CLOSE WINDOW

Q962: gzhon nu dpe'i mdo
Wyliee-texts produced with BDRC’s OCR application

རྒྱག་སྐད་དུ། ཀུམྦ་ར་ཤྭཱན་ཏ་སྭཱ་ཏྲ། བོད་སྐད་དུ། གཞོན་ནུ་དཔེའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པ་དུས་གཅིག་ན། བཅོམ་སྩ། ་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ། ་མ་ཀོ་ས་ལའི་ལྗོ་ངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གཽ་ཏ་མདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ། ། ཐོས་ནས་ཀྱང་བཅོམ་ལྡན་འདས་གད་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར ་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གཽ་ཏ་མ་བདག་གིས ་ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ལགས་ན། གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇིག་དགེ་སྦྱོང་གཽ་ཏ་མ་ལ་སྐུར ་བ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ་མ་ལགས་སམ། ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇི་ག་དེ་དག་གི ་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པར་རྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ།། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། དེ་ལ་སྐུར་བ་འདི། ་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུངས་པ་བཞིན་སྨྲ་བ་ཡིན། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པའི་རྩོད་པའི་རྗེས་སུ་རྩོད་པ་འོངས་ན་སྨོད་པའི་ཆོས། ་ཀྱི་གནས་སུ་མི་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ།། ཤེས་ལྡན་གཽ་ཏ་མ་དེ་སྐད་མོད་ཀྱི་ཤེས་ལྡན་གཽ་ཏ་མ་ལ་བདག་ཉིད་མི་ཆེས་ལགས ་སོ། ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་གཽ་ཏ་མ་རེ་ཤིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་། བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་།། ་མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱཱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ལགས་པ་དེ་དག་ཀྱང་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་གཡར ་གྱིས་མི་མཆེ་ལགས་ན། ཤེས་ལྡན་གཽ་ཏ་མ་འཁྲུངས་ནས་རིང་པོ་མ་ལགས་པ་གསར་དུ་རབ་ཏུ་འབྱུང་བས་ལྟ་སྨོས་ཀྱང་ཅི་འཚལ། རྒྱལ་པོ་ཆེན་པོ་གཞོན་ནུ་བཞི་པོ་འདི་དག་ལ་ཁྱད་དུ་གསད་པར་མི་བྱ། ཟིལ་གྱིས་གནན་པར་མི ་བྱ་སྟེ། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་སྦྲུལ་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་གནན་པར ་མི་བྱའོ། ། རྒྱལ་པོ་ཆེན་པོ་མེ་ཆུང་ངུལ་ཁྱད་དུ་གསད་པར་མི་བྱ། ཟིལ་གྱིས་གནན་པར་མི་བྱའོ།། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགེ ་སློང་གཞོན་ནུར་གྱུར་ཀྱང་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་དགྲ་བཅོམ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ནི་བདེ་གཤེགས་ཀྱིས།། དེ་སྐད་ཅེས་ནི་བཀའ་སྩལ་ནས། སྟོན་པས་གཞན་ཡང་འདི ་སྐད་གསུངས། ། རྒྱལ་རིགས་དཔ་མེད་ལྡན་པ་དང་།། རིགས་བཙུན་གྲགས་པར་ལྡན་པ་ལ།། བློ་དང་ལྡན་པས་དེ་གཞན་ཞེས།། ཁྱད་དུ་མི་གསད་ཟིལ་མ་མནན།། རྒྱལ་པོ་རྒྱལ་རིགས་མཁས་པ་ཡིས།། རྒྱལ་སྲད ་དག་ནི་ཐོབ་གྱུར་ནས། ། ཆད་པས་གསོད་པའི་གནས་དེ་ཡོད།། དེ་བས་དེ་ལ་ཤིན་དུ་གདུང་།། དེ་ལྟར་རང་གི་སྲོག་སྲུང་ཞིང་།། རང་གི་དོན་ལ་ལྟ་བས་ནི།། དེ་ནི་ཁྱད་དུ་མི་གསད་ཅིང་།། དེ་ལ་ལེགས་པར་བག་ཀྱང་བྱ།། གལ་ཏེ་གྲོང་ངམ ་དགོན་པའང་རུང་། ། གང་དུ་སྦྲུལ་ནི་མཐོང་གྱུར་ན།། བློ་དང་ལྡན་པས་དེ་གཤེན་ཞེས།། ཁྱད་དུ་མི་གསད་ཟིལ་མི་གནན།། འདི་ལྟར་སྦྲུལ་ནི་རྒྱུ་བ་ན།། རིགས་ནི་རྣམ་པ་སྣ་ཚོགས་ལ།། གླགས་རྙེད་ནས་ནི་གཞོན་ནུས་ཀྱང་།། སྐྱེས་པ ་བུད་མེད་དུ་མ་ཟིན། ། དེ་ལྟས་རང་གི་སྲོག་སྲུང་ཞིང་།། རང་གི་དོན་ལ་ལྟ་བས་ནི།། དེ་ནི་ཁྱད་དུ་མི་གསད་ཅིང་།། དེ་ལ་ལེགས་པར་བག་ཀྱང་བྱ།། འབར་བ་མན་པ་ཟ་བྱེད་པ།། བྱིན་ཟ་ལམ་སྔོན་ལྡན་པ་དེ།། ཆུང་ཡང་ཁྱད་དུ་མི་གསང ་ཅིང་། ། མཁས་པས་ཟིལ་གྱི་གནན་མི་བྱ།། ཉེ་བར་ལེན་པས་བྱིན་ཟ་ནི།། ཆུ་ངུར་གྱུར་ལས་ཆེན་པོར་འགྱུར།། མེ་ལྕེ་འབར་བས་མྱུར་བར་ནི།། གྲོང་དང་གྲོང་ཁྱེར་སྲེག་པར་བྱེད།། ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ ་མིགསད་ཅིང་། ། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལེགས་པར་བག་ཀྱང་བྱ།། བྱིན་ཟལ་མ་སྔོན་ལྡན་གྱུར་པའི།། མེ་ཡིས་ཚར་ཚིང་གང་བསྲེགས་པ།། དེ་ལ་ཉིན་མཚན་འདས་གྱུར་པས། ལ་ལར་ལོ་མ་སྐྱེ་བར་འགྱུར ་གང་གིས་ཚུལ་ཁྲིམས་ལྡན་པ་ཡི། ། དགེ་སློང་རྙེད་ནས་སྲེག་བྱེད་པ།། དེ་ལ་བུ་དང་ཚ་བོ་དང་།། བགོ་སྐལ་ཡོད་པར་མི་འགྱུར། ཏེ།། ཏ་ལའི་མགོ་བཞིན་མི་རིང་བར།། རིགས་རླུང་དང་ཡང་བྲལ་བར་འགྱུར།། དེ་ཕྱིར་བདག་སྲོག་སྲུང་བྱེད ་པས། ། དེ་ནི་ཁྱད་དུ་གསད་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ལ་ལགས་པར་བག་ཀྱང་བྱ། རྒྱལ་རིགས་དཔེ་བྱེད་ལྡན་པ་དང་།། བྲང་འགྲོ་མེ་དང་དེ་བཞིན་དུ།། དགེ་སློང་ཚུལ་ཁྲིམས་ལྡན་པ་དེ།། མཁས་པས་ཟིལ་གྱིས་གནན།། ་མི་དྱ། དེ་ཕྱིར་བདག་སྲོག་སུང་བྱེད་པས།། དེ་ནི་བྱད་དུ་གསང་མི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་ས་སྟེ།། དེ་ནི་ལེགས་པར་སྤང་བར་བྱ།། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་ཏལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བམ། ་མངོན་པར་བསྟོད་ཅིང་རྗེས་སུ་ཡིད་རང་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་།། གཞོན་ནུ་དཔེའི་མདོ་རྫོགས་སྷོ།། ་