| Wylie | e-texts produced with BDRC’s OCR application |
6ུ0f7f།། རྒྱག་གྱི་མཁན་པོ་ཨ་ཙརྱ་དྷམ་ཤྲིསྟྲ་ང?་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བྷིཀྟ་བ་དུ་སྲུཏྲ་ན་མ་ཁོད་སྐད་དུ། དགེ་སློང་ལ་རབ་ཏུགཡེ་པའི་མདོ་ཞེས་བྱ་བ། ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ན་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་བྱེད་དང་། ་བཅཝ་གསུམ་དང་ཐབས་གཅིག་གོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་དེའི་ནང་ན་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་ག། ཟོས་པ་དང་ལྡན་པ། ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས ་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་སྟེ། ། བླ་གོས་ཕྲག་པ་གཅིག་ཏུ་གཟུར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་ལག་པ་གཉིས་ཀྱི་ཐལ་མོ་སྙིང་ཁང་སྦྱར་བ་བྱས་ཏེ། འཛུམ་དམྱལ་ནས་བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། འཁོར་བའི་འདམ་ནས་པད་མ་ལྟར་བྱུང་བའི།། སྐྱོབ་མཛད་རི་བོ་ལྟ་བུར་མིད་སྤྱོད་ཐུབ་པའི་སྐུ།། དཔེ་བྱང་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས།། བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས ་བདག་ཅག་འདིར་འདུས་འདི་དག་ལ། ། དགེ་སློང་འབའ་ཤིག་གནས་པས་དགེ་སློང་གི། ངོ་བོ་དབྱེ་དང་སྒྲ་འཇུག་ཆེར་བྱ་བ།། བཞི་པོ་འདི་དག་ཐུབ་པས་གསུང་དུ་གསོལ།། དེ་ནས་བཅོམ་ལྡན་བདེ་གཤེགས་རབ་དགྱེས་ཏེ།། ཉེ་བར་འཁོར་ལ་སྤྱན་གཟིགས་འདི ་སྐ་གསུངས། ། ལེགས་པར་ཉོན་ཅིག་པུ་ཁྱོད་ཉེ་བར་འཁོར།། ངས་ནི་ཁྱེད་ཀྱི་སེམས་རངས་བྱ་ཕྱིར་དང་།། དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ།། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ།། དགེ་སློང་ཞེས་བྱ་རྡོ་རྗེ་སྲོག་ཤིང་ཡིན།། དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས ་པ་སྟེ། ། དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།། དགེ་སློང་ཞེས་བྱ་ཉོན་མོངས་སྲོག་བཅད་དེ།། དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོའོ།། དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ།། རྟ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ།། ཆེད་དུ་བྱ་བ་རྣམ་དག་ཚུལ་ཁྲིམས་ཡིན།། ་དབྱེབ་མིང་གི་དགེ་སློང་གང་ཡིན་དང་།། རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ།། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་།། དགེ་བ་སློང་དང་ཟད་སྲོང་དང་།། ཞི་བར་གནས་དང་ལམ་ཞུགས་དང་།། ལེགས་པར་འཚོ་དང་ཆགས་སྤངས་དང་།། ཡིད་འོང་མར་ན ་དགེ་སློང་ངོ་། ། དགེ་སློང་ཞེས་བྱ་བརྒྱན་པ་ས།། རྒྱན་སྤངས་རྒྱན་གྱིས་ལེགས་པར་རྒྱན།། ཆགས་སྤངས་ཆགས་པ་ཆེན་པོས་སྤྱད།། བྱུག་པ་ཁྲུས་དང་བཟའ་བ་དང་། རྒྱན་དང་གོས་དང་ཁ་དོག་དང་། རྟ་དང་གླང་པོ་ཁྱོགས་སོགས་ཀྱི།། བཞོན་པ་ཐ་མེད་ད་པ ་བཞེད། ། དེ་དག་འབྱོར་པ་དགེ་སློང་སྟེ།། དེ་དག་མི་འབྱོར་དགེ་སློང་མིན།། དེ་ནས་ཉེ་བར་འཁོར་དེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཅི་བདེ་བར་གཤེགས་པ་ཡིས།། སྐ་དབྱིངས་རྟོགས་པར་དཀའ་བ་གསུངས།། དེ་ཉིད་བདེ་བར་གཤེགས་པ་ཡིས།། ་ཚིག་གི་མུན་པ་ཚིག་གི་ནི།། མང་མེས་གསལ་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསེར་ལོ་སོགས་པ་འཇིག་རྟེན་རྒྱན།། རབ་ཏུ་སྤངས་པས་སྙིང་རྗེ་ཡི།། བརྒྱན་གྱིས་མཆོག་གིས་བརྒྱན་པར་བྱ། འཇིག་རྟེན་མ་ཡིན ་བསླབ་པ་ཡི། ། གོས་གྱོན་གོས་མཆོག་བཟང་པོ་ཡིན།། ག་བུར་ལ་སོགས་མ་ཡིན་པའི།། ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག། དཀར་དམར་ལ་སོགས་མ་ཡིན་པའི།། དད་པའི་ཁ་དོག་རྣམ་པར་མཛེས།། འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི ་བཞོན་པ་བླ་མེད་མགྱོགས་པའི་མཆོག། བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི།། འབྲས་ཆན་པས་ནི་རོ་མཆོག་ལྡན།། དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་།། ཞི་གནས་སྟན་ལ་རབ་ཏུ་སྤྱད།། དེ་དག་ལྡན་ཞིང་ཕྱིར་མི་ལྡོག། དེ་ནི ་ཡང་དག་དགེ་སློང་ཡིན། ། གཙོ་བོ་གསུམ་དང་འཁོར་ལྡང་ལྡན།། དྲང་སྲོང་སྣང་བཅས་ཁར་བསིལ་ལྡན།། ལུས་ངག་ཡིད་གསུམ་རྣམ་པར་བསྡམས།། རང་གི་སྤྱོད་པ་བཏུལ་ཞུགས་བསྟན།། དེ་ཡང་ཡང་དག་དགེ་སློང་ཡིན།། དེ་གཉིས ་ཐར་པའི་ཀོང་ཁྱེར་ལ། ། བསྙེན་པས་ཐར་པའི་བདེ་བའི་མཆོག། ཡང་དག་མ་ཡིན་གཅིག་ཤོས་ནི།། ལྷུང་བཟེད་ལ་སོགས་རབ་འབར་བས།། དམྱལ་བར་ཁྲོ་ཆུ་ལྟ་བུར་ནི།། བསྐལ་པ་སྟོང་ཕྲག་བཞི་རུ་འཚེད ་མམ་འཚུལ་ཐམས་པ་ད་ཨུ0f7f། ། ལ་ལ་འ་རྒྱལ་ཁྲིམས་སྡུག་བསྔལ་ན།། རྡུལ་ཐམས་ལྡན་པའདབ་འ་མཆོག། རྒྱལ་ཐམས་འཚལ་བ་སྡུག་བསྔལ་ཡིན།། གན་དུ་ལགས་པར་རྒྱལ་ཐམས་གང་།། བསྡམས་པ ་མི་མཛེས་པའི་གཟུགས། ། འདུལ་བ་ལན་ཉེ་བར་གནས།། ཚུལ་ཁྲིམས་བསླབ་པར་དེ་ཡིད་ཆེས།། མི་དེ་ཉི་མ་གཅིག་ལ་ཡང་།། བསོད་ནམས་ཕུང་པོ་དཔག་མེད་པ།། སོགཙང་སངས་རྒྱས་འབྲས་བུ་སྲུན།། རང་གིས་ངལ་བསླུས་འདབས ་ཤི། སླབ་པ་ལ་ནི་མི་གནས་ཤིང་།། དེ་བར་གཤེགས་པའི་རྒྱལ་མཚན་འཛིན།། གཟུགས་ཙམ་ལ་ནི་བརྟན་ནས་སུ།། ད་ནི་དགེ་སློང་ཡིན་ཟེར་བ།། གླང་སྐྱོན་སྐ་ལ་རལ་བཏགས་པའམ།། སྦྲུམ་མ་སྦྱར་རྩི་འཐུངས་པ་ལྟར།། མི་དེ་ཉིས ་གཅིག་ལ་ཡང་། ། སྡིག་པའི་ས་བོན་དཔག་མེད་དང་།། རང་ལ་གནོད་པ་སྣ་ཚོགས་པ།། བྱེད་པར་འགྱུར་བ་ཁོ་ན་ཡིན།། གང་ཞིག་བསླབ་ལ་མི་གནས་ཤིང་།། བདེ་གཤེགས་རྒྱལ་མཚན་འཛིན་པ་པས།། བསླབ་པ་མི་གནས་སྐད་ཅིག་ལ།། གཟུ ་པོར་ཁྱིམ་པར་གནས་པ་བཟང་། ། བསླབ་པ་མི་གནས་རྟགས་འཛིན་པ།། འཇིག་རྟེན་པ་ནི་ཐམས་ཅད་ཀྱི།། སྙིང་དུ་སྡུག་པར་མི་འགྱུར་ཞིང་།། ཀུན་གྱི་ཚིག་གི་ན་སྣོད་ས།། དཔེར་ན་སྡོང་པོ་བཟང་པོ་ལ།། ཡུན ་རིང་ཡལ་ཀ་འཁྲུད་པ་བཞིན། ། མི་དེ་རྟགས་ཙམ་ཡུན་རིང་ན།། ཁ་ན་མཐོའི་གཏམ་འཕེལ་དང་།། སྡིག་པའི་ལས་རྣམས་འཕེལ་བར་བཤད།། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག། ཚུལ་ཁྲིམས་འདི་ནི་ཐར ་པའི་ལམ། ། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།། ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ཚུལ་ཁྲིམས་འདི་ནི་མཆོག་ཡིན་ནོ།། མིག་གི་འབྲས་བུ་བཞིན་དུ་སྲུངས།། སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི། གཏོད་བ ་མི་མཁས་བློན་པོ་ཡིན། ། སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།། ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན།། དེ་བས་ཉེ་བར་འཁོར་སོགས་ཀྱིས།། འདི་ཉིད་ལ་ནི་བརྟན་པར་ཟུང།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།། ་ཉེབ་འཁོར་ལ་སགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྙད་དོ།། ། དགེ་སློང་ལ་རབ་ཏུ་གཅེས་པའི་མད་རྫོགས་སྷོ།། @#།། རྒྱ་གར་སྐད་དུ། ཤཱ་ལ་ས་ན་ཡུག་ཏ་ཀ་སྭཱ་ཏྲ། ་