདི་དག་ལ་དོན་མ་མཆིས་པ་ལགས ་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེ་འཕོས་བདེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་ཀྱི་ཚོགས་སུ ་འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བསྟངས་ན། མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་ཞིག་གིས་བསྟངས་ན་སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས ་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས་བཟའ་བཏུང་དང་། བཞོན། ་པ་དང་། གོས་དང་། རྒྱན་དག་བདག་པོར་བྱེད་པ་མ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གང་གིས་མཐོང་བ་དང་། པ་མ་ལ་སོགས་པས་རྨི་ལམ་དུ་རྨིས་ཏེ། ཆ་འཕོས་པ་ལས་བསྔོས་པས་གཤནང་བཟའ་བཏུང་གདུ ་མགུའོ། ། བཞོན་པ་ཞོན་ནོ།། གོས་གྱོན་ནོ།། རྒྱན་ཐོགས་སོ་ཞེས་སྨྲས་ཞིང་དེ་ལྟར་སྣང་བ་དེ་ཡང་བཟའ་བཏུང་གིས་མ་མགུའོ།། བཞོན་པ་མེད་དོ།། གོས་མི་གྱོན་ནོ།། རྒྱན་མི་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དག་དྲི་ཟ་འཆི་ཀའི་སེམ ་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་བདག་གིས་དེ་ལྟར་སྣང་བ་བྱེད་པ་ཡོད། རྒྱ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འཕོས་ན་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། ་གཟུགས་ཅི་འདྲ་བ་དག་དེ་ཚེ་འཕོས་ནས་ཕྱིས་ཕ་མ་དང་། སྤུན་ནམ། བུ་ལ་སོགས་པ་ལ་དེ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་གཟུགས་བྱད་སྟོན་ཏེ། དེ་ལྟ་བུ་མཐོང་བ་དང་སྟོན་པ་ཡོད་ཅེས་འཇིག ་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་མ་ལགས་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན་ཚེ་འཕོས་པའི་ལུས་ནི་འདིར་བཞག་ན་སེམས་གཟུགས་མེད་པ་དེ་ཇི་ལྟར་སྨྲ།། ་དེ་སྟེ་ཤི་བ་དེ་ལ་ལུས་ཡོད་དོ་ཞེས་ཟེར་བ་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ལ་ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ཡང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ་འཕོས་པའི་མཚན་མ་དང་ངན་རྟགས་འཇིག་རྟེན་པ་གང་དག་སྨྲ ་བ་ནི་དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ། དཔེར་ན་རླུང་ཆེན་པོས་ཐང་དང་ཀླུངས་ཡངས་པ་དག་ཏུ་དུས་གཅིག་ཏུ་རླུང་ལྡང་བ་བཞིན་དུ་འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་ཞེས། ་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་བར་ཧིན་ཏ་ཀུན་ཏུ་རྟོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་ཇི་ལྟར་གཏམ་བྱས་པ་དང་། ཆ་ལུགས་ཀྱི་ངན་རྟགས ་དག་འཇིག་རྟེན་པ་དག་བསླབ་བྱར་སྟོན་ཅང་སྨྲ་བ་དག་ཡིན་ནོ། ། དེའི་ཆ་ལྷ་སྦྱིན་དེ་ན་འདུག་པས་བཅོམ་ལྡན་འདས་ཀྱིས་དསྐད་ཅེས་གསུངས་པ་ད་ལ་ཡིད་མཆེས་ནས་བཅོམ་ལྡན་འདས་པ་འདི་སྐད་ཅེས་གསོམ་ཏོ།། ་གཽ་ཏ་མ་སེམས་ཅན་ཚེ་འཕོས་ནས་ཅིར་འགྱུར་བའི་དན་རྟགས་པ་རོལ་ན་ཡོད་པ་དང་མེད་པ་བཀའ་སྩལ་པ་དོག་ཏམས་ཐོག་མསུལ་ག་སན།། དུས་ནམ་གྱི་ཚེ་མཁྱེན་པར་མཛད། གསན་པ་དང་མཁྱེན་པར་མཛད་པའི་གྲོགས ་པོ་ནི་སུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་སྦྱིན་ངས་ནི་རང་གི་ལུས་བཏད་པ་ལ་སོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་པར་སྤྱད་དེ་སྒྲིབ་པ་ཐམས་ཅད་ནི་སྦྱངས། ཚོག ་ཆེན་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ། འདས་པའི་དུས་ན་སྔོན་བྱུང་བ་དང་། ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ་གང་དག་ཅི་ཡོད་པ་དང་།། མ་འོངས་པའི་དུས་ན ་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལ་མི་མཁྱེན་པར་གྱུར་པ་གང་ཡང་མེད་དེ། དཔེར་ན་འཛམ་བུའི་གླིང་འདིར་ཉི་མ་ཤར་བ་དེ་ཁང་དང་རིམ་གྱིས་ཤར་བ་མ་ཡིན་ཏེ། དུས་གཅིག་ཏུ་གསལ་བར་ཤར་བ་བཞིན་དུ ་ཤེས་བྱ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པའི་ཕྱིར་ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་ལ་ཡང་ལྷ་སྦྱིན་ཡིད་མ་ཆེས་ནས་ཐམས་ཅད་མཁྱེན་པ་མདའ་བ ་དེ་ཉམས་སད་པའི་ཕྱིར་འཛམ་བུའི་གླིང་འདི་ན་ཤིང་གི་རིགས་ཙན་དན་དང་། བླག་ཤ་དང་། སེང་ལྡེང་ལ་སོགས་པ་ཤོང་ཐ་དད་པ་བརྒྱ་སྟོང་བྱེ་བ་དག་གཅད་དེ། ས་སོར་བསྲེགས་ནས་ཐལ་བའི་ཕུར་མ་བྱས་ནས་རང ་གི་མི་ནོར་བར་བྱ་བའི་ཕྱིར་ཐལ་བ་ལ་ཤིང་གང་དང་གང་གི་མིང་ཡི་གེར་བཏགས་ཏེ། བཅོམ་ལྡན་འདས་ཀྱིས་དྲུང་དུ་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་མངའ་ན། འདི་ཤིང་གང་གི་ཐལ་བ་འདི་ཤིང་གང་གི་ཐལ་བ་ལགས་ཞེས་ཐར་ཆགས་སུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་ཤིང་གང་གི་བྲལ་བ་ཡིན་པ་མ་ནོར་བར་འདི་ནི ་ཙན་དན་གྱི་ཐལ་བའོ། ། འདི་ནི་བླ་ག་ཤའི་ཐལ་བའོ།། འདི་ནི་སེང་ལྡིང་གི་ཐལ་བའོ་ཞེས་ཐལ་བའི་ཕུར་མ་ཐམས་ཅད་མ་ནོར་བར་བཤད་པ་ལས། ལྷ་སྦྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར ་ཡིད་ཆེས་པར་གྱུར་ཏེ། ཚེ་འཕོས་པ་ཅིར་འགྱུར་བ་གསུངས་པ་བདེན་པར་བསམས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། བཅོམ་ལྡན་འདས་ནི་ཀུན་མཁྱེན་ལགས།། ཤིང་མང་ཐལ་བའི་བྱེ་བྲག་རྣམས།། མ ་གཟིགས་མ་གས་ན་ངེས་པར་མཁྱེན། ། ཚེ་འཕོས་ཅི་འགྱུར་གསུངས་པ་དེས།། ཞེས་བསྟོད་ནས་སྤོབས་པ་མེད་པར་གྱུར་ཏོ།། དེའི་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་པས་ཚེ་འཕོས་བཅིར་འགྱུར་བ་བཀའ་སྩལ་པ་ལ་ཡོད ་མཆིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིགས་སམ། འོན་ཏེ་གཞན་ཞིག་ལགས་ནི་པ་ལགས། ་དེརྐད་ཅེས་གསོལ་བཔ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མིང་ཆེ་ན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་ནི་འཇིག་རྟེན་ན་མི་སྲིད་དོ།། སྒྲ་རུར་རློན་པ་ལག་མཐིལ་དུ་ན་ལག་པ་བྱེ་མ་ས་ནགསལ་བ་དེ་བཞིན་དུ་དུས ་གསུམ་གྱི་ཤེས་བྱ་ལ་ངས་མ་གཟིགས་པ་ཅི་ཡང་མི་མདོའ་སྟེ། ཐོས་པ་ལ་བརྟེན་པ་ནི་མ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཤཱཀྱ་མིང་ཆེན་གྱིས་ཐམས་ཅད་གཟིགས་པ་དེ་བདེན་བརྫུན་ཉམས་སད་པའི་ཕྱིར། སེར་སྐྱར ་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་བདག་ཇི་སྙེད་ཡོད་པ་ལ་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཏེ། རང་གིས་འབྲས་ཀྱི་ཕུར་ས་མི་གང་པ་བླངས་པ་མི་ནོར་བར་བྱ་བའི་ཕྱིར་ཤཱཀྱ་གང་ལ་བླངས་པའི་མིང་རྣམས་བྲིས་ཏེ། འབྲས་ཕུར་པའི ་ནང་དུ་བཅུག་ནས་འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས ་ཀ་ཡིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་ན་འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་མཁྱེན་པར་མཛོད་ཅིག་ཅེས་གསོལ་ནས་གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས ་དྲུང་དུ་བཞག་པ་ལས། ། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་འདི་ཤཱཀྱ་དགའ་བྱེད་ཀྱིའོ།། འདི་ཤཱཀྱ་ཀ་ཡའིའོ།། འདི་ཤཱཀྱ་འདོད་སྲེད་ཀྱིའོ།། ཞེས་བྱ་བ་ལ་སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདིའིའོ། ་ཞེས་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས ་ཀྱིས་ཚེ་འཕོས་པ་ཅིར་འགྱུར་པ་བཤད་པ་ནི་དེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།། འཇིག་རྟེན་པ་ལྟར་བརྫུན་མི་མདའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས། ་ཀྱི་ཕུར་མ་མ་ནོར་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ན།། ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མང་།། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བརྟོད།། ཅེས་བསྟོད་ནས་སྤོབས་པ་མེད་དེ ་མི་སྨྲ་བར་འདུག་གོ། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད ་བ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི ་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱུང་བར་འགྱུར་རོ།། འཚོ་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ།། མཐོ་རིས་སུ་ཡང་སྐྱེ་བར་འགྱུར་རོ།། ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། སྐྱེ་བ་ལེན་པ་ནི་དབང་ཕྱུག་དང་། ་འདོད་རྒྱལ་དང་བབྱིན་ལ་སོགས་པ་དག་གིས་བྱེད་པར་མི་བལྟའོ།། འཇིག་རྟེན་པའི་བདེ་བ་དང་འཁོར་བ་ཐམས་ཅད་ལ་ཆགས་པར་མི་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ། སྐྱེ་བ་ལེན་པ་ན་རྟག་པ་འཕོ ་བ་ཡང་མ་ཡིན་ནོ། ། ཆད་པ་འགགས་ཏེ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ།། བྱེད་པ་པོས་བྱས་པ་ཡང་མ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ ་བལྟའོ། ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ་དེ་ལྟར་རྟག་པ་ཡང་མ་ལགས། ཆད་པ་ཡང་མ་ལགས། རྒྱུ་མེད་པ་ཡང་མ་ལགས། བྱེད་པ་པོས་ཀྱང་མ་བྱས། ་འཇིག་རྟེན་ཕ་རོལ་དུ་སྐྱེ་བ་ཡང་འགྲུབ་པ་དེ་རྟོགས་པར་དཀའ་ན་འདི་ལ་འཐུན་པའི་ངོ་བོ་མཆིས་སོམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་འཐུན་པའི་དཔེ་བརྒྱད་ཡོད་དེ། བླ་མས་ཁ་ཏོན ་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལས་གཟུགས་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་དཔུང་དང་རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང་། ས ་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་། སྐྱུར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་དཔེ་དང་། བྲག་ཆེའི་སྒྲ་རྣམས་ཀྱི་དཔེས་རྟགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་དག་གིས་སྔ་མ་སྔ་མས་ནི་མ་ཕྱི་མ་རྣམས་འབྱུང་བ་ཡང་ཡོད ་བནི་རྟག་པ་འབབ་མ་ཡིན་པའི་དཔའོ། ། ཁྱིམ་ཕྱིས་ནི་སུམ་སྔས་རྣམས་ལས་འབྱུང་བས་རྒྱ་མེད་པ་ལས་འབྱུང་བ་མ་ཡིན་པའི་བ་དང་། དཔའགག་པ་མ་ཡིན་པའི་དཔའོ།། རྒྱལ་པ་ཅན་པ་གནན་ཡང་དཔེ་ས ་ནི་རྐྱེན་གསུམ་གསུམཆོགས་པ་ལས་འབྱུང་སྟེ། བླ་མ་དང་སློབ་མ་དེ་གཉིས་དབང་པོ་རྣམས་ཚང་བ་ལས་ཀ་ཏིན་འབྱུང་ཞིང་སྔགས་པའོ། མ་དང་སྡོང་བུ་དང་སྣོད་ཆགས་པ་ལས་མར་མེ་འབྱུང་ངོ་།། ནམ་མཁའ་དས་དང་། གདང་དང་མམ ་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་། ། རྒྱུ་དང་འཇིམ་པའི་གོང་བུ་དང་སྐྱེས་བུ་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ་།། ཤེལ་དང་ཉི་མའི་འོད་དང་། རྩཝ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་།། ས་བོན་དངས་གནི་ད་རླན ་པ་རྣམས་ཚོགས་པ་ལས་མྱུ་གུ་བྱུང་ངོ་། ། རྨ་དད་ཚ་ཚྭ་འཐུང་མྱོང་བ་དང་། སྐུར་ཞེས་བརྗོད་པ་ཚོགས་པ་ལ་འགྲམ་ཆུ་ལྡང་ངོ་།། མེས་བརྗོད་པའི་སྒྲ་དང་། སྒྲ་དྲག་པོ་གཞན་མེད་པ་དང་། རི་བྲག་རྣམས་ཚོགས་པ་ལས་བྲག་ཅ་འབྱུང་སྟེ། དེ་དག་ནི ་སེམས་ཅན་སྐྱེ་བ་ནི་བྱེད་པ་པས་མ་བྱས་ཏེ། ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ།། སློབ་མ་ནི་ཚེ་ཕ་རོལ་གྱི་དཔེའོ།། ཁ་ཏོན་ནི་རྣམ་པར་ཤེས་པ་ཉིད་མཚམས། ་སྦྱོར་བའི་དཔེའོ།། མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།། ཕྱི་མ་ནི་ཕ་རོལ་གྱི་དཔེའོ།། མར་མེ་སྔ་མ་ལས་ཕྱི་མ་བྱུང་བ་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མ་དེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ།། ་མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་ཡང་ཡོད་ལ། དངོས་པོ་ཡང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་ངེས་པའི་དཔེའོ།། རྒྱ་ནི་འདིར་ལས་ཅི་སྤྱད་པ་འཐུན་པར་ཕ་རོལ་དུ་ཡང་སྐྱེ་བ་ལེན་པའི་དཔེའོ།། མེ་ཤེལ་ནི་འགྲོ་བ་རིས་མི ་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ། ། ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ།། སྒྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའོ་དཔེའོ།། སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད ་པའི་མ་ཡིན་པའི་དཔེའོ། ། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚད་བར་མ་སྨོས་ཏེ། འགའ་ཞིག་བསྟན་ན་དབང་ཕྱུག་དང་། འདོད་བྱིན་དང་། ཀྱིན་དང་། རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གཽ་ཏ་མའི་དཔེ་འདི་དག་ལ་ཏོན་གྱི་དཔེས་ནི་འདིའི་ཕུང ་པོ་དང་རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། ། མར་མེའི་དཔེས་ནི་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད། ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། རྒྱའི་དམ ་ནིལྷ་འཕོས་པ་ལྟར་སྐྱེ། མི་འཕོས་པ་མིར་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ཤེལ་གྱི་དཔེས་ནི་མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་པོ་ཞེས ་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། ། ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ཟེར་བ་དེ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ ་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྟར་སྐྱེའོ། ། ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྒྲའི་དེཔེས་ནི་བྱང་བ་པོའི ་དེ་ཡིན་པས་རྒྱ་རྒྱན་ལས་མ་བྱུང་དེ་ཞེས་ཟེར་བ་དག་དགག་པོའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། ། དེའི་ཕྱིར་དང་བརྒྱད་བསྟན་ཏོ།། རྒྱལ་པོ་ཆེན་པོཚནན་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དེ།། ཆད་པ་དང་འགག་པ་ཡང་མ་ཡིན་ནོ།། ཚེ་འདི་དངོས་པོ་རྟག་པ ་མཉམས་པར་ཕ་རོལ་དུ་འཕོ་བ་ཡང་མ་ཡིན་ནོ། ། ཚེ་འདི་ལམ་བསྟན་པར་ཕ་རོལ་དུ་སྐྱེ་བ་ལེན་པ་ཡང་མ་ཡིན།། བདག་གིས་སྐྱེ་བ་འདི་བ་དེ་ཞེས་བསམས་པས་ཀྱང་སྐྱེབ་མི་ལེན་ཏོ།། བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བརྟེན་ཏེ་མཐོ ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ། ། བདག་མཐོ་རིས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།། ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ ་ཡིན་ནོ། ། ཕུང་པོ་འདི་ཞིག་སྟེ་ཤི་ནས་ཅི་ཡང་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ནོ།། འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གྱི་ཁམས་སུ་མ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་པ་བྱེད་དེ་སྐྱེ་བ་མི་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།། ་ཚེ་འདིའི་རྣམ་པར་ཤེས་པ་མ་འགགས་པར་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།། འདི་དང་ཕ་རོལ་གཉིས་གར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ།། གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས ་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པ་ཡང་མ་ཡིན་ནོ། ། ལྷ་ཚེ་འཕོས་པ་ཡང་ལྷར་སྐྱེའོ།། མི་ཚེ་འཕོས་པ་ཡང་མིར་སྐྱེའོ།། ཞེས་ཟེར་བ་ཡང་མ་ཡིན་ནོ།། དགེ་བས་ངན་སོང་དང་། མི་དགེ་བས་མཐོ་རིས་སུ་འགྲུབ་ཅེས་ཟེར་བ་ཡང་མ ་ཡིན་ནོ། ། ཤེས་པ་གཅིག་ལས་མང་པོ་འཕེལ་བ་ཡང་མ་ཡིན་ནོ།། དགེ་བ་མ་བྱས་ཀྱང་ལྷར་སྐྱེ་བ་དང་། མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡང་མ་ཡིན་ནོ།། སྐྱེ་བ་མི་བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ།། དེ་དག་ཅིའི་ཕྱིར་མ་ཡིན ་ཞེ་ན་ཁ་དོན་གྱི་དཔེལ་གང་དག་གིས་རྣམ་པར་ཤེས་པ་འདི་མ་འགགས་པར་ཕ་རོལ་ཏུ་སྐྱེ་བ་ལེན་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་ན ་ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ་མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ། ། མར་མའི་དཔེ་ལ་གང་གིས་མར་མ་གཅིག་ལས་གཅིག་སྤར་ན་གཉིས་ཡོད་པས་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་པའི་སྐྱོན་བསལ ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ། བྲག་ཅ་ནི་མིས་མ་བརྗོད་པར་སྒྲ་མི་གྲག་སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་ཏུ་མི་འབྱུང་ངོ་།། མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གྱི་དཔེ ་བསྟན་ཏེ། མི་ཤེལ་ལས་དེ་དང་མི་འདྲ་བའི་མེ་འབྱུང་བའི་ཕྱིར་རོ།། རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ།། མི་ཚེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་བླ་མ་ཡིན་ལ། ཕ་རོལ་གྱི་དཔེ་ནི་སློབ་མ ་ཡིན་ཏེ། ཐ་དད་པས་བླ་མ་ཡང་སློབ་མ་མ་ཡིན། སློབ་མ་ཡང་བླ་མ་མ་ཡིན་པའི་ཕྱིར་རོ།། མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་མང་མེའི་དཔེ་བསྟན་ཏེ། ་མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གི། མར་མ་ལས་མར་མེ་འབྱུང་བ་བཞིན་དགེ་བས་མཐོ་རིས་མི་དགའ་བས་ངནམོ་ནི་རིགས་པའོ།། ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། བརྒྱའི་རིམཿ ་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ། ། སྐྱུར་གྱི་དཔེ་ལས་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་ལོ་རྒྱུས་མྱོང་བ་དག་མི་དགེ་བ་མ ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར ་རོ། ། སྒྲའི་དཔེ་ལ་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། མིས་སྐད་མ་བསྒྲགས་པར་བྲག་ཅ་མི་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པས་སེམས་ཅན་རྣམས་མི་སྐྱེའོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྦྱར་གྱི་དཔེ་བསྟན་ཏེ། སྔར་འཐུངས་པ ་དང་ཟ་མྱོང་བས་ཕྱིས་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ་ལས་དེང་ཉོན་མོངས་པ་སྔར་སྤྱད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ། ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་། འཇིག་པ་དང་འདི་དང་ཕ་རོལ་ཏུ་འཕོ་བ་དང་། ཇི་ལྟར་འགྱུར་བ ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ་འཁོར་འདུས་པ་ཐམས་ཅད་ཡིད་རངས་ཏེ་མངོན་པར་བསྟོད་དོ།། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ་རྫོགས་སྷོ།། །། ་