CLOSE WINDOW

Q973: tshe'i mtha'i mdo
Wyliee-texts produced with BDRC’s OCR application

སྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ། ། ། རྒྱུ་གར་སྐད་དུ། ཨཱ་ཡུ་བརྱན་ཏ་སཱུ་ཏྲ། བོད་སྐད་དུ། ཚེའི་མཐའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ། ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ། བཅོམ་ལྡན་འདས ་དེའི་དུས་ལ་བབ་ལགས་སོ། ། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟན་པ་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། ། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མདོར ་འཆི་བ་ནི་ཡོད་དོ། དགེ་སློང་དག་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གོ་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ ་བརྒྱ་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན་པོ་ཁྲི་ལྔ་སྟོང་ཡོད་དོ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཇི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་།། མཆུ་དང་མིང་སྐམས་ཤིན་དུ་སྡུག་བསྔལ་བ། ་རང་གི་སྲས་ཡོག་ལ་གདངས་གནམ་དུ་ལ།། སཱ་ནི་ལ་བལྟར་རབ་ཏུ་ཕྲ་བ་དང་།། རུས་གོང་འདྲ་ལས་གཅེར་བུ་རང་སྒྲས་ཡོག། གཟུགས་མེ་སྡུག་པ་འགྲེང་ཤིང་ཐོད་པ་ཐོགས།། བཀྲེས་དང་སྐོམ་དང་དལ་བས་རབ་གཟིར་གང་།། ཚ་ངས་འདེབས ་ཤིང་ཀུན་དུ་རྒྱུག་པ་དག། ཉམ་ཐག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་།། ཕན་ཚུན་ཕྲག་དོག་སེར་སྣ་འདིར་བསྟན་ཅིང་།། འདིར་ནི་སྡིག་པའི་ལས་དག་བྱས་པ་ཡིས།། ཡི་དགས་འཇིག་རྟེན་དུ་ནི་དེ་དག་སྐྱེས།། དགེ་སློང་དག ་ཤར་གྱི་ལུས་འཕགས་ཀྱི་མེ་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མདོར་འཆེ་བ་ནི་ཡོད་དོ།། དགེ་སློང་དག་ནུབ་ཀྱི་བན་ལད་སྤྱོད་ཀྱི་མི་རྣམས་ཀྱི་ཚེ་འཚད་ནི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ན་ཡོད་དོ། དགེ་སློང་ད ་བྱང་གི་སྒྲ་མི་སྙན་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་སྟེ། བར་མདོར་འཆི་བ་ནི་མེད་དོ།། རྒྱུ་གང་གིས་སྒྲ་མི་སྙན་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ་བར་མ་དོར་འཆི་བ་ནི་མེད་ཅེ་ན། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག ་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ་ཚངས་པ་ཡོད་ཅིང་འདི་ནས་ཤི་འཕོས་ནས་ཀྱང་ཁྱད་པར་དུ་འགྲོ་བ་སྟེ། ཕྱི་མ་ལ་མཐོ་རིས་སུ་ཉེ་བར་འགྲོའོ།། དགེ་སློང་དག་རྒྱུ་དེས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ ་བར་མ་དོར་འཆི་བ་ནི་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དབུལ་བས་སྡུག་བསྔལ་སེམས་ཅན་དག། གཞན་གྱི་ནོར་ལ་སྨོན་པར་བྱེད།། དེ་དག་དམ་པ་མ་སྟེན་པས།། གཞན་གྱི་མངག ་གཞུག་དན་ཅིང་དམན། ། ལོངས་སྤྱོད་དག་དང་ལྡན་པ་ཡི།། བྷག་ཅིང་ནོར་མང་སེམས་ཅན་ནི།། ནོར་དང་འབྲུ་དང་སྐྱེ་བོར་ལྡན།། དེ་དག་དམ་པ་སྟན་པ་ཡིན།། བསོད་ནམས་ཕྱུག་པས་ཉེར་འཆི་བའི།། དག་པའི་ལས་ནི་འདྲིར་བྱས་པས། འབྱོར ་བ་ཆེན་པོ་ཕུན་སུམ་ཚོགས། ། ལྷ་བཞིན་དུ་ནི་དགའ་བར་བྱེད།། ལྐོག་གྱུར་གང་ཡིན་མི་སྣང་སྟེ།། མངོན་སུམ་འདི་ལས་བལྟ་བར་བྱོས།། གང་ཟག་ཁ་ཅིག་འཇིག་རྟེན་ན།། བདེ་ལྡན་སྔོན་བྱིན་འབྲས་བུ་ཡིན།། བྱང་ཕྱོགས ་གླིང་གི་མི་རྣམས་ནི། ། བདག་གི་མེད་ཅིང་ཡོངས་འཛིན་མེད།། དཔག་བསམས་ལས་བྱུང་གོས་སྟེན་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་གྲང་དང་ཚ་བ་མེད།། དེ་དག་ལ་ནི་ནིད་མེད་ཅིང་།། གཟུགས་དང་ཁ་དོག་ཕུན་སུམ་ཚོགས།། དེ་ནི་སྔོན་བྱིན་འབྲས་བུ་ཡིན། ་བྱང་ཕྱོགས་གླིང་ན་མ་ཉམས་ཤིང་།། མ་གྲུགས་དག་ཅིང་གཙང་བ་དང་།། ཤིན་དུ་དཀར་བའི་ས་ལུ་སྟེ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ནོར་བུ་འོད་བྱེད་འབར་བ་ཡིས།། དེ་རྣམས་རྟག་ཏུ་མཛེས་པ་དང་།། དེ་དག་ཟས་ནི་འཇུ་བྱེད་གང་།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ལ་ནི། ་ཚེཚོད་མ་དང་།། སྲན་ཚོད་ཀྱང་ནི་ཆུད་ཟད་མེད།། ཁ་དོག་དྲི་དང་རོང་ལྡན་པའི།། སཱ་ལུ་དག་ནི་རྟག་ཏུ་ཨུ0f7f།། ཟས་ནི་ལན་ཅིག་བྱིན་པ་ཡིས།། སྟན་ལས་མ་ལངས་བར་དུ་ནི།། ཟད་མི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། སླུ་བའི་འབྲས་བུ་འདྲབ་དང་། ་བཅད་ཀྱང་ཡལ་ཀ་ལ་སྐྱེས་ཏེ།། བརྔས་ནས་བཅོ་མི་དགོས་པར་ཟ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དགའ་བབ་ཆུབ་སེལ་བ་དང་།། འཐུངས་ཀྱང་ལྟོ་ལ་མི་གནོད་པའི།། ཡན་ལག་བརྒྱད་ལྡན་ཆུ་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ་རོལ་མོའི་ལྗོན་ཤིང་གང་དག་གིས།། དེ་དག་རྟག་ཏུ་རྩེ་ཞིང་དགའ།། ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་རོལ་མོའི་ལྗོན་ཤིང་བཟང་།། གོས་ཀྱི་ལྗོན་ཤིང་མང་པོ་དང་།། སྤོས་ཀྱི་ལྗོན་ཤིང་ཕུན་སུམ་ཚོགས།། ་དེནི་སྔོན་བྱིན་འབྲས་བུ་ཡིན།། སྤྲོས་དང་མེ་ཏོན་པལ་མ་དང་།། དེ་བཞིན་དུ་ནི་གས་རྣམས་ཀྱང་།། གང་དག་ཇིལྟར་འདོད་པ་བཞིན།། དེ་དག་དེ་བཞིན་འབྱུང་བར་འགྱུར།། ནེ་ལུགསང་དག་ནི་སྔོན་པོ་ལ།། ཤིང་བ.ལག་ཟུང་རབ་འཇམ ་གང་དུ་དེ་དག་རྟག་རྩེག། ། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ལ་ནི་བྲི་མེད་ཅིང་།། སེར་སྣ་དང་ནི་ཕྲག་དོག་མེད།། ཕན་ཚུན་དག་ཏུ་རྩེ་བྱེད་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མཚན་མོཐུན་ཚེད་དང་པོ་ལ།། སྐད་ཅིག་ཙམ་ཞིག ་ཆར་འབེབས་ཅིང་། ། རྡུལ་རྣམས་མེད་པར་བྱེད་པ་སྟེ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ཡོངས་སུ་འཛིན་མེད་པས།། མ་དང་བུར་ཡང་མི་ཤེས་ཤིང་།། སྡུག་བསྔལ་མེད་པས་མྱ་ངན་མེད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། མདག། ་གིས་ཀྱང་རང་ཤིབུ།། ལམ་སྟོང་དག་ཏུ་བོར་ཏེ་འགྲོ།། མཐེ་བོ་ལས་ནི་འོ་མ་འཛག། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་གང་ཡང་དྲུབ་མེད།། ཤི་ན་ཡང་ན་པོར་ཏེ་འགྲོ།། བྱ་དག་གིས་ནི་གླིང་འཕྱག་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། འོ ་ཡུག་དུ་ནི་འབས་ཀྱིས་བཀོད། ། བླུག་ཡིད་དུ་འོང་བ་ཡིས།། གང་རྩེ་ཞིང་དགའ་བར་བྱེད།། དེནི་ལྡན་བྱིན་འབྲས་བུ་ཡིན།། མ་ཚན་པོ་སྟོང་པོ།། ཟད་པ་དག་ཏུ་བྱས་ནས་ནི། མདོན་མེད་པ།། དེན་ལྡན་བྱིན་འབྲས་བུ་ཡིན།། དཔམ ་ནི་རྒྱས་པར་སྤྱད་ནས་སུ། ། མིའི་ལུས་ནི་བོར་ནས་ཀྱང་།། ལྷའི་ནང་དུ་སྐྱེ་བར་འགྱུར།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ལ་ན་ཡང་འཕེལ་བ་དང་། མང་འགྲིབ་པ་ཡོད་དེ།། དགེ་སློང་དག་འཇམ་བུའི་གླིང་གི་མི ་རྣམས་ནི་ཆེ་ལོ་དཔག་ཏུ་མེད་པར་ཡང་འགྱུར། ། ཚེ་ལོ་བརྒྱད་ཁྲི་བ་དང་།། ཚེ་ལོ་བརྒྱ་པ་དང་། ཚེ་ལོ་བཅུ་པར་ཡང་འགྱུར་རོ།། དགེ་སློང་དག་འཛམ་བུའི་མིང་གི་མི་རྣམས་ཀྱི་ལྟར་གྱི་ཆའི་ཚད་ནི་ལོ་བརྒྱ་བ་ཡིན་ནོ།། དགེ་སློང་དག་ད་ལྟར་ནི་འཛམ ་བུའི་གླིང་གི་མི་རྣམས་ལས་རིང་དུ་འཚོ་བ་གང་ཡིན་པས་ལེགས་པར་བདེ་བར་གནས་ན་ལོ་བརྒྱའམ། ། ལོ་བརྒྱ་ལས་ཆུང་ཟད་ཅིག་ལྷག་པར་ཐུབ་པོ་དགེ་སློང་དག་འཚོ་བའི་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང ་བོ་ནི་ཞན་ཅིང་གན་རྒྱལ་དུ་ཉལ་བ་སྟེ་བྱིས་པ་ཡིན་ནོ། ། གནས་སྐབས་གཉིས་པ་ནི་རྩ་བའི་རང་བཞིན་ཅན་ཏེ་གཞོན་ནུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ།། ལང་ཚོལ་བབ་པ་ཡིན་ནོ།། གནས ་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ། ། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན་ནོ།། གནས་སྐབས་དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་དྲན་པ་དང་ལྡན་པ་ཡིན་ནོ།། ་གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་ནན་རབས་སུ་བཀུར་བ་ཡིན་ནོ།། གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ། རྒན་པོ་ཡིན་ནོ།། གནས་སྐབས་བཅུ་བ་ནི་ཚེའི་མཐར་ཐུག་པ་སྟེ། ་འཆིར་ཉེ་བ་ཡིན་ནོ། དགེ་སློང་དག་ལོ་བརྒྱར་འཚོ་བས་གནས་སྐབས་བཅུ་པོར་དེ་དག་མྱོང་བར་འགྱུར་རོ།། དགེ་སློང་དག་ལོ་བརྒྱར་འཚོ་བ་ན་དུམ་ཚིགས་སུམ་བརྒྱར་འཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚིགས ་བརྒྱ་དང་། དབྱར་གྱི་དུས་ཚོགས་བརྒྱ་རྣམས་སོ།། དུས་ཚིགས་སུམ་བརྒྱར་འཚེ་བ་ནི་ཟླབ་བཅུ་གཉིས་ཕྲག་བརྒྱར་འཚོ་བ་སྟེ། ཐུན་ནི་ད་དབྱིང་ཤི་ད་། ང་བཞི་རྣམས་སོ།། ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་བ་ནི་ཐ་ད་ཅིས་སྟོང་བཞི་བརྒྱད་འཚོ་།། ་དགུན་བརྒྱད་དང་། བྱེད་བརྒྱད་དང་།། དབྱར་བརྒྱད་རྣམས་སོ།། ཟླབ་བྱེད་ཉེས་སྟོང་བཞི་བརྒྱར་འཚེ་བ་ནི། ཉིན་ཞགསུམ་ཁྲི་དྲུག་སྟོང་དུ་འཆབ།། དགུན་བཅུ་གཉིས་དང་། བྱེད་བཅུ་གཉིས་དང་། དབྱར་བཅུ་གཉིས་རྣམས་སོ།། ནི་ནགས ་བདྲུག་གོང་དུ་འཚོ་བ་ནེ་བར་ཆད་དུ་གྱུར་པ་མ་གཏོགས་པར་ཟན་བདུན་ཁྲི་ཉིས་སྟོང་ཟོའོ། ། དེ་ལ་འདི་དག་ནི་ཟན་པར་ཆད་དུ་འགྱུར་བ་ཡིན་ཏེ། འཁྲུགས་ནས་མ་ཟོས་པ་དང་། སྡུག་བསྔལ་བར་གྱུར་པས་མ་ཟོས་པ་དང་། ཕོངས་པ་ཟུང་ནས་མཐ། ་པ་དང་བསྣང་བྱས་ཏེ་མཐོས་པ་དང་། རྙེད་པས་མཐོས་པ་དང་རྙེ་ཀྱ་མ་ཐོས་པ་དང་གཉིད་ལོག་ནས་མ་ཟོས་པ་དང་། རོ་སྟེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་སྟེ། ཟོས་པ་གང་ཡིན་པ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ན་མའི་ནུ ་ཞོ་འཐུང་བ་མ་གཏེགས་པར་ཟམ་བདུན་ཁྲི་ཉིས་སྟོང་དུ་འགྱུར་རོ། ། དགེ་སློང་དེ་ལྟར་ངས་འཇམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་ཡང་བཤད། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་ཞག་དང་། ཟན་དང་། ཟན་པར་ཆད་དུ་གྱུར ་པཡང་བཤད་པ་ཡིན་ནོ། ། དགེ་སློང་དག་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བཞིའི་རིགས་ཀྱི ་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། དེ་མིའི་ལོ་ལྟར་བརྩིས་ན་ལེ་ས་ཡ་ཕྲག་དགུ་ཡོད་དེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ ་བཅུལ་ཟླ་བ་གཅག། ཟླབ་བཅུ་གཉིས་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི་ལེ་དེ་ལྟ་བུ་བརྩིས་པའི་ལོ་ལྔ་བརྒྱསྟེ།། དེ་མེའི་ལྟར་བརྩི་ས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི ་ཉིས་སྟོང་ཡོད་དེ་བར་མདོར་འཆི་བ་ནི་ཡོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། དག་གིས་ཉེས་པར་སྤྱད་པ་དང་།། ཡིད་ཀྱི་སཉེས་པར་སྤྱད་བྱས་ཤིང་།། ་གང་ཤིག་ཉེས་པ་གཞན་ལྡན་པའི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ།། ལོ་ནི་བྱེ་བ་ཕྲག་སྟོང་དུ། ཁཏགས་ཤིང་བཅོམ་ཡང་ཡང་འཚལོ།། ཕན་ཚུན་ཁོན་དག་ཆགས་པ་ཡི།། མི་རྣམས་གསོད་པའི་མི་དག་ནི། ་ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ།། ཟླ་བ ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་རབརྩིས་པའི་སྐ་ལོ་སྟོང་ཐུབ་བོ།། དེ་མིའི་ལྟར་བརྩིས་ན་ལེ་བྱེ་བ་ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད། ་དོན་སེམས་ཅན་དམྱལ་བ་ཆེན་པོ་ཐེག་ནག་གི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གི། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི་དེ་ལྟ་བུར་བརྩིས་པའི་ལོ་སྤོང ་ཐུབ་པོ། ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་བ་ཟགས་ཡ་ཏི་འབུམ་དགུ་ཁྲི་དྲག་སྟོང་རྩ་བཅུ་གཉིས་ཡོད་དེ། རུས་མ་ཡིན་པར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཆ་ཚིགས་སུ་བཅད་དེ་བཀའ་སྩལ་པ། པས ་དག་དང་སངས་རྒྱས་དང་། ། ཉན་ཐོས་རྣམས་ལ་འཁུ་བྱེད་པ།། དེ་དག་ཐིག་ནག་སྐྱེ་འགྱུར་ཏེ།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། གང་ཞིག་མི་བརྩོན་འཇོག་པ་དང་།། མི་རྣམས་མཛའ་བའི་དབྱེན་བྱེད་པ།། ཐེག་ནག་ཏུ་ནི ་སྐྱེ་བར་འགྱུར། ། བརྫུ་ན་སྨྲ་བ་ཡང་དེ་བཞིན་ཏེ།། ལས་དེ་ཡིས་ནི་ཐིག་ནག་གོ།། དམྱལ་བ་རྣམས་སུ་དེ་དག་སྐྱེ།། དགེ་སློང་དག་མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ཉིས་སྟོང་ཐུབ་བོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་ཁྲི ་བཞི་སྟོང་ཡོད་དེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ།། ཤིན་ན། དེ་སུམ་བཅུལ་ཐབཤིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམ ་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ན་ལོ་དེ་ལྟ་བུར་བརྩིས་པའི་ལོ་ཉིས་སྟོང་ཡོད་དེ། ། དེ་མིའི་ལྟ་ན་ཅིག་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་དགེའི་ལས་རྣམ་གསུམ་བྱས་ཤིང་།། ལས་དག་རྣམ་གསུམ་མ་བྱས་ཏེ།། ལས་དེ་དག་གིས་བསྡུས་འཇོམས་ཀྱི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། བལ་ངར ་ལུག་མ་ཧེ་དང་། ། རི་དགས་བྱ་གག་ཕག་རྣམས་དང་།། དེ་བཞིན་སྲོག་ཆགས་གཞན་གསོད་པ།། བསྡུས་གཞོམ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག ་གཅིག་གོ། ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་བཞི་སྟོང་ཐུབ་སྟེ། དེ་མིའི་ལྟར་བྱས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང ་ལོ་ས་ཡ་པྲག་དྲུག་ཡོད་དེ། ། པད་མདོར་འཆི་ནི་ཡོད་དོ།། ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་ཁྱོད་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས ་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་བུར་བརྩེས་པའི་ལོ་བཞི་སྟོང་ཐུབ་སྟེ། དེ་མིའི་ལྟེར་བརྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་། བྱེ་བ་ཕྲག་བརྒྱད་ཡོད་དེ། བར་མ་དོར་འཆི་བ་ནི ་ཡོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིགས་སུ་རུང་ལ་དྲག་ཤུལ་ཅན།། ལག་པ་གཉིས་ན་ཁྲག་གིས་བསྡུས།། སྡིག་པའི་ལས་ནི་སྤྱད་པ་ཡིས། རྟན་ཏུ་ངུ་འབོད་འགྲོ་བར་འགྱུར། ་གཞལ་ལུགས་གཡོ་ང་སྤུ་བྱེད་མི།། སྐྱེ་བོ་དག་ནི་ཡིད་ཕྱུང་བས།། འཇིགས་སུ་རུང་བའི་སྒྲ་འབྱིན་ཅིང་།། ཡུན་རིང་དུ་ནི་འབོད་སྲེག་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན ་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལལོ་གཅིག་སྟེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕ་གཉིས་བརྒྱ་སུམ ་བཅུ་དང་། ལོས་ཡ་ཕྲག་བཞི་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ་སེམས ་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཡོད་དོ། ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ཁྲི་ཉིས་སྟོང་དྲུག ་ཅུརྩ་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བལྟ་བའི་ཐིབས་པོས་ཁེབས་གྱུར་ཅིང་།། སྲེད་པའི་གཡོག་པས་གཡོགས་པ་དག། སྡིག་པའི་ཆོས ་ནི་སྤྱོད་པ་ཡིས། ། ངུ་འབོད་དག་ཏུ་སྐྱེ་བར་འགྱུར། ཡིད་གཙུགས་ཉམས་པའི་མི་དག་ནི།། བ་སྤུ་སློང་ཞིང་འབར་བ་ཡིས།། བསྐོར་བའི་ཁྱིམ་གྱི་ནང་ཆུད་ནས།། ངུ་འབོད་ཆེན་པོར་སྲེག་པར་འགྱུར།། གཏམས་པ་བརྣོགས་པའི་མི་དག་ནི།། རལ་གྲི་ཡིས་ནི ་ལུས་གཏུབ་ཅིང་། ། བྱ་རྒོད་བྱ་རོག་འུག་པ་ཀྱིས།། འགུལ་གཞིན་དུ་ནི་ཟ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་ད་ལྟ་བུར་བརྩིས་པའི་ལྷའི་ལེ་ཁྲི་དྲུག་སྟོང་ཐུབ་པོ།། དེ་མིའི་ལྟར་བརྩིས་ན་ལོ་ས་ཡ་ཕྲག་དྲུག་དང་། ལོ་བྱེ་བ་ཕྲག་དགུ ་བརྒྱ་ཉི་ཤུ་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ། ཉིན་ཞག་ད་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི ་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ཁྲི་དྲུག་སྟོང་ཡོད་དོ། ། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ས་ཡ་ཕྲག་བརྒྱད་དང་། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་བཅུ་ཡོད་དེ་བར་མ་དོར་འཆི ་བ་ནི་ཡོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དགེ་སློང་བྲམ་ཟེ་དགེ་བ་དང་།། དེ་བཞིན་དུ་ནི་ཕ་མ་ལ།། གང་ཞིག་རྟག་ཏུ་རྡུད་བྱེད་པ།། དེ་ནི་ཚ་བར་སྐྱེ་བར་འགྱུར།། འདིར་ནི་གང་ཞིག་གདུང་བ ་ཡིས། ། སྐྱེ་བོ་མང་པོ་གདུང་བྱེད་པ།། ལས་དེ་དག་གིས་ཚ་བ་ཡི།། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར།། དགེ་སློང་དག་ཁྱེད་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ ་པ་བ་ལགས་སོ། ། བདེ་བར་གཤེགས་པ་དེའི་དུས་པ་བ་ལགས་སོ།། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟན་པ་ཐོས་ནས། དགེ་སློང་དག་འཛིན་པར་བགྱིད ་ལགས་སོ། ། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་འདི་ལྟ་སྟེ། འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོད་པའི་ཁལ་བཅུ་ཚད་ཉི་ཤུ་པ་ཏིལ་གྱིས་བྱུང་བུར ་གང་བར་གྱུར་བ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏེལ་འབྲུག་ཅིག་པོར་ཏེ། ཉེལ་ཁལ་བཅུནད་ཉི་ཤུ་གོང་པའི་ཁལ་བཅུ་ཅད་ཉི་ཤུ་བ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུད་ཀྱང་དགེ་སློང་དག་ཆུ་ཟུང ་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ། ། ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན་ནོ།། ཆུ་བུར་རྡོལ་གྱི་ཉི་ཤུ་ལྟ་བ་དེ་ལྟར་སོ་ཐམས་ཐམས་ཀྱི་གཅིག་ཡིན་ནོ།། སོ་ཐམས་ཐམས ་ཀྱེ་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཀྱི་ཧུད་ཟེར་གྱི་གཅིག་ཡིན་ནོ། ། ཀྱི་བུད་ཟེར་གྱི་ཉི་ཤུ་ལྟ་བ་དེ་ལྟར་ཨ་ནུ་ཟེར་གྱི་གཅིག་ཡིན་ནོ།། ཨ་རྦུ་ཟེར་བྱེ་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུང་བ་ལ་ལྟར་གས་པའི་གཅིག་ཡིན་ནོ།། ཨུད་པ་ལ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ ་དེ་ལྟར་པད་མ་ལྟར་གས་པའི་གཅིག་ཡིན་ནོ། ། པད་མ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་མ་ལྟར་གས་པ་ཆེན་པོའི་གཅིག་ཡིན་ནོ།། ལྷ་སྦྱིན་གྱི་ཕྱོགས་དགེ་སློང་ཀོ་ཀཱ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་ཞེ་སྡང་གི་སེམ ་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་སོ། ། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྡོང་བུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱ་ན ་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལྟ་ལ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་ཞིག་སྐྱེས་པར་གྱུར་པ་ན།། གང་གིས ་བདག་ནི་གཅོད་བྱེད་པའི་ཁ་ནས་སྟ་རེའི་ཚིག་འབྱུང་བ། ། ཉེས་པར་སྨྲ་བས་སྨྲ་བ་ནི།། གང་དག་སྨད་བྱ་བསྟོད་བྱེད་ཅིང་།། སྐྱེ་བོ་བསྟོད་བྱ་སྨོད་བྱེད་པའི།། སྡིག་གང་བདེ་བ་མི་མྱོང་བའི།། སྡིག་དེ་དེའི་ཁ་ན་སོགས།། གང་འདིར་རྒྱན་པོས་བདག ་ནོར་ཡལ། ། འདི་ནི་སྡིག་པ་ཆུང་ངུ་སྟེ།། གང་ཞིག་བདེ་གཤེགས་སྡང་སེམས་བསྐྱེད།། འདིར་ནི་སྡིག་པ་དེ་ཆེའོ།། ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱར་ནི་ཆུ་བུར་རྡོལ་ནས ་སུ། ། ཆུ་བུར་ཅན་དུ་སུམ་བཅུན་དྲུག་གོ།། སྡིག་པའི་སེམས་ཀྱིས་བདེན་པར་མི་སྨྲ་བ།། བདག་ཉིད་བརྟག་ཅིང་དམྱལ་བར་ལེན་པར་བྱེད།། དེ་ཡི་དྷིམས་མ་རྙོགས་པར་བྱེད་དེ།། བནམཐོ་མེད་པ་དེ་བཟོད་དོ།། ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་ཕྱེད་གཅིག་ཡིན་ཏེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འབྲས་བུ་ཡིད་འོང་མཐོ་རིས་སུ།། ་སྐྱེ་འགྱུར་བར་བ་སྤངས་ནས་ནི།། འདིར་ནི་མི་སྡུག་ལས་བྱས་པས།། རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེ་སྦྱོང་བྲམ་ཟེ་དགེ་བ་དང་།། བ་མ་དང་ཡང་དེ་བཞིན་ཏེ།། གང་ཡང་བླ་བ་གཞན་གསོད་པ།། རབ་ཏུ་ཚ་བར་དེ་འཐོད་དོ།། དགེ་སློང་དག་དམྱལ་བ ་ཆེན་པོ་མནར་མེད་པའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་གཏི་མུག་ཅན་ལྷ་བྱིན་གྱིས་དགེ་འདུན་འཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་དགྲ་བཅོམ་པ་བསད ་པས་རང་གི་ལས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཕགས་པ་རྣམས་ཀྱིས་བསྟན་པ་ཡི། ཆོས་ཀྱིས་འོས་པར་འཚོ་རྣམས་ལ།། སྡིག་པའི་ལྟ་བ་ལ ་བརྟེན་ནས། ། བློང་ན་གང་ཞིག་སྨོད་བྱེད་པ།། ཚེར་ཅན་འོད་མའི་འབྲས་བུ་ལྟུང།། དེ་ནི་འབྲས་བུ་དྲག་པར་བྱེད།། དགེ་བར་འགྱུར་བ་བརྗོད་བྱ་སྟེ། ག་པ་ཅན་ག་རྗོདདོ། དགེ་བསྣ་ན་ལེགས་པར་ཁྲུག་གྲི་བ་སྨ་སྦེ་བབྱུང་གག་ཏེ་སྨྲ་ག་དགེ་བ་སྙི་རྫི་ས ་རླག་པར་འགྱུར། ། བྱིས་པ་རྣམས་ནི་སྡིག་སྨྲ་སྟེ།། འཕགས་པ་རྣམས་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བ་ཡི།། ལས་ནི་ཤས་ཆེར་བྱས་པས་ན།། ལས་དེ་དག་གིས་མནར་མེད་པའི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིས ་ཀྱེ་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བྱེད་དེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཆའི་ཚད་ནི་བསྐལ་པའི་བཞི་ན་གསུམ་ཐུབ་སྟེ། བར་མ་དོང་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས་ཆེན་གྱི་ལྷ ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཐུབ་སྟེ། བར་མདོ་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཐུབ་སྟེ། བར་མདོང་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚང་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ། ་པ་པའི་ཐུབ་སྟེ། བང་མདོད་འཆི་བནི་ཡད་དོ།། དགེ་སློང་དག་འོ་དགས་པ་ཀྱི་སྤྱརྣམས་ཀྱི་ཆེའི་ཚོད་ནི་བསྐལ་པབ་རྒྱད་ཐུབ་སྟེ།། བད་མ་དོ་ཆེ་ཅན་ཡོད་དོ།། དགེ་སློང་དག་དག་རླུང་གི་ལྷརྣམས་ཀྱི་མའི་ཚད་ནི་བསྐལ་པ་བཅུ་དྲུག་སྟེ། @ ་མདོར་འཆི་བ་ནི་ཡོད་དོ། ། དགེ་སློང་དག་ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་བཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞི་ཐུ་བ་སྟེ། བར་མདོར ་འཆི་བ་ནི་ཡོད་དོ། ། དགེ་སློང་དག་སྤྲིན་མེད་ཀྱི་ལྷརྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་ལྔ་བཅུ་ཐུབ་སྟེ། བར ་མདོར་འཆི་བ་ནི་ཡོད་དོ། ། དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་ཐུབ་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་སྟེ། བར ་མ་དོར་འཆི་བ་ན་ཡོད་དོ། ། དགེ་སློང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ ་བའི་ལྷ་རྣམས་ཀྱི་ཚེའི་ཆད་ནི་བསྐལ་པ་བཞི་ཁྲི་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་།། ་དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་མེན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲིསྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་མནར་མེད་པ་ནས་འདུ་ཤེས་མེ་མིན ་སྐྱེ་མཆེད་ཀྱི་བར་དེ་དག་ནི་དགེ་སློང་དག་སྲིད་པའི་རྩེ་མོ་དང་། དེ་དག་ནི་སྲིད་པའི་རྩེ་མོ་ཡིན་ནོ།། དེ་དག་ན་སྲིད་པ་འཐུང་བ་ཡིན་ཏེ། དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་བ་དང་། སྐྱ་བར་སྔང ་སྲིད་པའི་འབྱུང་བས་ཆོག་ཤེས་པར་གྱིས་ཤིག། ང་ན་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུལ་ཡང་། ཐ་ན་དེའི་སྐད་ཅག་ཙམ་ཡང་བསྔགས་པ་མི་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར ་ཏེ། དཔེར་ན་མི་གཙང་བ་ནི་ཉུང་ངུ་ཡང་མི་ཞིམ་ན་མང་པོ་ལྟ་ཅི་སྨོས། དེ་ལྟར་དེ་བཞིན་དུ་ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་ཟན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན ་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ། ། སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བགང་དུ་ཡང་དང་ཡང་དུད་རྒྱལ་བ་རྣམས་དང་འ་དང་ཡང་དུང་འགྲོནམ་པ་དང་ཡང་དང་རང་དུ་སོང་ན་འགྲོར་ལེག་པར་བྱུང་དམ་སུ ་ཀུན་དུ་རྒྱུག་ཀུན་ཏུ་རབ་ཏུ་རྒྱུག་གོ། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་བསླབ་པར་བྱ་སྟེ། སྲེད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་སྲིད་པ་མངོན་པར་མི་བསྒྲུབ་པར་བྱའོ།། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླ ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་ད་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཚེ་མཐིའ་མ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པ ་ཤུད་ད། འབྱུ་བན་དག་མརྒྱས་། ། ན་བྱ་ད་འ་གས་ཀྱིས་ན་ས་། ་