| Wylie | e-texts produced with BDRC’s OCR application |
ག་གད་། རཱཐཱ་ཤྩཏྟྭ། རྫྙཱཿ། བདན་ན།། ཁམས་མ་མཔ་།། འདས་དཔ་ལ་གན། ནང་གྱུ་པ་ལ་པག་། འཾ་ག་བདགགིས་པས་པ་ས་གཅིག། བཅོམ་ལྡན་དས་སྨན ་པན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚེ་ལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་གཞག་ནས་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྣ་བ ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་འི་མཁས་པ་ལས་ནི་མ་ཡིན་ནོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་དང་ནང་དུ་ཡང་དག་འཛེག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས ་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་གཅིག་པུ་དབེན་པར ་མཆིས་ཏེ། ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལགས་སོ།། ཡམས་ཀྱི ་ནད་གང་དག་དང་། གནང་བ་དང་། ནད་འག་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱབ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནས་ལགས་ས་སྙམ་མ།། ཀུན་དགའ་བ་དེ་དེ་བཞིན་ན། དེ་བཞིན་ཏུ། ་འཇིགས་པ་གང་དག་འབྱུང་ཞིང་སྐྱེད་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནང་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས ་ཅང་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། ། ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ། རྩཝ་སྐམ་པོའི་ཁང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ་རྣམས་ཀྱང་ཚིག་པར་བྱེད་དོ།། ་དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། ། ཀུན་དགའ་བོ་འདས་པའི་དུས་སུ་འཇིགས་པ་གང་དག་ཟུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ།། ་ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནང་འགོ་བ་དང་། འཁྲུག་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་མ་འོངས་པའི་དུས་སུ་འཇིགས་པ་གང ་དག་འབྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིན་ནོ། ། ཡམས་ཀྱི་ནང་གང་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐོ་བར ་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིན་ནོ། ། ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་འཇིགས་པ་དང་བཅས་པ་ནི་བྱས་པའོ།། ་འཇིགས་པ་མེད་པ་ན་མཁས་པའོ།། ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནད་མེད་པ་ནི་མཁས་པའོ།། གནོད་པ་དང་། བཅས་པ་ནི་བྱིས་པའོ།། གནོད་པ་མེད་པ་ནི་མཁས་པའོ།། ནད་འགོ་བ་དང་བཅས་པ་ནི། ་བྱིས་པའོ།། ནང་འགོ་བ་མེད་པ་ནི་མཁས་པའོ།། འཁྲུག་པ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མེད་པ་ནི་མཁས་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོགྲོ་བ་དང་། འཁྲུག ་པ་དག་ནི་བྱིས་པ་ལས་ཡིན་གྱི་མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ། ། ཀུན་དགའ་བོ་དེ་ལྟ་བས་ན་བྱིས་པའི་ཆོས་དང་། མཁས་པའི་ཆོས་ཁོང་དུ་ཆུད་པར་བྱའོ།། བྱིས་པའི་ཆོས་དང་། མཁས་པའི་ཆོས་དག ་ཁོང་དུ་ཆུད་ནས་ཀྱང་བྱིས་པའི་ཆོས་ནི་སྤང་བར་བྱའི་མཁས་པའི་ཆོས་ནི་ཡང་དག་པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ།། བཙུན་པ་ཇི་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བགྱི ་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་བྱིས་པ་ནི་ཁམས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས ་མ་ཡིན་པ་ལ་མཁས་པ་མ་ཡིན་པ་སྟེ། ཀུན་དགའ་བོད་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བ ་མཁས་པ་ནི་ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་མཁས་པ ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། ། བཙུན་པ་ཇི་ཙམ་གྱིས་མཁས་པ་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་བཅཝ་བརྒྱད་པོ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས ་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རའི་ཁམས་དང་། ་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁམས་བཅཝ་བརྒྱད་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས ་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་འདོད ་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་བདེ་བའི་ཁམས་དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི ་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས ་བཞི་པོ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདོད་པའི་ཁམས ་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག ་བའི་ཁམས་དག་ཡང་དག་པ་ལྟ་པ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། ། གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ག། ་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དམན་པའི་ཁམས་དང་། པར་མའི་ཁམས་དང་། གྱ་ནོམ་པའི་ཁམས་དག་ཡང་དག་པ་དེ་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས ་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་དག་ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་ནི་སློབ ་བ་ཡང་མ་ཡིན་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། ། གཞན་ཡང་ཁམས་གཉིས་པོ་ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ་ཤིང་མཐོང་བ་ཡིན་ནོ། ། གཞན་ཡང་ཁམས་གཉིས་པོ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་དག་ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་ཁམས་ལ་མཐ ་མ་ཡིན་ནོ། ། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད ་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆོད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ་ཤིང་མཐོང་བ་སྟེ། ཀུན་དགའ་བོ་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ནས་མཁས་པརྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ། ་ནིརྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས ་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད ་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱི་སྐྱེ་བ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དགའབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་ཆེན ་པོ་འབའ་ཤིག་འབྱུང་བར་འགྱུར་རོ། ། འདི་ལྟ་སྟེ། འདི་མེད་པས་འདི་མི་བྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། ་རྣམ་པར་ཤེས་པ་འགགས་པས། མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་རེག་པ་འགགས་པས་ཚེར་བ་འགག། ཚེ་རབ་འགགས ་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགག་པས་སྐྱེ་བ་འགག་སྐྱེ་བ་འགགས་བྲན་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི ་བདེ་བ་དང་། འཁྲུག་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འགག་པར་འགྱུར་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ ་བར་འབྱུང་བ་ལ་མཁས་པ་ཡིན་ནོ། ། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ལགས། ཀུན་དགའ་བ་མཁས་པ་ནི་གནས་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པ་དག་ཡང་དག ་པཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། ། ཀུན་དགའ་བོ་འདི་ན་གནས་མ་ཡིན་ཤང་གི་སྐབས་མེད་པ་སྟེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། ་སྡུག་པ་དང་། དགའ་བ་དང་། ཡིད་དུའང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ན་གནས་མ་ཡིན་ན།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་སྣད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པས་སྨད་པའི་རྣམ་པར་སྦྱིན ་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ་གང ་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར ་འགྱུར་བ་འདི་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དག་མངོན ་པར་འགྲིབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་རྒྱུད་དེ་དག་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ ་མཐོངས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱི་ཉེས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དས་ལུས་ཞི ་ནས་ཤི་ཕན་ཅད་དང་ན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ལགས་པར་སྤྱད་པ ་སྤྱད། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། ་འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ལགས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞི་གནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི ་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ།། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། གནས ་མ་ཡིན་ཞིང་གོ་སྐབས་མེད་པ་ནི་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་བུད ་མེད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། བདུད་ཉིད་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན།། ་པར་རྫོགས་པར་འིའཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ་སྐྱེས་པ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན ་དུ་ཕ་དང་། མ་དང་། དགྲ་བཅོམ་པ་གསོད་པར་འགྱུར་བ་དང་། དགེ་འདུན་གྱི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་ནི་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བུ་ཕུན་སམ་ཚོགས་པའི་གང་ཟག་བསཔས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་ལ ་འཇུག་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་ཡོན་གནས་སུ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོན་པར་ལྟ་བར་འགྱུར་བ་དང་། དགེ་མཚན་དང་། བཀྲ་ཤིས་དག་གིས་དག་པར་མེད ་ཆེས་པར་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་བལྟ་བར་བྱ་བ་མཐོང་ངོ་།། སྙམ་ནས་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད ་པ་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོས་བས་མེད་པ་ནི་སེམས་ཅན་ས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆང་བར ་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་སྒྲིབ་པ་ལྔ་པོ་མ་སྤངས་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་དུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་མ་ཡིན ་ནོ། ། དི་ནི་གན་པ་ཡིན་ཏེ། སེམས་ཀུན་ན་པ་ཉོན་མོངས་པར་བྱེད་པ་དང་། ཤས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུང་པའི་ཕྱོགས་སུ་གྱུར་བ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲནཿ ་ཉེབར་གཞག་པ་བའི་དག་ལ་སེམས་ཤིན་དུ་ཉེ་བར་གཞག་ནས་གནས་པར་འགྱུར་བ་འདོན་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར ་བྱེད་པ་དང་། རྒུད་པ་ནི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་དུ་ཉ་བར་གཞག་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ ་པ་འདི་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཏེ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ་གང ་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་དུ་ཉེ་བར་གཞག་ནས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོམ་སྤངས་པས་ནི་དྲན་པས་ནི་དྲན་པ་ཉེ་བར་གཞག་པ ་བཞི་དག་ལ་སེམས་ཤིན་དུ་ཉེ་བར་གཞག་པས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆ ་རྒྱུ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང ་སྒྲིབ་པ་ལྔ་པོ་སྤངས་ནས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་དུ་ཉེ་བར་བཞག་ནས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམས་ཏེ་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ནོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལརྠ ་འདི་ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཤིག། ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟང་ཤིག། བདུད་རྩིའི་རྔ་བོ་ཆེ་ཞེས་བྱ་བར་ཟུང་ཤིག།། ཁམས་མང་པོ་པ ་ཞེས་བྱ་བར་ཡང་ཟུང་ཤིག་དེ་བས་ན་ཁམས་མང་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན་ནོ། ། ཁམས་མང་པོ་པ་ཞེས་བྱ་བའི་མདོ།། རྫོགས་སྷོ།། @#།། རྒྱ་གར་སྐད་དུ། ་