| Wylie | e-texts produced with BDRC’s OCR application |
ཨ་བ་ཡུ་ག་ཏི་ལ་དང་། བོད་ཀྱི་ལོ་ཙྪ་བ་བླ་བན་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜི་ཙིཏྟ་གུ་ཏྱ་ཏནྟྲ་ཨུཏྟ་ར་ཨུཏྟ་ར་གར་ཀ་རར། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གས ་བའི་དྲུ་དཔྱི་བའི་ཕྱི་མ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལོ།། དེ་ནས་འཁོར་དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་འཁོད་བསྟན་ལས་ལངས་ཏེ།། པུས་མོ་གཡས་པའི་ལྷངས་བཙུགས་ནས་མིག་འཛུམ ་དང་སས་པས་རང་གི་སྤྱོད་པ་ལས་ཤིན་ཏུ་སྤ་ཀོང་བར་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན། གདུག་པ་ཅན་གྱི་སེམས་ཅན་ལ་རྣམ་པར་འཚེ་ཞིང་རྣམ་པ་གསུམ་གྱིས་སེམས ་ཅན་མ་རུང་བར་བགྱི་དེ། རེག་པའི་དུག་གིས་ཀྱང་རབ་ཏུ་ཡང་གཟིར་བར་བགྱིད་དོ།། ཁ་རླངས་ཀྱི་དུག་གིས་ནི་རབ་ཏུ་མྱོས་ཤིང་ཤིན་དུ་ཡང་ལྕི་བར་བགྱིད་དོ།། མཐོང་བའི་དུག་གིས་ནི་ཟ་ཞིང་འཁྲུག་ཅིང་ཚ་བར་བྱེད་དོ།། འཕྲོ་བ་ཁ་རླངས་ཀྱི་དུག ་ཅན་དང་། རེག་པ་ལུས་ཀྱི་དུག་རྣམས་ཀྱི་གདུང་བ་བསལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་གསང་བའི་བདག། དུག་གསུམ་དུག་གི ་རྩ་བ་ཡང་། ། དུག་གསུམ་ལས་ནི་བྱུང་བ་ཡིན།། རྩ་བའི་དྲུག་ལ་རང་བཞིན་མེད།། དེ་ནི་དུག་གསོ་སྨན་གྱི་མཆོག། སྨན་ཉིད་རང་འབྱུང་གཞན་ལས་མིན།། དེ་ཉིད་རང་དང་གཞན་ལས་གྲོལ།། རྩ་བའི་དྲུག་ལ་རང་གྲོལ་ན།། དུག་གསུམ ་ལ་སོགས་གཞན་དུ་མེད། ། དུག་ལྔ་ལས་འཕྲོས་འབྱུང་ལྔའི་དུག། ཀུན་རྫོབ་ཙམ་དུ་འབྱུང་བ་འཇོམས།། དེ་དག་རབ་ཏུ་གནོམ་པའི་ཕྱིར།། རང་བཞིན་རང་གྲོལ་བདུད་རྩི་ཡིས། རྩ་བའི་དྲུག་སོགས་འཇོམས་པར་བྱེད།། ལྷའི་སྐུ་དང་སྔག ་ཀྱེ་མཐ། ། ཡེ་ཤེས་འབྱུང་བ་ཆེན་པོ་ཡིས།། ལས་ཀྱི་འབྱུང་བ་འཇོམ་པར་བྱེད།། རྫས་ཀྱིས་ཀྱང་ནི་དེ་བཞིའོ།། ཅེས་གསུངསོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་བའི་ཕྱི་མ་ལས་དུག་དང་དུ་འཇོམ་པ་བྱེད ་ཀྱི་ལེའུ་སྟེ་དང་པོའོ། ། །། དེ་ནས་གནོད་སྦྱིན་གཏུམ་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དུག་ཆེན་པོ་དེ་དག་སྨིན་པ་ལ།། གདོན་པའི་ལས་དག་གང་གིས་བགྱི།། ནན་ཏན་གྱིས་ནི་བཀའ་སྩོལ་ཅིག། ཅེས་གསོལ་པས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཛྲ་སརྦཥྚི་ཙིཏྟ་རྦད་ནན། མ་ཧཱ་ཀཱ་ལ་ཙིཏ་ཏ་རྦད་ནན། སརྦ་ཤཏྲཱུཾ་མཱ་ར་ཡ་རྦད་ནན།། ཞག་གྲངས་ཉི་ཤུ་གཅིག་ཏུ་བྱ།། ནས་ལངས་ཉི་མ་ཤ་ར་ཀ་ར།། སྟོང་ཚ་རེ་སྟེ་དེ་བཞིན་དུ།། སྲོད་དང་ཐོ་ར ་ནམགུང་ལ། ། མེ་ཁྲག་གསུམ་དང་དྲུག་སྣ་དང་།། དྲག་པོ་རྫས་རྣམས་དག་གིས་བྲབ།། ནཱ་གའི་གཟུགས་བྱས་རྫའི་ནང་།། གཟུགས་ནད་པལ་སྔགས་ཕྲེང་བསྐོར།། རྫ་ནང་ཐལ་ཆེན་འབྲ་བ་ཁུང་དུའོ།། སྔགས་པར་རྩ་བའི་འཁོར་ལོ་ཡིས།། ་ཁ་ཆོད་སྨེ་གོས་ནག་པོ་དག་པ།། དེ་ནས་དྲག་པོའི་སྦྱིན་སྲེག་བྱ།། ཅེས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་གདུག་པ་སྲོག་གི་འཁོར་ལོའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་གསུངས་པ ་ནཱ་གའི་གཟུགས་ལ་རེག་ཆ་ནི། ། སྔགས་ཀྱི་འབྲུ་བཞིན་སྔགས་བཀོད་དེ།། ཀླུ་རྒྱལ་བཞི་གཟུགས་མཐར་བཞག་ནས། གདུག་པ་ལས་ཀྱི་འཁོར་ལོ་བསྐོར།། དང་པོའི་ཞིབ་ཐ་མར་དྲག། དང་པོར་དྲག་ལ་ཐ་མར་ཞི།། ཐོག་ཐ་གཉིས་ཀ་ཞི་དང ་དྲཀ། ཨོཾ་ནཱ་ག་རཱ་ཛཱ་ས་མ་ཡ། ཨ་བ་ལ་ཡ་ཙི་ཏཱ་ཛྭ་ལཱ་ཡ། ས་མ་ཡ་སྭཱ་ཧཱ། ཉི་ཤུ་གཅིག་གིས་མཐར་དབྱུང་ངོ་ཞེས་གསུངསོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གང་བ་རྒྱུད་ཕྱི་མའི་ཕྱི་མ་ལས་དམ་ཚིག་སྲོག་གི་འཁོར་ལོ་འཇམ་དཔལ་དང ་ནུབ་པའི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ། ། ། དེ་ནས་ཡང་གནོད་སྦྱིན་གཏུམ་པོས་གསོལ་པ།། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན་བསྟན་པ་ལ་གནོད་པ་དང་གདུག་པ་ཅན་འདུལ་བ་ཐུན་མོང་གི་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུན་མོང་ཕྱི་རུ་གསང་འདོད་ན། ཕྲིན་ལས་མི་འགྱུར་འཁོར་ལོ་བསྐོར།། འཁོར་ལོར་གཞུག་དང་གཟུགས་ལ་གདབ།། གསང་བའི་འཁོར་ལོ་ལྟོ་སྦྱར་དུ། གང་དམིགས་གཟུགས་དེ་ཁྲག་ཏུ་བྲི།། ་སྙིང་ལར་མིང་བྲི་ལྟེ་བ་ལ།། ཤྭ་དྭིར་ཏེ་མགོ་བོ་ལ།། བན་དྷ་བན་དྷ་ཅེས་པ་དགོད།། ཡན་ལག་བཞི་པ་ཧན་སྟེ།། སཱ་ར་ཡ། བ་གཉིས་དང་ནི་མཚན་མ་ལའོ།། དམིགས་པས་ནས་ཟག་པའི་རྫས།། བླངས་ཏེ་བོང་བུའི་ཆུས་སྤྲས་ལ། ་གཟུགས་བྱ་ཡིག་འབྲུ་རྣམས།། གནསུ་བཀོད་སྔོན་དང་བཅིང་དུག་རྫས་གཏུམ་པའི་རྫས་ཀྱིས་གཏུམ།། བཙོན་ཁང་བསྐུར་ཏེ་ཐུན་རྣམས་དཔབ།། ཟླ་བ་གཅིག་ཏུ་གནག་པར་བྱ།། བདུན་བདུན་བསྐོར་བྱ་བར་བར་དུ།། མཆོད་པའི ་ལས་བྱ་མཚན་ཐུན་དབབ། ། སྲེག་དང་གནན་པས་མཐའ་བརྟུལ་བྱ།། ཅེས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་བྱི་མ་ལས་ཕྲིན་ལས་མི་འགྱུར་བའི་འཁོར་ལོའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་གནོད ་སྦྱིན་གཏུམ་པོས་གསོལ་བ། ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན། གདུལ་དཀའ་བའི་གདོལ་པ་ཅན་རྣམས་ཀྱི་ལོ་ཏོག་འཇོམས་པའི་ཐབས་བཀའ་སྩལ་དུ་གསོལ་བ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལོ་ཏོག་འཇོམས ་པོའི་ལས་བྱ་ན། ནཱ་ག་གཟིར་ཏེ་གཞོམ་པར་བྱ་ཞེས་སྟོབས་ཀྱི་ཡི་གེ་འབྲུ་བཞི་དང་། མི་འགྱུར་བའི་ཡི་གེ་འབྲུ་གསུམ་གསུངས་པ།། ཨོཾ་ཧཱཾ་བཛྲ་མ་ཧཱ་བ་ལ། ཞེས་གཏུམ་པོ་སྟོབས་ཆེན་པོའི་སྔགས་གསུངས་སོ།། ནཱ་ག་ཙིང་ཏ་རྦང་ནན ་ཅེས་ཀླུའི་སྙིང་གཟེར་དྲུག་པ་གསུངསོ། ། སརྦ་དུ་ཤྭཱ་ན། ཞེས་ཐམས་ཅད་དབང་དུ་སྡུད་པ་གསུང་སོ།། ཕོབ་ཤར་ཤར་ཕོབ། ཅེས་ཆུ་འཁྱགས་ཀྱི་སྙིང་པོ་གསུང་སོ།། གཅིག་ཏུ་དྲིལ་ཞིང་བརྡེག་པར་བྱ།། ནཱ་གའི་གཟུགས་བཅོས་སྔགས ་བཀོད་ནས། ། ཡུངས་ཀར་བརྡེག་ཅིང་ཕུར་བུས་གདབ།། མཛེ་ཐོང་ནང་དུ་ཀླུ་གཟུགས་གཞུག། ཁྲག་ཆེན་བཙན་དུག་གླ་བའི་ཁྲག། ཡུངས་ཀར་ཡུངས་ནག་སྔགས་ཤིང་བརྡེག། ཀླུ་གཟུགས་ནིམ་པའི་ཆུ་ནས་དབྱུང་།། དང་པོ ་ཆོ་ཕྲུལ་ཆེ་བར་འདོད། ། མས་ཐག་པན་དཔབ་ལས་བྱ།། བསད་ཅིང་རོ་རུ་འདུག་པ་ན། དུས་ལས་ཡོལ་ཏེ་ཕེབས་མི་འགྱུར།། རྟགས་དང་ལྡན་པར་འགྱུར་བ་ན།། བདག་ཉིད་ཏིང་འཛིན་ལྡན་པ་ཡིས།། དྲག་པོའི་སྔགས་ཀྱིས་ཀླུ ་གཟུགས་བཏུམ། ། རྫས་དང་ཐོད་པ་ཆུ་མིག་མནན།། དྲག་པོ་རྒྱུ་བའི་དུས་དང་སྦྱར།། འཇིག་རྟེན་ལྡོག་པར་ཐེ་ཙོམ་མེད། ཅེས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུ་དབྱིམ་འབྱེ་མ་ལས་ཆུ་འབྱགས་ལོ་ཏེག ་འཇོམས་བྱེད་ཀྱི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་དྲེགས་པ་ཅན་ཐམས་ཅད་ཤིན་ཏུ་ཡང་ཡིད་རང་བར་གྱུར།། ལྗོན་ཤིང་ལ་དུས་ཀྱི་རླུང་དྲག་པོས་བསྐྱོད་པ་བཞིན་འདར་བཞིན་དུ་འབོད་དེ། བཀའ་བཞིན་དུ་བགྱིད་དོ།། ཞེས་འཛེར་ཅིང ་སྤྱན་སྔན་འཁོད་པ་ལས་གནོད་སྦྱིན་གཏུམ་པོས་གསོལ་པ། ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ཀྱི་བསྟན་པ་ལ་གནས་པའི་སླད་དུ་ལས་གནང་ལ་དབབ་དུ་གསོལ་ཞེས་གསོལ་བས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བདུད་རྣམས་ལས་ལ་གཞུག་པ་ནི།། ཁ་རག་ནག་པོ་ཁྲ་མཱ་ཡ་ནརི་མཱ་ར་ཛཱ་ན་ཁུག་ཛཱ།། བཙན་རྣམས་ལས་ལ་གཞུག་པ་ནི།། ཨི་བི་ཤུ་རག་ཤ་ཚལ་བ་ཨ་ནརི་ཏྲི་ཛཱི་ཛཱ། ཀླུ་བ་ཙན་ལས་ལ་གཞུག་པ་ནི།། ནཱ་ག་རཱ་ཛཱ་ཤུ་ལ་ཨ། ཏྲི་ཛ་ཛ་མཱ་ར ་ཡནརྀ་ལོ་སོང་། ། རྒྱལ་པོ་ལས་ལ་གཞུག་པ་ནི། ཏྲོ་ཏ་ནི་ཏྲོ་ཏ་ནི། བ་ཏྲ་བ་ཏཱ། ཤཱུ་ལ་ཤཱ་ལ། དྷ་ཤ་དྲི་བ་མཱ་ར་ཡ་ནརི་ཛ་ཛ་རྦད།། ཀླུ་རྣམས་ལས་ལ་གཞུག་པ་ནི། ནཱ་ག་གུར་ལིང་། སྙིང་ཁྲག་བམ་རུ་ལནཱ། ང་དེས་དང་ཅད། ང་མ་ཤི་བ་ལ་ག་རྦ།། གཉནབས་པ ་གཞུག་པ་ནི། ། ཨུ་ཏ་ལ་ཁ་དར་སིང་ག་རག་ཤ་ཁ་ལ་ནི་དུན་མཱ་རནཱ་དུ་ན་རྦད་ཛ། དེ་དག་གི་ཕྱག་བརྙན་ལས་ལ་གཟུང་བ་ནི་ཛ་ལ་ཛ་ནི་ཧན་ནཱི་མ་དུས། སྙིང་ཁ་ལ་ནི་ཛ་ཛ། ཛ་ན་རྦད་བུ་ཁ་ར་ལ་རིག་ཤ་རྦད།། ལ་རེག་བྱད་གཞུག་རེབས ་དྲིལ། ། རྟ་ན་ག་ཐོད་པར་གཙུག་ནས་ཀྱང་།། ནུབ་ཀྱི་ཕྱོགས་ཀྱི་བྲག་ན་ག་ཅར།། འཐུན་པའི་རྫས་དང་མིང་བྱང་སྐྲག། རྟ་ནག་ལུག་ནག་སྙིང་དག་དང་།། ལུག་ནག་མཐིང་ནག་དར་གྱིས་བརྒྱན།། ཏ་ནག་ཐོད་བཅུག་བྲག་རྩར་གཏད།། ་འཐུནས་ཡང་ཀྱིས་དུག་གིས་ཟག། མང་ནགྶ་དང་རྣཾལས་ག་ན།། བདས།། དུས་མང་དུང་གཟུགས།། བདུ་གགས་ས་ཝཱ།། ནུས་ག་ཟུགག་ས་བད།། ་བྲག་དམར་ཡོད་པར་གཏད།། མིང་རུས་བྲིས་ལ་ཟའ་གདྲིལ།། འཛིན་མེ་སྤྲེའུ་ཡི་མགོ་ཙ་རུ།། ཏ་དང་བྱ་དང་ལུག་དཀར་སྙིད་།། སྤྱན་གཟིགས་དཀོར་འབྲུ་ཟ་འག་དྲིལ།། ཐོད་པར་གཙུག་སྟེལྔ ་ཁང་གི། ཐེམ་པའི་འོག་ཏུ་མནན་པར་བྱ།། ཤ་ཏཱཾ་སྦལ་ནག་ལྟོ་བར་བྲི།། གླང་དམར་རྭ་རུང་བཅུག་ལ་དྲིལ།། རྩི་སྨན་འབྲུ་དང་རིན་པོ་ཆེ།། བ་དམར་གླང་རུར་བླུག་ནས་ཀྱང་།། ན་ག་གདུག་པའི་ལག་ཏུ ་གཏད། ། མཛོདའི་ཐོད་པར་མི་བྱང་གཞུ།། ནུ་ཏའི་གཟུགས་དང་རྟ་སྔོན་སྙིང་།། ཐོད་པར་བཅུག་སྟེ་རྒྱ་མཚོར་བསྒྱུར།། ཙར་དམར་པོའི་ཐོད་བརླ།། ཤ་དྷཱ་མིང་གཟུགས་དང་དམར་དྲིལ།། སྔོན ་དམར་དོག་པས་དམ་དུ་བཅིང་། ། བྱ་དམར་ར་དམར་སྙིང་དང་གཟུགས།། ཐོད་པར་བཤོས་ཆ་དམར་པོར་གཞུག། བྱང་ཕྱོག་བྲག་དམར་རྩ་རུ་གནན།། རྣག་པའི་མིང་བྱད་བྲིས་ནས་ཀྱང་།། རྩར་སྔོན་མོའི ་ཐོད་པར་གཞུག། མཛེ་ཏལ་བ་ལང་དྲེའུ་ཡི་ཡང་།། ཐོད་པར་བཙུག་སྟེ་ཆུ་འགྲམ་དང་།། ཤིང་གཅིག་རྩ་རུ་གནན་པར་བྱ།། ཏིང་འཛིན་སྔགས་དང་རྫས་རྣམས་ཀྱིས།། རང་གི་བྱ་བ་ནན ་ཏན་བྱོས། ། ཤེས་གསུངས་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་བསྟན་པ་ལ་གནོད་པ་ཚམ་ལ་དབབ་པའི་ལེའུ་སྔགས་ཀྱི་བོད་བསྟན་པ་སྟེ་དྲུག་པའོ།། ་དེནས་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན་གདུག་པ་ཅན་ཕྱག་བརྙན་བཅས་པའི་སྦྱོར་བའི་མཐུ་བཟློག་པའི་ཐབས་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོ ་པས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དེ་ནས་སྦྱོར་བའི་མཐུ་བཟླག་ན།། རང་ལས་སྦས་ཏེད་དེ་དགག། མིག་གི་འབྲས་བུ་གཙར་བར་བྱ།། རང་ལུས ་སྦ་བར་བྱ་བ་ནི། རྩེ་གྲོ་མག་གི་འབྲས་བུ་གཅར།། ནག་པོ་ཁཱ་ཏའི་འབྲས་བུ་དང་།། ཅར་རིག་པོའི་འབྲས་བུ་གཉིས།། མིག་ལ་བསྐུས་ཏེ་ནོར་བུ་བཙ་ལ།། རྙེད་ནས་ལུས་བཅད་རེ་ཁྲིད ་འགྲིམ། ། དེ་དག་རྙེད་པར་མགྱུར་ན།། གསེར་དང་དངུལ་རྔོ་ན་ཉེའི་ཇེ།། སྭཱ་ཚི་ལ་དང་ནི་ཨརྦ་ར།། བ་རུར་དང་པི་པི་ལིང་།། པི་བ་རེས་རྣམས་ཆ་བཉམ་ཏེ།། @ཛྲ། ་སྟེ་རྫི་དང་རླངས་ལ་གཟབ།། དེ་དག་གཞན་གྱི་སྦྱོར་བ་ཡིས། བདག་གམ་གཞན་ལས་འཆ་འགྱུར་ན།། དྲེགས་པ་ཀུན་མི་འབྲས་བུ་གཅར།། ལྟོ་འཕྱེའི་ཤ་དང་སྦལ་འདྲ ་ཤ། ས་ཆུ་དག་ན་གནས་པའི་མི།། གླང་མའོ་སྒྲོན་ཤིང་འབྲས་བུ་དང་།། མེ་མ་བཏང་བའི་དུ་བ་དང་།། ཉག་གཅིག་པོའི་དྲི་ཆེན་དང་།། སེམས་མ་ཆགས་པའི་ཤ་རྣམས་ཀུན།། ། ་ལེགས་པར་ནན་ཏན་བྱས་བཅས་ནས།། འཇིག་རྟེན་པའི་ལྷ་རྣམས་ཀྱི།། རྣམ་པར་དག་པས་མཐོང་མི་འགྱུར།། གདུག་པའི་ཀླུ་རྣམས་འགྲམ་པའི་གདོན།། དེ་དག ་འབྲས་བུར་བཅར་བ་ནི། ། ཕག་པོ་རོག་པོའི་དོན་སྙིང་ལྔ།། ལྷ་པོག་ནག་པོའི་གསེར་ལུམ་དང་།། ཐར་མུའི་ཐངས་ཉམས་རྙེད་གདུང་སྟེ།། ལུས་ལ་བཅངས་པར་གྱུར་པ ་ན། ། ཤ་མིག་རྣམ་པར་དག་པ་ཡི།། ཀླུ་ཆེན་བརྒྱད་ཀྱིས་ལྟས་གྱུར་ཀྱང་།། མཐོང་བར་འགྱུར་བ་མ་ཡིན་ནོ།། ཞེས་གསུངས་སོ།། དཔལ་རྡོ་རྗེ་གཏུམ ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ལུས་རྣམ་པར་སྦ་བའི་ལེའུ་སྟེ་བདུན་པའོ། ། ། དེ་ནས་ལྷའི་དབང་པོའི་དང་།། གནོད་སྦྱིན་གྱི་དེད་དཔོན་ལག ་ནརྡོ་རྗེ་གཏུམ་པོ་དང་། ། གནོད་སྦྱིན་གྱི་དེད་དཔོན་ལགན་རྡོ་རྫོགས་སྔོན་པ་ཅན་དང་།། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་སྟོབས་པ་ཆེ་དང་།། གནོད་སྦྱིན་གྱི་དད་དཔོན་ལ་གན ་རྗེ་གསང་བའི་བདག་པོ་དང་། ། དེ་དག་ལ་སོགས་པ་འདུས་པའི་ཚོགས་ཆེན་པོ་རྣམས་དང་རབ་ཏུ་ཡང་ཡིད་རངས་ཏེ།། ལན་བརྒྱ་སྟོང་དུ་མར་མཆོད་ཅིང་བསྐོར་ནས་མངོན་པར་བསྟོད་དོ།། ་དེ་ནས་ལགན་རྡོ་རྗེ་བཞི་ལ་བཀའ་སྩལ་པ།། ལག་ན་རྡོ་རྗེ་བཞི་པ་དང་།། རླུང་འདི་དག་གང་ན་གནས་པར་ཁྱེད་ཀྱང་རྗེས་སུ་འབྲངས་ལ་རྒྱུད་འདི་མཆོད་པ་དུས་གསམ་དུ་མརྗོ ་བཀུར་བར་གྱིས་ཤིག། དེའི་དགོས་པ་གང་ཅི་ཡང་རུང་བ་མ་ལུས་པར་བསྒྲུབས་ཤིག། ཕྱི་མའི་དུས་ན་ཨོ་ཏྲི་ཡུལ་དུ་རྒྱས་པར་འགྱུར་གྱིས་དེར་བསྲུང་བར་བྱོས་ཤིག། ཅེས་གསུངས ་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བཞུགས་སོ། ། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་ཀླུད་ཕྱི་མའི་ཕྱིམ་ལས་ཡོངས་སུ་གཏང་བའི་ལེའུ་སྟེ་བདྡྷ ་པའོ། ། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་རྫོགས་སྷོ།། #།། རྒྱ་གར་གྱི་སློབ་དཔོན་ཨ་ཡུ་གཏིལ་དང་། བོད་ཀྱི ་བླ་བན་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པའོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ་