CLOSE WINDOW

Q93: dpal rdo rje gtum po thugs gsang ba'i rgyud
Wyliee-texts produced with BDRC’s OCR application

ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎ་ཌ་ཙིཏ་ཏ་གུ་ཧྱ་ཏན་ཏྲ། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་དཔལ་གཏུམ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན། འོག་མིན་གྱི་གནས་ལང་ལོ་ཅན་གྱི་ཕོ་བྲང་ན་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལ་གཟིགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་ལོངས་རྫོགས་པའི་སྐུ་དང་།། སྤྲུལ་པའི་སྟེང་རྡོ་ངོའི།། ་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུས་འགྲོ་བའི་དོན་མཛད་དོ།། བརྗོད་མེད་དོན་གྱི་གསུང་དང་།། དགོངས་པ་བརྡའི་གསུང་དང་།། ཚངས་པ་དབྱངས་ཀྱི་གསུང་དང་། དབྱེར་མི་ཕྱེད་པའི་གསུང་དང་།། རིག་པའི་བྱིན་གྱིས་རླབས་ཀྱི ་གསུང་གིས་འགྲོ་བའི་དོན་མཛད། ། ཆོས་ཀྱི་དབྱིངས་ཀྱི་ཐུགས་དང་། མེ་ལོང་ལྟ་བུའི་ཐུགས་དང་། མཉམ་པ་ཉིད་ཀྱི་ཐུགས་དང་སོ་སོར་ཀུན་རྟོག་གི་ཐུགས་དང་།། བྱ་བ་གྲུབ་པའི་ཐུགས་ཀྱིས་འགྲོ་བའི་དོན་མཛད་།། གནས་དང་། ་གདན་ཁྲི་དང་འཁོར་དང་། འདུལ་བའི་ཞིང་དང་། སྐུ་འོད་ཟེར་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་དོ།། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད།། དེའི་ཚེ་དེའི་དུས་ན། ་བཅོམ་ལྡན་འདས་རིགས་ལྔ་དང་། རིགས་གསུམ་ལ་སོགས་པའི་སངས་རྒྱས་ཀྱིས་སེམས་ཅན་འདུལ་བའི་དུས་ལ་བབ་པར་གཟིགས་ནས་མ་ཆགས་པའི་ཐུགས་རྗེས་རྣམ་པ་སྣ་ཚོགས་པའི་སྤྲུལ་པས་འགྲོ་བའི་དོན་མཛད་པའོ།། ་དེའི་ཚེ་ན་ལྷམ་སྲིད་ཤིན་ཏུ་དྲེགས་པ་དང་། དྲེགས་པའི་དུ་དྲཞེན་ཆགས་ཀྱི་འདམ་ན་གནས་པ།། ང་རྒྱལ་གྱི་རི་རབ་ལ་གནས་པ་ཕྲག་དོག་གི་རླུང་སེམས་ལ་འཚུབ་པ། གཏི་མུག་མུན་པའི་གཡུང་དྲུང་ན་གནས་པ། དེ་ལྟ་བུ ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་གཅིག་ཏུ་གྱུར་ཏེ། མི་གནས་པའི་ཡེ་ཤེས་ཆེན་པོ་ལས་རྡོ་རྗེའི་རིགས་དང་བུད་དྷའི་རིགས་དང་།། རིན་པོ་ཆེའི་རིགས་དང་པད་མའི་རིགས ་དང་། ལས་ཀྱི་རིགསུ་གྱུར་ཏེ།། སོ་སོའི་ཡུམ་དང་ཆོས་ནས་བཞུགས་ཏེ་ཐུགས་འདུས་པའི་བྱིན་གྱིས་བརླབས་ལས་ཐམས་ཅད་ཀྱི་རིགས་ཀྱི་སངས་རྒྱས་སྐུ་བཻ་དཱུརྱའི་རང་བཞིན་ལྟར་སྔོ་བ། སྔོན་པོར་སྣང་བ། སྔོན་པར ་གྱུར་པ། རིན་པོ་ཆེ་ཨིནྡྲ་ནི་ལ་ལྗང་ཁུ་ལྟ་བུའི་ཁ་དོག་ཏུ་སྣང་བ། ལྕང་ལོ་ཅན་གྱི་ཆ་བྱད་ཕྱག་ན་རྡོ་རྗེ་བསྣམས་ནས་ཐུག་ཁར་བརྟན་པ་བྱུང་ངོ་།། བྱུང་བར་གྱུར་ཏོ།། དེའི་མཐུ་དང་སྟོབས་ཀྱིས་འཇིག་རྟེན་ན་གནས་པའི་དྲེགས་པ་ཅན ་བཏུལ་ཏེ། ། དམ་ལ་བཏགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དཔལ་རྡོ་རྗེ་གཏུམ་པོ་ཐམས་ཅད་གསང་བའི་རྒྱུད་ལས་གླེང་བཞིའི་ལེའུ་དང་པོའོ།། །། ཡང་དེའི་ཚེ་ན་ཉོན་མོངས་པ་ལ་གནས་པའི་སེམས་ཅན ་ཞི་བས་མི་འདུལ་བར་གྱུར་པ་དག་གནས་པ་ལས་རིགས་ལྔའི་བཅོམ་ལྡན་འདས་རྣམས་ཀྱིས་གསང་བའི་བདག་པོ་ལ་བཀའ་བསྒོབ་སྟེ། ། ཀྱེ་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀུན་གྱི་བདག ་པོ་ཞི་བས་མི་འདུལ་བའི་སེམས་ཅན་ལ་ཐམས་ཅད་ཐོས་པའི་ཚུལ་གྱིས་འཚུལ་དུགསོལ་ཞེས་བཀའ་སྩལ་ཏོ། ། ཨོཾ་བཛྲ་པཱ་ཎི་ཀྲོ་དྷ་ཀྲི་དྷི་ཏྲཱཾ་ཧཱུ~ཾ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་ལེན་གསུམ་ཆེད་དེ་བརྗོད་པ་ལས་གནོད་སྦྱིན་གྱི་སྡེ་དཔོན ་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་མཆེ་བ་གཙིགས་ཤིང་འཚམ་པ་མིག་མེ་མདག་གི་ཕུང་པོ་ལྟར་འབར་བ། ། དབུགས་དུར་ཁྲོད་ཀྱི་མེ་ལྕེ་ལྟར་འབར་བ།། འཇིགས་པའི་ང་རོ་བསྐལ་པའི་དུས་མཐའ་ལྟར་སྒྲོགས་པ་ལག་པ ་དང་རྐང་པ་ཀླུའི་རྒྱལ་པོ་ནོར་བུ་དང་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུའི་རྒྱལ་པོ་ནག་པོ་དང་ཉེ་གནག་པོས་སེ་རལ་ཁར་བརྒྱན་པ།། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ་སྦྲུལ་གདུག་པ་འབར་བ་ཟ་བ། ་བཞིན་རྒྱས་པ།། སྤྲིན་མ་སེར་ནག་དཔྲལ་བ་ལ་བསྡུས་པ།། གཤིན་རྗེའི་ཆ་བྱད་ཅན། ལྕེ་ཀློག་ལྟར་འགྲུ་བ། གསུས་པོ་ཆེ་སྦྲུལ་ཟག། ལག་པའི་ཐལ་མོ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་རྐེ། ་རེགསུ་བཅིངས་པ། ཨ་ལ་ལ་ཞེས་འཇིགས་པར་བྱེད་པ། སྐྲག་པར་བྱེད་པ། རྒྱ་མཚོའི་ཟབ་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་པུས་མོ་ཙམ་དུ་ཕྱིན་པ།། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་བརླག་པར ་བྱེད་པ། ཧ་ལའི་གང་ཆུངས་ཆེ་པོ་རྒོད་པས་ཀུན་དུ་འཁྲུག་པར་བྱེད་པ།། ཁམས་གསུམ་འཇིགས་ཤིང་སྐྲག་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ཞིག་བྱུང་སྟེ། རང་གི་གཟུངས་སྔགས་འདི་ཆང་དུ་བརྗོད་དོ།། ཏདྱ་ཐཱ། བྷྱོདྷ ་བཱན་ནཱ་ག་ཨ་དྷི་བ་ཏ་ཡེ། ཨི་དན་ནཱི་ལཱ་མ་བར་དྷ་ར་ཤ་རཱི་ར། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿས་མ་ཏི་ཀྲ་མ་ཏི། ཨུད་སཱ་དནཾ་བྷ་བིཥྱ་ཏི། ཏདྱ་ཐཱ་བུད་དྷ་བུད་དྷ་བིབྷྲིད་དྷ། མ་ཧཱི་བྲབ་ཏ། ཧ་ར་ཧ་ར་ནཱ་ག་ནཱ་པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱ། ཙྪི་དནྣི་ད་ནཱ་ག་ཏྲིད ་ཡཱ་ནི། བྷིན་དྷ་བྷིན་དྷ་ནཱ་ག་ད་མ་ཎི། བི་ས་མ་དྷ་ནཱ་ཤ་ཕཊ། ཤ་རཱི་རཾ། བི་སྥོ་ཊ་ཡ་ནཱ་ག་ཡ་ནཱ་ནི། ཏདྱ་ཐཱ་ཧཱུ~ཾ་ཕཊ། ནཱ་ག་བཱི་དཱ་ར་ཎཱ་ཡ་ཕཊ། ནཱ་ག་གོད་སཱ་ད་ནཱ་ཡ་ཕཊ། ནཱི་ལཱ་མ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་བ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན ་ཏཡ་ཕཊ། ཀྲི་ཏཱན་ཏ་རཱ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་མ་ཎཱ་ཨུད་སཱ་ད་ནཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་བི་ནཱ་ཤ་ཀ་ཪྵ་ཡ་ཕཊ། ཡཥ་ཨ་བ་སྨ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ད་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ལ། ་སརྦ་བིགྷན་བི་ནཱི་ཤ་ཀ་རཱ་ཡ་བཊ། སརྦ་ཤ་ཏྲཱ~ཾ་ས་གྷ་བི་ནཱ་ཤེ་ཀ་རཱ་ཡ་ཕཊ། ནཱི་ལཱ་མ་བ་ར་དྷ་ར་བཛྲརཱདྷི་རཱ་ཛྙཱ་བ་ཡ་ཏི་སྭཱཧཱ།། དེ་སྐད་ཅེས་བཀའ་སྩལ་མ་ཐོག་ཏུ་དྲེགས་པ་ཅན་ཕལ་པ་དག་གི་རི་མོ་བཞིན་གཡོ་བ་མེད་པར་གྱུར་ཏེ། ་རྒྱལ་རབ་ཏུ་བརྒྱལ་བ་ལས་ཕྱིར་དྲན་པ་སངས་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད་ནི་ཐུགས་རྗེའི་མངའ་བདག་ཀུན་གྱི་མགོན་དང་སྐྱབསུ་གྱུར་པ་ལགས་ན་བདག་ཅག་གི་སྡུག་བསྔལ་འདི་ལས་ཐར་བར་མཛད ་དུ་གསོལ་ཞེས་གསོལ་ཏོ། ། དེ་ནས་དྲེགས་པ་ཅན་དེ་དག་དམ་ལ་བཏགས་ཏེ་དབང་སྐུར་དམ་ཚིག་བོག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དཔལ་རྡོ་རྗེ་གཏུམ་པོ་ཐམས་ཅད་གསང་བའི་རྒྱུད་ལས་དྲེགས་པ་ཞའའ་བ་བརྟུལ་བའི་ལེའུ ་སྟེ་གཉིས་པའོ། ། །། དེ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་དག་ཤིན་དུ་ཡང་དྲེགས་བགུད་བ་དགང་དིན་སྟེ།། ཀླུ་རྒྱལ་རིགས་ཀྱི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བ་དང་། རྗེའུ་རིགས་ཀྱི་རྒྱལ་པོ་ཀུན་ནས་གདུགས་ཤེས་བྱ་བ་དང་། བྲམ་ཟེ ་རིགས་ཀྱི་རྒྱལ་པོ་ཆུ་ལྷ་ཞེས་བྱ་བ་དང་། ། གདོལ་པའི་རྒྱལ་པོ་ཤུལ་བུ་ཀ་ར་ཞེས་བྱ་བ་དང་། བདུད་ཀྱི་རྒྱལ་པོ་སྐོས་རྗེ་དྲང་དཀར་དང་། གཟའ་རྒོད་ཆེན་པོ་དང་དཀར་པོ་དུང་གི་ཟོར་ཚུགས་ཅན་དང་། བཅན་གྱི་རྒྱལ་པོ་དམར་པོ་སྲོས ་ལེན་དང་། གཤིན་རྗེའི་རྒྱལ་པོ་དམིགས་པ་དང་། མ་མོའི་རྒྱལ་མོ་མཁའ་དབྱིས་ཀྱི་བུས་ད། གཤིན་རྗེའི་སྲིང་མོ་བུང་བྱེད་རེ་མ་ཏི་ལ་སོགས་པ་དང་། ཤིན་ཏུ་དྲེགས་པ་ཅན་གྱིས་འཇིག་རྟེན་བུང་བར་བྱེད་པ་དག་མཐུལ་བ་ལ ་ལོངས་སྤྱོད་རྫོགས་པའི་སྐུ་ལྔས་ཀྱི་གསང་བའི་བདག་པོ་དག་དྲེགས་པ་ཕོ་མོ་དག་ཐུལ་བར་མ་གྱུར་ཏེ། ཐམས་ཅད་ཀྱི་ཐབས་ཀྱིས་དྲེགས་པ་ཉོན་མོངས་པ་འདུལ་བར་བྱའོ།། ཞེས་བཀའ་སྩལ་ཏོ།། དུས་གསུམ ་གྱི་སངས་རྒྱས་ཐམས་ཅད་ཀྱང་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསུང་སོ། ། འཇིག་རྟེན་གྱི་དྲེགས་པ་འདི་དག་འདོད་ཆགས་ལ་གནས་པས་སེམས་ཅན་ལ་རྣམ་པར་མཚེའི།། ཀུན་གྱི་ལུས་དང་སྲེག་མ་རུངས་པར་བྱེད་པ ་ཁྱོད་ཀྱིས་ཐམས་ཅད་ཁྲོས་པའི་ཚུལ་གྱིས་ཐུལ་ཤིག་ཅེས་བསྒྲེའོ། ། ཕྱོགས་བཅུའི་ཞིང་ཁམས་རྣམ་པར་དག་པ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིགས་སོ་སོར་ཀུན་ནས་འདུས་པ་རྣམས ་ཀྱང་གསུང་གཅིག་གིས་དངོས་འདི་སྐད་ཅེས་གསུང་སོ། ། གསང་བའི་བདག་པོ་ཁྱོད་ཤིན་དུ་ཁྲོས་པའི་ཚུལ་སྟོན་ལ་མ་མཆིས་པའི་སྟོབས་ཀྱིས་དྲེགས་པ་ཅན་ཐུལ་ཤིག་ཅེས་བཀའ་བསྒྲེའོ།། གཞན་ཡང་རིག་སྔགས་དང་། གསང་སྔགས ་དང་། གཟུངས་སྔགས་ཀྱི་བདག་པོ་ཐམས་ཅད་འདུས་ཏེ། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བ་དང་། རིགས་ཀྱི་སྤྲུལ་པ་དང་། རིགས་ཀྱི་ཕོ་ཉ་མོ་ལ་སོགས་པ་ཐམས་ཅད་འདུས་ན་ས་མགྲིན་གཅིག ་ཏུ་བཀའ་སྩལ་པ། གསང་བའི་བདག་པོ་འདུལ་བྱའི་ཞིང་འདི་དག་ཞི་བའི་ཆ་བྱད་ཀྱིས་མི་འདུལ་བས་ཞེ་སྡང་དང་། གདུག་སེམས་སུ་བཅས་པ་ཉོན་མོ་དྲ་བ་རང་དགའ་མར་སྤྱོད་པ། འདོད་པའི་སྐེམ་གྱིས་གདུངས་པ་འདི་དག ་ཁྱོད་ཀྱི་མཐུའི་སྟོབས་ཀྱིས་ཤིན་ཏུ་ཁྲོས་པའི་ཆ་བྱད་སྟོན་ལ་མ་འཆི་བར་མྱུར་བར་རབ་ཏུ་ཐུལ་ཤིག་ཅེས་བཀའ་བསྒོའོ། ། དེ་ནས་སྐུ་མི་སྣང་བ་ཡེ་ཤེས་ཆེན་པོའི་དད་ལ་བཞུགས།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང ་བའི་རྒྱུད་ལས་ཁྲོ་བོར་བཀའ་བསྒོ་བའི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་རིགས་ལྔ་ཡབ་ཡུམ་གཉི་སུ་མེད་པའི་མཁའ་ལས་ཐུགས་རྗེ་ཁྲོས་པའི་ས་བོན་ཏུ་མཐིང་ནགཧ་ལ་ནག་པོའི་མདོག་ལྟ་བུའི་འོད་ཟེས ་སྣ་ཚོགས་འབར་ག། རབ་ཏུ་བར་དག། ཀུན་ཏུ་རབ་ཏུ་འབྱུང་བ་དག་བྱུང་སྟེ།། དེ་ཀུན་བྱས་བརླབས་ལས་ཐུགས་གན་མས་བརླབས་ལས་ཨ་མཐང་ནག་དང་། ཡ་སྭ་སྐཱ་དང་། ཥཱ་དམང་ནག་དང་། སྲས་ནག ་དངང་དམར་ནག་དང་། ཀོ་དཀར་སྐྱ་དང་། སྣ་ཚོགས་པའི་བྲུ་འབྲོས་པར་གྱུར་ཏོ།། དེ་དག་གི་འཕྲོ་འདུ་ལས་གྲུ་གསུམ་མཐིང་ནགན་མཁའ་དང་། སྡེ་སྐྲ་རླུང་ཟླ་གམ་དང་། དམར་ནག་རག་ཏའི་རྒྱ་མཚོ་དང་། སེར་ནག ་ཞིང་ཆེན་ས་གཞི་དང་། དཀར་སྐྱ་ཀོང་རུས་རི་རབ་དང་། སྣ་ཚོགས་རིན་པོ་ཆེའི་གཞལ་ཡས་ཁང་མཐིང་ནག་རྡོ་རྗེ་རྒྱ་གྲམ་ལས་ལྡན་གྱིས་གྲུབ་པའི་དཀྲོལ་འཁོར་དུ་གྱུར་ཏོ།། ཆོས་ཉིད་མི་འགྱུར་ལྷུན་གྱིས་གྲུབ ་བའི་ལྟེ་བ་མཐིང་ནག་ཟླུམ་པོ་འཕྲིན་ལས་རྣམ་པ་བཞིས་ལྷུན་གྱིས་གྲུབ་པའི་རྒྱ་གྲམ་གྱི་རྩེ་མོ་ཕྱོགས་བཅུར་འཕྲོག་པར་འཚམས་རིན་པོ་ཆེ་སྣ་བཞི་ལས་ལྷུན་གྱིས་གྲུབ་པ། གྲུ་ཚད་རིན་པོ་ཆེ་ལྗང་ཀུར་སྣང་བ ་སྒོ་བཞི་རིན་པོ་ཆེ་སྣ་བཞི་ཚད་མེད་པ་བཞིའི་འཕྲིན་ལས་སུ་སྣང་བ། སྣ་ཚོགས་ཀྱི་རྒྱན་རང་བཞིན་དུ་སྣང་བ།། རང་འབྱུང་བར་གྱུར་ཏོ།། དེ་ནས་ཧཱུཾ་མཐིང་ནག་ཁྲོ་བོའི་ས་བོན་དེ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་འོད ་ཚར་འཕྲོ་ག། རྡོ་རྗེ་ཕྲ་མོའི་འོད་ཟེར་ལས་རྡོ་རྗེ་ལྕགས་ཀྱུ་ཕྲ་མོ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཀུན་དང་། སྲོག་ལ་རྔམ་བིའི་སྲིན་པོ་ཕོ་མོ་སྣ་ཚོགས་པ་བཀུག་སྟེ། གཞལ་ཡས་ཁང་གི་ཕྱི ་རོལ་ཏུ་ཤིང་རྩ་བ་ནས་བསྒྱེལ་བ་བཞིན་དུ་གྱུར་ཏེ། རིམོ་བཞིན་གཡོ་བ་མེད་པར་གྱུར་ཏོ།། མཐུའི་བྱིན་གྱིས་བརླབས་ཀྱིས་འཁོར་ལོའི་སྟེ་དབུས་སུ་རྫོབ་བསྐུར་བ་བཞིན་དུ་འགྱུར་ཏོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་ཀྱང་སྟིར་བ་ཞེས་བརྗོད་པས་སྲིན་པོ་བེ་མེ་དྲན་པ་རྙེད་དེ་མདུན་དུ་གྱུར་ཏེ། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒུད་ལས་གཞལ་ཡས་ཁང་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཞི་པའོ།། ། ་དེ་ནས་ཐུགས་རྗེ་ཁྲོས་པའི་ཧཱུཾ་མཐིང་ནག་འོད་འབར་བ་ལས་དེ་བཞིན་གཤེགས་པ་ཀུན་གསུང་གཅིག་གིས་ཨ་བྷི་རོཥཱ་ཎ་ཧཱུཾ་ཞེས་གསུང་བ་ལས་ཁྲོ་གཉེར་བསྡུས་ཤིང་ཞལ་བགྲང་བས་དུག་གསུམ་རྩ་ནས་གཅོད ་པའི་མཆེ་བཟུར་གསུམ་གརྩིགས་པ། དེ་ལྟར་འབར་བའི་ཆ་བྱད་དུ་སྣང་བཞིག་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཆེན་པོ་གསུམ་གཡོས།། རབ་ཏུ་གཡོས།། ཀུན་དུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། དཔལ་རྡོ་རྗེ་གཏུམ ་པོ་ཐམས་ཅད་གསང་བའི་རྒྱུད་ལས་འབར་བའི་ཁྲོ་བ་ཁྲོས་པའི་ཚུལ་བསྐྱེད་པའི་ལེའུ་སྟེ་ལྔ་པའོ། ། །། དེའི་ཚེ་དེའི་དུས་ན། དུས་གསུམ་གྱི་ཐེག་པའི་བདག་པོ་ཐམས་ཅད་འདུས་སྟེ། ཡེ་ཤེས་ཀྱི་མཁའ་གསང་བའི་བུམ ་བས་འབར་བའི་ཁྲོ་བོ་དེའི་ལུས་ཀུན་བཀྲུས་ཏེ་ཡེ་ཤེས་ཀྱི་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་རོ། ། དག་པར་འཁྲུ་བར་བྱེད་པའི་ཉེ་ཤིང་བ་དང་། སྒྲིབ་པ་སྐྱོང་ཞིང་ཀུན་དུ་སྐྱོབ་པར་བྱེད་པའི་ཕུར་མོའི་ཐལ་བ་དང་། ཆོས་ཉིད་ཀྱི་རྩེ་དང་། ཡེ་ཤེས ་ཀྱི་བཅུད་མར་ལ་སོགས་པས་འགྲོ་བ་རྣམས་ཀྱི་ཚུལ་དང་ལྡན་པའི་ཕྱིར་དབང་བསྐུར་རོ། ། ཡེ་ཤེས་ཀྱི་ཁྲོ་བོ་དེ་ལུས་སིམ་ཞིང་རྒྱས་ཏེ་བདེ་བ་སྐྱེས་པར་གྱུར་ཏོ།། དེ་ནས་རིག་ཐམས་ཅད་ཀྱི་བདག་གོ། སངས་རྒྱས་ལྔ་ཡུམ་དང་བཅས ་པས་བདེ་བ་ལ་སྙོམས་པར་ཞུགས་ཏེ། གཉིསུ་མེད་པའི་མཁའ་ལས་ཡེ་ཤེས་ཀྱི་ཡིག་འབྲུ་ཀྵཾ་མཐིང་ཀ་དང་། ཀྵིཾ་དཀར་མོ་དང་། ཀྵིཾ་སེར་པོ་དང་། ཀྵིཾ་དམར་པོ་དང་། ཀྵི་ལྔ་ང་ཀུ་དང་། ཀྵིཾ་སྣ་ཚོགས་ཀྱི་མདོག་ཏུ་སྣང་བ་དག། ་མཐོན་ཏེ། གསུང་གཅིག་གིས་བསྐྱེད་བསྐུལ་གྱི་སྔགས་བཀའ་སྩལ་པ། ཨོཾ་ཉམས་སླ་ལན~ཾ་གྷ་རུ་ཎཱ་ཙ་ལི་ཙ་ལ་ཧཱུཾ་ཕཊ་ཅེས་གསུངས་པ་ལས་ཡེ་ཤེས་ལས་སྤྲུལ་པ་ཁྱུང་མཐང་ཀ་དང་།། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ་ལྗང་ཀུ་དང་། སོ་སོ་ནས་སྣ་ཚོགས་པ་འདུས་པའི་ཁྱུང་ལུས་དཀར་བ། གཤོག་པ་སྔོག་རྭ་ཡེ་ཤེས་སྤུ་གྲི་འབར་བ། གདུག་པ་ཅན་འདྲེན་ཅིང་ཟ་བ། འབར་བའི་ཁྲོ་བོའི་ཐུགས་རྗེ་ལ་གནས་པར་གྱུར་ཏོ།། ལུས་ཁ་དོག་ལྔ་ལ། ་མཆུན་ག་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པ། གཤོག་པ་ན་མཁའ་མཐའ་མཁེབས་པ། མག་གས་ཞུན་མ་བཞིན་དུ་སྣང་བ། གདུག་པའི་སྦྲུལ་རིགས་པའི་སོ་སོར་ཟ་བ་དག་སྤྱི་གཙུག་དང་། དཔྲལ་བ་དང་། རྣ་ལྷག་གཡས ་གཡོན་དང་། དབུའི་ལྷག་ཁུང་ལ་སོགས་པར་གན་སོ།། རིགས་སོ་སོ་ཕྱག་མཚན་སོ་སེཾས་དབང་བསྐུར་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་བདག་བོས་པ་ལས་སྐྱེགཙུག་སྦྱིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱད་མཀོ་ཏ་ཞེས ་གསུང་ཞིང་འཁོར་ལོ་བྱིན་ནོ། ། གསུང་རིགས་ཀྱི་བདག་པོས་ཀྱང་ཨཱ་སརྦ་ཏ་ཐཱ་ག་ཏ་བཱ་གཱ་བཛྲ་སྭ་བྷཱ་བཾ་ཨཱད་མ་ཀོ་ཧཾ་ཞེས་གསུང་ཞིང་ཆོས་ཀྱི་འཁོར་མགྲིན་པར་གཞག་གོ། ཐུགས་ཀྱི་རིགས་ཀྱི་བདག་པོས། ཧཱུཾ་སརྦ་ཏ་ཐཱ་ག ་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧི་ཞེས་ཐུགས་ཀར་རྡོ་རྗེ་གཞག་གོ་ཡོན་ཏན་གྱི་རིགས་ཀྱི་བདག་པོས་ཀྱང་། སཱ་སརྦ་ཏ་ཐཱ་ག་ཏ་རད་ན་གྷཱ་ཧེ་ཨ་བྷི་ཥིན་ཙམན་ཞེས་རྒྱ་གྲམ་དང་ལྟེ་བར་རིན་པོ་ཆེ་འབར་བ་བཞག་གོ།། ལས་ཀྱ་དག ་ཀྱི་བདགེ་བོས་ཀྱང་ཧཱ་སརྦ་ཏ་ཐཱ་ག་ཏ་ཀར་མ་གུ་ཧྱེ། ཨ་དྷཾ་ཥིན་ཙམན། ཞེས་ག་སུང་ཤི་ཤས་གནས་སུ་བྱམ་པ་ན།། ཡེགས་ཀྱི་ཐོ་སུ་སུ་ཆུང་ལ་སྤྱད་མེ་ལྡི་ད་། བ་།། དམར་པོ་དང་། སེར་པོ་དང་། ལྗང་ཀུ་དང་། མཐིང་ཀ་ལ་སོགས་ཏེ་སྔ ་ཚེགས་པའི་ཁྲོ་ཆུང་འཐོན་ཏོ། ། འཐོང་བར་གྱུར་ཏོ།། དེ་དག་གི་བྱིན་གྱིས་བརླབས་ཀྱི་སས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། བསྲེག་པའི་བསྐལ་པའི་སྒྲ་ཙམ་ཡང་གྲག་པར་གྱུར ་དེ་དག་ཚུར་འདུས་ཤིང་ན་མཁའ་ལ་བབ་ནས། འཁོར་ལོ་འབར་བའི་ལྟེ་དབུས་སུ་གནས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་གིས། རོ་ཥཱ་ཎཱ་ཡཀྵ་གྲི་ཧྣ་གྲི་ཧྞ་ཕཊ་ཅེས་གསུངས་པ་ལས་ཡེ་ཤེས ་ཀྱེ་ཁྲོ་ག་སྐུ་དྲུག་ཧལ་ནག་པོའི་མདོག་ལྟར་མཚེར་བ། ཡེ་ཤེས་རྔམ་པའི་སྤྱན་གསུམ་བསྐལ་པའི་ཀློག་ལྟར་འཁྲུག་ཅིང་གདུག་པ་ཉི་མའི་འོད་ཟེར་བཞིན་གང་ལ་བལྟས་པར་བརླག་ནུས་ཤིང་ཆབ། སྨིན་མ་རྔམ་པའི་ཀློག་དྲག ་པོ་བཞིན་སེར་ནག་ཏུ་འབར་བས་གཏི་མུག་དང་། ཉོན་མོངས་པའི་མུན་པ་སེལ་བར་བྱེད་པ། སྨ་ར་སེར་ན་ག་ལ་ཡེ་ཤེས་ཀྱི་མེ་འབར་གཉོན་མོངས་པའི་བག་ཆགས་སྲེག་པ། ཉོན་མོངས་པ་གཏི་མུག་འཇོམས་པར ་བྱེད་པའི་གླང་པོ་ཆེའི་ཀོ་རློན་གསོལ་པ། ཉོན་མོངས་པའི་དེ་སྡང་འདུལ་བའི་རྟགསུ། གཅན་ཟན་གྱི་རྒྱལ་པོ་སྟག་གི་ཤམ་ཐབས་གསོལ་པ།། ཉོན་མོངས་པ་ཕྲག་དོག་འདུལ་བར་བྱེད་པའི་གཟིག་གི་མནས་ཡོལ་བརྒྱན་པ། ཉོན ་ཡོངས་པའི་འཁོར་བ་མ་སྤངས་པས་ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྤྲུལ་དཀར་ཁྲས་དབུ་བརྒྱན་པ། སེར་ཁྲས་མགུར་ཆུ་བྱས་པ།། དམར་ཁྲས་ཕྱག་གདུབ་བྱས་པ། ལྗང་ཁྲས་རྐེད་བབཅིངས་བྱས་པ། ནག་ཁྲས་ཞབས་གདུབ ་བྱས་པ། དུག་གསུམ་དང་གིས་མི་སྤོང་བར་ཉོན་མོངས་པའི་ཤ་ཁྲག་གསོལ་བ། སྐུ་དང་། གསུང་དང་། ཐུགས་དང་ལྡན་པའི་ཐོད་པ་སྐམ་པོ་དང་། རློན་པ་དང་། ནེ་ཕྲེང་གིས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་། ལྡན ་ཞིང་འཁོར་བ་ཁྲག་ཞག་དང་འདྲ་བ་ལ་ཐུགས་རྗེས་གཟིགས་པའི་ཕྱིར་ཞག་གི་ཟོ་རིས་ཀྱིས་སྐུ་ལ་རྒྱན་པ་ཐེག་པ་ཆེན་པོའི་དབང་གིས་ཐམས་ཅད་འདུལ་བའི་ཕྱིར་ཐལ་ཆེན་གྱི་ཚོམ་བུས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད ་བའི་དོན་དང་ལྡན་ཞིང་ནོར་བུ་འབར་བའི་ཆ་བྱད་དུ་སྣང་བ་སྟེ། དབུ་སྐྲ་སྔོ་ནག་ལ་རལ་པའི་ཅོད་པན་གྱིས་བསྒྱིངས་པ། ཞབས་གཡས་པ་བརྗིད་པའི་ཚུལ་གྱི་བསྐུམ་ནས་གནས་པ། ཞབས་གཡོན་པ་དྲག་པོའི་ཚུལ་གྱིས་དགྲང ་ནས་གནས། སྲོག་ལ་རྔམ་པའི་སྲིན་པོ་པོ་མོ་བརྫིས་པ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་རྡེག་པའི་ཚུལ་དུ་འཛིན་པ། གཡོན་པ་ན་སྡིགས་པའི་འཛུབ་མོ་ཕྱར་བདག་ཏུ་སྣང་བ་ཞེས་རྒྱ་གྲམ་དང་། རལ་གྱི་འབར་བས་ཡན་ལག ་བཞི་ལ་ལས་ཀྱི་བྱེད་པ་པོར་དབང་བསྐུརོ། ། དམ་རྫས་བདུད་རྩི་རྣམ་པ་ལས་དབང་བསྐུར་ནས་ཕྲིན་ལས་ཐམས་ཅད་ཀྱི་བྱེད་པ་པོར་དབང་བསྐུར་ཏེ། དེ་ཡང་གཉི་སུ་མེད་པའི་རོལ་པས་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང ་བའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འབར་བའི་ཁྲོ་བོ་ལ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ། ། །། དེ་ནས་དཔལ་རྡོ་རྗེ་གཏུམ་པོ་ལག་ན་རྡོ་རྗེས་སྡིགས་འཛུབ་ནི་བསྒྲེང། རྡོ་རྗེ་ནི་སྤར་ནས་འབར་བའི ་ཁྲོ་བོའི་ལྟེ་བས་ཀུན་དུ་ལྟས་ཏེ། སྤྱན་ནི་བཟློག་ཞལ་ནི་དགྲད་ནས་ཞལ་ནས་རྔམ་པའི་སྒྲ་སྐད་ནི། ཧ་ཧ། ཧཱུ~ཾ་ཧཱུཾ། ཨ་ལ་ལ། ཨཾ་ཨཾ། དྷི་དྷི། ཧོ་ཧོ། ཞེ་འབྱིན་བརླབས་ལས་ཕྲག་པ་གཉིས་རབ་ཏུ་འབར་ཏེ། རྡོ་རྗེ་ཁྲོ་བོའི་དཀར་བ ་རྣམ་པར་དཀར་བ་དག་མཐའ་ཡས་པ་མཐོན་ཏོ། ། དཔྲལ་བ་རྣམ་པར་འབར་བ་ལས་ཁྲོ་བོ་མཐིང་ག་སྣ་ཚོགས་པ་མཐོན་ཏོ།། མགྲིན་པ་རབ་ཏུ་འབར་བ་ལས་ཁྲ་བ་དམར་པོ་རྣམ་པར་དམར་བ་དག་མཐོན་ཏོ།། ཐུགས་ཀ་རབ་ཏུ་འབར་བ ་ལས་རྡོ་རྗེ་ཁྲོ་བོ་ནག་པོ་རབ་ཏུ་འབར་བ་སྣ་ཚོགས་པ་མཐོན་ཏོ། ། སྐུ་ལྟེ་བ་རབ་ཏུ་འབར་བ་ལས་རྡོ་རྗེ་ཁྲོ་བོ་ལྗང་ཁུ་རབ་ཏུ་འབར་བ་དག་མཐོན་ཏོ།། འབར་བའི་ཁྲོ་བོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་ལྟ་བུ ་སྟེ། ཤིན་ཏུ་རྔམ་པ། ཤིན་ཏུ་འཇིགས་པ། དགོད་པའི་མདོག་ཏུ་སྣང་བ། ལོག་སྲེད་ཅན་དག་ལ་གཤེ་བའི་མདོག་ཏུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པ། ཐུགས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག ་དང་། ཕྲིན་ལས་བཞི་ཡིས་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ཏེ། འགྲོ་བའི་དོན་མཛ་།། ཞལ་ནས་རྔམ་པའི་སྒྲ་སྒྲོགས་པ་དེ་དག་ཀུན་ཀྱང་ཁྲོ་བོའི་སྟང་སྟབས་དང་། མཆོངས་པ་དང་། འགྱིང་བ་དང་། རྩེ་བ་དང་། སྤྱན་དགྲང་བ་དང་། མཆེ་བ་བརྗིད ་པ་དང་། ཁྲོ་གཉེར་མི་བཟད་པ་གཙིགས་པ་ཤིན་ཏུ་མི་བཟད་པའི་ཁྲོ་བོར་སྤྲུལ་ཏེ། རྩི་མཆོག་གི་རྒྱལ་པོ་མ་གི་ཏིའི་དྲིར་ལྡན་པས་གདུག་པ་ཅན་ཀུན་གྱི་སྙིང་རབ་ཏུ་རུལ་པར་བྱེད་པ་དེ་ལྟ་བུའི་འབར་བའི་ཁྲོ་བོ་དེ་དག་སྤྲུལ་རབ་ཏུ ་སྤྲུལ་པར་གྱུར་ཏོ། ། དེ་ནས་རྔམ་པའི་གསུང་གིས་དྲག་པོའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎ་ཌྷ། ཨོཾ་པི་བུ་ལེ། ཨོཾ་བཛྲ་ཙཎ་ཌྷ་པྲ་བ་ར་ནཱ་ག། ཨོཾ་བཛྲ་ཙཎ་ཌྷ་མ་ཧཱ་ནཱ་ག་ཧྲིད་ཡ། ཨ་བར་ཏེ་ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡ་ནི། ་ཨ་བ་། ཛྭལ། སརྦནཱ་ག་རྗིད་པ་ནི། ཀི་མ་ཀོ་། ནཱག་ཀུལནི་རྣཾས་། ཅན་ཏན། སརྦརྦཱ་ག་དྷ་ཧཱུཾ། ད་ཡན། ཧུ་། སརྦ་ཛྙཱན་ནཱག་དྷེ། བརྦ་པཿ། བཅལ་བཅམ། སརྦདུརྫྫ་ནཱ་པ། མརྠས ་ཨ་ཀྲ་མ། སུ་ཐམས་ཀར་བེ་མ་ལི། བཀྲ་མ། མ་ཧཱ་ནཱ་ག་ཏེ་ཛ་བ་རེ་སྭཱ་ཧཱ།། ཞེས་པས་དེ་དག་ཐམས་ཅད་ཡུར་ཡུར་པོར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཅན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ་གཡོས། ་ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དབང་དུ་བསྡུས་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་དྲེགས་པ་ཅན་དེ་དག་ཟིལ་གྱིས་གནོན་པའི་ཕྱིར་རྡོ་རྗེ་ན་མཁའ་ལ ་གསོར་བས་དྲེགས་པ་ཅན་དེ་དག་ཤིང་ལོ་རླུང་གིས་བསྐྱོད་པ་བཞིན་ནོ། ། དེ་ནས་རྔམ་པའི་གསུང་དང་བརྗིད་པའི་སྐུ་ལས་འདི་སྐད་གསུང་སོ།། ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས།། སྲིད་པ་གསུམ་ན་གནས་པ་ཡང་།། ཐམས་ཅད ་མ་ལུས་ཟིལ་གྱིས་མ་ནོན། ། རིགས་བཞི་ཀླུ་རྒྱལ་འཁོར་དང་བཅས།། གཟི་བྱིན་དྲག་པོས་མནོན་པར་བྱ།། ང་ནི་མཐུ་སྟོབས་བདག་པོ་སྟེ། རྔམ་པའི་གསུང་དང་བརྗིད་པའི་སྐུ།། ཕྱག་རྒྱ་དྲག་པོས་ཟིལ་གྱིས་མནོན།། ཞེས་ཆེད་དུ ་བརྗོད་པའི་བརྗོད་ནས་བརྗིད་མནོན་གྱི་ཕྱག་རྒྱ་ཞེས་བྱ་བ་བཅས་ཏེ་ཕྱག་སོར་མོ་བསྣོལ་ཏེ་ཐེ་བོང་གཉིས་དང་ཐེ་ཆུང་གཉིས་སོ་སོར་རྩེ་སྤྲད་ནས་ཀྱང་ངོ་། ། ཕྱག་གི་མཐིལ་འཁོར་ལོ་ཅན་ཡང་ཐུར་དུ་བསྟན་ཏེ་ཤིན་ཏུ་མི་བཟད་པའི ་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎ་ཌ་བཛྲ་པཱ་ཎི། ཧུ་འུམ་ཧུ་འུམ། ག་རུ་ཌ་བཀྵེ། ཧུ་འུམ་ཧུའུ་མ། ཛེ་མཱ་ལ་བ་རི་ཙི། སྲི་ཙ་ཧཱུ~ཾ་ཕཊ་ཅེས་ཆེད་དུ་བརྗོད་པཔ་ཆེད་བརྗོད་པས་དྲེགས་པ་ཅན་དང་ཀླུ་ཐམས་ཅད་མྱོས་རབ་ཏུ་མྱོས་ནས ་བཀའ་བཞིན་བགྱིའོ་ཞེས་གསོལ་ཏོ། ། དེ་དག་ཐམས་ཅད་ཀྱང་མྱོས་པའི་ཆུ་དྲག་པོ་འཐུངས་པ་ལྟ་བུ་འམ། སྐྱེས་བུ་ཉིད་ཀྱིས་གདུངས་པ་ལྟ་བུ་སྟེ། དེ་དག་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་གསོལ་བ། ཀྱེ་མ་གསང་བའི་བདག ་པོ་བཅོམ་ལྡན་འདས། ། རིགས་སྔགས་བདག་པོ་ཁྲོ་བོའི་རྒྱལ།། ཁྱོད་ཀྱི་རིགས་སྔགས་སྨོད་པ་ཡིས།། ཤིན་ཏུ་མི་བཟད་རབ་ཏུ་མྱོས།། འབང་སུམ་ཆི་ཞིང་བཀའ་བཞིན་འཚལ།། ཐུགས་རྗེ་ཅན་གྱིས་བདག་ཅག་ལ། རབ་ཏུ་དགོ་། ་ཤིང་འབང་སུ་མཆི།། སླད་མ་རྣམས་ལ་འཚེ་མི་བགྱིད།། ཅེས་དམ་བཅསོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སུམ་ཅུཿ་གསུཾ ་ཀྱི་ལྷའི་སྡེ་དཔོན་ཆེན་པོབ་རྒྱ་བྱིན་ཞེས་བྱ་བ་ག་ལ་བ་དེར་འོངས་ཏེ། མཆོད་པའི་ཡོ་བྱད་ནམ་པ་སྣ་ཚོགས་པས་མཆོད་ནས་རྡོ་རྗེ་ཁྲོ་བ་དོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཁྲོ་བོའི་བདག་པོ་ཆེན་པོ་དྲགས་པ་གདུག་པ་ཅན་འདི་དག་ནི ་རུམ་རུངས་པར་གྱུར་ན། འདི་དག་བྲིང་ནས་བསྟན་པ་གནས་པའི་ཐབས་ཀྱི་སྤྲོ་བ་མཛད་དུ་གསོལ་ཞེས་གསོལ་བ་ལས་ལྷའི་དབང་པོ་ཉོན་ཅིག། ཀླུ་རྣམས་ཀྱི་རྫས་རྣམས་རྫས་སྣ་ཚོགས་པ་བསགས་ལ། བདག་ཉིད་ཀྱི་ལུས་དག ་ཅིང་གཙང་བར་བྱས་ལ་ལོངས་མ་སྤྱོད་པའི་རས་དཀར་པོ་བགོས་ཏེ། མངར་བ་དང་གསུར་བའི་དྲི་ཞིམ་པོ་དང་ལྡན་པའི་ཐིག་ལེས་ལུས་ཕྲུགས་ལ་བུ་རམ་དང་། ཤ་ཀར་དང་། སྦྲང་རྩི་མུར་བར་བྱས་ལ་ཞག་བདུན་ནམ་དགུའི་གོང་ནས ་ཁ་ཟས་ངན་པ་སྤང་བར་བྱའོ། ། ལུས་ཀྱི་རྣམ་པ་ལ་རྨ་བྱའི་སྒོ་ལྔ་གཙུགས་ཏེ།། ཤེས་རབ་ཅན་གྱིས་བྱའོ།། ཀླུའི་སྨན་སྣ་ཚོགས་པ་དང་འཇམ་པའི་འབྲུ་བ་སྲེས་པའི་ཕྱེ་མ་མངར་བའི་ཆུས་བསྐུས་ཏེ་རི་ལུ་ག་ཆུག་གི་འབྲུ་ཙམ་བརྒྱ ་རྩ་བརྒྱད་བྱའོ། ། ཀླུ་སྨན་རྣམ་པ་ཐ་དད་པ་ཡང་བླུགས་ཏེ་དཀར་ལ་སོགས་པ་དང་ལྡན་པར་བྱའོ།། དེ་ནས་ཐུགས་རྗེ་ཆེན་པོས་གཟིགས་ཏེ། ཀླུའི་རྒྱལ་པོ་འཁོར་དང་བཅས།། དགའ་དང་གུས་པས་སྤྱན་འདྲེན་གྱིས།། རྩེ་ཞིང་གདུང་། ་བས་ཆུར་ཤོག་ཤིག། དགའ་ཞིགགུས་པས་མངོན་མི་སེམས།། ཀུན་ཀྱང་རྩེ་བས་ཚུར་ཤོག་ཤིག། ཅེས་བཀའ་སྩལ་བས་དེ་དག་ཀུན་གྱི་དབང་པོ་ཀུན་ཀྱང་ཤིན་དུ་དངས་པར་གྱུར་ནས། ཤ་རིང་ལ་སྤྲིང་མ་འདུས་པ་ལྟ་བུ་སྟེ། ཀུན ་ཀྱང་དགའ་བའི་མདངས་དང་ཆས་ནས་གང་ན་བ་དེར་འཁོད་དོ། ། སྔགས་བཀའ་སྩལ་པ།། ནཱ་ག་རཱ་ཛ་ས་མ་ཡ་སྭཱརྠ་ཞེས་བཀའ་སྩལ་པས།། ཀྱེ་ཀུན་ཀྱང་ཚིམ་པར་གྱུར་ཏོ།། དེ་དག་ཀུན་གྱིས་ཀྱང་མགྲིན་གཅིག་གིས་དམ ་ཚིག་གི་རིམ་པ་ཕུལ་བ། ། དཔའ་བོ་ཆེན་པོ་ཁྲོ་བོའི་བདག་ཁྱོད་ཀྱི་བཀའ་ལས་འདས་འགྱུར་ན།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།། དྲམ་བུར་གས་ནས་རུལ་པར་ཤོག། ཏདྱ་ཐཱ། ཨོཾ་ཙ་ནྡ་ཙ་ཊྚ། བི་ཙནྱ། ཤ་པྲ་ཤ་ཐ། སྭཙ ་རཱ་ཙི་ཏེ་སྭཱ་ཧཱ། ཞེས་གསོལ་ཏོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་གདུག་པ་ཅན་བཀའ་ལ་གཏགས་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་དབང་པོ་ཆེན་པོས་གསོལ་པ། ཀྱེ་རྡོ་རྗེ་ཁྲོ་བོ་དག་དྲེགས་པ་ཅན ་འདི་དག་ཤིན་ཏུ་མ་རུངས་པར་གྱུར་ན། ལ་ལ་ནི་རུས་པ་ཆག་ཅིང་གྲུགས། ལ་ལ་ནི་ཚེའི་འདུ་བྱེད་མཐའ་ལ་གཏུགས་སུ་ཉེ། ལ་ལ་དག་ནི་ན་མཁའ་ལྡིང་དབུའི་གཙུག་གཏོར་ན་གནས་པས་ལེན་པའི་སྡུག་བསྔལ་གྱིས་ནིན། ལ་ལ་དག་ནི ་ཁྲག་བསྐམས། ལ་ལ་དག་ནི་སེན་མོ་དང་ཡན་ལག་ཆག། ལ་ལ་དག་ནི་གཏི་མུག་གི་གཉིད་ལོག་པས་བྱང་ཆུབ་ཀྱི་སྙིང་པོ་མི་ཤེས། ལ་ལ་དག་ནི་རྩ་དང་རྒྱུས་པ་ཆད་དེ། ནད་རྣམ་པ་སྣ་ཚོགས་ཀྱིས་གདུངས། ལ་ལ་དག་ནི ་ལུས་ཀུན་ཚ་བའི་ནད་ཀྱིས་ཉམས་ཐག། ལ་ལ་དག་ནི་རྩི་ཤིང་མིང་ཡང་མི་གྲག། ལ་ལ་དག་ནི་ཉོན་མོངས་པ་རྒྱས་ཏེ་སྔོན་སེམས་བསྐྱེད་པ་རྗེས་སུ་མི་དྲན། ལ་ལ་དག་ནི་སེམས་བསྐྱེད་པ་རྗེས་སུ་དྲན་ཡང་དེ་བཞིན་གཤེགས་པའི ་ཞལ་མེ་མཐོང་། ལ་ལ་དག་ནི་ཡི་དགས་ཀྱི་ཁམས་ལྟ་བུ་སྟེ་ཁ་ཟས་ཀྱི་སྐལ་བ་དང་མི་ལྡན་ན་འདི་དག་གསོ་བའི་ཐབས་བཀའ་སྩལ་ཏུ་གསོལ་ཞེས་གསོལ་བ་ལས་ལྷའི་དབང་པོ་དག་དབང་པོའི་ལག་པས་ནི་ལག་པ་ཆད་པསོས་པར་འགྱུར་རོ།། ་ཆུ་མུ་རྗེད་མོས་ནི་སེན་མོ་ག་སོས་པར་གྱུར་ངོ་།། ནག་གི་སར་གྱིས་ནི་བྱང་ཆུབ་ཀྱི་སེམས་པབསྐྱེད་པ་རྗེས་སུ་དྲན་པར་འགྱུར་རོ།། ནག་བུས་པས་ནི་ཀྭའི་གནས་མེ་ཏོག་གི་ཆལ་དུ་འགྱུང་རོ།། གུ་གྲལ་གྱི་དྲི་ཆེན་པོས་ནི་དེ་མ་ཡིན ་ཐམས་ཅད་བསྲེགས་ནས། ཀླུའི་སཱ་ལ་བསྡམས་པ་ཙམ་གྱིས་སྔོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དྲན་པར་འགྱུར་རོ།། འབྲས་ཀྱི་ཡོས་ཀྱིས་ནི་ཀླུའི་ནད་ཐམས་ཅད་འཚོ་བར་འགྱུར་རོ།། ཐང་ཀ་བྱ་ནུས་སུ་ཤེལ ་གྱིས་ནི་རྩ་ཆུས་ཆད་བསོས་པར་འགྱུར་རོ། ། ག་བུར་གྱིས་ནི་རྩ་བའི་ནད་སོས་ནས་ལུས་ཀྱི་གཟུང་ཀུན་ཚིམ་པར་བྱེད་དོ།། དང་ལེབ་རྒན་གྱིས་ནི་ཀཱ་རུ་ཎས་འཇིགས་པ་ལས་བསྐྱོབ་པར་བྱེད་དོ།། མེ་ཚན་དང་། བྱེ ་ཚན་དང་། གཅེར་བུ་དང་། རྒྱལ་པོའི་ཆད་པ་དང་། ས་གཡོ་བ་དང་། གཞན་གྱི་རིགས་སྔགས་ཀྱིས་གནས་འབྲལ་བ་དང་། ཕུར་བུས་འདེབས་པ་ལས་ཐར་བར་བྱེད་དོ།། མཚལ་གྱིས་ཁྲག་བསམས་པ་སོས་པར་བྱེད་དོ།། ་དུང་གིས་རུས་པ་ཆག་པ་སོས་པར་བྱེད་དོ།། རས་སྲུད་དམར་པོས་ནི་སྲོག་འགག་པ་ཚངས་པའི་ཚེ་དང་ལྡན་པར་བྱེད་དོ།། དཀར་དང་མདར་གྱིས་ཞལ་ཟས་རོ་མཆོག་བརྒྱད་དང་ལྡན་པར་བྱེད་དོ།། དེ་དག་ཀུན་ཀྱང་རིན ་པོ་ཆེའི་བུམ་པ་འམ། ཁམ་པོར་སྟ་བུ་མཆུ་ལྔ་པར་ཐུགས་ནས་སྦས་ན་གང་ཉམས་པ་དེ་སོས་པར་བྱུང་ངོ་པོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་གྲུ་གསོ་པའི་ལེའུ་བཅུ་པའོ།། དེ་ནས་ལྷའི་དབང་པོས ་གསོལ་པ་ཀྱི་རྗེ་ཁྲོབ་ཆེན་པོ། ། འདི་དག་སྡིགས་ན་ཇི་སྐད་བསྡིགས།། བགེགས་དག་གཅད་པ་ཇི་ལྟ་བུ།། བརླག་པར་བྱ་བ་ཇི་ལྟ་བུ།། རྡོ་རྡོ་ཁྲོ་བོས་བཀའ་སྩལ་པ།། ཉོན་གཅིག་དབང་པོ་རྣམ་པར་རྒྱལ། སྡིགས ་བར་བྱ་བ་དི་དག་གོ། ། ཤིན་ཏུ་ཁྲོས་བཅས་མགོ་སོང་ལ།། མཐའ་ལྡིང་ཀ་རུར་སྤྲུལ་པར་བྱ། རྡོ་རྗེ་ཁྲོ་བོ་ཚོལ་བ་གདོན།། ཕྱོགས་བཅུད་རྡོ་རྗེ་སྔོ་བར་བྱ།། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙན། ཨོཾ་ཨཱ་ནཱ་ག་པྲ་ཐ་པྲ་ཐ། ་ནཱ་ག་ནཱ་ཤ་ཡ་ཕཊ། ཅེས་བཀའ་སྩལ་པས་དྲེགས་པ་ཅན་དེ་དག་ལུས་ལ་བཅད་གཏུབས་ཀྱི་སྡུག་བསྔལ་བྱུང་གིས་དོགས་ཏེ། འཕྲལ་ཉིད་དུ་གདུག་པ་ཅན་དེ་དག་ཤིན་ཏུ་ཕྲེང་བར་གྱུར་ཏེ་བཀའ་བཞིན་དུ་ཉན་ནོ།། ན ་ཏུ་འཇིགས་དངས་ནས་བཅོམ་ལྡན་འདས་ཐུགས་རྗེས་གཟིགསུ་གསོལ་ཞེས་བཀའ་ཉན་ནོ། ། དེ་ནས་བགེགས་བཅད་པར་འདོད་ན་བྱིན་པ་སྲེག་བཞིན་ལས་བྱའོ།། གང་ན་ཐ་དང་ཚ་སྙམས་ལ།། ནཀ་པོ་དང་དྲི་ལྡན་པར ་ཟུག་ཟུར་གསུམ་སུམ་བརྗེག་ཟུང་དུ་བཏོ། ། ཁ་ཁྱེར་ཐམས་ཅད་རྡོ་རྗེགན།། དབུས་སུ་གཞལ་ཡས་རྒྱར་མ་ཟི།། ས་སྐྱེད་གདུག་པའི་ཤིང་དག་ལ།། ཟུང་གསུམ་ཁུ་དོའི་ཚད་དུ་བརྩིག། ལོགས་ལ་རག་ཏའི་ཚར་ཆང་བཏང་། ་ཚད་ཅན་ནག་པོའི་ཟུར་གསུམ་ཤག། བྲག་ནག་སྐྱེས་པའི་ཚེ་ནག་ཤུག། སོང་ནི་བདུན་བདུན་ཆད་དུ་བྱ།། གམ་དུ་ཟུང་གསུམ་སོར་གསུམ་ཚད།། འབྲུ་ཆེན་ནག་པོ་དག་ཏར་སྣར།། མིང་བྱ་སྦྱིན་བསྲེག་རབ་ཏུ་སྤང། བརྒྱ་རྩབ་དྷ་དེ་ཉི་ཤུ ་གཅིག། དམིགས་པ་ཆེ་གེའི་ལིང་ག་ནི།། དྲི་མ་ཁུ་ཆུ་ཁྲག་དག་དང་། སྐྲ་དང་རྐང་རྗེས་གོས་ལ་སོགས།། ཚོགས་པར་བསོགས་ལ་ཨ་མོ་ཀཾ། རེ་ལ་ཛཱ་ཧཱུ~ཾ་བཾ་རྐོས་དགུག། ཡི་དགས་གང་གནས་མཚོན་པ་བླ།། སྦྲུལ་གདུག་དམིགས ་པའི་གཟུགས་སུ་བྱ། ། གནོན་པར་བྱེད་པ་མཚོན་བྱས་ཛ།། སྙིང་ཀར་བྲིས་ལག་ན་རྒྱལ་མདུན།། ཐུན་ཐབ་གད་བསྒྲགས་བསྐོད་བཅས་དབུལ།། མཱ་ར་ཡ་དང་བཅས་པའོ།། ནག་པོའི་ཆས་བགོ་རེ་སྭཱ་ནས།། སྟོང་ག་ཡོགས་སྡོང་པོ་ཕུ་རུང ་གནས། ། གཡག་གཞི་སྲིད་པའི་ཕྱི་ཐུགས་པགོ། དག་བླགས་མཆོག་ཆེན་གཟང་པུས་བྱ།། ཁམ་སྐྱོང་ཟུང་གསུམ་རྫས་རྣམས་བསག། མཆོད་སྦྱིན་དེ་དང་མགོན་བྱེད་ལའོ།། མེའི་ལྷ་ཡང་ད་ཉིད་དོ།། མཱ་ར་ཡ་ཕཿ། སུཾཿ ་ནི་སུམ་བྷ་ཧཱུཾ། སྦྱིན་བསྲེག་བྱས་པའི་ཐལ་བ་ལ།། ངའི་གདོད་དུ་བསྒྲུབ་པར་བྱ།། ནང་དུ་དགྲ་བོའི་བརྡའ་ཡང་གཞུག། ས་ཡང་སེང་ལྡེང་ཕུར་བུས་བཟུང་།། མཚམས་ཀྱང་སཱ་ལྔའི་མཚོན་གྱིས་དབྱེ།། དེ་ན་མེད་ལ་དམིགས་བས ་ཨོཾ་བཛྲ་ཙཎ་ཌ་སྭ་བྷཱ་བ་དྷརྨ་དྷ་རུ་ཨ། ཨོཾ་བཛྲ་རད་ན་བ་ན་ཙ་ཏྲྀ། ཨོཾ་བཛྲ་ཨ་མྲི་ཐ་པཱ་ཎི་སྭཱཧཱ། ཨོཾ་བཛྲ་ཨ་ཀོ་ཊ་ཡ་མུད་ཀ་ར་བཛྲ་ཧ་ན་ཧ་ན་ནཱུ། ཨོཾ་བཛྲ་ཙཎྜ་བཛྲ་བྷ་བ་ཡེ་སཱཧཱ། ཨོཾ་བཛྲ་ཨ་རྡོ་བི་ར་ཛེ་སཱཿ། ཨོཾ་བརྠ ་ཨམྲི་ཏི་ཨཱ་ཡུ་ཤྲེ་སྭཱཿ། ཨོཾ་བཛྲ་ཙཎ་ཌ་མནྡ་ར་ཥ་ཎ་ཧཱུ~ཾ་ཕཊ་བྲུག་ནི་ཀ། ཨོཾ་བཛྲཱ་དྷརྨ་ཏེ་སྭཱཿ། ཨོཾ་བཛྲཱ་ཙཎ་ཌ་པྲ་མ་ཏ་ན་ཡ་ཨཱཿ། དགེ་བ་ཆེན་པོ་བདེ་པའི་མཆོག། ཡེ་ཤེས་རྡོ་ཐོབས་བརྡུང་། དེ་ལས་བྱིན་རླབས་དེ་ལ་གླུགས།། ཡེ་ཤེས་ཐོ་བས་ཉོན ་རྨོངས་བརྡུང་། དམིགས་པཛ་མར་དག་གིས་དགྲག་མ་གཏན་རྡོ་རྗེ་རྒྱ་གྲམ་ཉིད།། གནས་ཉིད་ལྷའི་གཞལ་ཡས་ཁང་།། ཐམས་ཅད་ལྔའི་དབར་ལྡན།། དེར་གཞུག་བདུད་དང་ཉོན་མོངས་གནོན།། ང་ཉིད་དུ་ཡང་གྱུར་པར་བསམ།། ་ཙཎ་ཌ་པུཥྤེ་ཡེ་སྭཱ་ཧཱ། མཚན་དང་དཔེ་བྱད་རྒྱུན་མི་འཆད།། དང་པོར་སྦྱོར་བས་མཆོད་པར་བྱ།། བའི་བཀྲ་བྱ་སྤོས་ཀྱིས་བྱུག། ཤིན་དུ་གཙང་བདག་གིས་ཕྱིར།། ཞེས་གསུངས་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད ་ལས་དྲེགས་པ་ཙན་ཚར་གཅོད་པའི་ལེའུ་སྟེ་བཅུག་རིག་པའོ། ། དེ་ནས་ལྷའི་དབང་པོས་གསོལ་བ།། ཀྱེ་མ་གནོད་འདུལ་ཁྲོ་བོའི་རྒྱས།། དྲེགས་པ་བསྲུང་བའི་ཐབས་ནི་གང་།། བསུང་ཐབས་རྣམ་པ་དུ་དང་ལྡན།། གནོད་འདུལ ་ཆེན་པོ་བཀའ་སྩོལ་ཅིག། ཉོན་ཅིག་དབང་པོ་ཀུན་གྱི་བདག། སྔགས་རྫས་ཏིང་འཛིན་འདུས་པ་བཞི།། དངོས་ཏེ་དགོངས་པ་ཐམས་ཅད་བྱེད།། རྡོ་རྗེ་བྲག་དང་རིན་ཆེན་ཚུལ།། དུག་དང་མེ་བཞིན་མཚོན་ཆའདྲ། དུས་མིན་འཆི་ལས་རབ་ཏུ ་བཟློག། སངས་རྒྱས་ཀུན་གྱི་མཐུ་དང་ལྡན།། དེ་འཆང་དངོས་གྲུབ་མཆོག་ཆེན་འཐོབ།། དལ་རུ་ཀུན་དུ་ཞུགས་དང་མཚུངས།། སངས་རྒྱས་ཀུན་གྱི་སྲས་སུ་དགོངས།། གང་ཞིག་གསང་སྔགས་འདི་འཆང་བ།། ཀུན་གྱིས་དེ་དང་འདྲ་བར ་མཐོང་། ། གང་ཞིག་གསང་སྔགས་འདི་འཆང་བ།། དེ་ཉིད་རྒྱུན་དུ་དེ་ནས་གནས།། འཇིག་རྟེན་དུ་ནི་བདེ་བ་འབྱུང་།། འདས་ནས་སངས་རྒྱས་ཀུན་དང་མཚུངས། རྩིབས་བཅུ་དབུས་དང་བཅུ་གཅིག་ལ།། ཡིག་འབྲུ་བྱམས་བཅས་བརྡའ ་བྲིའོ། ། ཆུ་འབྱགས་དག་ལ་ཉུང་དཀར་རོ།། གྲུ་ཆང་ལ་ནི་ས་ཞག་མོ།། གཞན་ལ་སང་བུ་སྔོན་པོ་ལ།། མདུད་པ་རེ་ལ་རེ་རེའོ།། ཆུའམ་ཡིད་ནི་རང་ལའོ།། ཤ་རི་རཾ་དང་མི་གྷ་ཏ།། གསེར་དང་རྨ་བྱ་བུམ་པའི་སྐུ།། ཕལ་ཚོན་སྔ་ལྔའི་སྲད་པྲ་ལ། ་ཙག་ཀྲ་བྲིབ་ལ་མགུལ་དང་གཙུག། མོ་གཡོན་པོ་གཡས་བསྲུང་བར་བྱ།། ཆུས་ནི་ཡམས་དང་དྲག་ལས་ཐར།། མས་དྲི་དང་རག་ཏ་དང་།། ཁྲབ་ཆུ་དག་སྦྱང་ས་བཟའ།། སངས་རྒྱས་ལྔའི་དངོས་གྲུབ་སྟེ།། ཀུན་གྱིས ་སྤྱད་པར་བྱ་བ་ཡིན། ། མཛེ་དང་རླུང་གི་གནོད་པ་སེལ།། ཚེ་རིང་ལུས་ཀྱང་རྒྱས་པ་ཡང་།། བྱང་ཆུབ་དཀར་དམར་མངངས་དང་ལྡན།། ཡམས་དང་མི་གཙང་དངོས་པོ་སེལ།། དྲིའི་ཆུའི་ཡོན་ཏན་ནི།། ཀླད་རྐང་པོ་ལོག་དྲང་བ་སེལ།། ཤིན ་དྲཟབ་སྟེ་གསང་བའི་མཆོག། སྐལ་ལྡན་རྟོགས་པ་རྣམས་ཀྱིས་སྤྱད་པ་ལས།། སྐལ་མེད་བློ་དམན་ནམས་ཀྱིས་ག་ལ་ཡིན།། ཞེས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་བསྲུང་བའི་འཁོར་ལོའི ་ལེའུ་སྟེ་བཅུ་གཉིས་པའོ། ། ། དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། སླད་མའི་ཚེ། སླད་མའི་དུས་ན་སེམས་ཅན་གདྲག་པ་ཅན་གྱི་དྲག་བསལ་བའི་མཚན་ཉིད་དང་། ཞུགས་ས་བསྟན་དུ་གསོལ། ་ཉོན་ཅིག་དབང་པོ་ཆེན་པོ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་མཚན་ཉིད་རྣམས་ནི་འདི་ལྟ་སྟེ། རུས་པ་ཤ་དང་ལྤགས་པ་དང་། རྩ་དང་ཁྲག་དང་ནང་གྲོལ་ལོ།། བཅུད་དང་ཆུས་ཏེ་ལུས་ཀྱི་སྟོབས།། ལུས་ཀྱི་རྩི་དང་མདོག་དང ་དབྱིབས། ། རེག་པ་ཆུ་དང་ཆུ་སེར་དང་། ཀླད་པ་ལྷ་བ་ལུས་ཀུན་ལ།། ཞུགས་ས་རྣམས་བཅས་བརྒྱད་ཡིན་ཏེ།། འོན་ཀྱང་གཅིག་སོགས་གྲངས་ཀྱི་བརྟག། རུས་པ་ལ་ཞུགས་པ་ནི་ལུས་བསྐེམས་པ་དང་། ཟུག་ཟེར་ཆེ་བ་དང་། ན་ཐང ་དེབ་དང་། ཐིག་ལེར་ནབ་བོ།། ཤལ་ཞུགས་པ་ན་ལུས་བེམས་སེ་འདྲག་པ་དང་། ལུས་ལྕི་སེ་འདུག་པ་དང་།། མདོག་ནག་པ་དང་།། དྲི་མ་ངན་པ་སྔར་འོང་བ་དང་ཤ་རོ་འབྱུང་བའོ།། ལྤགས་པ་ལ་ཞུགས་པ་ནི་ཤ་འཇིག་པ་དང ་མདོག་པའོ། ། རྩལ་ཞུགས་པ་ནི་ལུས་བྲིང་བོར་བ་དང་།། རྟགས་དེ་ནི་མདོག་དཀའ་བའོ།། སྦྲིད་ལུགས་པ་དང་།། སྦྲིད་ལྕིབ་དང་། ཚབ་འཛག་པ་དང་ཚབབ་པ་དང་། ཚ་ཀེར་བ་དང་། ཚ་གྲང་ག་ལུས་ལ་སོགས་པ་ཚ་ཐང་དང་། ་ཚ་བི་རི་བ་དང་། ཡན་ལག་འབྲ།། ཁྲག་ལ་ཞུགས་པ་ནི། སྣ་ནས་ཁྲག་ཀྱང་སྐབསུ་འཛག། ཚ་བར་བ་དང་ལྕི་ཡོར་བ།། གདོད་པ་རྟག་ཏུ་དམར་བ་དང་།། འོ་མའི་བྲིས་མ་ལྟར་འོང་ངོ་།། ནང་གྲོལ་ལ་ཞུགས་པ་ནི། བློ་སྙིང་མེ་དེ་སྐྱུག་ཏིང ་ཎྜིང་འངར་སྙིང་ཡང་མི་དག་། ། དེ་ནི་ཐེག་པར་དགའ་བལ།། བརྒྱད་ཞུགས་པ་ལ་བན་སྟེ། ས་པན་མ་འབྲུ་མ་སེདང་ཁྲབ་སྩོ་ལ་མདག་དྲའོ།། ཐབ་དངས་སྙི་ཁྱེན་པ་འོད།། རྒྱལ་གྲགས་པ་ནི་གསུཾས། ་སྔགས་ཀྱི་རྒརྒྱ་སྐེགས་ཀྱི་ཁྭ་ལྟར་འོད།། སྣ་ཆུ་རྟག་ཏུ་སྐྱ་བོར་འོང་།། མིག་གི་ཆུ་ཡང་རྟག་པར་མཛག། དྲ་བ་སེར་བུ་བྱུང་ཙམ་གྱི།། གཞན་པས་མྱུར་བར་རབ་ཏུ་མཇུག། ལུས་ཀྱི་སྟོབས་ལ་ཞུགས་པ་ནི།། སྙི་ལུག་པ་དང ་སེཾཞུམ་པ། ལུས་ཀྱི་རྒྱུ་བ་ཉལ་ཉལ་འོང་།། ལུས་ཀྱི་རྩི་ལ་ཞུགས་པ་ནི་ཅི་ལ་སོགས་ཏེ། ལུས་ཀྱི་དྲི་བྱའི་ལྤགས་པ་བཞིན་སང་གིས་འགྲོ། མདོག་ལ་ཞུགས་པ་ནི། ལྕེ་ནི་གཙོན་གྱི་མདོག་བཞིན་འོང་།། དབྱིབས་ལ་ཞུགས ་པ་ནི་ལུས་ཀྱང་གཉེར་ནང་དག་གིས་ཁེངས། ། སོར་མོ་བྱི་བོའི་མཇུག་མ་འདྲ། རེག་པ་ལ་ཞུགས་པ་ནི།། སྣ་རྩེ་ལ་སོགས་ལག་ཅེ་རྣམས།། ཚ་ཡ་མཚ་བར་ལུས་བརྩེག་གཡའ་བར་འོང་བདག་ཡིན་ནོ།། ཆུ་ལ་ཞུགས་པ་ནི། ཡན ་ལག་རེངས་ཤིང་ན་བ་དང་། ། ཤ་འབྲར་བ་དང་གྲང་སིང་སིང་།། ཡན་ལག་ཚོགས་རྣམས་ཁོལ་བའོ།། ཆུ་སེར་ལ་གྲགས་པ་ནི་ཆུ་སེར་ལ་ལྔ་སྟེ།། ཟ་ཁོལ་ཀོ་ལ།། ཟ་ཅག་ཙག། ཚ་ལྡིབས་ལྗིབས། ལུས་ལ་ཆུ་སྐངས་ཡོད་པའོ།། ་ཆུ་སྤངས་བྱུང་ནས་རིང་ས་ས་སུལ་འབྲུམ་རྗེས་སྲན་མ་འདྲའོ།། དེ་ནི་བཟློག་པར་སྨྲ་བའོ།། སྨང་བ་ལ་ཞུགས་པ་ནི་མགོ་པོ་ཕྱིར་ཕྱིར་སྤངས་པ་དང་།། མཐོ་མ་དང་བེམ་མེ་བདག་དང་།། སྠཱན་མས་རྡུལ་གྱིས་བྱི་བ་ལ་སོགས་པའོ།། ་ལྟ་བ་ལ་ཞུགས་པ་ནི་གདོང་པ་ཚལ་མ་ལ་མ་འོང་བ་དང་། གྲང་སེར་སར་འོང་བའོ།། དེ་ནི་བཟློག་པ་སླབའོ།། ལུས་རིང་གདོད་ཡང་ཐལ་སྐྱའི་མདོག། དེ་ནི་བཟློག་པར་བཀའ་བའོ།། ཤིན་ཏུ་ཁྲོ་བོའི་ཀླུ་རྣམས་ནི། རྟགས་དང་མི་ལྡ ་ཐུགས་ཀྱིས་འོད། ། བཟློག་བཀའ་རྨ་ཚོགས་མི་འཚེ་རྟགས་མི་ལྡན།། བཟློག་སླ་གཞག་ཡང་ཡན་ལག་ཕྲ་བ་དང་།། སྦོམ་དང་ཐུང་དང་རེངས་ལ་སོགས།། ཀླུའི་མཚན་ཉིད་དུ་ཤེས་པར་བྱའོ།། རྟགས་ནི་དེ་དག་འགའ་ནི་ནད ་གཞི་གཞན་མ་ལས་ཀྱང་འབྱུང་། ། འགའ་ནི་ཀླུའི་གདོན་མ་ཡིན།། ལས་ལས་འབྱུང་བ་དག་ཀྱང་ཡོད།། དེ་དག་གིས་ནི་མཚན་ཉིད་ནི།། མཁས་པས་སོ་སོར་ཤེས་པར་བྱ།། ན་དག་ནི་ལས་བྱུང་སྨན་སོགས་དང་།། འབྲོད་པའི་ཟས་ནི་ཕན་པ།། ་ཡིན། ནད་རྣམས་གཞན་མ་ཡུན་མེ་རྟག། འདི་འདྲའི་མཚན་ཉིད་ཤེས་པར་བྱ།། ཤེས་ནས་མྱུར་དུ་བརྩོན་འགྲུས་ཀྱིས།། སྣ་ཚོགས་ཐབས་ལས་མམོངས་པས།། བཟློག་པའི་ལས་ལ་འབད་པར་བྱ།། ཆུའི་ཐིགས་པ་ཕྲ་མ་ཡིས།། དུས ་སུ་བྱུང་བས་རྡོ་བ་འབིགས། གདུག་པའི་དབང་ཅན་ཞེ་རིང་ཡང་།། ལེ་ལོ་དང་བྲལ་རྩེ་གཅིག་སམས།། རྒྱུན་ཏུ་ཝ་བསྒོམ་བཟླས་བརྗོད་ཀྱིས།། གདུག་པའི་ནད་ལས་ཐར་བར་དེས།། རྩོལ་བ་ཆེ་ལ་སོམ་ཉིད་བྲལ།། གང་བསམས་དེ་ལས ་མི་འགྲུབ་མེད། ། འཁོར་བ་ཞེས་པའི་ཕུང་པོ་སྲོག་བཅས་ལ།། མངོན་གསུམ་ཉིད་དུ་མཐོང་འགྱུར་གྱིས།། བརྩོན་པ་དོར་བར་མི་བྱའོ།། ཞེས་དཔལ་གཏུམ་པོ་ཆེན་པོས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི ་རྒྱུད་ལས་མཚན་ཉིད་བརྟག་པའི། ། ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་དུས་དག་ན།། གདུག་པ་ཅན་གྱི་ཡི་དགས་རྣམས།། ་དུག་རྣམས་དབྱུང་ན་ཇི་ལྟར་དབྱུང་།། མཆོད་པའི་ལས་རྣམས་ཇི་ལྟར་བྱ།། ཆོས་ཀུན་བདག་པོས་བཀའ་སྩལ་ཅིག་ཅེས་གསོལ་ཏོ།། བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག། མཆོད་པའི་ལས་དག་བྱེད་འདོད་ན། གཉིས་མགོན ་གཙུག་ལག་ཆུ་མིག་འགྲམ། ། མཚེའུ་ལྟེང་ག་ཁྲོན་པའི་སྟེང་། གཡར་ཟླ་གསུམ་ལ་གནས་པར་བྱ།། དབྱིབས་ལོགས་རེན་མཛེས་བྱི་དོར་བྱ།། བའི་རྣམ་ལྔ་སྤོས་དང་དྲི།། ཐིག་ལེ་ལྔ་དང་ལྡན་པར་བྱ།། དབུས་སུ་ཧཱུཾ་བྲི་གསལ་བར་བྱ།། ་ཨོཾ་པཱ་ཕེཾ་ཕེཾ་པོ།། འདི་དག་བཞི་ལས་རྫོགས་པར་བསྐྱེད།། ཀླུའི་རྒྱལ་པོ་རྒྱ་མཚོ་ནི།། ལུས་དཀར་རིན་ཆེན་སྦྲུལ་མགོ་གསུམ།། ལག་ན་རིན་ཆེན་སྡོང་བུའོ།། ཀླུའི་རྒྱལ་པོ་ཀུན་ནས་གདུགས།། སྦྲུལ་མགོ་གཉིས་པ་ཁ་དོག་སེར།། རིན་ཆེན ་འབར་བ་ལག་ནའོ། ། ཆུ་ལྷ་མགོ་ལྔ་ཁ་དོག་དམར།། ལག་ན་པད་མ་འབར་བའོ།། བུ་རྒྱལ་ཤིང་ལ་བུ་རཀ། ལག་ན་སྤྲིན་ཕུང་ཁ་དོག་ལྡང་།། རྒྱལ་དང་རྗེ་དང་བྲམ་ཟེད་ལ།། སོ་སོའི་རིགས་ཀྱི་རྒྱལ་པོ་སྟེ།། སྭཱ་ཆིལ་ནཉེ་བ་གཟན་ལ།། ་གཟུག་སུ་ཡང་ནི་མཛེས་པར་བྱ།། སེམས་ཅན་འཁོར་གྱིས་བསྐོར་བར་བྱ།། ཀླུ་སྨན་སྣ་ཚོགས་དཀར་དང་མདར།། ཚོགས་པར་བྱས་ལ་མཆོད་སྦྱིན་བྱ།། ཁམ་པོར་སྨུ་གུ་མཆུ་ལྟ་བར།། བླུགས་ལ་ཁ་ག་ཅང་གནས་སུ་ཧཱ། ཀོས ་པར་བྱ་བའི་ལས་ནི་རབ། ། སྤྱན་དྲང་གདན་དང་ཕྱག་སྐྱབས་བསྟོད།། སྨོན་ལམ་ལ་སོགས་རྒྱ་ཆེན་བྱ།། བདེན་པ་པ་དང་ཞིང་སྡིགས་པར་བྱ།། དུག་རྣམས་དབྱུང་བའི་ལས་དག་ནི།། ར~ཾ་ཡ~ཾ་ཁཾ་ལས་བྱུང་བའི།། འཁོར་ལོ་ནམ་གསུམ་མ་རླུངས། ་སྲེག་གཏོར་བཀྲུ་བྱ་སྟོང་ཉིད་ཀྱི།། འཁོར་ལོ་ཆེན་པོ་གནས་པར་བྱ།། ཧཱུཾ་ལས་གྱུར་པ་ལྡན་པར་བྱ།། བཟང་སྐྱོབ་པ་དང་དོགས་ཉེས་དང་།། མཉམ་དང་ལྡན་པས་མཆོད་པ་བྱ།། དེ་ནང་དེ་བཞེངས་མཚན་ནས་བརྗོད།། ཉསྟོང་དུས་མཆོད ་སི་ཞུས་བསྐོར། ། དེས་ནི་དོན་རྣམས་འགྲུབ་པར་འགྱུར།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དུག་དབྱུང་ཞིང་མཆོད་པ་སྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པ། ། དུས་ངན་ཐ་མར་གྱུར་པའི་ཚེ།། སྡིག་ལ་མི་འཛེམ་མི་དགེ་སྦྱོང།། མཚམས་མེད་བྱེད་ཅིང་ཆོས་དཀོར་འཇིག། མཛེ་དང་ཤུ་བ་གཡན་པ་དང་།། སྐམས་དང་ཞ་གུམ་གྲ་ཞོགས ་ཕྱེད་ན། ། དེའི་ཚེ་ངའི་བསྟན་པ་འབྱུང་།། ཉོན་ཅིག་དབང་པོ་འཁོར་གྱི་མཆོག། ལོག་སྲེད་གདུལ་དཀའ་གདོལ་པ་ཅན།། ཞི་བས་མི་འདུལ་གང་ཟག་གི། གཤེད་དུ་འཁོར་ལོ་འདི་སྐོས་སོ།། ཀྲོ་དྷ་རཱ་ཛའི་གཟུགས་བཅས་ལ། རྡོ་རྗེ་རྒྱག་མ ་མཐའ་སྐོར་རྡོ་རྗེའི་རེ། ། བརྩོན་འགྲུས་བཞི་ལྡན་དབུས་དང་ལྔ་རུ་དེའོ།། དེ་ལས་རྒྱས་པ་དག་ཏུ་བསྐོར་འདོད་ན།། དེ་ལ་ཁྱད་པར་ཁྱམས་དང་ཡི་གེ་ནི།། བཅུ་གཅིག་ལྡན་བྱས་མཚོན་རེའི་མིང་རུས་གཅར།། ཁྱམས། ་གཅིག་ཧཱུཾ་དང་མིང་རུས་མང་ན་སྐྲག། དབུས་ཁྱམས་སྔགས་བྲི་མང་ན་དེ་དང་སྐྲག། གཅིག་ལ་རྡོ་རྗེ་ཧཱུ~ཾ་བར་མངན་གཅར།། རྐང་པ་མོས་མ་ཤིག་ན་ཕོའི་ལས།། དེ་མ་བྱུང་ན་ཕོ་མོ་སྐྲག་པའི་ལས།། བསོད་ནམས་ཅན་གྱི་སྐལ། ་བཟངས་མཐུལ་ན། སྲིད་པའི་སྟོང་བཟློག་འཁོར་ལོ་དཀྲུགས་ཏེ་བསྐོར།། རོ་རས་འབྲེ་རོགས་བེ་སྒོ།། སྨྱུ་གུ་བྱས་ལ་གདན་ནག་ཡིག་སྔོན་བྲི།། དྲི་དགོད་ཤིང་སྲེགས་བོང་ཁྲག་བོང་དུག་སྦྱར།། དབུས་དང་གཅོན་འང་གཞི་པོར་ཧཱུཾ ་བར་གཅད། ། དགོས་པ་ཀུན་བྱེད་ལས་རྣམས་ཐམས་ཅད་ཀྱི།། སྔགས་འདི་པོ་དང་མོར་བྲི་བར་དུ་བས་དེ།། ཨོཾ་བཛྲ་ཙཎ་ཌ་མ་ཧཱ་རོ་ཥཎ་ཧཱུཾ་ཕཊ། ཕོ་དང་མོར་བསྐོར་རབས་ཆད་པོ་མོར་གཞུག། དབུས་ཀྱི་ཧཱུཾ་བཏགས་སྲང་བུ་ཚངས ་བུག་དབྱུང་། ། ཡཀྵ་ཁ་ཕཊ་ཕྱོགས་བཞིར་གཞག་པར་བྱ།། རྡོ་རྗེ་རབ་ཏུ་ཧཱུཾ་བར་བདེ་བར་བཞག། དུག་སྣ་ཁྲག་སྣས་གའུ་ནག་པོར་བྱུག། གུ་གུལ་རྒྱ་ཚིལ་ཚིལ་ཆེན་ར་ལུག་སྤང་ཁ་ནི།། ཁུ་བ་ནག་པོས་བྱ་བར་རབ་ཏུ་ཤི་ས།། ་བོར་གྲེ་ནག་པོའི་རྡོག་པ་དྲི་རྒོད་ཤི་སྐྲ་དང་།། ཡུགས་ས་མོའི་སྐྲ་ཤད་སྐུད་པས་དཀྲི།། ཡུགས་ས་མོ་ཡི་དོར་རྟས་གྲིལ་ལ་སྦ།། ཕོ་མོའི་ཐོད་པ་སྟེང་འོག་རྒྱ་གྲམ་བྲི།། རི་རབ་གནན་བྱས་མཐའ་གཉིས་དང་པོ་བཞི།། བང་རིམ་སྔགས ་བྲིས་སྟེང་དུ་རྒྱ་གྲམ་དགའ། ། རྒྱ་གྲམ་འོག་ཁུང་སྟེང་དུ་ཁྲུ་དོའི་ཚད་།། བང་རིམ་བཞི་ལ་སྔགས་འདི་སྐུ་གསུང་ཐུགས།། ངའི་རི་རབ་དག་ཏུ་མཚོན་ཕྱིར་བྲི།། ཨོཾ་ལ་ཧཱུཾ་ལཾ་སྟཾ་བྷན།། ཨོཾ་བཛྲ་ཙཎ་ཌཱ་ནཱཾ་ཞེས་གསུངསོ།། ་དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲག་པོ་འཁོར་ལོའི་ལེའུ་སྟེ་བཅཝ་ལྔ་པའོ།། །། དེའི་ཚེད་སྐད་ཅེས་བཀའ་སྩལ་པའི་མཐུས་འཇིག་རྟེན་གྱི་ཁམས་ཀྱང་གཡོས།། རབ་ཏུ་གཡོས་སོ།། འཇིག་རྟེན ་ཀྱི་ཁམས་ཐམས་ཅད་ལ་ལན་གས་སུལབར་བའི་ཚུལ་གྱིས་འཁྲུགས། ། ལལ་ནགས་ན་དུལ་བར་བའི་ཚུལ་གྱིས་འཁྲུགསོ།། ལ་ལ་ནི་བྷ་འགར་བྱེ་དབུའི་དྲས་ཀྱིས་འཁྲུགས།། ལལ་ནི་མཐན་དམན་དང་ཐུམ་པ་། ་གྱིས་འཁྲུགས་ཏེ་དེ་དག་ན་གནས་པའི་གདུག་པ་ཅན་ཐམས་ཅད་རབ་ཏུ་མྱོས་ནས་ཁ་ནས་ཁྲག་དད་སྐྱུགས་པ་དག་ཀྱང་བསྐུས་ཏེ།། ཐམས་ཅད་ཀྱང་གངན་བ་དེར་ཐད་དུ་འདུས་ནས་ཕྱག་འཚལ་སྟེ་མགྲིན་གཅིག་ཏུ ་ཀྱིས་འདིས་ཅེས་གསོལ་ཏོ། ། སྐྱེ་མ་སྔ་མ་མ་མཐོང་ཁྲོ་བ་དག་འཇིགས་པའི་སྐུ། རབ་ཏུ་དྲེག་པ་ཡི་མཚན་ཨེ་མཧོ།། ཐུགས་རྗེས་དགོངས་ཤིག་བདག་ཅག་འབར་སུ་མཆི།། དེ་མས་འགལ་ན་དམྱལ་བར་ལྷུང་ཨུ0f7f ་ཤོག། ཅེས་གསོལ་ཞིང་འཁོད་དོ།། དེ་ནས་བདུད་ཀྱི་རྒྱལ་པོ་སྐོས་ཀྱི་བདག་པོ་བདུད་བྱེ་བ་འབུམ་ཕྲག་དང་བཅས་པས།། མགྲིན་གཅིག་གིས་སྲོག་གི་སྙིང་པོ་ཕུལ་བ།། བཅོམ་ལྡན་འདས་བདག་ཅག་གི་རིག་པ་འདི་ཛིན ་གསོལ། ། ཨོཾ་ནག་པོ་ཏྲིཊ་ཏྲིཊ་ཏྲི་ལང་ཏྲ་ཏ་ཧ་ཀེ་ན་བདག་ཅག་གི་རིག་པ་འདི་གང་གནས་དེར་བདུད་ཀྱིས་འགལ་བར་མི་བགྱིད་དོ།། གང་ཡིད་ལ་དགོས་པ་ཏེ་གྲུབ་པར་བགྱིད་དོ།། ཕས་བྱེད་སྔགས་དང་། སྦྱོར་བ་བཏང་པ་ཡང་ཕྱིར་ལྡོག་གོ།། དེ་ནས་བཟའ་རྒོད་ཆེན་པོར་ནུས ་འཁོར་བཟའ་འབུམ་ཕྲག་དང་བཅས་པས་འགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ཤུ་ཤུ་ར། ཚལ་བ། ཀྲོ་དྷི་ཀྲོ་ལ་ཤྭ་ར། ར་ཙུ་ལ། ཙ་ཏི་ཙ་ཏི། བདག་ཅག་གི་རིག་པ་འདི་གང་ན་གནས་པ་དེར་བཟའ ་རྣམས་ཀྱིས་འགལ་བར་མི་བགྱིད་དོ། ། ཕས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ།། འདི་འཛིན་པ་ལ་ཅི་འཚལ་བ་ཡང་སྩོལ་བར་བགྱི་དོ།། དེ་ནས་དཀར་པོ་དུང་གི་ཐོར་གཙུགས་ཅན་ལ་སོགས་པའི་རྒྱལ་པོ་འཁོར ་འབུམ་ཕྲག་དག་ལྷགས་ནས་མགྲིན་གཅིག་གི་དང་རྟགས་སྲོག་གི་སྙིང་པོ་ཕུལ་བ། པྲ་མ་ཎ་པུ་ཌིད་ཥ། ཨ་བ་རཏ་རཱ་ཛཱ། དྷ་ན་རག་ཥ་ཙི་ཏ་ཕྱུང་ཙི་ཏཱ་རཱ་ཛཱ། ཕྱུང་རཱ་ཛཱ་ཙི་ཏ་བཏུབས། བདག་ཅག ་ཤིག་པ་འདིགང་ནམས་པ་དང་ཡུལ་འབར་དང་ངག་ཅང་དུ་འགས་བར་མ་བ་ཅ་དང་། བམ་གང་བ་ཡང་ཉིད་པགྲང་མཆག། དེནཔ་ཅད་དཔར་བཁྲག་ལ་ནསན་འབུམ་ཕྲག་མ་དང་ཐས་པས ་འགྲོ་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ། ཨཱ་བ~ཾ་ཤྭ་རཱ་ཛཱ་ཏྲཻ་ལ་བདག་ཅག་འཁོར་དང་བཅས་པ་རྣམས་འདི་ལས་འདའ་བར་མི་བགྱིད་དོ།། བས་གཏང་བར་གྱུར་ཀྱང་།། སླར་དེ་ཉིད་ལ་མཆིའོ།། དེ་ནས་གཤིན་། ་རྒྱལ་པོ་སྨིགས་པ་ཞེས་བྱབ་འཁོར་དང་བཅས་པས་འགྲིན་ཅིག་ཏུ་རང་ཏིགས་སྲོག་གི་སྙིང་པོ་ཕུལ་བ།། ཡ་མ་རརཱ་དྷུ་ལ་མ་ཅི།། བདག་གི་རིག་པསྨོད་པ་དེར་བདག་གི་གནོད་པ་མི་སྤོབས་ལགས་ཏེ། གནོད་པའི་སྤྱན་སྤངས་ནས ་པས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། ། དེ་ནས་མ་མོའི་རྒྱལ་མོ་མཁའ་དབྱིངས་ཀྱིས་ཡུམ་ལྔ་དང་།། བདུད་ཀྱི་གཤིན་རྗེའི་སྲིང་མོ་སྲིད་པའི་ཕུང་བྱེད་ཏིལ་སོགས་པ། མ་མོའི་ཚོགས་དཔག་ཏུ་མེད་པ་དག་གིས་རང་རྟགས ་སྲོག་གི་སྙིང་པོ་ཕུལ་ག། རག་སོ་མཱ་མཱ་མྲ་ལུ་སྟེང་ཁ་རག་ཤཔཱ་ལ་མ་མ་བྷྱོ་ཧཱུ~ཾ། བདག་ཅག་གི་གསང་པའི་སྔགས་འདི་སྤྱོད་པ་དེར་བསྲུང་བ་དང་བསྒྲུབ་པ་བགྱིད།། འཁོར་དང་བཅས་ཏེ་བཀའ་བཞིན་པགྱིང་།། པས་གཏང་བ་ཡང ་སླར་དེ་ཉིད་ལ་མཆིའོ། ། དེ་ནས་ཀླུ་འཁོར་དང་བཅས་པ་ས་མགྲིན་གགི་ཏུ་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ནཱ་ག་རཱ་ཛ་ན་ག་ནི། གང་ན་རིག་སྔགས་ཀྱི་རྒྱལ་པོ་སྤྱོད་པ་དེར་། བདག་ཀླུའི་གནོད་པའི་རྒྱུན་སྤོང་ངོ་།། ཕས་བཏང་བ ་ཡང་སླར་དེ་ཉིད་ལ་མཆིའོ། ། ཞེས་སོ་སོ་ནས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ཏེ་དམ་བཅས་སོ།། དེ་ནས་དབང་པོ་ཆེན་པོས།། ཁྲོ་བོའི་བདག་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། སྲིད་པའི་དབང་ཅན་འདི་རྣམས་ཀུན། འཁོར་ལོས ་ཟློག་ན་ཇི་ལྟར་བཟློག། བཟློག་ཐབས་ཁྱད་པར་བཀའ་སྩོལ་ཤིག། བཀའ་སྩལ་པ།། ཉོན་ཅིག་ལྷའི་དབང་པོ་ཁྱོད།། མཱ་ར་ཡའི་ཙཀྲ་དག་ལས་སོ་སོའི་མན་ཏྲ་འཁོར་བར་བྲི།། བྱད་སྔགས་ཕྱིར་བཟློག་དེ་ལ་ཡང་ས་མ་ཡ་དང་བཟློག ་བཏགས་སོ། ། མཆུ་གསུམ་སྙིང་ལྤགས་མེད་པའི་བོད་པ་དང་། རོ་ཉ་སྦལ་ཤུགས་པ་གཟོད་ནམ་གྲི་མོ།། དྲི་རྒོད་ཀྲུང་ཀ་ཐོད་ཆེན་ནད་དག་ཏུ།། རབ་ཏུ་དྲག་ཏུ་བསྐོར་བའི་འཁོར་ལོ་བཞུག། འོག་འགྲོ་འདྲལ་སྲང་རྒྱ་གྲམ་ལམ་དག་ཏུ། ཨེ ་དོདེང་བྲུ་བྱས་རྒྱ་སོལ་མ~ཾ་ཀྱིར། ། ཏ་ཁྲག་མེ་ཁྲག་ནག་པོས་སྦྱངས་ལ་བསྐུ།། དབུས་གཙུག་མཐའ་བསྐོར་གནན་པའི་ལས་དག་བྱ།། ཡང་ན་ཐུན་དུ་བླགས་ལ་ཁྲོས་པས་འཕང་།། ཅེས་གསུངས་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུག ་གསང་བའི་རྒྱུད་ལས་དྲེགས་པ་ཅན་སྲོག་གི་སྙིང་པོ་བུལ་བ་དང་། མངོན་སྤྱོད་དྲག་པོའི་ལས་ཀྱིས་བཟློག་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་བསྟན་པ་འཇིག་པའི་དུས་དགན། ་ཐུན་གྱི་ཚར་བཅད་བསྟན་དུ་གསོལ། བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག། རྫས་དང་སྔགས་བཅས་ཏིང་འཛིན་གསུམ།། ཁྲོས་པས་ཞེ་སྡང་བསྐྱེད་པར་བྱ།། ཞེ་སྡང་དྲན་པས་གདུག་རྫས་བསག། ཡུངས་ཀར་ཡུངས་ནག་སྐེ ་ཚེ་ཏི་ལ། གཟེ་མ་སྐྱེར་བ་སེ་བའི་སེར།། ཐུན་སྔགས་འདི་བཟླས་བརྣགས་ལ་བྲལ། ཨ་མོ་ཀ་མ་ནི་གཏོར་མའམ།། མཚན་དན་ཀ་བ་ལ་རུ་གཞུག། ཨོཾ་བཛྲ་ནཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། མཱ་རཱ་ཡ་ཐུན་པོག། དབང་པོ་ལ་ཡང་། སྲོག་ལ ་ཡང་། ཙི་ཏ་ལ་ཡང་། གོ་རོ་ཙ་ན་ལ་ཡང་། གཟས་པའི་མཚན་མོས་རྡོ་རྗེའི་ཐོག་ཏུ་དཔག་གང་དམིགས་གཟས་པའི་མཐུ་དང་རྫུ་འཕྲུལ་རྣམས།། བདག་ལ་བསྡུ་བྱས་རྟོག་པའི་བག་ཆགས་བཀྲུ།། སྔགས་འདིས་རོལ་གཅིག་བརྗོད ་ཅིང་བྷ་ལིད་མགྲིལ། ། ཨོཾ་བྷ་ལི་ཏ། བྷ་ལི་བུ་ཙ་ཨརྒམ་པྲ་ཏི་ཛ་ཧོ། བཛྲ་ཀྲོ་དྷ་ཙཎ་ཌ། བྷ་ལི་ཁཱ་ཧི་ཁཱ་ཧི། བཛྲ་ཀྲོ་དྷམཎྜ་ཧ་ཧ་ཧ། ཧེ་ཧེ་ཧེ། བྷཊྚ་སྭཱ་ཧཱ། སྦྲུལ་དང་སྦལ་བ་ཉ་དང་ཆུ་སྲིན་སྙིང་།། ཤ་ཆེན་ཁྲག་ཆེན་ལོངས་སྤྱོད་ནམ་པ ་ཀུན། ཤེས་རབ་མཆོག་གི་ཕྱག་རྒྱ་ཆེར་བསམས་ལ། ཡ~ཾ་གཏོར་རཾ་བསྲེག་ཁཾ་བཀྲུས་བདུད་རྩིའི་མཆོག་ཏུ་བསྒྱུར།། ཨ་མྲི་ཏ་དག་སྔགས་འདིས་སྦྱང་བར་བྱ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲི་ཏ་བཛྲ་ཨ་མྲི་ཏ། ཧཱུ~ཾ་ཧྲཱི་ཐ་ཨོཾ ་མ་ཧཱ་ར་ག་ཏ་ཛྭལ་ཁ~ཾ། ཁཱ་ཏི་ཁཱ)། དྷཱུ་དྷ་ཧཱུཾ། ཏཱདྷ་ཧཱ། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་ཚོགས།། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཀུན།། ཕྱོགས་བཅུའི་ཞིང་ཁམས་གང་བར་རབ་མིག ་ལ། སྐྱེ་མྱེད་དང་བས་ཉིན་མཚན་བརྩོན་པར་བྱ།། མི་དམིགས་མཉམ་བཞག་ཡེ་ཤེས་རབ་ལྡན་པ།། སྐུ་གསུང་དུས་གསུམ་སངས་རྒྱས་ཐམས་ཅད་དང་། སེམས་དཔའ་སེམས་མཁྲོ་བོ་ཁྲོ་མོའི་ཚོགས།། མཆོད ་ཆེན་པོ་དེ་མཉེས་སྦྱིན་བྱའི་སེམས་ཅན་ཚིམ། ། ཞེས་གསུང་སོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་ཆུད་ལས་ཐུན་དྲུག་མཆོད་སྦྱིན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ལྷའི་དབང་ས ་ལ་སོགས་ཏེ། རི་རབ་དང་བར་སྣང་ལ་སོགས་པ་ལ་གནས་པའི་ལྷ་ཐམས་ཅད་ཀྱི་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། ལྷའི་ན་བཟའ་དང་། ཞལ་ཟས་དང་། རྒྱན་སྣ་ཚོགས་པ་དང་། དུག་སྤོས་དང ་སིལ་སྙན་དང་། བྱུག་པ་དང་། སྒྲསྣ་ཚོགས་པ་དང་། སྤོས་སྣ་ཚོགས་པ་ཐོགས་ནས་ལྷག་སོ།། འཇིག་རྟེན་པ་དེ་དག་ཀྱང་རང་རང་གི་མཆོད་པ་སྣ་ཚོགས་པ་ཐོགས་ནས་ལྷགས་ཏེ། ཞེ་ས་དང་གུས་པ་བྱས ་ཏེ་ཐམས་ཅད་ཀྱང་འགྲིན་གཅིག་གིང་རོས་གསོལ་པ། ། ཁྲི་རྒྱལ་སྦྲུལ་དྲིམ་མི་མངའ་ཡང་།། དཀར་ཆབ་མངར་ཆབ་སྤོས་ཀྱི་ཆ་བ།། སྨན་མབ་བདུད་རྩིའི་ཆི་བ་ལ་སོགས།། ཁྱོད་ཀྱི་སྦྲུལ་ཁྲུས་མབ་གསོལ།། ཨ་ཧ་ར་ནཱཾ། ་གཟུང་བ.རང་དྲུག་སྨན་རྗེ་དྲྀ། ཨ་ཀ་རུ་དང་དུ་རུ་ཏ།། གྷ་སྨོས་ཀྱི་དྲི་ལ་སོགས།། འགག་མེད་ག་ལ་ཀྱ།། དྷུབ་པཱུ་ཙ་མ་ཀ་ཧཱུཾ། རིན་མེན་ལྔའི་མ་ཏོག་དང་།། ཚུལས་སྐྱེས་དང་ཟང་ལས་སྐྱེས་ཡིད་ཀྱིས་སྤྲུ ་པའི་མེ་ཏོག་རྣམས། རྡོ་རྗེ་འཛིན་གྱི་དབུལ་འཕྲུལ།། པུཥྤེ་པཱུ་ཙ་མེ་བྷ་ཏྲཱུཾ། འབྲུའི་མར་མེ་རྩིའི་མར།། འདམ་བུ་སྣང་གསལ་རིན་ཆེན་སྒྲོན། སྤོབས་པ་བཅུད་ལེན་སྒྲོན་མ་རྣམས།། ཁྲོ་བོ་གཏུམ་པོའི་སྤྱན་ལ་འབུལ། ་ཨཱ་ལོཀི་པྲཙ་མི་གྷ་དྷྭཾ།། རྣམ་ལྔའི་སྨོས་དང་ལྡན་སྔར་སྦྱར།། ར་ས་ཡ་དང་ཨ་མྲིད། རྡོ་རྗེ་འཛིན་ལ་དྲི་མཆོག་འབུལ། གན་ཏེ་བཱ་རྦ་མེ་ཐཱ་ཛྷཻཾ། རོ་མཆོག་བརྒྱ་ལྡན་བདུད་རྩི་མཆོག། བདེ་བར་བཞེས་ཏེད་དགྱེས་པར་དགོདས། ་ཨ་མྲྀཏཊྚཏ~ཾ་ཏྲཱཾ། ཀུན་དུ་གྲགས་པའི་སྒྲ་རྣམས་མ་ལུས་དང་། དམ་ཆོས་སྒྲ་སྒྲོགས་སིལ་སྙན་འཕྲུལ།། བ་རན།། བཞེས་མགྲོན་ཅིག་གིས་གསོལ་ནས་དེ་ཉིད་དུ་སྤྲོ་བའི་ཚུལ་གྱིས་གནས་པར་གྱུར་ཏོ།། དཔལ་རྡོ་རྗེ ་གདུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲེགས་པའི་འཁོར་དག་གིས་སྲི་ཞུ་དང་གུས་པས་མཆོད་པའི་ལེའུ་སྟེ་བཅཝ་བརྒྱད་པའོ། ། །། དེ་ནས་རྡོ་རྗེ་ཁྲོ་བོ་དེས་དྲེགས་པའི་འཁོར་དེ་དག་ལ་དམ་ཚིག་ཆེད་དུ་སྤྱད་པའི ་བཀའ་སྩལ་ཏོ། ། མི་གནས་མཐའ་ལས་འདས་པ་སེམས་ཉིད་མཆོག། སྣ་ཚོགས་ཆོ་འཕྲུལ་འབྱུང་བས་ཀུན་གྱི་གཞི།། མ་བཅོས་རང་བཞིན་རྐྱེན་གྱིས་བྱས་པ་མེད།། དེ་ལ་གནས་ན་རང་ངམ་བསྲུངས་པ་ཡིན།། དེ་བཞིན ་གྱུར་ཀྱང་འོད་དག་ཆེད་དུ་བླང་། ནོར་བུ་འབར་བ་མ་མཐོང་སྟོན་པ་དང་།། ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས་གདུང་བའི་ནད་སེལ་བ།། བདུད་རྩི་ལྟ་བུའི་ཚིག་གིས་ཚིམ་བྱེད་པ།། ཀུན་གཞིའི་ཡུལ་དུ་ནུས་པའི་དབང་འབོགས ་ཤིང་། ། ཐུགས་རྗེས་སྐྱོབ་པར་མཛད་པའི་མགོན་པོ་དེ།། དུས་གསུམ་སངས་རྒྱས་ཀུན་པས་གཉན་པ་སྟེ། སྙིང་བཞིན་སྐྱེ་མེད་རྨི་ལ་མ་ནང་དུ་བཀུར།། ངག་གི་རྡོ་རྗེ་ཆུ་བོའི་རྒྱུན་བཞིན་དྲང་། སྐྱེ་མེད་ཉིན་མཚན་དུས་སུ་བརྩོན་པར་བྱ།། ་རྡོ་རྗེའི་བྲག་པར་མི་གསེད་བསྡམས་ལ་དྲང་། བརྫུན་མེད་ཚིག་གིས་དམ་པ་དེ་ལ་བསྟོད།། བཤད་པའི་དབང་རྣམས་རབ་ཏུ་མ་བསྟན་ན།། རྡོ་རྗེའི་ལྕེ་ལ་བདུད་རྩི་འཛག་གྱུར་ཀྱང་།། གཞན་ལོ་ཟེར་ཐིགས་འགའ་ཡང་སྤྲ་མི་བྱ། ས ་འོས་གཉེར་གཏང་སྔགས་དང་མཚན་རྣམས་གསང་། དུས་གསུམ་འགྱུར་མེད་རྡོ་རྗེའི་སྐུ་མཆོད་དེ་ནདང་ཇིཿ། སོགས་ལས་ཀྱི་རྣམ་སྨིན་གང་། སྡུག་བསྔལ་མི་བཟད་ཉམས་ཐག་ཅི་བྱུང་ཡང་། ལྷག་པར་དྲན་པ་བསྐྱེད་དེ་རྗེ་སུ་བཟུང་།། ་འགྲོཉ་ལ་འདུག་པ་སྤྱོད་ལ་མ་རྣམ་པ་བཞིར།། མི་མཇེད་ཤེས་རབ་དག་གིས་རྗེ་བཟུང་།། སློབ་པོན་མཆོད་དདགསང་ཅིག་ཡི་མ་ལ།། སྲེག་གི་ཕྱིང་ཡང་དེ་དག་མ་སྤང་ག།། བནི་བ་དེ་བཞིན་ལ་མི ་སེམས། ། དྲན་པས་རྗེས་སུ་དེ་ལ་བཟུང་བར་བྱ།། སྨིག་རྒྱུ་ཆུ་རྒྱུན་བརྟུལ་ཞུགས་བྱ་བ་སྐྱེད།། དེ་ལས་འགལ་བིའི་བརྟུལ་ཞུགས་རབ་ཏུ་སྤྱོད།། རྡོལ་ཞིང་ཟག་འགྱུར་དུག་ཅན་སྨད་པའི་སྣོད།། དེ་རུ་མུ་ཏིག་བདུད་རྩི་མི་བླུགས་ལྟར།། ་ཐབས་ཀྱི་སྤྱོད་པས་རྣམ་དབྱེ་ཤེས་པར་བྱ།། དཔག་ཚད་ཀུན་ཏུ་རྣམ་པར་སྤོད།། དེ་དགའ་གལ་ན་རྡོ་རྗོད་དམྱལ་བ་ཡི།། སྡུག་བསྔལ་ཆུ་བོ་རེག་ཅིང་བཟོད་དཀའ་བར།། དུས་གསུམ་རྣམས་དངང་ཡིས་བརྗོད་མི་ནུས།། གཞན་ནས ་གཞན་འབར་ཐར་བའི་དུས་ཀྱང་མེད། ། མཉམས་རྒལ་དཀར་འགྲོ་བར་གདོན་མི་ཟ།། དདང་དུས་གསུམ་ཀུན་ཀྱང་དེ་ལ་དགོངས།། གང་ལ་དམིགས་པའི་འབྲས་བུ་ཆུད་མི་ཟ།། ཕྱོགས་སྐྱོང་རྣམས་ཀྱི་དམ་སྐྱོད་དེ་ལ་བསྲུང་།། ཞེས་གསུངས་སོ།། ་དཔལ་རྡོ་རྗེ་གཏུམ་པོ་ཐུགས་གས་པའི་རྒྱུད་ལས་ས་མ་ཡ་བཀོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་འཁོད་དེ་དག་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤིན་ཅིག་འདུས་པའི་འའོད་རྣམས་ཅན།། དོན་མར་དབྱེད་མེད་ཕྱོགས་ཅ་ཀུན་དང་བྲལ།། མི་ལེན་མི ་གནས་མི་སྤོང་མི་འགོག་ནིང་། ། ང་བཞིན་གནས་པ་དེ་ལ་བཅོས་སུ་མེད།། རྟོག་པའི་གནས་མིན་ཕྲ་བའི་སྤྱོད་ཡུལ་མིན།། དངོས་པོར་མི་གནས་མཚན་མཀུན་དང་བྲལ།། སྒྲོ་དང་སྐུར་བས་དེ་ལ་དཔག་མི་དཔོགས།། སྟོང་པ་མ་ཡིན་ཐ་དད་དེ་ལས ་འདས། ། མི་ནས་མི་ཏིག་རྐྱེན་གྱིས་སྐྱེད་པ་མེད།། དངོས་བྲལ་ཀུན་གྱིམཔར་འདས་བརྗོད་མེད།། འདི་ཞེས་ངེས་པ་དེ་ལ་མཚོན་དུ་མེད།། དུས་གསུམ་བདག་པོ་སངས་རྒྱས་ཐམས་ཅན་ཀྱི།། རབ་སུམ་ཤུལ་དང་ཀུན་གྱི་དངས་པོ་ཡིན།། སེམས་ཅན ་འཛིག་རྟེན་འམས་ཀྱི་དང་བཞིན་དང་། བུད་རྟ་འཇིག་རྟེན་འམས་ཀྱི་རང་བཞིན་ཀུན། གཅིག་སྟེརྣམ་གྲངས་ཡོངས་ཀྱིས་དེ་ལས་མེད།། གང་ཡང་མ་འགགགཅིག་ངེས་པ་མེད། ་སྨད་བརྗོད་བྲལ་སངས་རྒྱས་ཀུན་གྱི་དངོས།། དེ་ལྟར་གྲོལ་བ་རྣལ་འབྱོར་མཆོག་གི་ལམ།། ཕྲ་བའི་སྐམ་རྣམས་ཀྱིས་རྗེས་དཔག་དཀའ།། དེ་ལ་སྒོ་དང་བསྡུ་བའི་དབང་པོ་མེད།། གཟུགས་དང་ཁ་དོག་རྣམ་པ་གང་དུ་ཡང་། ་དེ་ཉིད་མ་གྲུབ་དེ་ལ་གཉེན་པོ་མེད།། འབྱུང་བ་ཆེན་པོ་ན་མཁའི་རང་བཞིན་ལ།། ཁུ་བླངས་འཇའ་ཚེན་ན་བུན་སྤྲིན་ལ་སོགས།། ཐན་དྲག་ལྤགས་རླུང་ལ་སོགས་གང་བྱུང་ཡང་།། ནམ་མཁའ་ཆེན་པོ་དེ་ལ་གཡོ་བ་མེད།། དང་པོ ་བྱུང་ཡང་དེའི་དང་ལས་བྱུང་། ། ཐ་མར་ཞི་ཡང་དེའི་ངང་དུ་ཞི།། དེ་དག་དེའི་ནང་དུ་འབ་ཀྱིས་འཆུས།། ཡངས་སོ་ཆེ་འོ་ན་མཁའི་ཁོག་པར་གནས།། ཁམས་གསུམ་སེམས་ཅན་དུས་གསུམ་སངས་རྒྱས་རྣམས།། དོན་དམ་དེའི་རང་བཞིན ་དེ་ཉིད་ཡིན། ། ཀུན་ཀྱང་དགེ་དང་སྡིགས་སོགས་གང་བྱས་ཀྱང་།། རང་བྱུང་འཕྲུལ་ལྡན་དེ་ལ་འཕེལ་འགྲིབ་མེད།། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་དངོས་པོ་མེད།། སེམས་ཅན་སངས་རྒྱས་ཉིས་ཤེས་རྟོག་གི་བུ།། དེ་ལ་དབྱེ་དང་མིང་དང་ཡིག ་ཚོགས་མེད་ཅེས་གསུངསོ། ། དཔལ་རྡོ་རྗེགཏུམ་འརྫོགགས་པའི་རྒྱུད་ལས་གཞི་བྱང་ཆུབ་སྙིང་པོའི་རྒྱུའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་དྲེགས་པའི་འཁོར་དེ་དག་ངོ་མཚར་དུ་གྱུར་ནས་མགྲིན་ཅིག་གིས་འཛུམ་པའི ་མདངས་ཀྱིས་མངོན་པར་བསྟོད་པ། ། ཨེ་མ་ཧོ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེན།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རྡོ་རྗེ་རྡོ་རྗེ་འཛིན་པ་ཆེ།། རྡོ་རྗེ་སྐུ་སྟེ་ཆེ་བ་བོ།། མི་ཤེས་དྲི་མ་ཀུན་འཇོམས་པ།། སངས་རྒྱས་ཀུན་པས ་སྔང་སངས་རྒྱས། ། འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་ལུས་ཏེ་ལུས་ཀྱི་མཆོག། ལུས་རྣམས་ཐ་དད་རྣམ་སྤྲུལ་ཅིང་།། ལུས་དམན་པ་དག་འཇིགས་པར་མཛད།། ལུས་ཀྱི་ངོས་དོན་ཏིང་དཔག་དཀའ།། རྡོ་རྗེའི་སྤྲུལ ་ཕྱག་འཚབ་བསྟོད། ། རྡོ་རྗེ་འབར་བཆེར་འབར་བ། ལ་འི་ད་མ་ཅོག། ཆ།། རྡོ་རྗེའི་མཚན་ཆེན་ཕྱག་ཚལ་བསྟོད།། ཕྱག་ན་རྡོ་རྗེ་ཡེ་ཤེས་ཆེ།། ཞལ་གྱི་རྡོ་རྗེ་སྣང་བ་འབིགས།། རྡོ་རྗེ་མཆེབ་ནོབ་ཆེ། ཆོས ་ག་མ་སུ་ཆེན་ཡོད། ། རྡོ་རྗེ་པདམ་བྱང་ཆུབ་ཆེ། ཐུགས་ཉིད་སངས་རྒྱས་རང་བྱུང་བ།། རྡོ་དྷ་རྨྱ་རྨེ་ཐུགས་ཀྱི་མཆོག། རྡོ་རྗེན་ལ་འབྱོར་ཐུགས་ཆེན་བསྟོད་།། རིགས་བྱེད་དྲུག་པོནག་པོས།། རྗེ་འཇིག་བྱེ་སྲུང་བྱེད ་བསྒྲུབ་དཀའ་བསྒྲུབ་ལེགས་ཡོན་ཏན་ཆེ། ། ཡོན་ཏན་རྡོ་རྗེ་མཆོག་ལེགས་བསྟོད།། རྡོ་རྗེ་ཁྲོ་བོ་དྲུག་པོ་ཆེ།། ཧ་ལ་ཧ་ལ་ནག་པོ་ཆེ།། རྟོགས་པའི་དུས་ངན་རྣམ་པར་སྤྱོད།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། ་ཅེས་མངོན་པར་བསྟོད།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་འཁོར་གྱིས་མངོན་པར་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ལྷའི་དབང་པོས་འདི་སྐད་གསོལ་ཏོ།། ཀྱེ་རྡོ་རྗེ་ཁྲོ་བོ་ཁྱེད། ་དུས་ངན་བསྟན་པ་མི་གནས་ཚེ།། འཇིག་རྟེན་ཁམ་སུ་ཆུ་འཁྱགས་དབབ་པའི་ཐབས་བཀའ་སྩལ་དུ་གསོལ།། བཀའ་སྩལ་པ།། ཉོན་ཅིག་དབང་པོ་ཆེན་པོ།། འཇིག་རྟེན་ཕུང་བར་བྱ་ན་ནཱཾ་གའི་ཆུའི་ཁྱགས་དཔབ།། གསང་བའི ་ལས་རབ་འདི་ནི་རབ་ཏུ་གནག། ན་མོ་བུད་དྷཱ་ཡ། བཛྲ་ནཎ་ཌ་མ་ཧཱ་དོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ནཎ་ཌ། ཀི་ལི་ཀི་ལི། ཙཎ་ཌ་མོ་ར་ཙིཿ། ཙཎ་ཌ་ཙཎ་ཌེ། ན་ག་བན་དྷཱ་ཡ་ཕཊ་སྭཱ་ཧཱ།། སཽ་བརྒྱ་སེང་ལྡེང་པུར་བུ་གུ་གུལ་དང་། ་ཚིལ་ཆེན་སྨེ་ཁྲག་བྱུག་ཅིང་གདུག་རྩ་གཟིར་སྔགས་བཤམ་གདགས་བཐེ་ཐོག་མའི་གོང་ནས་གྲངས་མེད་བཟླས་པའི་མཆོག། ཀླུ་པི་གནས་སུ་བཏབ་ན་ཁྱུང་གིས་མི་ཟེར་འཆིང་།། ཕྱོགས་བཏབ་ལྡོག་འགྱུར་ཞིང་བཏ ་འབྲུ་སྲིན་ཟ། ། ལཱུ་མ་ར་རྟ་བྲེས་གནག་རར་ལུག་གནས།། བཏབ་ནས་མི་སྐྱེ་རི་སྙིལ་ཆུ་ཡང་ལྡོག། ཕལ་བའི་གྲོང་དང་རྒྱལ་པོའི་སྒོར་བཏབ་ན།། ཐལ་བའི་གྲོང་འཇིག་རྒྱལ་པོའི་འཁོར་གྱི་མི།། འབྱེར་ཞིང་ནང ་ཀྱིས་ཐེབས་འགྱུར་ཕྱུང་ན་ཐར། ། ནཱ་གའི་གནས་གཏབ་ཐམས་ཅད་འཆིང་བར་འགྱུར།། ནག་པོ་གནས་སོང་བ་ལ་ལས་འདི་བྱ།། བྱང་བལྟས་ཆུ་མིག་རྔོམ་དང་དམས་སྐྱིབས་གནག། མགོན་རྔོན་དྲེག་པ་ཆགས ་ཡ། གནས་དང་ཨེནག་འདབ་ཅན་རྩལཿ།། དཀར་ནག་རྡོབགྲང་དམ་ངར་བསྒྲེང་བྱ།། སྐམ་པདུམ་པ་ནར་བྷ་ལ་ཁྲུག་དུག་གནག། ར་མིའི་དགན་བསྐོལ་བཏིང་འཛིན་པས་པ།། ཀཨཱ་རྱ་ཊཱི་འཇ ་མོ་ཤིན་ཏུ་བཅེས། དཀར་ན་གདུད་པས་དྲན་པསྐྱེད་དབང་དུ་བསྡུ།། དེ་ནས་ཁྲུར་བསྐུལ་བ་ཞེས་བྱ་བ་འད་གསུང་སོ།། ཧྲི་དཔག་བསམ་ཤིང་ལས་བཞེངས་པའི་ཀཱ་རུཿ།། ཡེ་ཤེས་གཤོག་པ་གསེར་གྱི་མིག། རྡོ་རྗེའི་མཆུ་ཆེ ་ཐོགས་མེད་ལྕགས་ཀྱུ་ཅན། ། རི་རབ་རྩེ་ནི་ས་རྒྱ་མཚོའི་ཏིང་དུ་བསླེབས།། ཀླུ་རྒྱལ་གདན་དུ་འདིངས་ཤིང་ཀླུ་ཕྲུག་ཟ་སུ་ཟ།། ཀླུ་རྣམས་བཀའ་ལས་མ་འདའ་ཆུ་འཁྱགས་བོབ།། བརྗིད་གནོན་མན་ཏྲ་མུ་ཏྲས་ཟིལ ་གྱིས་གནོན་ན་ག་རཱ་ཛ་ཕུད་ཏ། སྟོང་བཟླས་བཤམས་སྦྲེལ་བན་དྷ་རྨུ་མིག་བརྟབ།། ཀླུ་གཟུགས་སྦྲུལ་མགོ་བདུན་སྔོན་སྐྲོད་ཁར་གཞག། མགོ་ལ་ཁྲག་བྱུང་འདི་ཉིད་རྩ་བརྒྱད་བཟླས།། ནཱ་ག་ནཱ་ག་ལ ་ཁྲག་ནད་མགོལ་ཕོ་བ། ། ནཱ་ག་མགོལ་ཁྲག་ཐུན་རྦད།། རྩ་བརྒྱད་བརྗོད་ཅིང་ཐབ་བྱ་ཁྲག་ལྷག་དང་།། ཐལ་འཇིམ་བྷན་དྷ་ཆུ་མིག་ནང་དུ་བརྡབ།། ཐོག་དང་སེར་བ་ཇི་ལྟར་འདོད་བཞིན་འོད།། ནཱ་གའི་གཟུགས་ནི་ནག་པོ་གེལ་ཚིགས་ཆེ། ་མིགནས་ཀློག་འགྱུ་ཁ་ནས་ཁྲག་སེར་འབབ།། དེ་ལྟར་བསམས་ན་ཀླུ་འཁྲུག་སེར་བ་འབེབས།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་འཇིག་རྟེན་ཐོག་སེར་གྱི་ལེའུ་སྟེ་ཉི་ཤུརྩ་གཉིས་པའོ།། ། དེ་ནས ་ཡང་ལྷའི་དབང་པོས་ཞུས་པ། ། མཐར་ཐུག་དྲག་པོའི་ལམ་གྱིས་ཇི་ལྟར་དབཟ།། རྫས་དང་སྔགས་བཅས་དྲག་པོའི་སྦྱར་ཐབས་གང་།། སྒྲ་གནས་དུས་ཆོད་མཛེས་པ་གང་ལ་བགྱི།། བསྲུང་བའི་གོ་རིམས་བཅས་པ་ཇི་ལྟར་ལགས། ་ཅེས་ཞུས་པ་ལས། བཀའ་སྩལ་པ། ཉོན་ཅིག་སྐལ་ལྡན་ལྷ་དབང་པོ།། རྫས་དང་སྔགས་བཅས་དྲག་པོའི་སྦྱོར་བ་འདིའོ།། མཛེ་ཤ་མཇི་ཚི་ལ་ཐོད་པ་ཚིལ་ཆེན་དུང་།། གཞོབ་རྣམས་ཐུགས་ཏེ་སྨྲ་བའི་མེ་དང་སྤང་།། ཡུགས་ས་ལི ་ཞལ་དྲིལ་ཁང་ནག་བཅིང་བྱས་ལ། ། ཆུ་མིག་འགྲམ་སེར་སེང་ལྡེང་བུར་བ་བདག།། སྟོན་ཟླ་རབ་འབྲིང་གཟའ་གོད་རྒྱུ་རུས་བཏབ།། སྐྱ་རེང་ཤར་དང་ཉི་ཕྱེད་ཉལ་བཏད།། རྫས་མཆོག་མ་བྱུང་ཚུལ་བྱགཉིན་རེ་འབབ།། དེ་ནས་ཀླུ། ་རྣམས་ཀུན་གྱི་གཉེན་པོ་རག་ཏ་ཙ་མུན་ཏི་ཞེས་བྱ་བ་འདིས་བསྐུལ་བཀའ་སྩལ་ཏོ།། ཧཱུཾ་སྐུ་ནི་གནམ་ལྕགས་འབར་བ་ལ།། དམར་སེར་མེའི་རལ་པ་ཅན།། ཁམས་གསུམ་སྲིད་གསུམ་ཁན་ཁྱེར།། སྲིད་པ་གསུམ་ནི་ལྟོན་འཕྱོ།། ་ཡ་འགལ་གནམ་ལ་མ་བཀལས།། ཉི་མའི་སྨན་དང་སྤྱན་ནས་འཆར།། ཟླ་བའི་སྦྱིན་ཏང་ཞལ་ནས་འཆར། རི་རབ་རྩེ་དགུ་ཕྱག་ན་བསྣམས།། མི་བཟད་འབར་མ་གཏུ་མཆེན་མོ།། ཕྱག་ན་རྡོ་རྗེའི་བཀའ་ཉན་མ།། འདུལ་བའི ་གཉེན་པོ་ཀླུ་འདུལ་མ། ། ཐུགས་དམ་ཀླུའི་བྷན་དྷ་འདྲེན།། ཟསུ་ཀླུའི་ཤལ་ཟ།། ཀླུའི་གནས་རིས་དབང་དུ་སྡུད།། སྔགས་བཀའ་སྩལ་པ།། ཨོཾ་ནཱ་གཞུང་ཐུན།། ཛྭ་ལ་ཛྭ་ལ། ཙྪིནདཙྪིན་ད། བྷན་དྷ་བྷན་དྷ། ཕཊ་ཕཊ་སྭཱ་ཏྨ། ལས ་ཀྱི་གེ་ཚེ་དྲུག་ནི་རབ་ཏུ་གཅེས། ། ལོག་གནོན་གྱི་སྔགས་བཀའ་སྩལ་པ།། ནཱ་ག་ལི་དུམ་པ་ཡ་ས་དོམ་དྷེ་བ་ཀུ་རུ་ཧཱུ~ཾ་ཧཱུ~ཾ། ཛ་ཛ་བྷྱོ་བྷྱོ། འཁོར་ལོ་ཚུལ་དུ་ལུས་ལའོ་ཞེས་གསུངས།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི ་སྱཱད་ལས་མཐར་ཐུག་དྲག་པོ་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ། ། དེ་ནས་འཁོར་དེ་དག་གིས་ནུས་པ།། བཅོམ་ལྡན་ཉིད་ཀྱི་མཚམས་བཅད་ཇི་ལྟར་བཟུང་བར་བགྱི་ཞེས་གསོལ་པ་དང་། བཀའ་སྩལ ་གའདུལ་བའི་ཚོགས་ཉོན་ཅིག། དེའི་རང་བཞིན་ནི་དུས་གསུམ་གྱི་བདེ་བར་གཤེགས་པར་རྟོགས་པར་བྱོས་ཤིག། དེའི་རང་བཞིན་ནི་སྐྱེ་བ་མེད་པར་རྟོག་པར་བྱོས་ཤིག། དེའི་རང་བཞིན་ནི་སྟོང་པ་ཉིད་དུ་རྟོགས་པར་བྱོས ་ཤིག། གང་ཡིན་པ་དེ་ནི་གསང་བའི་བདག་པོའོ།། གང་ཡིན་པ་དེ་ནི་རྡོ་རྗེསམས་དཔང་རྟགས་པར་བྱས་ཤིང་།། གང་ཡིན་པ་དེ་ནི་ཁམས་གསུམ་རྣམ་པར་རྒྱལ་བར་རྟོགས་པར་བྱོས་ཤིག། ངགང་ཡིན་པ་དེ་ནི་གཏུམ་པོ་ཆེན་པོ ་ཉིད་དུ་རྟོགས་པར་བྱོས་ཤིག། ད་གང་ཡིན་པ་དེ་ནི་ཆོས།། ཆོས་ཀྱི་ཕུང་པོའོ་ཞེས་བཀའ་སྩལ་པས། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་ནི། དགའོ།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད ་ལས་ཡོང་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། རྒྱ་གར་གྱི་མཁན་པོ་ཨ་པ་ཡུ་གྷ་ཏའི་ཞལ་སྔ་ནས་ཞུས་ནས།། བོད་ཀྱི་ལོ་ཆུ་བ་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བརྫོག་སོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲ ་