| Wylie | e-texts produced with BDRC’s OCR application |
@#།། རྒྱ་གར་སྐད་དུ། ཨཱརྱ་ཨུ་པ་ཡ་ཀོ་ཤ་ལཱ་ནཱ་མ་མ་ཧཱ་ཡན་ས+འུཿ། བོད་སྐད་དུ། འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ།། །། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱད་ཁྲི་བཞི་སྟོང་དགེ་སློང་གི་དགེ་འདུན ་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས། མངོན་པར་ཤེས་པ་གཟུངས་ཐོབ་པ་སྤོབས་པ་ཐོགས་པ་མེད་པ་ཁྲི་དྲུག་སྟོང་དང་ཡབ་ཐབས་གཅིག་ཏེ། ཡང་དེའི་ཚེ་ན་བཅོམ་ལྡན་འདས ་ན་དུ་ཡང་དག་པར་འཛེག་ལས་བཞེངས་པར་གྱུར་ཏེ། འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་འདར་ནས་ཆོས་འཆད་དོ།། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ། ་འདུག་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླས་བློ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བགུད ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། ཞེས་དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད ་ཀྱིས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། ཞེས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་ཀྱི་ཐབས་མཁས་པ་ཐབས་མཁས་པ་ཞེས་བགྱི་བའི་ཐབས་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཐས་ཁམ་ཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་ཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ་ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ།། ་དེནི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། གཉིས་པོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། བསྔོ་བའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས ་པས་ནི་ཕ་རོལ་གྱི་དགེ་བའི་རྩ་བ་ལ་ཡིད་རང་བར་བྱེད་དོ། ། ཡིད་རང་བར་བྱས་ནས། སེམས་ཅན་ཐམས་ཅད་ལ་བསྔོ་སྟེ། དེ་ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་དག་ཟིལ་གྱིས་གནོན་ཏོ།། ་གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ཕྱོགས་བཅུ་ན་ཤིང་ལས་བྱུང་བའི་མེ་ཏོག་གང་ཅི་ཡོད་པ་ཕྲ་མ་ཡོངས་སུ་མ་བླངས་པའི་རྣམས་དང་།། ་ཕྱོགས་བཅུན་གང་སྤོས་ཀྱི་ཤིང་ཡང་བ་རླུང་གིས་ཁྱེར་བ་ཡོངས་སུ་མ་བླངས་པ་བདག་པོ་མེད་པ་དེ་དག་ཀྱང་སངས་རྒྱས་ཐམས་ཅད་ལ་འབུལ་ཞིང་དགེ་བའི་རྩ་བ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། རིགས་ཀྱི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ཕྱོགས་བཅུན་སེམས་ཅན་གང་ཇི་སྙེད་བདེ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ལ་བསམས་ཏེ། རྗེས་སུ་ཡི་རང་བར་བྱེད་དོ།། རྗེས་སུ་ཡིད་རང་ནས། ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བྱེད ་རོ། ། གང་ཡང་ཕྱོགས་བཅུ་ན་སེམས་ཅན་སྡུག་བསྔལ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ནི་འཆགས་སུ་འཇུག་སྟེ། གང་སེམས་ཅན་དེ་དག་གི་སྡུག་བསྔལ་ནི་བདག་ལ་ཤོག་ཤིག་དེ་དག་ནི་བདེ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་གོ་ཅ་གྱོན་ཞིང་དགེ། ་བའི་རྩ་བ་དེ་ཡང་བྱང་ཆུབ་ཏུ་བསྔོབར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་དེ་ལྟར་འཛིན་ཏེ། ་དེ་ནི་འདི་ལྟར་སློབ་པོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་གོ། ཚུལ་ཁྲིམས་གཅིག་གོ། ཏིང་ངེ་འཛིན་གཅིག་གོ། ཤེས་རབ་གཅིག་གོ། དགོངས་པ་གཅིག་གོ། རྣམ་པར་གྲོལ་བ་གཅིག་གོ།། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་གཅིག་གོ། ། ཞེས་དེ་ལྟར་བསློབ་ཅིང་དེ་ལྟར་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་འཛིན་ཏོ།། དེ་ཐབས་མཁས་པ་དེ་སངས་རྒྱས་གཅིག་ལ་བཀུར་སྟི་བྱས་ནས། ་སངས་རྒྱས་ཐམས་ཅད་ལ་བཀུར་སྟི་བྱེད་དོ།། ཕྱོགས་བཅུའི་སངས་རྒྱས་དེ་དག་ལ་མཆོད་པར་འགྱུར་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ལེན་ཏོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ནམ ་ཞིག་ཤེས་རབ་རྨོངས་པ་ཅན་དུ་རེང་ན་ཡང་དེ་ནི་བདག་ལ་ཡེ་མི་བསོད་ཀྱི་གཟེང་བསྟོད་པར་བྱེད་དོ། ། ཆུང་ངུ་ན་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་ལ་ཏོན་དུ་འདོན་ན་ཡང་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གིས་དོན་གང་ཡིན་པ ་ག་སུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཀྱང་དེ་ཡིན་ནོ་ཞེས་དེ་དེ་ལྟར་སློབ་ཅིང་དེས་ཚིགས་སུ་བཅད་བདེ་ཁ་ཏོན་དུ་བྱས་ནས་སེམས་ཅན་གང་ཇི་སྙེད་དག་གིས་བདག་གི་རྩ་བ་བཞི་པའི་ཚོགས་སུ་བཅད་པ་འདི ་ཐོས་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་ཤོག་ཤིག། ཅེས་དེ་ལྟར་མ་ཞུམ་པའི་སེམས་ཀྱིས་སྨོན་ལམ་འདེབས་ཏེ། དེ་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་ཐོས་པ་མཐའ་མད་པ་དཔེ་མེད་པ། ཟིལ་གྱིས ་གནོན་ཅིང་སངས་རྒྱས་ཀྱི་སྤོབས་པ་ཡང་ལེན་པར་བྱེད་དོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ན་ནམ་ཞིག་གལ་ཏེ་བརྒྱལ་དབུལ་པོར་གྱུར་ན། དེའི་ཚེན་དེ་ཆུང་ངུ་ན་གཞན་གྱི་ལས་ཀྱང་བྱས་ནས་ཟས ་གཟར་བུ་གང་ཐོགས་ཏེ་སེམས་མ་ཞུམ་པས། དགེ་འདུན་ནམ་གང་ཟག་ལ་སྦྱིན་པར་བྱེད་དོ།། བྱིན་ནས་ཀྱང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ཆེ་བའི་ཕྱིར་སྦྱིན་པ་ཆེ་བར་འགྱུར་རོ་ཞེས་གསུངས་ཀྱིས་བདག་གིས་སྦྱིན་པ ་ཆུང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི་དཔག་ཏུ་མེད་པའོ་སྙམ་ནས་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཟས་གཟར་བུ་གང་པོ་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་འདི་ལྟ་སྟེ་དཔེར ་ན། ད་ལྟར་གྱི་དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་བཞིན་དུ་ཤོག་ཤིག་ཅེས་ཟས་གཟར་བུ་གང་པོ་དེ་ཉིད་ཀྱིས་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱིས་བསོད་ནམས་བྱ་བའི་དངོས་པོ ་མངོན་པར་བྱེད་དོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ལྷན་ཅིག་ཏུ་གནས་ཀྱང་དེ་དག་ལ་འདོད་པར་མི་བྱེད་དོ།། གལ་ཏེ་ཡང་ཉན་ཐོས་དང་། རང་སངས་རྒྱས ་དག་ལ་བཀུར་སྟི་བྱས་པ་མཐོང་ན་དེ་རྒྱུ་གཉིས་ཀྱིས་བདག་ཉིད་ཁོང་དུ་ཆུད་པར་བྱེད་དོ། ། རྒྱུ་གཉིས་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་། སངས་རྒྱས་ལས་ནི་ཉན་ཐོས་དད་ར ་སངས་རྒྱས་རྣམས་འབྱུང་བས་དེ་དག་ལ་བཀུར་སྟིར་བྱས་ན་བདག་ཉིད་ལ་ཐོག་མ་ཁོ་ནང་བཀུར་སྟིར་བྱས་པ་ཡིན་གྱི། དེ་དག་ལ་ནི་མ་ཡིན་པ་དང་། དེ་དག་ནི་བདག་གི་བའི་ནོར་ལ་སྤྱོད་མོད་ཀྱི། དེ་ལ་བདག་གི་འདོད་པར་མི་བྱ། ཕྲག་དོག ་ཏུ་མི་བྱ་སྙམ་དུ་སེམས་དཔའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་སྦྱིན་པ་སྦྱིན་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས ་དཔའ་གང་གི་ཚེ་སློང་བ་མཐོང་ན་དེ་སེར་སྣའི་སེམས་ཚར་གཅོད་པར་བྱེད། ། གཏོང་བ་ཆེན་པོ་འཕེལ་བར་བྱེད་དེ། དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཚུལ་ཁྲིམས་ཡང་དག་པར་བླངས་ནས་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པར ་བྱེད་པ་དང་། གང་དག་ཚུལ་ངན་པ་ཅན་དེ་དག་ཚུལ་ཁྲིམས་ལ་འཇོག་པར་བྱེད་ཅིང་སྦྱིན་པ་ཡང་སྦྱིན་པར་བྱེད་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གར་བྱམས་པར་སེམས་དཔའ་དང་། སེམས་མ་འཁྲུགས་པ་དང་། ཕན་པར ་སེམས་དཔའ་དང་། སེམས་རྩེ་གཅིག་པར་གྱུར་ནས་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་བཟའ་བ་དང་། བཅའ་བ་དང་། མྱང་བར་བྱ་བ་དེ་དག་ལ་ལུས་དང་། ངག་དང་། སེམས་འཇོག་ཅིང་འགྲོ་བ་དང་འོང་བར ་བྱེད་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སྦྱིན་པ་བྱིན་ནས་གང་རྩ་གཅིག་པར་དང་། དབུགས་ཕྱིན་པར་མི་འཛིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གལ་ཏེ་སྦྱིན་པ་དེ་བྱིན་ནས་ཆོས་ཉིད་ལ་བརྟེན་འདི་སུས་བྱིན ་འདི་སུས་ཟོས། སུ་ལ་རྣམ་པར་སྨིན་པར་འགྱུར་ཞེས་དེས་དེ་ལྟར་བརྟགས་ན། གང་གིས་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་སྦྱིན་པ་སྦྱིན་པར་བྱེད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་དེ་འདྲ་བར་ཐབས་མཁས་ཏེ་སྦྱིན་པ་གང་གིས་སེམས་ཅན་གཞན་དག་འཁོར་བ་ཡོངས་སུ་ལེན་པར་བགྱིད་པའི་སྦྱིན་པ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས ་རྣམས་ལེན་པར་བགྱིད་པ་ངོ་མཚར་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད། སྦྱིན་པ་མང་པོ ་དཔག་ཏུ་མེད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དེ་ནི་ལྟུང་བ་ལྕི་བ་ཡང ་ཐབས་མཁས་པས་སྲབ་མོར་བྱེད་དོ། ། ཇི་ལྟར་སྲབ་མོར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ནམ་ཞིག་བརྒྱལ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ལྟུང་བ་བྱུང་ན་དེ་འདི་ལྟར་སློ་བ་སྟེ། ག ་བདག་གི་ཕུང་པོ་འདི་དག་གིས་མྱ་ངན་ལས་འདའ་བར་བྱ་ན་ནི་དེ་ལྟར་བདག་གིས་སེམས་ཅན་ཡོངས་སུ་གདུང་བ་དང་ལྡན་པར་ཡང་འགྱུར་ན། བདག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐར་ཐུག་པར་འཁོར་བ་ན ་གནས་པའི་གོ་ཆ་དེ་ལྟ་བུ་བགོས་པས་བདག་གྲི་སེམས་ལ་གདུང་བཞི་མི་བྱའོ། ། བྱང་ཆུབ་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ།། ལྟུང་བ་འདི་ཡང་ཆོས་བཞིན་དུ་བྱའོ།། ལྟུང་བ་གཞན་ཡང ་མ་བྱུང་བར་བྱའོ་སྙམ་དུ་སེམས་སོ། ། རིགས་ཀྱི་བུ་ཡོངས་སུ་རྟག་པ་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་གནས་པར་གྱུར་ཀྱང་ཐབས་མཁས་པ་འདིས་སྤྱོད་པར་བྱེད་ན། བྱང་ཆུབ ་སེམས་དཔའི་ལྟུང་བར་མི་འགྱུར་བར་ངས་བཤད་དོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྟུང་བ་དང་བཅས་པོ་ལགས།། དེ་སད་ཅེས ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་བསློབ་པ་ན་བསྐལ་པ་བརྒྱ་སྟོང ་དུ་ཡང་རྩ་བ་དང་འབྲས་བུ་ཟ་བར་འགྱུར་ལ་སེམས་ཅན་ཐམས་ཅད་ཀྱིས་སྙན་པར་སྨྲ་བ་དང་། མི་སྙན་པར་སྨྲ་བ་ཡང་བཟོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་ཡང་ལྡན་པར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྟུང་བའི ་རྩ་བ་ལྕི་བ་ཡིན་ནོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ལྟུང་བའི་རྩ་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང ་ལྟུང་བ་མ་མཐོལ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པ་མ་གཏང་ན་སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདས་པའི་སྐལ་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བདག་བསོད་སྙོམས་ཀྱི་ཕྱིར་མཐར་གྱིས་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་འོད་མར་ལྡན་གྱི་རྒྱལ་པོ་ཁང་བཞིག་ན་བུད་མེད་དང་ཁྲི་གཅིག་ལ་ལྷན་གཅིག་མཆིས་པར་མཐོང་སྟེ། ལྟུང་བ་བྱུང་ན་མཐོང་ནས་བཅབ་ཤིག། ཚངས་པ་དང་། ་མཚུངས་པར་སྤྱོད་པ་གཞན་དག་ལ་ཟློས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱིས་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་ཀྱང་མི་མཁྱེན་པའམ། མ་གཟིགས ་པའམ། ཐུགས་སུ་མ་ཆུད་པ་མ་མཆིས་པ་དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་གསོལ་ལོ་ཞེས་ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཀྱི་ཚིག་སྤྲས་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལས་གཡོས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས ་དཔའ་འོད་མར་ལྡན་གྱི་རྒྱལ་པོ་ཤིང་ཏ་ལ་གང་ཙམ་སྟེང་གི་བར་སྣར་ལ་འདུག་ནས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དགའ་བོ་དེ་ཇི་སྙམ་དུ་སེམས། ལྷུང་བ་བྱུང་བའི་ཆོས་ཅན་གྱིས་པར་སྣང་ལ་འདུག་པར ་ནུས་སམ། ཡང་ཚེ་དང་ལྡན་པ་དགའ་བོ་བྱང་ཆུབ་སེམས་དཔའི་ལྟུང་བའི་ཆོས་ཇི་ལྟ་བུ་གྲགས་ཤེས་དེ་བཞིན་གཤེགས་པས་མངོན་སུམ་དུ་གཞུགས་པ་འདི་ལ་ཞུས་ཤིག། དེ་ནས་ཚེ་དང་ལྡན་པ་དགའ་བོ་ཡུལ་ཡུལ ་བོར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྟུང་བ་འཆགས་པ་གང་བདག་གིས་སྐྱེས་བུ་བ་ལ་གླང་ཆེན་པོ་ལྟ་བུ་ལ་ལྷུང་བ་བཙལ་བ་བཅོམ་ལྡན་འདས་ནོངས་ཏེ། ནོངས་པ་འཆགས་སོ་ཞེས་དེ་སྐད ་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བོ་ཁྱོད་ཐེག་པ་ཆེན་པོ་ལ་གནས་པའི་སྐྱེས་བུ་དམ་པ་ལ་ཉེས་པར་འདུ་ཤེས་མ་སྐྱེད་ཅིག། དགའ་བོ་འདི་ལྟ་སྟེ། ཉན་ཐོས ་ཀྱི་ཐེག་པ་ལ་གཅིག་པུ་གཉིས་སུ་མེད་པ་ནི་ཟག་པ་ཟད་པར་བྱ་བ་ལ་བར་ཆད་མེད་པར་འདོད་པར་བྱའོ། ། དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡང་ཐམས་ཅད་མཁྱེན་པ་ལ་བར་ཆད་མེད་པར་འདོད ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་དཀོན་མཆོག་གསུམ་ལ་གཞོལ་བར་མི་འགྱུར་བའི་གཡོ་འཆད་པར་མི་བྱེད་དོ།། དཀོན་མཆོག་གསུམ་གང་ཞེ་ན། སངས་རྒྱས་དཀོན ་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ་དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། མ་བྲལ་བར་འདོད་པ་ལྔའི་ཡོན་ཏན་གྱིས ་ཚེ་དགའ་ཞིང་ཡོངས་སུ་སྤྱོད་པ་མཐོང་ན་དགའ་བོ་དེའི་ཚེ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དེ་བཞིན་གཤེགས་པའི་དབང་པོ་ལྔ་དང་ལྡན་པར་ཤེས་པར་གྱིས་ཤིག། དགའ་བོ་ཁྱོད་ཡང་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ ་བ་བུད་མེད་དང་ལྷན་ཅིག་ཏུ་ཁྲི་གཅིག་ལ་འདུག་པ་དེ་ཉོན་ཅིག། དཀའ་བོ་སྲིད་མོ་དེ་ནི་འདས་པའི་དུས་ན་ཚེ་རབས་ཉིས་བརྒྱར་བྱང་ཆུབ་སེམས་དཔའ་འོད་མད་ལྡན་གྱི་རྒྱལ་པོའི་ཆུང་མར་གྱུར་ཏེ། དེ་སྔོན་གྱི་བག་ལ་ཉལ་དེ་ཉིད་ཀྱིས ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འོད་མད་ལྡན་གྱི་རྒྱལ་པོ་དེའི་དཔལ་དང་གཟི་བརྗིད་དང་། ཚུལ་ཁྲིམས་དང་། སྟོབས་བསྐྱེད་པ་མཐོང་བས། ཉོན་མོངས་པ་སྐྱེས་ནས་གནས་ངན་ལེན་གྱི་ཚིག་སྨྲས་ཏེ། དེ་ཅིག་པུ་ལྷག་ཏུ་སོང་ནས་གལ། ་ཏེ་བྱང་ཆུབ་སེམས་དཔའ་འོད་མར་ལྡན་གྱི་རྒྱལ་པོ་བདག་དང་ལྷན་ཅིག་ཏུ་ཁྲི་ཅིག་ཏུ་འདུག་ན་བདག་གི་བླ་ན་མེད་པ་ཡ་དེ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྙམ་དུ་ལྟར་སེམས་པར་གྱུར་ཏོ།། དགའ་བོ་དེ་ནས་བྱང་ཆུབ ་སེམས་དཔའ་འོད་མར་ལྡན་གྱི་རྒྱལ་པོའི་སེམས་ཀྱིས་སྲིང་མོ་དེའི་སེམས་ཀྱིས་ཡོངས་སུ་རྟོག་པ་ཤེས་ནས་དེ་ཉིད་ཀྱི་ནུབ་མོ་འདས་པ་དང་། དེའི་ཁྱིམ་དུ་འོངས་ཏེ།། གང་ནང་གི་སའི་ཁམས་དང་། གང་ཕྱིའི་སའི་ཁམས་སུ་གཅིག་པའི ་ཆོས་ཀྱི་སྒོས་འདྲ་བའི་སེམས་དེས་སྲེད་མོ་དེ་ལག་པ་གཡས་པ་དེས་བཟུང་སྟེ། ཁྲི་གཅིག་ལ་འདུག་གོ། འདུག་མ་ཐག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་འདོད་པབསྔགས་མི་མཛད།། དེ་ནི་བྱིས་པ་སྤྱོད་ཡུལ།། འད ་པའི་སྲེད་པ་སྤངས་ན་ནི། སངས་རྒྱས་མི་ཡི་མཆོག་ཏུ་འགྱུར།། དགའ་བོ་དེ་ནས་སྲིང་མོ་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་ཁྲི་དེ་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་རྐར་པ་ལ་ཕྱག་འཚལ་ནས་དེའི ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། སངས་རྒྱས་ཀྱིས་ནི་གང་སྨད་པ། འདོད་པ་སྨན་བཅད་བདག་མི་འཚལ།། འདོད་པའི་སྲེད་པ་སྤངས་ན་ནི།། སངས་རྒྱས་མི་ཡི་མཆོག་ཏུ་འགྱུར། བདག་གི་སེམས་ཀྱིས་གང་བསམས་པའི།། ། ་ནོངས་པ་དེ་ནི་ཁྱེད་ལ་བཤགས། སྲོག་ཆགས་ཀུན་ལ་བདེ་བའི་ཕྱིར།། བྱང་ཆུབ་ཏུ་ནི་མོས་བསྐྱེད་དོ།། དགའ་བོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཐབས་མཁས་པ་དེས་སྲིད་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལ་བསླབས་ནས་སྟན་ལས་ལངས་ཏེ་སོང་ངོ་། ། དགའ་བོ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། ངས་སྲིང་མོ་དེ་ལུང་བསྟན་ཏོ།། འདི་ནས་ཤི་འཕོས་ནས་བུད་མེད་ཀྱི་ལུས་བརྗེས་ཏེ། བསྐལ་པ་གྲངས་མེད་པ་བརྒྱ ་སྟོང་ཕྲག་དགུ་བཅུ་རྩ་དགུ་ནས་ལྡན་པ་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དགའ་བོ་ཁྱོད་རྣམ་གྲངས་དེས་ཀྱང ་བྱང་ཆུབ་སེམས་དཔའ་ནི་གང་ལྟུང་བའི་ཆོས་ཅན་དུ་འགྱུར་བའི་གཡོག་མི་འཆད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་མརང་ལྡན་གྱི་རྒྱལ་པོ་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པར་བགྱིའོ།། བཅོམ་ལྡན་འདས་དེ་ལ་བདག་འདི་སྙམ་བགྱིད་དོ།། གལ་ཏེ ་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེ་བར་འགྱུར་ན། ལྟུང་བ་དེ་འདྲ་འབྱུང་ཞིང་དེ་ལྟ་བུའི་ལྟུང་བ་བྱུང་བས་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་བཙ་བར་གྱུར་ཀྱང་།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ལྟུང་བ་འབྱུང་བ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དུ་བགྱིའོ།། སེམས་ཅན་གཅིག་པོའི་དགེ་བའི་རྩ་བ་ཡོངས་སུ་གཏོང་བ་དང་། ཡོངས་སུ་འབྲི་བར་ནི་མི་བགྱིའོ།། དེ་ནས་བཅོམ་ལྡན་འདས། ་ཀྱིས་བྱང་ཆུབ་སེམས་དཔའ་འོད་མར་ལྡན་གྱི་རྒྱལ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ།། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དག་ནི་སྙིང་རྗེ་ཆེན་པོ་འདིས་ལྷུང་བ་ཐམས་ཅད་སྤོང་སྟེ། རིགས་ཀྱི་བུ ་རས་སྔོན་པར་ཤེས་པ་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་གྱི་ཡང་ཤིན་ཏུ་ཕ་རོལ་ན་ཁྱེའུ་སྐར་མ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནགས་ཀྱི་འདབས་ན་ལོ་བཞི་ཁྲི་ཉིས་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་ནས། དེ་ལོ་བཞི་ཁྲི་ཉིས ་སྟོང་འདས་པ་ན། རྒྱལ་པོའི་ཕོ་བྲང་འབྱོར་པ་ཞེས་བྱ་བར་ཕྱིན་ནས་དེ་གྲོང་ཁྱེར་ཆེན་པོ་དེར་སོང་བ་དང་། ཆུ་ཆུན་མ་ཞིག་གི་ཁྱེའུ་བཟང་པོ་དེ་མཐོང་ནས་འདོད་པའི་འདོད་ཆགས་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པས་ཁྱེའུ ་དེའི་མདུན་དུ་བཅུགས་ཏེ་ཕྱག་འཚལ་ལོ། ། དེ་ནས་རགས་ཀྱི་བུ་ཁྱེའུ་སརམས་བུད་མེད་ལ་འདི་སྐད་ཅེས་སྨྲས་ས།། སྲིད་མ་བྱེད་ཅིའདོད།། མས་དེ་ལ་འདིས་ཅེས་སྨྲས་སོ།། ཁྱེའུ་བདག་ཁྱོད་འཚལ་ལོ།། ཁོས་དེ་ལ་འདིས་དེ་ཅེས ་སྨྲས་སོ། ། སྲིང་མོ་ཁོ་བོ་ནི་འདོད་པ་དགོས་པ་མ་ཡིན་ནོ།། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཁྱོད་དང་འཇལ་བར་མི་གྱུར་ན་བདག་འགུམ་པར་གྱུར་རོ།། དེ་ནས་ཁྱེའུ་སྐར་མས་འདི་སྙམ་དུ་བསམས་སོ།། གང་བདག་གིས་ལ ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་བརྟུལ་ཞུགས་གཞིག་པ་ནི་བདག་གིས་མི་ཆའོ། ། སྙམ་ནས་ནན་གྱིས་མཐོན་ཏེ། བུད་མེད་དེས་བཏང་ནས་གོམ་པ་བདུན་འཕགས་པ་དང་། དེ་གོམ་པ་བདུན་པ་ལ་གནས་ནས་སྙིང ་རྗེ་སྐྱེས་ཏེ། བདག་གི་བརྟུལ་ཞུགས་འདི་བཤིག་ནས་སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། བུད་མེད་འདི་ཤིང་འོང་གི་བདེ་བར་གྱུར་ཅིག་ཅེས། རིགས་ཀྱི་བུ་ཁྱེའུ་སྐར་མ་དེ་ཁ ་སླར་ལོག་སྟེ། བུད་མེད་དེ་ལག་པ་གཡས་པས་བཟུང་ནས་སྲིང་མོ་ཁྱོད་ཅི་འདོད་པ་བྱས།། ལོངས་ཤིག་ཅེས་དེ་སྨྲས་སོ།། དེ་ནས་ཁྱེའུ་སྐར་མ་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ན་གནས་ནས་སླར་ཡང་མངོན་པར་བྱུང་སྟེ། ཚངས་པའི ་གནས་གཞི་བསྐྱེད་ནས་ཤི་འཕོས་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེས་སོ།། རིགས་ཀྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་ཁྱེའུ་སྐར་མ་ཞེས་བྱ་བ་དེ་གཞན་ཡིན་སྙམ་དུ་དེ་ལྟར་མ་ལྟ་ཞིག། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི་ཁྱེའུ་སྐར ་མར་གྱུར་ཏོ། ། གྲགས་འཛིན་མ་ནི་ཆུ་ཆུན་དུ་གྱུར་ཏོ།། རིགས་ཀྱི་བུད་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་སྐྱེད་པས་ཀྱང་སྐལ་པ་སྟོང་ཕྲག་བཅུའི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ལྟས་ཤིང་སྤངས་པར་གྱུར་ཏོ།། རིགས ་ཀྱི་བུ་ལྟོས་གང་སེམས་ཅན་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་གལ་ཏེ་དགེ་སློང་མཽད་གལ་གྱི་བུ་དང་། ་དེའི་བུ་ཐབས་མཁས་པ་དང་ལྡན་དུ་ཟིན་ན་ནི་དགེ་སློང་ཀོ་ཀ་ལི་ཀ་དེ་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུརརོ།། དཅུའ་ཕྱིར་ཞན། རིགས་ཀྱི་བུངས་མངོན་པར་ཤེས་པ་འདས་པའི་དུས་ན་བཞིན་གཤེགས་པ ་ལོག་པར་དང་སལ་གྱིས་གསུང་རབལ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཟུང་སྙེད་དགོན་པའི་ཕྲག་ཕུག་གཅིག་ན་གནས་པ་ནས་རྒྱང་མི་རིང་བཞིག་ན་དྲང་སྲོང་ལྔ་གནས་པ་ལས་དེའི་ཚེ་དུས་མ་ཡིན་པའི་སྦྱིན་ཆེན་པོ་བྱུང། དུས་མ་ཡིན ་བའི་ཆར་པ་ཡང་ཆེར་བབ་པ་དང་། དེ་ནས་བུད་མེད་གཉིས་ཤིག་ཆར་བའི་སྐྱབས་ཀྱི་ཕྱིར་དགེ་སློང་དྲི་མ་མེད་པའི་བྲག་ཕུག་ཏུ་ཞུགས་ཏེ། སླར་བྱུང་བ་དང་། དྲང་སྲོང་རྣམས་ཀྱིས་མཐོང་ནས། ཨེ་མའོ་དགེ་སློང་དྲི་མ་མེད་པ་འདི་སྡིག ་འདོད་པའོ། ། ཚངས་པར་སྤྱོད་པ་མ་ཡིན་པ་ཞེས་ཡིད་བྱང་བར་གྱུར་ཏོ།། དེ་ནས་དགེ་སློང་དྲི་མ་མེད་པའི་སེམས་ཀྱིས་དྲང་སྲོང་དེ་དག་གི་སེམས་ཀྱིས་ཡོངས་སུ་རྟོག་པ་ཤེས་ནས། དེའི་ཚེ་ནམ་མཁའ་ལ་ཤིང་ལྟ་ལ་བདུན་ཙམ་དུ་འཕགས་སོ།། ་དེ་ནས་དྲང་སྲོང་དེ་དག་གི་དགེ་སློང་དྲ་མ་མེད་པ་བར་སྣང་གི་ནམ་མཁའ་ལ་འདུག་པར་མཐོང་ནས། བདག་ཅག་གི་གཙུག་ལག་ལས་འབྱུང་བ་ལྟར་ན་ཚངས་པར་སྤྱོད་པ་མ་ཡིན་པ་ནམ་མཁའ་ལ་འཕགས་མི་ནུས་སོ།། སྙམ་དུ་སེམས ་པར་གྱུར་ནས། དེའི་ཚེ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཉེས་པ་བཤགས་སོ།། རིགས་ཀྱི་བུགལ་ཏེ་དགེ་སློང་དྲིམ་མད་པ་ནམ་མཁའ་ལ་མ་འཕགས་སུ་ཟིན་ན། དེའི་ཚེ་དྲང་སྲོང་ལྔའི་ལུས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར ་འགྱུར་རོ། ། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག། བྱང་ཆུབ་སེམས་དཔའ་བྱམས་པ་དེའི་ཚེ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བར ་གྱུར་ཏོ། ། རིགས་ཀྱི་བུ་གལ་ཏེ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ནམ་མཁའ་ལ་འཕགས་སུ་ཟིན་ན་ནི་དགེ་སློང་ཀོ་ཀ་ལི་ཀ་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ།། རིགས་ཀྱི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས ་དཔའ་ཐབས་མཁས་པའི་ཡེ་ཤེས་གང་དུ་འཇུག་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུའི་དེ་ལྟ་སྟེ། སྨད་འཚོང་མ་ཐབས་དྲུག་བཅུ་རྩ་བཞི་དང་ལྡན་པ་ཤིན་ཏུ ་ལོབས་པ་ནོར་འདོད་པ་ནི་སྐྱེས་བུ་དེ་ལས་ནོར་མ་གྲུབ་ཀྱི་བར་དུ་སེམས་ཅན་དེ་དག་གི་དྲུང་ན་ཅི་ནས་ཀྱང་བདག་གིས་ལུས་གཏོང་བ་ཡང་སྟོན་པ་དང་། ཡོ་བྱད་ཐམས་ཅད་ཀྱང་མི་ཟད་པར་ད་ལྟ་དེ་ལྟར་གནས་སོ།། དེ་ནས་བྱིས ་དེ་ལ་མི་ལྟ་མི་སེམས་པར་འདོར་ཏེ། དེ་ཕྱིར་དེལ་འགྱོད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་ཐབས་མཁས་པ། གང་གིས་སེམས་ཅན་འདི་དག་བདག་གིས་སེམས་སུ་སྨིན་པར་བྱ་བར ་ཤེས་ནས་སེམས་ཅན་འདི་དག་རྣམས་ཀྱི་དགེ་བའི་རྩ་བ་ལ་དགའ་བས་ཅུང་ཟད་ཀྱང་མི་སྦེད་ཅིང་བདག་གི་ལུས་གཏང་བར་བྱེད་པ་སྟོན་པའི་བར་དུ་སེམས་ཅན་དེ་དག་གི་དྲུང་དུ་དེ་ལྟ་དེ་ལྟར་གནས་ཏེ། ནམ་ཞིག་ཨེ་མའོ་སེམས ་ཅན་འདི་དག་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། ཕྱིན་ཆད་དེ་ལས་ལྷག་པའི་གཞག་ཏུ་མི་ནུས་པར་ཤེས་ནས་ནི་དེ་ལ་མི་ལྟ་ཞིང་དགའ་བ་དང་། རྩེ་བ་ཐམས་ཅད་ཀྱང་གཏད་སྟེ་འགྲོའོ།། དེ་ལ་རག་ལུས་པའི་སེམས་ཀྱང་མེད་དོ།། རིགས ་ཀྱི་བུ་འདི་ལྟ་སྟེ། བྱོལ་སོང་དུ་གཏོགས་པའི་སྲོག་ཆགས་ཀྱི་རྣམ་པ་བུད་པ་ཞེས་བྱ་བ་དེ་མེ་ཏོག་ཐམས་ཅད་ཀྱི་དྲིལ་སྡོམ་པ་ཡང་གད་དུ་ཡང་བརྟགས་པ་བར་སྲེད་པར་ནི་སྒོམ་མོ།། དྲི་དང་ལོ་མར་ཡང་མི་འབྲོགས་གོ།། དེ་བཞིན་དུ ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་དགའ་བ་དང་རྩེ་བ་ཐམས་ཅད་སྤྱོད་ཀྱང་གང་དུ་ཡང་རྟག་པར་སད་པ་མི་སྐྱེད། བདག་དང་གཞན་ཉམས་པར་ཡང་མི་བྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ས་བོན ་ཡོངས་སུ་གདུངས་པའི་ཁ་དོགས་ཉམས་པ་མེད་ཀྱང་ལྗང་བུ་འབྱུང་བར་མི་ནུས་སོ། ། རིགས་ཀྱི་བུ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་རབ་ཡོངས་སུ་བསྒོམས་པས་ཉོན་མོངས་པ་ནི་དགའ ་བདང་རྩེ་བ་ཐམས་ཅད་ལ་སྤྱོད་ཀྱང་དེ་ལྟུང་བར་འགྲོ་བ་ཡོངས་སུ་མི་ལེན། སངས་རྒྱས་ཀྱི་ཡོན་ཏན་ལས་ཀྱང་ཡོངས་སུ་མི་ཉམས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉབ་ཤིན་ཏུ་བསླབས་པ་ནི་སྐུད་པ་གཅིག་ལ་གཟན་མ ་བཏགས་པའི་མཆིལ་བ་སྦྱར་ནས་མཚོ་ཆེན་པོར་བཅུག་སྟེ། དེ་གང་དང་གང་གིས་ཚེ་ན་འདོད་པ་དེ་དང་དེའི་ཚེ་སྐུད་པ་དེ་མཚོ་ཆེན་པོ་ནས་འདྲེན་ཏོ།། རིགས་ཀྱི་བུ་དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་སྟོང་པ་ཉིད་དང་།། ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་བསྒོམས་པའི་སེམས་ཅན་ཐམས་ཅད་མཁྱེན་པ་ཉིད་ལ་བརྟན་པོར་སྤེལ་ནས་འདམ་རྫ་བ་ཆེན་པོར་ལྟུང་ཞིང་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་བསྲུངས་པས་གང་དང་གང་གི་ཚེ་འདོད ་བདེ་དང་དེའི་ཚེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྔགས་ཀྱི་རིགས་འཛིན་གྱི་སྐྱེས་བུ་རྒྱལ་པོས་བཟུང་སྟེ། ཞགས་པ་ལྔའི་བཅིངས་སུ་ཟིན་ཀྱང་དེ་གང་གིས་ཚེ་འགྲོ་བར་འདོད་པ་དེའི་ཚེ་དེ་སྔགས་ཀྱི ་རིག་པའི་སྟོབས་སྐྱེད་པ་གཅིག་གིས་བཅིངས་པ་ཐམས་ཅད་བཏུབས་ཏེ་འགྲོའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་གང་གི་ཚེ་འདོད་པའི་ཡོན་ཏན་ལྔས་དགའ་བ་མྱོང་ཞིང་དེ་དག་གིས་རྒྱས་པར་གྱུར་ཀྱང་། གང་གི་ཚེ ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་རིག་པའི་སྟོབས་སྐྱེད་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་རབ་ཏུ་བཅོམ་སྟེ། ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར། ་ན། མདའ་དང་མཚོན་གྱི་སློབ་དཔོན་རལ་གྲི་རྣོན་པོ་གཅིག་མི་མངོན་པར་ཐོགས་ནས་འདྲོན་པ་མང་པོའི་བསེལ་བྱེད་ན། དེ་ལ་སེམས་ཅན་གང་མི་ཤེས་པ་དེ་དག་ནི་མདའ་དང་མཚོན་གྱི་སློབ་དཔོན་དེ་ལ་མི་འདི་ནི་མངའ་གཟུ་ཡང་མེད། མཚན ་ཆ་གཞན་ཡང་མེད། གཡོག་ཀྱང་མེད་དེ། འདི་ནི་བདག་གི་སྐྱབས་ཀྱང་མི་ནུས་ན། འདྲོན་པའི་ལྟ་ཅི་སྨོས། མི་རྒོད་ལས་རྒྱལ་བར་ལྟག་ལ་ནུས་ཏེ། འདི་ནི་དེ་དག་ཏུ་མི་རིགས་པར་སྡུག་བསྔལ་བར་འགྱུར་རོ།། ཞེས་སྙིང་རྗེ་བསྒོམ་མོ།། དེ་ནས་མད ་དང་མཚོན་གྱི་བསློབ་དཔོན་དེ་འབྲོག་དགོན་པའི་དབུས་སུ་བྱིན་ཏེ། མི་རྒོད་མང་པོ་བྱུང་བ་མདའ་དང་མཚོན་གྱི་ཕྱིར་གོ་ཆ་ལེགས་པར་བགོས་ནས་མཚོན་ཆ་དེ་ལ་ཡོངས་སུ་བརྟགས་ཏེ། མི་རྒོད་དེ་དག་ལ་འདེ་བས་སོ།། དེས་མི་རྒོདདེ ་དག་ཐམས་ཅད་སྲོག་དང་ཕྲལ་ནས་སླར་ཡང་མཚོན་ཆ་དེ་ལག་པར་འཇོག་གོ། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་ཤིན་ཏུ་ཐོགས་ནས་ཐབས་མཁས ་པས་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དེ། དེ་ལ་གང་དག་དེའི་ལུས་ཀྱི་དབང་པོ་མཐོང་ན་དེ་དག་མ་དད་པར་བྱེད་ཅིང་འདི་ནི་འདི་ལྟར་བག་མེད་པར་གནས་ཏེ་འདི་ནི་བདག་ཐར་པར་ཡང་མི་ནུས་ན་སེམས་ཅན་གཞན ་ཅི་སྨོས། བདུད་ལས་རྒྱལ་བར་ལྟ་ག་ལ་འགྱུར་ཞེས་སྙིང་རྗེ་སྐྱེད་པར་བྱེད་མོད་ཀྱི་བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་ཤིན་ཏུ་ཡོངས་སུ་བླངས་པས་ནམ་འདོད་པ་དེའི་ཚེ་དེས་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དྲ་བ་དྲལ ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བུད་མེད་གཡེམ་པ་མེད་པ་གཞན་དུ་འགྲོའོ། ། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ཞེས་བྱ་བ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོང་སྟེ། དེ་བསོད ་སྙོམས་སྤྱོད་པ་ལས་ཁྱིམ་བདག་གི་ཁྱིམ་དུ་བྱིན་པ་དང་། དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་ཅེས་བྱ་བ་ཁང་ཐོག་ན་འདུག་པས་དགེ་སློང་གི་སྒྲ་ཐོས་ནས་ཟས་ཐོགས་ཏེ། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ག་ལ་བ་དེར་སོང ་གོདེ་ནས་བུ་མོ་བསོད་ནམས་ལྡན་མཆོག་གི་མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པའི་སྐད་དང་། བལྟས་པ་ལས་རྗེས་སུ་རྟོགས་པའི་མཚན་མ་བཟུང་ནས་འདོད་ཆགས་ཀྱིས་ཡོངས་སུ་བཟུང་བའི་སེམས་ཀྱི ་འདོད་ཆགས་ཀྱིས་ཡོངས་སུ་གདུངས་ཤིང་འགྲེང་བཞིན་དུ་ལུས་ཐམས་ཅད་ཀྱང་བརྟུལ་ནས་འཆི་བའི་དུས་བྱས་ནས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པས་བུ་མོ་བསོད་ནམས་ལྡན་མཆོག་མཐོང་སྟེ། འདོད་ཆགས་ཀྱི་སེམས་ཚུལ ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་བྱུང་བ་དང་། དེའི་ཚེ་དེ་ལ་ཆགས་པ་ཞེས་བྱ་བའི་ཆོས་དེ་གང་ཡིན། ཞེས་དྲན་པ་སྐྱེས་ནས། ཅི་མིག་དེ་ཆགས་པ་འམ་ཞེ་ན། མིག་ཀྱང་ཚེ་རབ་མེད་པ་བྱེད་པ་མེད་པ། འདུས་བྱས ་ཤའི་ཕུང་པོ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་ཚོར་བ་མེད་དོ།། འོན་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཆགས་པའམ། ཞེན་དེས་ནང་ཡང་རུང་། ཕྱིར་ཡང་རུང་། འདོད་ཆགས་པར་འགྱུར་བའམ། ཞེ་སྡང་བར་འགྱུར་བ ་ཆོས་དེ་གང་ཡང་མི་དམིགས་སོ། ། དེས་མི་དམིགས་ནས་འདོད་ཆགས་ཀྱི་སེམས་དེ་གསལ་ཏེ་དེའི་ལུས་ལྤགས་པ་དང་ཤེས་གཡོགས་པའི་རྐང་པའི་མཐིལ་ཡན་ཆད་སྤྱི་བོའི་བར་དུ་རྟགས་སོ།། དེས་ཡང་དག་པའི་ཇི་ལྟ་བར་རྟགས་ནས ་ཆོས་ཐམས་ཅད་མི་སྐྱེ་བར་རྟོགས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། དེ་དགའ་བ་དང་རབ་ཏུ་མགུ་བ་དེ་ཉིད་ཀྱིས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ་འཕགས་ནས་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ལན་བདུན་དུ་སྐོར་ཏེ། བཅོམ ་ལྡན་འདས་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་སྟེང་གི་བར་སྣང་ལས་ངད་པའི་རྒྱལ་པོ་བཞིན་དུ་ཐོགས་པ་མེད་པར་འོང་བ་གཟིགས་སོ།། གཟིགས་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ ་སྩལ་པ། དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བར་བྱེད་པ་བར་སྣང་ལས་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་བྱང་ཆུབ ་སེམས་དཔའ་དགའ་བར་བྱེད་པ་དེས་ནི་འདོད་ཆགས་ཀྱིས་སེམས་ལས་ཆོས་ཐམས་ཅད་ཡོངས་སུ་རྟོགས་སོ། ། བདུད་ཀྱི་སྡེ་བཏུལ་ལོ།། ཆོས་ཀྱི་འཁོར་ལོ་བསྐོར་རོ།། དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་ཤི་མ་ཐག་ཏུ་བུད་མེད་ཀྱི་ལུས ་ལས་བསྒྱུར་ཏེ། ཤི་འཕོས་པ་དང་མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེས་སོ།། དེ་སྐྱེས་མ་ཐག་ཏུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དཔག་ཚད་བཅུ་གཉིས་པ་ཡང ་བྱུང་། གཡོག་བྱ་བའི་ཕྱིར་ལྷའི་བུ་མོ་ཁྲི་བཞི་སྟོང་ཡང་སྐྱེས་ནས། དེའི་ཚེ་དེ་དགེ་བའི་རྩ་བ་གང་གིས་འདིར་སྐྱེས་པར་གྱུར་ཅེས་ཤེས་པ་སྐྱེས་ཏེ། དེ་བསམས་པ་དང་། འདི་སྙམ་དུ་གྱུར་ཏེ། བདག་ནི་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ན ་ཁྱིམ་བདག་གི་མོར་གྱུར་པ་ལས། ། དེན་བདག་གི་འདོད་ཆགས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་མཐོང་ནས་བདག་གི་སེམས་འདོད་པའི་ཆགས་པས་ཀུན་ཏུ་གཟེར་ཏེ་འཆི་བའི་དུས་བྱས་པ་དང་། བདག་པད་མེད ་ལུས་ལས་སྦྱར་ཏེ། བདག་གི་སྐྱེས་པའི་ལུས་ཐོབ་ནས་བདག་གི་རྫུ་འཕྲུལ་དཔག་ཏུ་མེད་པ་འདི་དག་ཐོབ་བོ་སྙམ་མོ།། དེ་ནས་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། འདོད་ཆགས་ཀྱི་སེམས་ཀྱིས་རྣམ་པར་སྨིན་པ་ཡང་འདི་ཡིན་ན། གང་བདག ་གབྱེང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ལ་ཕྱག་བྱ་བའམ་། བསྙེན་བཀུར་བྱ་བ་སྟེ་ཅི་སྨོས་ཀྱིས། གང་བདག་བརྩེ་བའམ། དཀའ་བར་བྱེད་པ་དེ་རིན་པར་འགྱུར་བ་མ་ཡིན་གྱི། དེ་ལྟར་བདག་ནི་བཅོམ་ལྡན་འདས་གས་པ་དང་། དགའ ་བར་བྱེད་པ་ག་ལ་བ་དེར་འགྲོའོ་སྙམ་མོ། ། དེ་ནས་ལྷའི་བུ་དེ་འཁོར་དང་བཅས་ཏེ་མེ་ཏོག་དང་། དྷི་དང་། ཟེང་པ་དང་། བྱུག་པ་རྣམས་ཐོགས་ནས་། དོག་ཚད་མེད་པས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། མེ་ཏོག་དང་། ཕྲེང་བ་དང་། ཐུག་པ ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསོད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པའང ་དག་སྨྲ་སོ། ། སངས་རྒྱས་མི་མཆོག་རྣམས་ནི་བསམ་མེ་ཁྱབ།། བྱང་ཆུབ་རབ་མཆོག་གནས་རྣམས་བསམ་མི་ཨུ0f7f།། དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་མཁྱབ།། གྲགས་ཆེན་རྣམས་ཀྱི་སྤྱོད་པ་བསམ་མ~ཾ་ཁྱག་དག ་ནིམཉན་དུ་ཡོད་པར་བུ་མོར་གྱུར་། ། ཚོང་དཔོན་བུ་མོ་མིང་ནི་བསོད་ནམས་མཆོག། བཟང་མོན་ཚེད་དང་པོ་དང་ཡང་ལྡན།། པ་དང་མ་ཡང་བྱམས་ཤིང་ཡིད་དུ་མཆི།། གང་ཡང་སངས་རྒྱས་མ་སྨད་པ་ཡི་སྲས།། དགའ་བར་བྱེད་ཅེས་བགྱི ་བ་མཐུ་བོ་ཆེ། ། མཉན་དུ་ཡོད་པར་བསོད་སྙོམས་ཕྱིར་མཆིས་པ།། བདག་གི་ཕ་ཡི་ཁང་པར་ཕྱིན་པ་དང་། ཡིད་དུ་མཆི་ཞིང་སྙན་པའི་སྒྲ་ཐོས་ཏེ། བདག་ནི་རབ་ཏུ་དགའ་བས་བཤོས་ཐོགས་ནས།། དེ་བཞིན་གཤེགས་པ ་སྲས་པོ་དགའ་བྱེད་པ། ། མཐུ་བོ་ཆེ་གང་ན་བར་མཆིས་ནས།། མཐོང་མ་ཐག་ཏུ་བདག་གི་སེམས་སྐྱེས་པ།། ཚུལ་བཞིན་མ་ལགས་འདོད་ཆགས་ལྡན་པར་འགྱུར།། གལ་ཏེ་བསམ་པ་བཞིན་དུ་མ་གྲུབ་ན།། བདག་ནི་མི་འཚོ་ཆི ་བའི་དུས་བགྱི་སྙམ། ། ཚིག་ཀྱང་སྨྲ་བ་ཉིད་དུ་མ་ནུས་སྟེ། བསོད་སྙོམས་དེ་ཡང་འབུལ་བར་མ་ནུས་ནས།། ཚུལ་བཞིན་མ་ལགས་འདོད་ཆགས་ཀྱིས་གདུངས་ཏེ།། དེ་ཉིད་དག་ཏུ་བརྟུལ་ནས་གུམ་པར་གྱུར།། བཅོམ་ལྡན་དག་ནི ་འཆི་འཕོར་གྱུར་མ་ཐག། དེ་ཚེ་བདག་ནི་བུད་མེད་ལུས་བོར་ཏེ།། འོད་གསལ་སྐྱེས་པའི་ལུས་འདི་ཐོབ་པར་འགྱུར།། གུམ་ནས་བདག་ཀྱང་མཐོ་རིས་འཇིག་རྟེན་སྐྱེས།། བདག་གི་གཞལ་མེད་ཁང་འདི་མཆོག་གྲུབ་པ།། རིན་ཆེན་ཆུང་།། ་དེ་འདྲ་སུ་ལའང་མེད།། ལྷ་ཡི་བུ་མོ་སྟོང་ཕྲག་བཅུ་བཞི་འདི།། བདག་གི་གཡོག་ཏུ་ཐོབ་པོ་བཅོམ་ལྡན་འདས།། དེ་ཚེ་བདག་ཀྱང་འདི་འདྲའི་སེམས་སྐྱེས་ཏེ།། འདི་འདྲ་རྣམ་སྨིན་བཟང་པོ་ལས་བདག་གི། དེ་ལྟར་བསམས་ནས་འདི་སྙམ ་དུ་གྱུར་ཏེ། ། འདི་ནི་འདོད་ཆགས་སེམས་ཀྱི་རྣམ་སྨིན་ཏོ།། དགའ་བྱེད་མགུ་བྱེད་མཁས་པ་འོད་བྱེད་ལ།། བདག་གི་ཆགས་པའི་སེམས་ཀྱིས་བརྟགས་པ་དང་། དེ་ཡི་ལས་ཀྱི་རྣམ་སྨིན་འདི་འདྲ་སྟེ།། དེ་ཆེ་བདག་ནི་འབར་བའི་མཐུ་ཅན ་གྱུར། ། བདེ་བར་གཤེགས་པའི་ཡེ་ཤེས་གར་འཇུག་པ།། དེ་ནི་ཉན་ཐོས་དག་དང་རང་སངས་རྒྱས།། དེ་དག་སར་ནི་གཞར་ཡང་མི་འགྱུར་ཏེ།། འདོད་ཆགས་སེམས་ཀྱི་འབྲས་བུ་འདི་འདྲན།། བདག་གི་བཀུར་སྟི་བགྱི་བ་ཅི་སྨོས་ཏེ།། ། ་བདག་གིས་རྒྱལ་བ་འདི་ཡི་སྤྱན་སྔར་ནི།། སངས་རྒྱས་ཡེ་ཤེས་བྱང་ཆུབ་མཆོག་ཐོ་བ་སྨོན།། བསྐལ་པ་གང་གཱའི་བྱེ་མ་སྙེད་དུ་སྤྱད།། བདག་གི་ཡི་དམ་གཏང་བར་མི་བགྱི་སྟེ།། དགེ་བའི་བཤེས་གཉེན་དགའ་བར་བྱེད་པ་ལ། ་མཆོད་པ་ཡངས་ཤིང་རྒྱ་ཆེ་དག་ཀྱང་བགྱི།། མངོན་པར་བྱང་ཆུབ་ཕྱིར་གཞུགས་མ་གཏོགས་པར།། གཞན་དུ་འདྲེན་པ་རྣམས་ལ་མཆོད་མི་འགྱུར།། བྱང་ཆུབ་སྤྱད་པ་དམ་པ་ཀུན་སྤྱོད་ཅིང་།། འདོད་ཆགས་སེམས་ཀྱིས ་བ་དག་ལ་གང་ལྟ་བ། དེ་དག་བུད་མེད་ལུས་ནི་སྤངས་གྱུར་ནས།། ཐམས་ཅད་མི་འཇིགས་སྐྱེས་བུར་འགྱུར་བ་ཤོག། ལུས་ཀུན་རྟུལ་ཞིང་ཤི་བར་ཤེས་གྱུར་ནས།། བུ་མོ་པ་དང་མ་ནི་ངུ་བར་བགྱིད།། རོ་ལངས་པ་ནི་རབ་ཏུ་གཏང་བར ་སེམས། ། གང་ཕྱིར་དགེ་སྦྱོང་ལ་ཡང་ཚིག་གཅིག་ཏུ།། སངས་རྒྱས་མཐུས་ནི་ལྷ་ཡི་བུ་ཕོ་དོ།། ཕ་མའི་དྲུང་དུ་སོང་སྟེ་ཚིག་སྨྲས་པ།། དགེ་སྦྱོང་ལ་ནི་ཞེ་སྡང་ཁྲོ་མ་བྱེད།། ཡུན་རིང་དུས་སུ་སྡུག་བསྔལ་གྱུར་ཏ་རེ།། གང་ཡང་བསོད་ནམས ་ལྡན་མཆོག་ཤི་བ་དེ། ། སུམ་ཅུ་རྩ་གསུམ་པ་དང་བསྐལ་པ་མཉམ།། འདིར་ནི་བུད་མེད་ལུས་ཀྱང་བརྗེས་གྱུར་ནས།། འོད་གསིལ་ལྷ་འི་བུ་པོ་མཛེས་པར་གྱུར།། བདེ་བར་གཤེགས་པ་དེ་ཡི་ཤིན་སོང་སྟེ།། བྲོ་སེམས་ཉེས་པ་དེ་ནི་བཤགས ་པར་བགྱིས། ། སངས་རྒྱས་དེ་བཞིན་གཤེག་པ་མ་གཏོགས་པར།། སེམས་ཅན་དག་གི་མགོན་སྐྱབས་གཞན་མེད་དོ།། འཇིགས་པ་མེད་པ་དེས་ནི་བསྐུལ་བ་དང་།། ཕ་དང་མས་ཀྱང་སངས་རྒྱས་སྒྲ་ཐོས་ནས།། ཐམས་ཅད་འཚོགས ་ཏེ་ལྷན་གཅིག་འགྲོགས་གྱུར་ནས། ། ཤཱཀྱ་ཐུབ་པའི་དྲུང་དུ་སོང་བར་གྱུར།། སྐྱེས་བུ་དམ་པའི་ཞབས་ལ་ཕྱག་འཚལ་ཏེ།། ཁྲོ་སེམས་ཉེས་པ་དག་ཀྱང་བཤགས་བྱས་ནས།། དེ་བཞིན་གཤེགས་པ་ལ་ཡང་སྐྱབས་སོང་སྟེ།། ་བདེ་གཤེགས་རང་བྱུང་ལ་ཡང་ཞུ་བ་ཞུས།། ཇི་ཙམ་གྱིས་ན་འདྲེན་ལ་མཆོད་པར་གྱུར།། ཆོས་དང་དགེ་འདུན་ལ་ཡང་ཇི་ལྟར་མཆོད།། ཞུས་པ་དེ་ཡང་སོ་སོར་ལུང་བསྟན་གསོལ།། ཐོས་ནས་དེ་བཞིན་ལགས་ཀྱི་མཆི་བར་བ། ་རྒྱལ་བས་དེ་དག་གི་ནི་སེམས་མཁྱེན་ནས།། འཇིག་རྟེན་མགོན་གྱི་ཡང་དག་ཚིག་གསུངས་པ།། གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ།། བྱང་ཆུབ་ཀྱིར་ནི་བརྟན་པའི་སེམས་སྐྱེད་ཅིག། བུ་མོའི་པ་དང་མདང་གཉེན་རྣམས ་དང་། སུམ་ཐང་ཆང་བ་དེ་དག་ཀྱང་།། སྒྲས་སུ་ཁྲུམ་ཆག་གན་ག་ཟས་ནས།། དུ་ན་བྱུང་ཆུབ་མྦྷིར་ནི་སེམས་བསྟོད་དོ།། དེའི་ཚེ་དགའ་བ་དག་ལ་བཀའ་སྩལ་པ།། དགང་སྨྲས་པ་བཞིན་དུ་དགའ་བ་མ ་བྱང་ཆུབ་སེམས་དཔའ་བསམ་སྤྱོད་བསམ་མི་ཁྱབ། ། ཐབས་མཁས་པ་ཡི་ཤེས་རབ་དེ་བཞིན་ནོ།། དགའ་བ། སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི།། བུད་མེད་གང་དག་ཆགས་སེམས་ཀྱིས་ལྟ་བ།། དེ་ནི་བུད་མེད་ལུས་ཀྱང ་ཡོངས་སྤངས་ཏེ། ། སྐྱེས་བུ་ཡངས་པའི་སེམས་ཅན་འགྱུར་བར་ཤོག། དགའ་བོ་འདི་ཡི་ཡོན་ཏན་ཅི་འདྲ་ལྟོས།། གང་གི་སེམས་ཅན་གཞན་དག་དམྱལ་འགྲོ་བ།། དེ་ཉིད་དཔའ་བོ་དག་ལ་ཆགས་སྤྱད་ནས།། མཐོ་རིས་སུནི ་སྐྱེས་བུར་འགྱུར་བར་ཤོག། ལྗ་བུ་དེ་བས་དལ་བཀུར་སྟི་བྱས།། གུས་དང་བཅས་པས་བྱང་ཆུབ་མཆོག་གནས་སོ།། བསྐལ་པ་མད་པོ་སངས་རྒྱས་མཆོད་བྱས་ནས།། ཤིན་ཏུ་གཟིགས་ཞེས་བྱ་བའི་རྒྱལ་བར་འགྱུར། 3 ་གང་དག་བྱང་ཆུབ་ལ་གནས་པ། ། དེ་དག་ནསས་ཀྱང་མི་མི་མཆོག་དུ་འགྱུར།། དེ་ལ་དང་ཕྱིར་བདེ་བ་བསམཱ་ཡས་ན།། མགོན་དེ་ལ་ནི་བཀཱར་སྟི་སུ་མི་བྱེད།། གང་དག་དགའ་བར་བྱེད་ལ་ཆགས་སེམས་པ།། བུད་མེད་ལུས་སྤངས་སྐྱེས་པར ་མྱུར་བ་ནི། ། གཅིག་དང་གཉིས་དང་གསུམ་ནི་མ་ཡིན་གྱི།། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མ་བ་སྲེ།། རྩི་ཡི་རྒྱལ་པོ་གྲགས་པ་ཆེན་པོ་ཡིས།། བྱང་ཆུབ་དེ་ལ་ཞེ་སྡང་སུ་ཞིག་བསྐྱེད།། ཉོན་མོངས་ལས་ཀྱང་བདེ་བ་སྦྱིན་བྱེད་ན།། དེ་ལ་བཏུང ་སྟེ་བྱེད་པ་སྨོས་ཅི་དགོས། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ལྷུན་པོའི་དྲུང་དྲུག་སེམས་དང་ཀྱང་རུང་། སེམས་ཞེ་སྡང་། ་ཡང་རུང་། སེམས་ཆགས་པ་ཡང་རུང་། ཆོས་ལ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ། མཆིན་དེ་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི་ཇི་ལྟ་སྟེ། གས་ཀྱི་བ་དོག་གི། བཅོམ་ལྡན་འདས་དེ་བཞིན་དུ་གང་སུ་ཡང་རུང་། ་བྱང་ཆུབ་སེམས་དཔའི་དྲུང་དུ་སེམས་དང་དམ། སེམས་ཞེ་སྡང་དམ། སེམས་ཆགས་པ་འམ། ཆོས་ལ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ། མཆི་ན་དེ་དག་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། ཐམས ་དཔཁྱེན་པ་ཉིད་ཀྱི་སེམས་ཀྱི་འདོག་གོ། ། བཅོམ་ལྡན་འདས་བདག་ནི་དེ་དེ་ཕན་ཆད་བྱང་ཆུབ་སེམས་དཔའ་རྣམས་ལ་རིང་བ་ལྡན་པ་འང་བར་འཛིན་ཏོ།། བཅོམ་ལྡན་འདས་འདི་ལ་ས་དཔེར་ན། སྨན་གྱི་རྣམ་པལྡན་པ་ང ་ལ་སེམས་ཅན་སུ་ཡང་དྲང་སྟེ། ནད་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པ་རྣམས་ཀྱི་སཱ་ལྟས་ནན་དེ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འབྱུང་།། བཅོམ་ལྡན་འདས་དེ་བཞིན་དུགང་སུ་ཡང་དྲུང་སྟེ། སེམས་དཔཔའམ། སེམས་ན ་བ་འམ། སེམས་ཆགས་པས་བྱང་ཆུབ་སེམས་དཔའ་ལ་བལྟས་ན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་རྣམས་རབ་ཏུ་ཞི་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དགའ་བོ་དེ་བཞིན་ནོ་དགའ་བོ་ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ ་མཚར་ཏོ། ། བདེ་བར་གཤེགས་པ་རབ་ཏུ་ངོ་མཚར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཞི་བའི་ཏིང་ངེ་འཛིན་ལ་གནས་ཀྱང་། སེམས་ཅན་རྣམས་ལ་སྙིང་འརྩེ་བའི་སླད་དུ་སླར་ཡང་འདོད་པའི་ཁམས་སུ་ཡང ་གདའོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྤེན་པ་མེད་པལ་གནས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་མ་དག་ལ་ཐམས་ཅད་མཁྱེན་པའི་སེམས་ལ་ཡད་འབབ་པར་བགྱིད་དོ།། བཅོམ་ལྡན་འ། ་སེམས་དཔའ་སམས་དཔའ་ཅན་ལྡནཔས་མཀྱིས་མི་གྱུམ་པའི་ཐབས་མཁས་པ་ལ་གནས་ལ་དེནི་འད་ལྟ།། ཆགས་པར་འབྱུང་བའི་གཟུགས་དང་། ཐ་དང་། དག་དང་བྱམམས་ཅད་ལ་སྤྱད་འཛི། ་ལ་ཆགས་པར་མི་བགྱིད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ། དཔེ་ཆུང་ཟད་ཅིག་གསོལ་བར་བཅོམ་ལྡན་འདས་བདག་སྤོབས་སོ།། བདེ་བར་གཤེགས་པ་བདག ་སྤོབས་སོ། ། བཀའ་སྩལ་པ། འོད་སྲུང་ཁྱོད་སྤོབས་པར་བགྱིས་ཤིག། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། འབྲོག་དགོན་པ་ཞིག་མཆིས་ལ། འབྲོག་དགོན་པ་དེ་ན་རྩིག་པ་འཁོར་བའི་རྩེ་མོའི་བར་དུ་ཕྱིན་པ་ཞིག་ཀྱང་མཆིས ་པར་འགྱུར། དགོན་པ་དེ་ན་ཆབ་སྒོ་ཡང་གཅིག་པུ་ཞིག་མཆིས་པར་གྱུར། འབྲོག་དགོན་པ་དེ་ན་སོག་ཆགས་བརྒྱ་སྟོང་དུ་མ་ཡང་མཆིས་པར་གྱུར། འབྲོག་དགོན་པ་དེ་ནས་ཤིན་ཏུ་རྒྱང་མི་རིང་བ་ཞིག་ན་གྲོང་ཁྱེར་ཞིག་ཀྱང་མཆིས ་ལ་འབྱོར་པ་དང་། བདེ་བ་དང་ལོ་ལེགས་པ་དང་། མིའི་སྐྱེ་བོས་གང་བར་གྱུར། གང་དག་གྲོང་ཁྱེར་དེར་མཆིས་པ་དེ་དག་ཀྱང་རྒ་བ་དང་། མཆི་བར་མི་འགྱུར་ལ། གྲོང་ཁྱེར་ཆེན་པོ་དེའི་ཤུལ་ནི་མཐོ་གང་ཙམ་དུ་གྱུར་ལ། དེ་ན་གཡས ་གཡོན་དུ་གཡང་ས་ཁྲུ་འབུམ་མཆིས་པར་གྱུར་ཅིང་། འབྲོག་དགོན་པ་དེའི་དབུས་ན་སེམས་ཅན་མཁས་པ། ཞིབ་པ་ཡིད་བཞུངས་པ་དོན་འཚལ་བ། ཕན་པར་འཚལ་བ། འབྱོར་པ་དང་བདེ་བར་འཚལ་བ་གཅིག་སྐྱེས་ལ། ་དེས་འབྲོག་དགོན་པ་དེར་སེམས་ཅན་དེ་དག་ལ་འབྲོག་དགོན་པ་འདི་ནས་ཤི་ནཿརྒྱང་མི་རིང་བཞིག་ན་གྲོང་ཁྱེར་ཞིག་ཡོད་དེ། དེར་སུ་འགྲོ་བདེ་ནི་རྒ་བ་དང་། འཆི་བར་མི་འགྱུར་གྱིས། ཀྱེ་སེམས་ཅན་དག་ཚུར་ཤེག། གྲོང་ཁྱེར་ཆེན ་པོ་དེར་འདོང་ངོ་དོ། ། ངས་ནི་ཁྱེད་ཡོངས་སུ་དྲང་ངོ་ཞེས་དེ་སྐད་སྒྲ་སྒྲགས། དབྱངས་ཀྱིས་བསྙད་པ་དང་། དེ་ན་གང་དམན་པ་ལ་མོས་ཤིང་བྱུང་བའི་བསམ་པ་མཆིས་མ་དེ་དག་ནི་བདག་ཅག་བསྟན་པ་འདི་དང་། ཡུལ་དེར་མཆི་ཡང་འཚལ ་ན་འདི་ནས་ཀྱང་མི་འཕགས་ལ་གང་གྲོང་དེ་ན་ཡོན་ཏན་མཆིས་པ་དེ་དག་ཀྱང་འདི་ན་མཆིས་བཞིན་དུ་འབྱུང་བར་གྱུར་ཅིག་ཅེས་མཆིའོ། ། གང་ཆེན་པོ་ལ་མོས་པ་དེ་དག་ནི་བདག་ཀྱང་མཆི་སྟེ། ཁྱོད་ཇི་ལྟ་བ་བདག་ཅག་ཀྱང་དེ་འདྲ ་ཞེས་དེ་སྐད་མཆིའོ། ། གང་བསོད་ནམས་ཆུད་པ་དེ་དག་ནི་སྒྲ་དེ་ཐོས་པ་དང་། ཐོས་ནས་ཡིད་ཆེས་པར་མི་བགྱིད་དོ།། དེ་ནས་སྐྱེས་བུ་མཁས་པ་ན་འབྲོག་དགོན་པ་དེ་ནས་བྱུང་ནས་ལམ་དེ་མཐོང་ངོ་།། དེས་ཤུལ་མཐོ་གང་ཙམ ་པོ་དེ་མཐོང་ནས་སོང་བ་དང་། ལམ་གྱི་གཡས་ཕྱོགས་ན་ཡང་གཡངས་ཁྲུ་འབུམ་དང་། གཡོན་ཕྱོགས་ན་གཡངས་ཁྲུ་འབུམ་མཆིས་ནས། དེའི་ལམ་གཡས་གཡོན་དུ་དེས་རྩིག་པའི་རྟེན་བཅས་ཏེ། གྲཝ་བཞིས་ཤུལ་དེ་རྒལ ་བར་བགྱིད་ཅིང་གཡས་སུའང་མི་ལྟ། གཡོན་དུའང་མི་ལྟ། དེའི་རྒྱབ་ནས་སྒྲ་རྣམས་སྭ་སྒྲོག་ཅིང་འཇིགས་པར་སྟོན་ཀྱང་དེ་ཁ་ཕྱིར་ཡང་མི་ལྟ་སྟེ། ལམ་དུ་ཞུགས་པ་དང་། ཇི་ལྟ་ཇི་ལྟར་མཆིས་པ་དེ་ལྟ་དེ་ལྟར་གྲོང་ཁྱེར་ཆེན་པོ་མཐོང ་དོ། ། དེ་ལྟ་དེ་ལྟར་དེའི་འཇིགས་པ་ཐམས་ཅད་ཀྱང་མ་མཆིས་སོ།། གྲོང་ཁྱེར་ཆེན་པོ་དང་ཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་དོན་ཡང་བགྱིད་དོ།། བཅོམ་ལྡན་འདས་འབྲོག་དགོན་པ་ཞེས་བགྱི་བ་ནི་དེ་ལྟར ་འཁོར་བའི་འབྲོག་དགོན་པར་ལྟ་བར་བགྱིའོ། ། རྩིག་པ་འཁོར་བའི་རྩེ་མོའི་བར་དུ་ཕྱིན་པ་ཞེས་བགྱི་བ་ནི་དེ་ལྟར་མ་རིག་པ་དང་། སྲེད་པ་དང་། སྲིད་པར་བལྟ་བར་འགྱིའོ།། སྲོག་ཆགས་བརྒྱ་སྟོང་མང་པོ་འབྲོག་དགོན་པ་དེ་ན་མཆིས་ཤེས ་བགྱི་བ་ན་དེ་ལྟར་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་དུ་ལྟ་བར་བགྱིའོ། ། ཆབསྒོ་གཅིག་ཅེས་བགྱི་བ་ནི་དེ་ལྟར་ཐེག་པ་གཅིག་གིས་ལམ་དུ་བལྟ་བར་བགྱིའོ།། སྐྱེས་བུ་མཁས་པ་ཞེས་བགྱི་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོར་ལྟ་བར་བགྱིའོ། ། སེམས་ཅན་དམན་པ་ལ་དད་པ་འབྱུང་བའི་བསམ་པ་མཆིས་པ་གནས་དེ་ནས་ཀྱང་མི་འཕགས་ལ། གྲོང་ཁྱེར་གྱི་ཡོན་ཏན་ཀྱང་འཚལ། ཞེས་བགྱི་བ་ནི་ཉན་ཐོས་དང་། རང་སངས་རྒྱས་སུ་བརྟ་ར་གྱི ་གཞན་དག་བདག་ཅག་ཀྱང་མཆི་སྟེ། ཁྱོད་ཅི་འདྲ་བ་བདག་ཅག་ཀྱང་དེ་དང་འདྲེའོ།། ཞེས་མཆི་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་དག་ཏུ་བལྟ་བར་བགྱིའོ།། སྒྲ་ཐོས་ཀྱང་ཡིད་ཆེས་པར་མ་གྱུར་ཅེས་བགྱི་བ་ནི་དེ་ལྟར་མུ་སྟེགས་ཅན་གཞན་དག ་ཏུ་བལྟ་བར་བགྱིའོ། ། འབྲོག་དགོན་པ་ནས་འབྱུང་བ་ཞེས་བགྱི་བ་ནི་དེ་ལྟར་ཐམས་ཅད་མཁྱེན་པར་དངོས་པོའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ།། ཤཱུལ་མཐོགང་ཙམ་ཞེས་བགྱི་བ་ནི་དེ་ལྟར་ཆོས་ཀྱི་དབྱིངས་སུ་ལྟ་བར་བགྱིའོ།། ་གཡས་ཕྱོགས་ན་གཡངས་ཁྲུ་འབུམ་མཆིས་ཤེས་བགྱི་བ་ནི་དེ་ལྟར་ཉན་ཐོས་ཀྱིས་རབ་ལྟ་བར་བགྱིའོ།། གཡོན་ཕྱོགས་ནག་ཡངས་ཁྲུ་འབུམ་མཆིས་ཤེས་བགྱི་བ་ནི་དེ་ལྟར་རང་སངས་རྒྱས་ཀྱི་སར་ལྟ་བར་བགྱིའོ།། གཡས་གཡོན་གྱི་ཕྱོགས ་སུ་རྩིག་པའི་རྟེན་བཅས་ཤེས་བགྱི་བ་ནི་ད་ལྟར་ཐབས་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ། ། གྲཝ་བཞིས་མཆི་བར་བགྱིད་ཅེས་བགྱི་བ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྲངས ་མ་མཆིས་དཔག་ཏུ་མ་མཆིས་པ་རྣམས་བསྡུད་པར་བགྱིའོ། ། རྒྱབ་ལོགས་ནས་དགྲའི་མི་དག་འཇིགས་པ་སྔོན་ཅེས་བགྱི་བ་ནི་དེ་ལྟར་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་སུ་བལྟ་བར་བགྱིའོ།། དེ་བཞིན་དུ་གང་སེམས་ཅན་མ་རུངས་པ་བྱང་ཆུབ ་སེམས་དཔའ་རྣམས་ལ་དཔྱ་བར་བགྱིད། བསྟིང་བར་བགྱིད་སྨོད་པར་བགྱིད། གཞན་དག་ལ་ཡང་བལྟ་བར་བགྱིའོ།། ཁ་ཕྱིར་མི་ལྟ་ཞེས་བྱ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བསམ་པ་ལྷག་པའི་ཚིག་བླ་དགས་སོ།། གཡས་གཡོན་དུ་མི་ལྟ་ཞེས ་བགྱི་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་མི་འཚལ་བས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ།། ཇི་ལྟ་ཇི་ལྟར་གྲོང་ཁྱེར་མཐོང་བ་དེ་ལྟ་དེ་ལྟར་འཇིགས་པ་མ་མཆིས་པར་འགྱུར་ཞེས་བགྱི་བ་ནི་དེ་ལྟར་ཇི་ལྟ་ཇི་ལྟར་སངས ་རྒྱས་ཀྱི་ཡོན་ཏན་མཐོང་ཞིང་སངས་རྒྱས་ཀྱི་སྤྱོད་པ་དང་། ཡེ་ཤེས་ལ་རྟོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་བསླབས་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་མི་འཇིགས་ཤིང་ཐེ་ཙོམ་མ་མཆིས་པ་ལ་བགྱིའོ།། ་གྲོ། ཁྱེར་དུ་ཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པའི་དོན་བགྱིད་ཅེས་བགྱི་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འོད་སྲུང་ལེགས་སོ་ལེགས་སོ།། འོད་སྲུང་ཁྱོད་ཀྱིས་འདིར་དཔེར་བཤད་པས། ལྷ ་དང་མིའི་སྐྱེ་དགུ་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། ། འོད་སྲུང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ལ་གནས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། འོད་སྲུང་བྱང་ཆུབ ་སེམས་དཔའ་ནི་གང་བདག་ལ་གནོད་པར་འགྱུར་བ་དང་། གཞན་ལ་གནོད་པར་འགྱུར་བའི་ལས་དེ་ལྟ་བུ་མི་བྱེད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་འོ་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་མགོ་རེག་མཐོང་བས་ཆོག་གོ། དགེ་སྦྱོང་མགོ་རེག་འདི་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པོའི་ཞེས་ཚིག་སྨྲས ་བར་འགྱུར། བཅོམ་ལྡན་འདས་དེ་སྐད་ཅེས་སྨྲས་པའི་དོན་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཆོག་གོ། དེ་བཞིན་གཤེགས་པ་དང་བྱང ་ཆུབ་སེམས་དཔའ་འདྲོད་མ་འཛིན་ཅིག། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། སྐྱེས་བུ་དམ་པ་དེ་དག་ནི་ཇི་ལྟར་ཅི་ནས་ཀྱང་སེམས་ཅན་འདུལ་བར་འགྱུར་བ་དེ་ལྟ་དེ་ལྟར་གནས་པ ་ཡིན་ནོ། ། རིགས་ཀྱི་བུ་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཐབས་མཁས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཁྱོད་ལ་བཤད་དོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་མར་མེ་མཛད་ཚུན་ཆད་བསམ་གྱིས་མི་ཁྱབ་པའི་ཐབས་བསྟན་པ་དེ་ལས ་ཅུང་ཟད་ཙམ་ཞིག་བསྟན་ཏོ། ། རིགས་ཀྱི་བུ་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཚུན་ཆད་བྱང་ཆུབ་སེམས་དཔའ་ལ་འཁྲུལ་པ་མེད་ཅ་ཅོ་མེད། དྲན་པ་ཉམས་པ་མེད་དོ།། རིགས་ཀྱི་བུ ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ནི་འདོད་ན་ནུབ་བདུན་གྱིས་བྱང་ཆུབ་ཐོབ་པར་འགྱུར། འདོད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྐལ་པ་བརྒྱས་བྱང་ཆུབ་ཐོབ་པར་འགྱུར་རོ།། གལ་ཏེ་སླར་ཡང ་སྲིད་པར་འོངས་ན་ཤེས་རབ་ཀྱི་སྟོབས་ཀྱིས་མཐུ་བསྐྱེད་པས་གང་གི་ཚེ་འདོད་པ་དེའི་ཚེ་ཚང་རྒྱའོ། ། འདོད་ན་ཕྱི་མའི་མཐར་ཐུག་པར་གནས་ཀྱང་སྐྱོ་བར་མི་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། ། ་རིགས་ཀྱི་བུ་གཞན་ཡང་ཉན་ཐོས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བཞིན་དུ་ཏིང་ངེ་འཛིན་ཞི་བ་ཡིན་ཏེ། དེའི་ལུས་ཀྱང་མི་གཡོ་དེའི་སེམས་ཀྱང་མི་གཡོ་ཞིང་བདག་ཡོངས་སུ་མྱ་ངན་ལས་འདས་པར ་འཛིན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞི་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་གུ་བའི་དངོས་པོ་བཞིའི་བརྩོན་འགྲུས་ཀྱང་མི་གཏོང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བརྩོན ་འགྲུས་ཀྱང་མི་གཏོང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདོད་ན་དགའ་ལྡན་གྱི་ཁང་པ་ན་འདུག་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་ཡང ་གོར་བར་འགྱུར་ན། གང་འཛམ་བུའི་གླིང་གི་མི་དེ་དག་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལྷ་དག་ནི་ཆོས་ཉན་པའི་ཕྱིར་འཛམ་བུའི་གླིང་དུ་འབབ་ནུས་ཀྱི། འཛམ་བུའི་གླིང་གི་མི ་རྣམས་ནི་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་སོ་སྙམ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ལྟའོ།། བྱང་ཆུབ་སེམས ་ནི་འདོད་ན་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། མའི་མངལ་གྱི་ཁྱིམ་དུ་མ་ཞུགས་པར་དེའི་མོད་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན་དེ་ལ་སེམས་ཅན་ཁ་གཅིག་ཐེ་ཚོམ་སྐྱེ་བར་འགྱུར་ཏེ། འདི་ལྷ་འམ་དྲི་ཟའམ། ་སྤྲུལ་པ་ཞིག་གམ། འདི་ག་ལས་འོངས་པ་ཞིག་ཅེས་དེ་དག་ཐེ་ཙོམ་དུ་གྱུར་ནས་ཆོས་ཉན་པར་མི་འགྱུར་བས་རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་དུ་གནས་པར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར ་ཤེས་པར་བྱའོ། ། རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་ནི་མངལ་གྱི་མལ་དུ་ཞུགས་སོ།། སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག། བྱང་ཆུབ་སེམས་དཔའ་ནི་མངལ་གྱི་མལ་དུ་ཞུགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེས། བྱང་ཆུབ་སེམས་དཔའ་དི་བྱང་ཆུབ ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ནས་མ་སོང་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དགའ་ལྡན་གནས་ཀྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཤི་འཕོས་སོ་སྙམ་དུ་འཛིན་ཅིང་དེ་ནི་དེ་མི་མཐོང ་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་ནས་ཀྱང་མི་གཡོལ་སྤྲུལ་པས་བྱ་བ་ལ་ཐམས་ཅད་དང་། མངལ་དུ་འཇུག་པ་དང་། སྨེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བར་སྤྱོད་པ་ཐམས་ཅད་སྟོན་ཏེ། དེ་ཐམས ་ཅད་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཙང་མར་སྤྱོད་པས་སླར་ཡང་མངལ་གྱི་མལ་དུ་མི་འཇུག་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། ཅིའི་ཕྱིར ་ཞེན་བྱང་ཆུབ་སེམས་དཔའ་བལ་གླང་གི་བུ་དཀར་པོར་བསྒྱུར་ཏེ་མའི་མངལ་དུ་འཇུག་པར་སྟོན་ཅེ་ན། དཀར་པོའི་ཕྱོགས་ཡིན་པའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དང་ཁྱད་ཞུགས་པས་དེའི་ཕྱིར་ཅི་ནས་ཀྱང ་ལྷ་དང་ཡང་མི་འདྲ། མི་དང་ཡང་མི་འདྲ་བར་དེ་ལྟར་འཇུག་པ་བསྣུན་པར་བྱ་དགོས་ཏེ།། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མའི་མངལ་ན་ཟླ་བ་དགུར་མི་གནས་པར ་ཟླབ་བཅུར་གནས་ཤེ་ན་སེམས་ཅན་ཁ་གཅིག་ཀྱེ་མའོ། ། འདི་ནི་མངལ་ན་གནས་པའི་དུས་མཚང་བས་དབང་པོ་ཉམས་པ་ཞིག་བྱུང་ངོ་ཞེས་དེ་ལྟར་སེམས་པའི་ཕྱིར་མངལ་ན་དབང་པོ་ཡོངས་སུ་རྫོགས་པར་སྟོན་པས་ཟླ་བ་བཅུར་གནས་ཀྱི ་དགུར་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དུ་མ་སྐྱེས་ཀྱི་དགོན་པར་སྐྱེས་ཤེ་ན་བྱང་ཆུབ་སེམས་དཔའ་ནི་ཡུན་རིང ་པོ་ནས་དགོན་པ་ཤིན་དུ་དགོན་པའི་བསྔགས་པ་བརྗོད་པར་བྱེད་ལ། དབེན་པ་ན་གནས་ཤིང་གཙང་མར་སྤྱོད་པ་དང་། ཁྱིམ་གྱི་ནང་དུ་སོང་བར་གྱུར་ན། ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱིས་ལྷའི་དྲི་དང་ཕྱེ་མ་དང་། མེ་ཏོག་དག་གིས་རྒྱུན་མ་ཆད་པར་མཆོད ་པབྱེད་མི་ནུས་པ་དང་། གྲོང་ཁྱེར་སེར་སྐྱའི་སེམས་ཅན་དག་རབ་ཏུ་དགའ་བར་གྱུར་པས་རྒྱུ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་སོ།། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མའི་དགྲ་བརྟོལ་ཏེ་མངལ་གྱི་མལ་དུ་ཞུགས ་ཤེན། ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་ནི་ཕ་མའི་མེར་མེར་པོ་ལས་གྱུར་པ་མ་ཡིན་གྱི། རྫུས་སྟེ་སྐྱེས་པ་ཡིན་ནོ་སྙམ་དུ་སེམས་དཔའ་སེམས་ཅན་དེ་དག་གི་ཐེ་ཙོམ་གཅད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ ་ཏེ་བཞུགས་སོ། ། ཞུགས་ནས་རྨ་དང་བུ་གར་མ་གྱུར་ལ། ཡུམ་སྒྱུ་མ་ཡང་དེའི་ཚེ་བདེ་བ་མྱོང་བ་ལྟ་བུ་མངོན་མ་མྱོང་ངོ་།། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་མ་ཤིང་བླགས་ཤའི་ཡལ་ག་ལ་འཇུས་ཏེ། ཤ་འཆུས་སུ་བྱས་ནས་བྱང་ཆུབ ་སེམས་དཔའ་སྐྱེས་ཤེ་ན། སེམས་ཅན་གང་དག་ལྷ་མོ་སྒྱུ་མ་ནི་བུད་མེད་གཞན་བཞིན་དུ་སྡུག་བསྔལ་བའི་ཚོར་བས་བྱང་ཆུབ་སེམས་དཔའ་སྐྱེད་དོ་སྙམ་དུ་དེ་ལྟར་སེམས་དཔའི་སེམས་ཅན་དེ་དག་ལ་བདེ་བར་བསྟན་པའི་ཕྱིར་བྱང་ཆུབ ་སེམས་དཔའི་མ་ཤིང་བླགས་ཤའི་ཡལ་ག་ལ་མཇུས་ནས་ཤམ་ཆུས་སུ་བྱས་ཏེ་བྱང་ཆུབ་སེམས་དཔའ་སྐྱེད་དོ། ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སྐྱེ་གནས་དང་། ལུས་ཀྱི་ཕྱོགས་གཞན་ནས་མི་འབྱུང་བར་མའི་མངལ་རྟོལ་ཏེ་དྲན ་བཞིན་དུ་ཤེས་བཞིན་དུ་མངལ་གྱི་ལམ་ནས་འབྱུང་ཞེ་ན། ། བྱང་ཆུབ་སེམས་དཔའ་ནི་གཙང་མར་སྤྱོད་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་མཆོག་ཡིན་པས། དེ་སྐྱེ་གནས་ལའང་མི་གནས་ཤིང་སྐྱེ་བ་བསྟན་དགོས་ལ་སེམས་ཅན་ཐ ་མ་གཞན་དག་དང་ཡང་མི་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་མའི་དགུ་བརྟོལ་ནས་མངལ་གྱི་མལ་ནས་འབྱུང་ཞིང་སྐྱེས་མ་ཐག་ཏུ་དེའི་ཚེ་ན་གློལ་མ་ཡང་མེད་དོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔར་སྐྱེས་མ་ཐག་ཏུ་བརྒྱ ་བྱིན་ལྷའི་དབང་པོས་བླངས་ཀྱི་མིར་གྱུར་པ། གཞན་དག་གིས་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བཤིན་ཏུ་འབར་བ་དང་། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་དེ་ལྟར་བ་རྒྱ་བྱིན་ལྷའི་དབང་པོ་བླངས་པར་ཤོག་ཤིག་ཅེས ་སྨོན་ལམ་གཏབ་པའི་ཕྱིར་རོ། ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་དུ་མ་བླངས་པར་གོམ་པ་བདུན་པོར་གྱི། དྲུག་དང་བརྒྱད་མ་ཡིན་ནེ་ན། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང་། སྐྱེས་བུ་དམ་པར་སྔོན་སུས་ཀྱང་ས ་བསྟན་པ་བསྟན་དགོས་ལ་སེམས་ཅན་གང་དག་གི་དོན་དུ་གོམ་པ་བདུན་བོར་ཏེ་བྱ་བ་ད་གོམ་པ་དྲུག་གིས་ཀྱང་མི་ནུས་ལ། གོམ་པ་བརྒྱད་པོར་ན་ཡང་ལྷག་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་མ་བླངས ་པར་གོམ་པ་བདུན་འདོར་གྱི། དྲུག་དང་བརྒྱད་མ་ཡིན་ནོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་གོམ་པ་བདུན་བོར་ནས་ང་ནི་འཇིག་རྟེན་ན་གཙོ་བོ་ཡིན་ཏེ། སྐྱེ་བ་དང་རྒ་བ་དང་འཆི་བ་མཐར་བྱའོ་ཞེས་པར་ཅིག་ཏུ་སྨྲ་ཞེ་ན། འཁོར་དེ་ན་ཚངས ་པ་དང་ལྷ་མཐུ་ཆེ་བདག་ལྷགས་ཤིང་འཁོད་དོ། ། ང་རྒྱལ་ཅན་དུ་གྱུར་པ་དེ་དག་བདག་ཅག་གཙོ་བོ་ཡིན་གྱི། འདི་ནི་མ་ཡིན་ནོ་སྙམ་དུ་སེམས་ཤིང་དེ་དག་བྱང་ཆུབ་སེམས་དཔའ་ལའ་དྲད་པར་མི་བྱེད། ཡང་དག་པར་འདྲད་པར་མི་བྱེད་པས་དེའི་ཕྱིར ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཚངས་པ་དང་ལྷ་འདི་དག་ཡུན་རིང་པོར་ཕན་པ་མེད་པར་འགྱུར་དུ་འོང་ངོ་ཞེས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེནན་དམ་ཆོག་གོ།། ང་མཆོག་གོ།། སྐྱེ་བ་ད་ན་པ་དང་། ་འཆི་བ་མཐར་འབྱིན་ཏོ་ཞེས་སྨྲ་ཞིང་སྤངས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྒོ་བ་དང་། གང་བྱང་ཆུབ་སེམས་དཔའ་མ་ལྷགས་པ་དེ་དག་ཀྱང་སྒྲ་དེས་ལྷགས་པར་གྱུར་ནས། དེའི་ཚེ་ཚངས་པ་དེ་དག་དང་། ལྷའི་བུད ་དག་བྱང་ཆུབ་སེམས་དཔའ་ལ་ཐལ་མོ་སྦྱར་ནས་བཏུང་བར་གྱུར་ཏོ། ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ང་མཆོག་གོ།། ང་མཆོག་གོ།། སྐྱེ་བ་དང་རྒ་བ་དང་འཆི་བ་མཐར་འབྱིན་ཏོ།། ཞེས་དེ་སྐད་ཀྱི་ཚིག ་སྨྲའོ། ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་གདང་མོ་ཆེར་དགོད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་གཡེམ་པའི་དགོད་པ་འམ། ཆེར་རྒོད་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་འདི་ཉིད་དུད ་དང་ལྷན་གཅིག་ཏུ་བྱང་ཆུབ་ཏུ་སེམས་སྐྱེད་ནས། ངས་བྱང་ཆུབ་ཐོབ་ཀྱང་འདི་དག་ལེ་ལོར་གྱུར་པས་ད་དུང་འཁོར་བ་སྟུག་པོར་ལངས་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི་ཐམས་ཅད་མཁྱེན་པར་འགྱུར་བའི་ཐར་པའི་ལམ་ལ་བརྩོན་འགྲུས ་མི་བརྩོམ་སྟེ། དེ་ངག་ད་ལྟར་བདག་ལ་ཕྱག་འཚལ་ན། དེ་དག་ཇི་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་འགྲུས་བརྩོམ་པར་འགྱུར་ཞེས་སྙིང་རྗེ་ཆེན་པོ་སྐྱེད་ནས་དམན་པ་དང་། བག་མེད་པའི་སེམས་ཅན་དང་། བདག་གི་བསམ་པ ་ཡོངས་སུ་རྫོགས་པ་ཤེས་ནས། བྱང་ཆུབ་སེམས་དཔའ་གད་མོ་ཆེར་དགོད་དོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དྲི་མ་མེད་བཞིན་དུ་ཁྲུས་བྱེད་ཅེ་ན། བརྒྱ་བྱིན་དང་ཚངས་པས་མཆོད་པའི་ལས་བྱས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ ་ནི་ངེས་པར་འཇིག་རྟེན་ཤེས་པའི་རྗེས་སུ་འཇུག་པར་བྱ་དགོས་སྟེ། སྐྱེ་བ་མཐོང་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱང་ངེས་པར་ཁྲུས་བྱས་སོ།། །། འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ་བམ་པོ་གཉིས་པ་སྟེ་ཐམ།། །། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སྙིང་པོར་མི་འགྲོ་བར་དེ་ནས་སླར་ཁྱིམ་དུ་འཇུག་ཅེ་ན། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་དང་། སླས་ལ་སོགས་པ་བསྟན་པའི་ཕྱི ་དགའ་བ་དང་། རྩེ་བ་ཆེན་པོ་དེ་དག་བསྟན་ནས་ཁྱིམ་ནས་མངོན་པར་འབྱུང་བར་བྱེད་དོ།། གླིང་ཆེན་པོ་བཞི་སྤང་བར་བསྟན་པས་ན་ངའི་རྗེས་སུ་སློབ་པ་གཞན་དག་ཀྱང་དགའ་བ་དང་། བརྩེ་བ་ཆེན་པོ་སྤངས་ནས་རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས ་མངོན་པར་འབྱུང་སྟེ་རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སླར་ཁྱིམ་དུ་ཞུགས་སོ། ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཉི་མ་བདུན་ལོན་པ་དང་མ་འཆི་བའི་དུས་བྱེད་ཅེ་ན། ལྷ་མོ་སྒྱུ་མ་ཚེ་ཟད་ནས་འཆི་བའི་དུས ་བྱས་ཀྱི། བྱང་ཆུབ་སེམས་དཔའ་ས་ཉེས་པ་ནི་མ་ཡིན་ནོ།། འདི་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ཉིད་ན་གནས་ཤིང་ལྷའི་མིག་གིས་ལྷ་མོ་སྒྱུ་མའི་ཚེ་ལ་བརྟགས་ནས་ནམ་ལྷ་མོ་སྐུ་མེའི་ཚེ་ཟླ་བ་བཅུ་དང་། ཉི་མ་བདུན ་ལུས་པར་ཤེས་པ་དང་། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། མའི་མངལ་དུ་འཇུག་གོ།། དེ་བས་ན་རྣམ་གྲངས་དེས་ཀྱང་ལྷ་མོ་སྒྱུ་མ་ནི་ཚེ་ཟད་ནས་འཆི་བའི་དུས་བྱས་ནི། བྱང་ཆུབ་སེམས་དཔའ་ཉེས་པ་མ ་ཡིན་ནོ། ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བཟོ་སློབ་ཅེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཕྱིར་དུ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཙུག་ལག་གམ།། གླུའམ་གར་རམ། ་སྔགས་སམ། རིགས་སྔགས་སམ་ཐབས་སམ། དགོད་པ་འམ་ཆ་བ་འམ། རྩེ་བ་འམ། ལྟ་བ་གང་ཡང་ཐོག་མར་མ་བསླབས་པ་མེད་དོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆུང་མ་ལེན་ཅེ་ན། བྱང་ཆུབ་སེམས་དཔའ་ནི་འདོད་པ་དགོས་པར་བྱེད ་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་ནི་དེའི་ཚེ་འདོད་པ་དང་བྲལ་བ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི་ངེས་པར་སྐྱེས་པས་བསྟན་དགོས་ཏེ།། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་ལ་སྐྱེས་པ་མ་ཡིན་གྱི། མ་ནིང་གི་རང ་བཞིན་ཅན་ནོ་ཞེས་གང་དེ་སྙམ་དུ་སེམས་དཔར་མི་འགྱུར་ཞིང་དེ་དག་གི་ཐེ་ཙོམ་བཅད་པ་དང་། འདི་ལྟ་སྟེ། སྲས་ནོར་སྦྱིན་ལེན་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཤཱཀྱ་འབུ་མོ་གྲགས་འཛིན་མ་ལ་སོགས་པ་བླངས་སོ།། ནོར་སྦྱིན་འཛིན་མེར་མེར་པོ་ལས ་གྱུར་པའོ་ཞེས་གང་དེ་སྙམ་དུ་འཛིན་ན་དེ་ལྟར་མི་ལྟའི་ནོར་སྦྱིན་འཛིན་ནི་ལྷ་ལས་ཤི་འཕོས་ཏེ། འདིར་སྐྱེས་པས་ཕོ་མའི་མེར་མེར་པོ་ལས་གྱུར་པ་མ་ཡིན་གྱི། རྫུས་ཏེ་སྐྱེས་པར་ཤེས་པར་བྱའོ།། ཡང་སྔོན་གྱི་སྨོན་ལམ་གྱིས་ཤཱཀྱའི་བུ་མོ་གྲགས ་འཛིན་གས་པའི་ཏེ། མ་རེ་མ་མཛད་ཚུན་ཆད་སྐྱེ་བའི་ཐ་མའི་བར་དུ་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་ཡང་སླུ་བར་མི་འགྱུར་བས་ན་དེའི་ཕྱིར་ཤཱཀྱའི་བུ་མོ་གྲགས་འཛིན་པ ་སོ། ། ཡང་སེམས་ཅན་འདི་དག་ནི་འདོད་པའི་ཉེས་པོ་ཅན་ཁྱིམ་གྱི་བྱ་བ་ལ་ཞེན་པ་ཡིན་པས་དེ་དག་སྤངས་ཏེ། རབ་ཏུ་འབྱུང་བར་མི་ནུས་ནས་དེ་དག་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཡོག་ལེན་ཏོ།། ཡང་འདི་ནི ་རླུང་མ་བཟང་མོའི་གཡོག་འདི་ལྟ་བུའི་སྤངས་ཏེ་རབ་ཏུ་བྱུང་ན། བདག་ལ་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་དེ་སྙམ་དུ་སེམས་པར་འགྱུར་ཞིང་ཡང་བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་བུད་མེད་གཞོན་ནུ་དག་ཡོངས ་སུ་སྨིན་པར་བྱས་ནས་དེ་དག་ཀྱང་འཛའ་བ་ཡིད་བཙུགས་པས་སྲིད་པ་ཐ་མའི་བར་དུ་བདག་ཅག་ནི་ཁྱོད་ཀྱི་ཆུད་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། ། དེ་དག་གིས་ཚེས་དཀར་པོ་དེ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ ་སེམས་དཔའ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སྲས་ཀྱི་ནང་ན་གནས་ནས་བུད་མེད་བཞི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། ལྷག་མ་དག་ཀྱང་མི་ལྟུང་བའི་ཆོས་དང་ལྡན་པར ་བྱས་སོ། ། རྣམ་གྲངས་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་གཡོག་མི་ལེན་གྱི། གང་བུད་མེད་འདོད་ཆགས་ཀྱིས་ཡོངས་སུ་གཏུང་བས་ཡོངས་སུ་གདུང་བ་དེ་ཡང་བྱང་ཆུབ་སེམས་དཔའ་མཐོང་མ་ཐག་ཏུ་བདག་འདོད་ཆགས་དང་བྲལ་བར་ཤེས་སོ།། ་ཡོད་བྱང་ཆུབ་སེམས་དཔའ་ནི་བདག་གི་ཆུ་ཞེད་དང་འདྲ་བར་སྤྲུལ་པ་དག་སྤྲུལ་ནས་བུད་མེད་དེ་དག་སྤྲུལ་པ་དེ་རྣམས་དང་རྩེ་དགའ་ཡོངས་སུ་སྤྱོད་ཅིང་བདག་ཅིག་ནི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དོ་སྙམ་དུ ་སེམས་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་ཏིང་ངེ་འཛིན་གྱི་དགའ་བ་དང་བདེ་བ་ལ་གནས་སོ།། འདི་ལ་སྤྲུལ་པ་རྣམས་ཀྱི་འདོད་པ་ལ་དགའ་བ་དང་ཡོངས་སུ་སྤྱོད་པ་ཇི་ལྟ་བ་མར་མེ་མཛད་ཚུན་ཆད་ཀྱི ་བྱང་ཆུབ་སེམས་དཔའི་འདོད་པ་ལ་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་དུ་བརྟའོ། ། བྲན་ཙན་ད་ཏ་ཀ་དང་། ཏ་ཀན་ཏ་ཀ་ཡང་སྔོན་གྱི་སྨོན་ལམ་ལས་གྱུར་པར་བལྟའོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཤིང་འཛམ་བུའི་གྲིབ་མན་བསམ ་གཏན་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེ་ན་གནས་པས་ལྔ་བྱེ་བ་ཕྲག་བདུན་བཅུ་བརྟུལ་ཞིང་དེ་ངེས་པར་མངོན་པར་ཁྱིམ་ནས་འབྱུང་བར་ཕ་མལ་བསྟན་པའི་ཕྱིར་རོ།། ཅིའི་ཕྱིར་ན་སྐྱེད་མོས་ཚལ་དུ་སོང་ཞེ་ན། རྒས་པ་དང་། ནད་ཀྱིས་བཏབ ་པ་དང་། འཆི་བ་བསྟན་པའི་ཕྱིར་ཏེ། གཉེན་དག་ནི་བྱང་ཆུབ་སེམས་དཔའ་རྒ་བ་དང་། ན་བ་དང་། འཆི་བས་འཇིགས་སྒྲ་གནས་ཁྱིམ་ནས་མངོན་པར་འབྱུང་གི་གཉེན་ལ་གནོད་པར་འདོད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་གྱུར་ཏོ།། ཅིའི་ཕྱིར་ན ་བྱང་ཆུབ་སེམས་དཔའ་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་ཁྱིམ་ནས་མངོན་པར་འབྱུང་གི་ཉིན་མོ་མི་འབྱུང་ཞེ་ན། དེ་ན་འདུག་ན་དགེ་བའི་རྩ་བ་མི་འཕེལ་ནས་ཆོས་དཀར་པོ་འདོད་པས་ནམ་ཕྱེད་ནས་མ་དྲིས་པར་དེ་ནས་འགྲོ་བར་བྱ་བ་དང་བདེ་བའི། ་ཡོ་བྱད་ཀྱང་སྤང་བར་བྱའི། ཆོས་དཀར་པོའི་ཕྱོགས་ནི་ཡོངས་སུ་གཏང་བར་མི་བྱའོ།། ཞེས་སེམས་ཅན་རྣམས་ལ་བསྟན་པའི་ཕྱིར་རོ།། ཅིའི་ཕྱིར་ན་སྐྱེ་བོ་དག་གཉིད་ཀྱིས་ལོག་པར་བྱས་ཤེ་ན། ལྷ་རྣམས་ཀྱི་མཉེས་པར་བསྟན་པའི ་ཕྱིར་ཏེ། སྐྱེ་བོ་དག་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཐ་བ་སྐྱེ་བར་མི་འགྱུར་བ་དང་། དེ་དག་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་ལྟུང་བར་མི་འགྱུར་བར་བྱ་བའི་ཕྱིར་ལྷ་རྣམས་ཀྱིས་གཉིད་ལོག་པར་བྱས་ཏེ། ལྷ་རྣམས་ཀྱིས་སྒོ་བྱེ ་ནས་ལྷ་རྣམས་ཀྱིས་བར་སྣང་ལ་ཁྲིད་པས་ལྷ་རྣམས་ཀྱིས་ཉེས་ཀྱི། བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉེས་སོ་ཞེས་དང་པ་རྙེད་པར་མཐོང་ནས་གཉིད་ལོག་པར་བྱས་སོ།། ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་རང་གི་སྐ་རལ་གྲིས་སླབ་ཅད་ཅེ་ན། དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། མི་འམ་ཅི་གང་ཡང་བྱང་ཆུབ་སེམས་དཔའི་དཔལ་དང་། གཟི་བརྗིད ་དང་། ཟིལ་གྱིས་མནན་ཏེ་སྐྲ་གཅོད་ནུས་པ་སུ་ཡང་མེད་ཅིང་རྒྱལ་པོ་ཟས་གཙང་མ་དེས་ཐོས་ན་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་སྤ་བཅད་པར་མཐོང་ནས་ཐོ་བར་མི་འགྱུར་ཞིང་སྲས་དེའི་བུའི་སྒྲ་བཅད ་ཅེས་དེ་ལ་གསད་པའམ། ཆད་པར་མི་འགྱུར་བར་བྱ་བའི་ཕྱིར་རོ།། ཅིའི་ཕྱིར་ན། རྟ་དང་བརྒྱན་རྣམས་བྲན་ཙན་ཏ་ཀའི་ལག་ཏུ་ཕྱིན་ཅེ་ན། ཆོག་ཤེས་པ་དང་། བྱང་ཆུབ་སེམས་དཔའ་གསེར་དངུལ་མི་འདོད་ཅིང་དངོས་པོ་ཐམས ་ཅད་ལ་མི་ལྟ་བར་རབ་ཏུ་བྱུང་བར་བསྟན་པའི་ཕྱིར་རོ། ། ཡང་བྱང་ཆུབ་སེམས་དཔའ་སྐྱེ་བོ་ཕྱི་མ་དག་བསླབ་དགོས་ཏེ།། བསྟན་པ་འདི་ལ་གང་རབ་ཏུ་བྱུང་བ་དེ་དག་ངའི་རྗེས་སུ་བསློབ་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འཕགས ་པའི་རིགས་བཞི་ལ་གནས་ནས་རབ་ཏུ་འབྱུང་བར་འགྱུར་གྱི་ཐོག་མ་ཉིད་ནས་རབ་ཏུ་འབྱུང་བའི་འཚེ་བའི་ཕྱིར་རབ་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། ། ཡང་རིགས་ཀྱི་བུ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ས་ལོ་དྲུག་ཏུ ་དཀའ་བ་སྤྱད་པ་ཉོན་ཅིག། བྱང་ཆུབ་སེམས་དཔའ་ནི་ལས་ཀྱིས་བསྒྲིབས་པས་ཉེས་པས་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ངེས་པར་སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ ་བསྟན་དགོས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པ་དེ་ཡང་བྱང་ཆུབ་སེམས ་དཔའི་ཐབས་མཁས་པར་བལྟའོ། ། དགོངས་པའི་ཚིག་ཏུ་བལྟའོ།། བྱང་ཆུབ་སེམས་དཔའས་ཇི་ལྟར་དགོངས་ཏེ། ཚིག་དེ་སྐད་སྨྲས་ཤེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དེའི་ཚེ་དེའི་དུས་ན་ཁྱེའུ་སྐར་མ་སྐྱོང་གི་ནེའུ་ལྡངས་བྲམ་ཟེའི་བུ་ཤིང་ས་ལ ་ཆེན་པོ་ལྟ་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ལྔ་ཡོད་དེ། དེ་དག་སྡིག་པའི་གྲོགས་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར་ནས་རིགས་ཀྱི་བུ་ལྔ་པོ་དེ་དག་ནི་སངས་རྒྱས་ཀྱི་བརྒྱལ་ཞུགས་ཅན་མ་ཡིན། མུ་སྟུགས ་ཀྱི་བརྟུལ་ཞུགས་ལྡན་པ། མུ་སྟེགས་ཀྱི་གསང་སྔགས་ལ་བརྩོན་པས་བདག་གི་ཡང་བྱང་ཆུབ་ཡོད་དོ།། བདག་ཅག་ཀྱང་སངས་རྒྱས་སོ་ཞེས་བདག་ཉིད་སྟོན་པར་འཛིན་ཏོ།། དེ་ནས་བྱེའུ་སར་མ་སྐྱོང་གིས་རིགས་ཀྱི་བུ་ལྔ་པོ་རོ་དག ་སྣང་དུ་གྱུར་པར་རྟོགས་ནས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། ། བྱང་ཆུབ་ནི་ཤིན་དཀོན་ནི་མཐོང་སྟེ། ཅི་རུང་ཞེས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་ཚིག་དེ་སྐད་སྨྲས་སོ།། ཁྱེའུ་སྐར་མ་སྐྱོང་གིས་མུ་སྟགས་ཅན་དེ་དག་གི་དྲུང་དུ་མག་རེག་པ ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ།། ཞེས་ཚིག་དེ་སྐད་སྨྲས་པས་རིགས་ཀྱི་བུ་ལྔ་པོ་དེ་དག་རིམ་གྱིས་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ།། འདི་ལྟ་སྟེ་རིགས་ཀྱི་བུ་ཁྱེའུ་སྐར་མ་སྐྱོད་ནེའུ་ལྡངས་ལྔ་པོ་དེ་དག་དང་། སའི ་ཕྱོགས་གཞན་ཞིག་ན་འདུག་པར་གྱུར་པའི་དུས་ཀྱི་ཚེ་ཡོད་དོ། ། དེ་ནས་རྫ་མཁན་རྫེའུ་བྱེད་པ་ཞིག་སའི་ཕྱོགས་དེ་ག་ལ་བ་དེར་སོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི ་བསྔགས་པ་བརྗོད་ཅིང་ཁྱེའུ་སྐར་མ་སྐྱོང་ལ་ཚུར་ཤོག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འདོད་དོ་ཞེས་དེ་སྐད་ཅེས་སྨྲས་པ་དང་། དེ་ནས་ཁྱེའུ་སྐར་མ་སྐྱོང་འདི་སྙམ་དུ ་གྱུར་ཏོ། ། ཀྱེ་མའོ་སེམས་ཅན་འདི་དག་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ན་གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ལ་མུ་སྟེགས་ཅན་གྱི་ནི་མ་བརྟགས ་པ་བརྗོད་པ་དང་། རིགས་ཀྱི་བུ་དེ་དག་དོགས་ཤིང་འོང་དུ་མི་བགྲུབ་པར་འགྱུར་རོ།། སྙམ་ནས་ཁྱེའུ་སྐུར་མ་སྐྱོང་གིས་ཐོག་མའི་ཡིད་མ་དེ་ཉིད་སྲུང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། རྒྱུ་འཐུན་པའི་ཐབས་མཁས ་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ།། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། རྒྱུ་མཐུན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བྱང་ཆུབ་ཏུ་འདུ་ཤེས་པར་མི་འགྱུར། སངས་རྒྱས་སུ་འདུ་ཤེས་པ་མེད། སངས་རྒྱས་ཀྱི་ཡེ་ཤེས་སུ་འདུ་ཤེས་པ་མེད། བྱང་ཆུབ་སེམས་དཔའ་ར་ཡང་མི་མཐོང་བྱང་ཆུབ་ནང་དུ་ཡང་མི་མཐོང་། ་བྱང་ཆུབ་ཕྱི་ལོགས་སུ་ཡང་མི་མཐོང་། བྱང་ཆུབ་ནད་དང་ཕྱི་ལགས་སུའང་མི་མཐོང་སྟེ། བྱང་ཆུབ་ནི་ཤིན་ཏུ་སྟོང་ངོ་།། སྙམ་དུ་སེམས་ཤིང་ཁྱེའུ་སྐར་མ་སྐྱོང་དེས་ཆོས་ཐམས་ཅད་ལ་དམིགས་ནས་ཐབས་མཁས་པས་མགོ་རེག་ལ ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ།། དེ་ནས་ཁྱེའུ་སྐར་མ་སྐྱོང་དང་། ནེའུ་ལྡངས་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་ཆུ་འགྲམ་ཞིག་ན་གནས་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་ལྔ་པོ ་དེ་དག་ཀུན་གདུལ་བའི་དབང་དུ་སྦྱངས་པའི་ཕྱིར་རྫ་མཁན་རྗེའུ་བྱེད་པས་སྐར་མ་སྐྱོད་མི་འགྲོ་བ་དང་སྐྲ་ནས་གཟུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དར་སོང་སྟེ། གཞོན་ནུ་ལྔ་པོ་དེ་དག་གིས་ཀྱང་རྫ་མཁན་རྗེའུ ་བྱེད་པ་དེ་ལ་ཤུགས་མ་བྱེད་བཞིན་དུ་ཡང་དག་པར་རྫོགས་པའོ་སངས་རྒྱས་འོད་སྲུང་ག་ལ་བ་དེར་ཕྱིན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དགེ་བའི་རྩ་བ ་རྒྱུན་གྱིས་དད་པ་རྙེད་དོ། ། དེ་དག་དད་པ་རྙེད་ནས་ཁྱེའུ་སྐར་མ་སྐྱོང་ལ་འདི་འདྲ་བའི་སྟོན་པ་བཞུགས་ནས་ཐོག་མར་མི་སྦྲན་པར་ཞེས་གཤེ་བར་གྱུར་ཏོ།། དེ་ནས་བྲམ་ཟེའི་བུ་ཤིང་ས་ལ་ཆེན་པོ་ལྟ་བུ་ལྔ་པོ་དེ་དག་གིས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔལ་དང་། གཟི་བརྗིད་དང་། སྤོབས་པ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཨ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཅི་ནས་ཀྱང་རིགས་ཀྱི་བུ་ལྔ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི ་རྣམ་གྲངས་བཤད་དོ། ། རིགས་ཀྱི་བུ་དེ་འདི་ལྟ་སྟེ། ད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལུང་བསྟན་ཏོ།། རིགས་ཀྱི་བུ་གལ་ཏེ་ཁྱེའུ་སྐར་མ་སྐྱོང་གིས་དེ་བཞིན་གཤེགས་པ་འོད་སྲུང་གི་བསྔགས་པ་བརྗོད་དུ་ཟིན་ན་རིགས་ཀྱི་བལྔ་པོ ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འགྲོ་བའི་གནས་དང་སྐབས་མེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་དང་། བྱང་ཆུབ་ལ་ཐེ་ཙོམ ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུ་མཐུན་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་དཀོན་ནོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། དེ་ཡང་བྱང་ཆུབ ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། ། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཀྱང་སྨིན་པར་བྱ་དགོས་ལ། ལས་ཀྱི་རྣམ་པར་སྨིན་པའང་བསྟན་པ་དགོས་པས་ལས་དེའི་ཕྱིར་དྲས་བཀའ་བ་སྤྱོད་པ་སྤྱད་དོ།། སེམས་ཅན་གཞན ་དག་མི་ཤེས་པས་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ནས་ཚིག་ཏུ་སྨྲ་བར་མི་འགྱུར་བ་དང་། ཤེས་སམ་མི་ཤེས་ཀྱང་རུང་སྟེ། སྤྲས་ན་དེའི་ཕྱིར་དེ་དག་ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་བདེ་བདང ་སྡུག་བསྔལ་བ་དང་། ལྟུང་བར་འགྱུར་རོ་ཞེས་སེམས་ཅན་དེ་དག་གི་ལས་ཀྱི་བྱ་བ་ཡང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་ལས་སྟོན་མོད་ཀྱི། བྱང་ཆུབ་སེམས་དཔའ་ལ་ལས་ཀྱི་སྒྲིབ་པ་ནི་གང་ཡང་མེད་དོ།། ཡང་ཚུལ་ཁྲིམས་དང་ལྡན ་པ་ཨ་གང་དག་གིས་ཚིག་རྩུབ་པོ་སྨྲས་ནས་བདག་ཅག་ནི་རྣམ་པར་གྲོལ་བའི་སྐལ་པ་མེད་དོ་སྙམ་སྟེ་འགྱོད་པ་ལ་གནས་ཤིང་ཕྱིན་ཆད་མི་བརྩོན་པའི་སེམས་ཅན་དེ་དག་གི་ཐེ་ཙོམ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་སྐྱེ་བ་གཅིག་གིས་ཐོགས་པས་དེ་སྐད་ཀྱི་ཚིག་སྨྲས་ན། དེ་ཡང་རྣམ་པར་གྲོལ་བའི་ཕྱིར་སྐལ་པ་ཡོད་ན་བདག་ཅག་མི་ཤེས་པ་ལྟ་ཅི་སྨོས་ཤེས་པ་དེ་དག་ཉེས་པའི་ཆགས་ཤིང་གཞན་དག་ཀྱང་མི་བྱེད་པའི་ཕྱིར་དེ་སྐད་ཀྱི་ཚིག་སྨྲས་སོ།། ། ་ཡང་རིགས་ཀྱི་བུ་མུ་སྟེགས་ཅན་རྣམས་འདུལ་བའི་ཕྱིར་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་ཀྱི་སྒྲིབ་པའི་ཕྱིར་ནི་མ་ཡིན་ནོ།། དགེ་སྦྱོང་དང་བྲམ་ཟེ་དགཏིལ་དང་། རྒྱ་ཤུག་དང་འབྲས་ཀྱི་འབྲུམ་བུ་རེ་རེ་ཟ་བས་ལོ་དྲུག་འདས ་པར་བྱས་ཏེ་དེ་ཡང་འཕགས་པའི་ལམ་མཐོབ་ན་ཟས་ངན་པས་རྣམ་པར་དག་པར་མི་འགྱུར་ཏེ། རྒྱུད་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མག་གས་ས་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ན་ན ་དེད་ཀྱི་ཚིག་སྨྲསྟེ། ལས་ཀྱི་བྱ་བ་དེ་ལ་དམིགས་ཤིང་ལོ་དྲུག་ཏུ་དཀའ་བསྟོད་པ་སྤྱད་དེ་བྱང་ཆུབ་སེམས་དཔས་ལོ་དྲུག་གི་དམན་པས་དད་པའི་ལྷ་དང་ཕྱི་རོལ་གྱི་དྲང་སྲོང་འབུམ་ཕྲག་ལྔ་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་རྟོགས་པའི་དོན་བྱས་པ ་གྱུར་ཏོ། ། དེ་དག་ཀྱང་དམན་པལ་སྤྱོད་པས་ཡོངས་སུ་སྨིན་པར་བྱས་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ལུས་རང་བཞིན་དུ་བྱང་ཆུབ་ཀྱི་གིང་དྲུང་དུ་མི་འགྲོ་བར ་ཟས་ཟོས་ལ་སྟོབས་དང་མཐུ་སྐྱེད་དོ་འགྲོ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཟས་མེད་པར་ལུས་རིང་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་མོད་ཀྱི། བྱང་ཆུབ་སེམས་དཔའ་ས་ཕྱི་མའི་སྐྱེ་བ་དག་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟོས ་ཏེ་སེམས་ཅན་མི་མཁས་པ་དག་ཟས་མེད་པར་ཡེ་ཤེས་ཚོལ་བར་མི་འགྱུར་བར་བྱེད་དེ། དེ་དག་བསྒྲེས་པས་ཉན་ན་ཡེ་ཤེས་སྒྲུབ་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་པ་རྣམས་ནི་ཆོས་མངོན་པར་སྨྲའི། སྡུག་བསྔལ་བ་རྣམས་མ་ཡིན་ཏེ། ་ཅིནས་ཀྱང་ངའི་རྗེས་སུ་སློབ་ཅིང་སེམས་ཅན་དེ་དག་བདེ་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཟས་ཟོས་སོ།། གྲོང་གི་བུ་མོ་བྲང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཡང་བྱང་ཆུབ་སེམས་དཔལ ་དེའི་ཟས་ཟོས་ཏེ་བྱང་ཆུབ་ཐོབ་མོད་ཀྱི། བྱང་ཆུབ་སེམས་དཔའ་ས་ནི་ཏིང་ངེ་འཛིན་གཅིག་གིས་བསྐལ་པ་སྟོང་དུ་འདུག་ནུསསོ།། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྩཝ་དག་ཚོལ་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བ་ཙམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ཀྱང་རྩཝའི་གཏིང་བ་ལ་དབྱེས་ཀྱི་སྟན་ལ་དགྱེས་པར་མི་མཛད་པས་ཆོག་ཤེས་པར་བྱ་བ་དང་། རྩཝ་ཐུན་དཀྲ་ཤིས་ལྡན་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས ་དཔའ་ལརྩ་བྲལ་བས་རིགས་ཀྱི་བུ་དེ་ནི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འགྱུར་བར་ངས་དེ་ལ་ལུང་བསྟན་ཏོ། ། ཅིའི་ཕྱིར་ན་བྱང་ཆུབསེམས ་དཔས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་མྱུརང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚར་མི་རྒྱ་བར་བདུད་ལ་སྡོད་ཅེན། རིགས་ཀྱི་བུ་བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔའ་ས་སྐབས་མ་ཕྱེ་མ་བསྐུ ་བར་འོང་བའི་གནས་དང་སྐབས་མེད་དེ། ། དེ་ལྟ་བུའི་གནས་མེད་ཀྱང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དུང་དུ་དུ་གནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དབང་དང་ལྡན་པ ་གང་ཡིན་པའི་སེམས་ཅན་འདི་དག་བདུད་སྡུག་ཅན་དེའི་དབང་དུ་འགྲོ་བར་མཐོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་གྱུར་ཏེ། གང་བདག་ནི་དེ་ཉིད་དང་འཐོབ་པར་བྱའོ།། དེབརྟུལ་ན་འདོད་པའི་ཁམས་ཐམས་ཅད་བརྟུལ་པར ་གྱུར་རོ། ། ལྷའི་འཁོར་ཆེན་པོ་ཡང་འདུ་བར་འགྱུར་རོ།། བདུད་ཀྱི་འཁོར་དང་། གནོད་སྦྱིན་གྱི་འཁོར་དང་། སྲིན་པོའི་འཁོར་དང་། ཀླུའི་འཁོར་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་འདི་མཐོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད ་པར་འགྱུར། དད་པ་རྙེད་པར་འགྱུར་རོ།། གང་ཆུང་ངུན་ཐོས་པའམ་མཐོང་བ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་རོ་སྙམ་མོ།། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དྲོས་པས་སྨིན་མཚམ ་ཀྱི་མཛོད་སྤུན་ས་འོད་ཟེར་བྱུང་སྟེ། འོད་དེས་བདུད་ཀྱི་ཁང་པ་ཐམས་ཅད་ཀྱང་གཙོན་པོར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། འོད་ཟེར་དེ་ལས་ཤཱཀྱའི་བུ་འདི་ནི་ཤཱབྱའི་རིགས་ལས་ཁྱིམ ་ནས་མངོན་པར་བྱུང་སྟེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཁྱོད་ཀྱི་ཡུལ་ལས་འདའ་བར་བྱེད་དོ།། སེམས་ཅན་དཔག་ཏུ་མེད་པ་གཞན་ཡང་འབྱིན་པར་བྱེད་དོ།། བདུད་ཀྱི་གཡོག ་མེད་པར་གྱུར་གྱིས་སོང་ལ་དེ་དང་ཐབ་མོ་ཁྱེ་ཤིག་ཅེས་དེ་སྐད་ཟེར་བའི་སྒྲ་བྱུང་བ་དང་། རིགས་ཀྱི་བུ་དེ་ལྟར་ཐོས་མ་ཐག་ཏུ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་བཏབ་པར་གྱུར་ནས་དེའི་ཚེ་དཔུང་གི་ཚོགས་ཡན་ལག་བཞི་པ་བཤམས་ཏེ་དཔག་ཚད་སུམ་བཅུར་བདུད་ཀྱི ་སྡེས་གང་བར་བྱས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བ་དང་། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བྱམས་པ་ཆེན་པོ་ལ་གནས་ཤིང་རིན་པོ་ཆེའི་བསོད་ནམས་ལས་སྐྱེས་པའི་ཕྱག་གིས་བདུད་ཀྱི་སྡེ་ཕམ་པར་བྱས་ནས་ལྷ་དང་ཀླུ་དང་གནོ། ་སྦྱིན་དང་། དྲི་ཟ་དང་། མཾ་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ།། ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་དཀྱིལ་མོ་དཀྲུང་མ་བཤིགས་ཅིར་ཤིང་གི་རྒྱལ་པོ་ལ་མིག་མེ་འཛུམས་པར་བལྟ་ཞེ་ན། གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་སྤྱོད་ལམ་ཞི་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་དཀྱིལ་མོ་དཀྲུང་བཅས་ཤིང་བཞུགས་པར་མཐོང་ནས་ཆེར་དགའ་བར་གྱུར་ཏོ། ། དེ་དག་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་གང་བདག་ཅག་གི་དགེ་སྦྱོང་གཽ་ཏ་མའི་སེམས་གང་ལ་གནས་པ་བཙལ་ལོ་སྙམ་དུ་གྱུར་ནས་དེ་དག་གིས་ཉིན་ཞག་བདུན་དུ། ་རྟགས་ཀྱང་སེམས་ཀྱི་གནས་གཅིག་ཀྱང་མ་རྙེད་དོ།། དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་ཤིན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཏེ། བདག་ཅག་ཀྱང་མ་འོངས་པའི་དུས་ན་འདི་འདྲ་བར་རབ་ཏུ་ཞི་བའི་སྤྱོད་ལམ་དང་མ་བྲལ ་བར་གནས་ཤིང་དེ་ལྟར་བྱང་ཆུབ་ཀྱི་ཤིང་ལ་བལྟ་བར་བྱའོ་སྙམ་མོ། ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་དཀྱིལ་མོ་དཀྲུང་མ་བཤིག་ཅིང་མིག་མི་བཙུམས་པར ་ཤི་ན་གེ་རྒྱལ་པོ་ལ་ལྟའོ། ། ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་དབུགས་ཕྱུང་ཞིང་གཉེར་བར་བྱས་ནས་ཚངས་པས་མ་གསོལ་བར་ཆོས ་མི་འཆད་ཅན། འདི་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་མི་དག་ཕལ་ཆེར་ཚངས་པ་ལ་བསྟན་ཏེ། བདག་ཅག་ནི་ཚངས་པས་སྤྲུལ་པའོ།། བདག་ཅག་ནི་ཚངས་པས་སྐྱེད་པའོ།། འཇིག་རྟེན་ན་ཚངས་པ་མ་གཏོགས་པར་སྟོན ་བ་གཞན་མ་དོ་སྙམ་དུ་འཛིན་པས་དེ་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། གང་ངས་ཚངས་པ་དགུག་གོ་ཚངས་པ་ལ་བསྡད་དོ།། ཚངས་པས་ཕྱག་འཚལ་བ་དང་། ལྷ་དང་མི་ཚངས་པ་ལ་རྟེན་པ་ཐམས་ཅད་ཕྱག་འཚལ་བར་གྱུར་ཏོ།། ་ཆོས་ལེན་པར་སེམས་པར་འགྱུར་རོ།། དེ་བས་ན་གསོལ་ནས་དེ་བཞིན་གཤེགས་པ་འཚད་ཀྱི་མ་གསོལ་བར་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་ཚངས་པ་ཆོས་གསོལ་བའི་ཕྱིར་དེ་བཞིན་གཤེགས་པའི་དྲུང་དུ་སོང་གི། ཚངས་པ ་ཉིད་ཀྱིས་བདག་གིས་དེ་བཞིན་གཤེགས་པ་ལ་ཆོས་གསོལ་ལོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་ཡང་མེད་དེ། ཚངས་པ་ལ་བརྟེན་པའི་སེམས་ཅན་རྣམས་ཚངས་པ་ལ་བརྟེན་པ་དང་བྲལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཚངས་པ་དཀྲུག་སྟེ། ་གང་གི་ཚེ་ན་ཚངས་པ་ཆེན་པོས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་དེའི་ཚེ་ན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་དེ་ཉིད་གཙོ་བོའོ།། དེ་ཉིད་མཆོག་གོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་སྐྱེད་དོ། ། རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་བཅུ་བསྟན་པ་དེ་ཡང་ཐབས་མཁས་པར་བསྐོའོ།། དགོངས་པའི་ཚིག་ཏུ་ཡང་ཤེས་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དཔེར་ན་མི་དགེ་བའི་རྩ་བསྐྲའི་རྩེ་མོ ་ཆཤས་ཙམ་དང་ཡང་ལྡན་ཞིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བའི་སྐབས་མེད། དེ་ལྟ་བུའི་གནས་མེད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་དཀར་པོ་ཐམས་ཅད་དང་ལྡན་ཞིང་མི་དགེ་བའི་ཆོས་ཐམས་ཅད་སྤངས་པས་དེ་བཞིན་གཤེགས ་པལ་བག་ཆགས་ཀྱི་མཚམས་སྦྱར་བ་ཡང་སྤང་བ་ཡང་མེད། ལས་ཀྱི་སྒྲིབ་པས་ཉེས་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་མེད་ཀྱི། སེམས་ཅན་ལས་ཀྱི་རྣམ་པར་སྨོན་པར་བཏུ་སྟོར་བ་དག་ལས་ཀྱི་རྣམ་པར་སྨིན་པ་ལ།། ་ཡིད་ཆེས་པས་སེམས་ཅན་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་རྗེད་ཉིད་ལ་ཡང་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན་ཁྱེད་ལྟ་ལ་ཅིའི་ཕྱིར་སྨིན་པར་མི་འགྱུར་ཞེས་དེ་དག་ལ ་སྐྱོན་མོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ་སློབ་དཔོན་ཡི་གེ་དང་ཕྱག་རྒྱ་བསྒྲུབས་པས་བྱིས་པ་བསྐྲུན་པའི་ཕྱིར་བྱིས་པས་སློབ་ཏུ་གཞུག་པའི་ཚུལ་གྱིས་ཡི་གེའི་ཕྱི་མོ་ཀློག་མོད་ཀྱི་དེལ ་མི་ཤེས་པ་ཡང་མེད། ལས་ཀྱི་སྒྲིབ་པ་ཡང་མེད་དེ། ཅི་ནས་ཀྱང་བྱིས་པ་དག་བདག་ལས་ཐོས་ནས་སློབ་པར་འགྱུར་བར་ཡི་གེ་ཕྱི་མོ་ཀློག་གོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ལས་ཀྱི་སྒྲིབ་པ་ཡོངས་སུ་དག་མོད་ཀྱི། ་ཅི་ནས་ཀྱང་སེམས་ཅན་གཞན་དག་ལས་ཡོངས་སུ་དག་པར་འགྱུར་བ་དེ་ལྟར་འཆད་དོ།། དེ་ལྟར་ཆོས་སྟོན་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ་ནད་ཐམས་ཅད་ཤིན་ཏུ་ཞི་བར་བྱ་བའི་ཕྱིར་ཤིན་ཏུ་བསླབས་པའི་སྨན་པ་ནི་ནད་མེད་ཅིང་སེམས་ཅན་ན ་པ་རྣམས་ཀྱིས་མདུན་དུ་སྨན་ཚ་བ་དེ་དག་གཞག་ནས། དེ་དག་ནཱད་ལས་ཡོངས་སུ་ཐར་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྨན་པའི་རྒྱལ་པོ་སྟེ། ནད་ཐམས་ཅད་ཡོངས་སུ་ཐར་འི་སྒྲིབ་པ་མེད་པ་ཐོབ་ནས་ལས ་འདིའི་འབྲས་བུ་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་ལས་སྟོན་ཅིང་ཇི་ལྟར་ན་སེམས་ཅན་ལས་ཀྱི་འཇིགས་ཤིང་སྐྲག་པ་རྣམས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་འགྱུར་ཞེས་ཆེད་དུ་ན་དེ་སྟོན་ཏོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཚོང ་དཔོན་གྱི་བུ་བྱུང་ནས་རིང་པོ་མ་ལོན་པ་དེ་ལ་ཕ་དང་མས་བྱིན་པའི་མ་མ་ཡོད་དེ། དེ་ནི་མ་མ་དེ་ཁྱེའུ་དེའི་འོ་མ་དག་པར་བྱ་བའི་ཕྱིར་ནད་མེད་བཞིན་དུ་ཚ་བ་དང་ཁ་བའི་སྨན་དེ་དག་ཆེད་དུ་འཐུང་ངོ་།། རིགས་ཀྱི་བུ་འདི་བཞིན་དུ་སེམས་ཅད་ཐམས་ཅད ་ཀ་ཡི་ཕ་དེ་བཞིན་གཤེགས་པ་ཡང་ལས་ཀྱི་བྱེ་བ་རབ་ཏུ་སྟོན་པའི་སེམས་ཅན་རྣམས་གཟིགས་ནས་ནད་མེད་པར་འགྱུར་བཞིན་དུང་ལས་ཆེ་གེ་མོ་ཞིག་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་འདི་ཡིད་ནོ་ཞེས་རང་སྟོད་ཅིང་དེ་དག ་སེམས་ཅན་རྣམས་ཀྱིས་ཐོས་ནུས་སྐྱོ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་ཐབས་མཁས་པར་ཤེས་པར་བྱའོ།། རིགས་ཀྱི་བུ་སྔོན་འདས་པའི་དུས་དཚོར་བ་ནོར་འདོད་པའི་ཕྱིར་རྒྱ་མཚོ་འཆིང་རྣམས་ཆེན་པོར་འགས་པ ་ལྔ་བརྒྱ་ཙམ་ཡོད་དེ། ཡང་དེའི་ཚེ་ན་ལམ་གྲོགས་དེ་དག་གི་ནང་ན་མི་ལས་དྲན་པ་ཅན་སྡིག་པའི་ལས་ཅན། མདའ་དང་མཚོན་ལ་བསླབས་པ་རྐུབ་ཕ་རོལ་གྱི་རོར་འབྲོག་པ་ཚོང་བའི་ཚུལ་དུ་འདུག་བཞིག་ཡོད་དེ། ཤིན་ཏུ་བཏུལ་བའི་ཕྱིར ་གྲུ་དེར་ཞུགས་པར་གྱུར་ཏོ། ། དེ་ནས་མི་གཡོན་ཅན་དེ་ནི་བདག་གིས་ཚོང་བ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ། འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་པར་གྱུར་ཏོ།། ཡང་དེའི་ཚེ་ན་ལམ་གྲོགས་ཀྱི་ཀུན་འདུག ་བདག་གི་ནང་ན་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་ཞིག་ཡོད་དོ། ། དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དག་ཉིད་ལོག་པའི་རྨི་ལམ་དུ་གང་རྒྱ་མཚོ་འཆིང་རྣམ་ཆེན་པོ་དེ་ན་ལྷ་འདུག་བདག་གིས་ལམ་གྲོགས་ཀྱི་གྲུ་འདིན་མི་མིང་འདི་ཞེས་བྱ ་བ་འདི་ལ་བུ་སླུ་བར་བྱེད་པ་གཞན་གྱི་ནོར་འཕྲོག་པ་ཞིག་ཡོད་དེ། དེ་ནི་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ། འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་ཀྱིས་དེབས་ན་མི་འདི་ནི་ཚོང་བ་འདི་དག་གསོད་པར་འགྱུར་རོ།། ་སྡིག་པའི་ལས་མི་ཟད་པ་བྱེད་པར་འགྱུར་རོ།། དེ་ཅི་འཕྱིར་ཞེ་ན། ད་ལྟར་ཚོང་པ་ལྔ་བཅུ་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིན་ཏེ། གལ་ཏེ་མེ་དེས་བྱང ་ཅ་ཧུབ་སེམས་དཔའ་དེ་དག་བས་དུ་ཟིན་ན་དེ་ལས་ཀྱི་སྒྲིབ་པའི་ཉེས་པ་འདིས་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཞིང་ཇི་སྲིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པར་འགྱུར ་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོར་འཚོང་བར་འགྱུར་ཏེ། དེ་ལ་དེད་དཔོན་གྱིས་ཅི་ནས་ཀྱང་མི་འདི་ཡང་དེ་ལྟར་སེམས་ཅན་དམྱལ་བར་སོང་བ་དང་། དེ་དག་ཀྱང་བསད་པར་མི་འགྱུར་བར་འདི་འདྲའི་ཐབས་སོམས ་ཤིག། ཅེས་རྨི་ལམ་དུ་བསྟན་ཏོ།། རིགས་ཀྱི་བུ་དེ་ནས་དེད་དཔོ་ནི་དེ་འདི་སྙམ་དུ་གྱུར་ཏེ། ཚོང་བ་འདི་དག་ཀྱང་མིས་གསད་ལ། མི་འདི་ཡང་སེམས་ཅན་དམྱལ་བར་མི་སོང་བར་བདག་གིས་བྱ་བའི་ཐབས་གང་ཡོད་ཅེས་སེམས་པར ་གྱུར་ཏེ། གཞན་ལ་ཡང་ཅུང་ཟད་ཀྱང་མི་སྨྲ་བ་ལས་ཞག་བདུན་རླུང་མ་ལངས་ནས་ཞག་བདུན་འདས་པ་དང་། དེ་འདི་སྙམ་དུ་གྱུར་ཏེ། མི་འདི་སྲོག་དང་དཔྲལ་བ་ལས་ཐབས་གཞན་མེད་དོ།། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཚོང་བ་ཐམས ་ཅད་ལ་སྦྲན་པ་དང་། དེ་དག་ནི་མི་དགེ་བའི་སེམས་ཀྱིས་མི་གསད་ཅིང་། དེ་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་འགྱུར་དུ་འོང་ངོ་སྙམ་ནས་གལ་ཏེ་བདག་གི་མི་སྲོག་དང་དཔྲལ་ཏེ། དེའི་ཕྱིར་བདག་སེམས་ཅན་དམྱལ་བར་སྐྱེས་ཀྱང་བསྐལ་པ་བརྒྱ ་སྟོང་དུ་ཕྱི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་བཟོད་ཀྱི་མི་འདིས་ཚོང་བ་འདི་དག་གསད་ནས་སྡིག་པ་འཕེལ་བར་མི་འགྱུར་བར་བྱའོ་སྙམ་དུ་སེམསོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེས་བྱང་ཆུབ་སེམས་དཔའ ་དེ་དག་སྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་དེ་དང་ཐབས་མཁས་པ་དེས་ཕྱེད་དུ་བསམས་ཏེ། མི་དེ་མཚོན་ཤ་ག་ཏིས་གསད་དོ།། ང་ནི་དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བར་གྱུར་ཏེ། རིགས་ཀྱི་བུ་ངས་ནི་ཐབས་མཁས་པ་དེ་དང་སྙིང་རྗེ་ཆེན་པོ་དེས ་བསྐལ་པ་བརྒྱ་ཕྲག་སྟོང་དུལ་པོ་རབ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་སོ། ། མི་དེ་ཡང་ཤི་འཕོས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ།། གར་ཚོང་བ་ལྔ་བརྒྱ་པོ་གྲུར་ཞུགས་པ་དེ་དག་ནི་ཕྱིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་བརྒྱར་འབྱུང་ངོ་།། ་རིགས་ཀྱི་བུ་ཇི་སྙམ་དུ་སེམས། གང་གིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཐབས་མཁས་པའི་ཡེ་ཤེས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་ཡོད་དམ། རིགས་ཀྱི་བུ ་ཁྱོད་དེ་ལྟར་མ་ལྟ་ཤིག། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་ལས་ཀྱི་བྱ་བ་སྟོན་ཏོ།། གང་གི་ཚེ་ན་དེ་བཞིན་གཤེགས་པའི་ཞབས་ལ་སེར་ལྡེང་གི་ཚུལ་པ་ཟུག་པ་དེ་ཡང་སངས་རྒྱས་ཀྱི་མཐུ་ཡིན་པར་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན།། ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེའི་སྐུ་མི་ཚུགས་པའི་སྐུ་ཡིན་མོད་ཀྱི། རིགས་ཀྱི་བུ་གཉེན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་སྐྱེས་བུ་སྲིད་པ་ཐ་མར་གྱུར་པ་ཉི་ཤུ་དང་། སྐྱེས་བུ་ཉི་ཤུ་པོ་དེ་དག་གི་དགྲ ་པོ་སྐྱེས་བུ་ཉི་ཤུ་ཡོད་དེ། དེ་ནས་སྐྱེས་བུ་དགྲ་བོ་ཉི་ཤུ་པོ་དེ་དག་བདག་གི་གཡོ་དགྲ་བྱེད་པ་བདག་ཅག་ནི་མཛད་པོ་ལྟར་བྱས་ཏེ། ཁྱིམ་དུ་སོང་ལ་སྲོག་དང་དཔྲལ་ལོ་སྙམ་དུ་དེ་ལྟར་རྟོག་ཅིང་གཅིག་ལ་གཅིག་ཀྱང་མི་སྨྲའོ།། རིགས་ཀྱི་བུ་དེ ་ནས་སྲིད་པའི་ཐ་མར་གྱུར་པའི་སྐྱེས་བུ་ཉི་ཤུ་པོ་དང་། གང་སྐྱེས་བུ་དེ་དག་གསད་པར་བྱེད་པ་རྣམས་སངས་རྒྱས་ཀྱི་མཐུས་དེ་དེ་བཞིན་གཤེགས་པ་དེ་ག་ལ་བ་དེར་དོང་ངོ་།། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱིས་སྐྱེས་བུ་བཞི་བཅུ་པོ་དེ་དག་འདུལ་བའི་དབང་དུ་བྱ་བ་དང་། དེའི་ཚེ་འགྲོ་བ་མང་པོ་ཡང་འདུལ་བའི་དབང་དུ་བྱ་བའི་ཕྱིར་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་འདི་ནས་ས་ཆེན་པོ་ལས་སེང་ལྡེང་གི་ཚལ་བ ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཞབས་གཡས་པ་ལ་ཟུག་པར་འགྱུར་རོ།། དེ་བཞིན་གཤེགས་པས་དེ་སྐད་ཀྱི་ཚིག་གསུངས་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ་ས་ཆེན་པོ་ལས་སེང་ལྡེང་གི་ཚལ་བ་མཐོ་གང་ཙམ་བྱུང་ངོ་།། ་དེ་ནས་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་བདག་གིས་སེང་ལྡེང་གི་ཚལ་བ་འདི་འཇིག་རྟེན་གྱི་ཁམས་གཞན་དུ་འགྱུར་དོར་རེ་ཞེས་དེ་སྐད་ཅེས་གསོལ་བ་དང་། ངས་དེ་ལ་མཽད་གལ་གྱི་བུ་ཁྱོད་ཀྱིས་མི་ནུས ་སོ་ཞེས་དེ་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་དེང་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་འགྱུར་བ་དང་། གྱེན་དུ་འཕགས་པར་འགྱུར་བ་དེ་འདྲ་བའི་ཤུགས་ཀྱིས་སེང་ལྡེང ་ནིཚས་པ་བཟང་ཡང་མེད་ལྡིང་གིསལ་བན། རྩེ་མོའི་ཆགས་ཙས་ཡངས་འཕགས་སོ།། དེ་ནས་དུ་བཞིན་གཤེགས་པ་ཚངས་པའི་འཇུག་རྟེན་དུ་མངོན་པར་འཕགས་པ་དང་། སེང་ལྡེ་གི་ཚལ་བ་ཡང་ཚངས་པར། ་འཇིག་རྟེན་དུ་མངོན་པར་འཕགས་སོ།། དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང་།། སེང་ལྡེང་གི་ཚལ་བ་ཡང་སྡང་མཁོ་བཞིན་དུ་འདུག་གོ།། དེ་བཞིན་དུ་རྒྱ་མཚོ་ཆིང་རྣམ་གྱི་དབུས་སུ་བཞུགས་པ་དང་། ་ལྗང་གི་ཚལ་བ་ཡང་ངན་འདུག་གོ།། ཡང་དེ་བཞིན་གཤེགས་པ་རིའི་བྲག་ཟུག་ཏུ་གཤེགས་པ་དང་།། དེ་ནི་འདས་ལྡེང་གི་ར་ལེ་བ་འདུག་གོ། དེ་ས་ན་གཤེགས་པ་གདན་ལ་བཞུགས་པ་དང་། སང་ལྗང་གི། ཚལ་བ་ཡང ་སྔ་མཁོ་བཞིན་དུ་འདུག་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞབས་གཡས་པ་གཟུང་སྟེ། སེང་ལྡེང་གི་ཚལ་བའི་སྟེང་དུ་གཞག་གོ།། དེ་ནས་ངལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པས་སྔོན་ཕྲིན་ལས་གང་བགྱིས་ན་དེའི་རྣམ་པར་སྨིན་པ་འདི་ལགས། ངས་དེ་ལ་དགའ་བོ་སྔོན་དརྒྱ་མཚོ་འཆིང་ན་མ་ཆེན་པོར་སོང་བ་ནམཚོན་ཤ་གཉིས་ཚོང་བ་གསང་པ་དེའི་ལས་ཀྱི་རྣམ་པར་སྨིན ་ལྷག་མ་འདི་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲས་སོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ།། གང་དུ་གནས་ཀྱང་ལས་རྣམས་མི་འབྱུང་བ།། དེ་ལྟ་བུ་ཡིས་ཕྱོགས་ཡོད་མེད་དེ།། བར་སྣང་མ་ཡིན་རྒྱ ་དབུས་མ་ཡིན། ། རི་ཡི་ཕྲག་ཏུ་ཞུགས་ཀྱང་མ་ཡིན་ནོ།། རིགས་ཀྱི་བུ་དེ་ནས་མི་ཉི་ཤུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེས་ལའང་རྣམ་པར་སྨིན་པར་འགྱུར་ན་བདག་ཅག་ལྟ་ཅིའི་ཕྱིར་རྣམ་པར་སྨིན ་པར་མི་གྱུར་སྙམ་ནས་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་འཚལ་བར་སྲོག་བཅད་པར་བགྱིས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ནོངས་པ་བཤགས་སོ་ཞེས ་ཉེས་པ་བཤགས་པ་དང་ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར་འགྱུར་བ་དང་། ། སྲོག་ཆགས་སུ་མ་ཁྲི་ཉིས་སྟོང་རྡུལ་མེད་ཅིང་དྲི་མ་མེ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མི་གནམ་པར་དག་པར་འགྱུར་བ་དང་། ལས ་ཟད་པར་བྱ་བའི་ཕྱིར་ལས་བརྩམས་ནས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་དོ། ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས ་མབས་པ་ཡིན་གྱིས་ལས་ཀྱི་བསྒྲིབ་པ་ཡིན་ནོ། ། ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་ནང་དང་བྲལ་བ་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ཨུད་པའིའི་བཅུ་སྨན་ལ་སྙོམས་པར་མཛད་ཅེ་ན། དེའི་ཚེན་སོ་སོ་ཐར་པའི་བཅས་ནས་མལོན ་པར་དགེ་སློང་སོ་སོའི་སྐྱེ་བོ་སྲིད་པ་ཐར་མར་གྱུར་པ་ལྔ་བརྒྱན་གས་སྟུག་པོ་ཞིག་ན་འཁོད་པ་ལས་དེ་དག་སྨན་ཁུ་བ་ཆུང་བས་ཞི་བར་བྱ་མི་ནུས་པ་དེ་འདྲ་བའི་ནད་ཀྱིས་བཏབ་པར་གྱུར་ནས། དེ་དག་དེ་བཞིན་གཤེགས་པ་ལ་གུས ་པས་སྨན་གཞན་ཡང་མི་ཚལ་ལོ། ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་པར་གྱུར་ཏོ།། ངས་ཀྱང་མ་གནད་ལ་དགེ་སློང་དེ་དག་ཀྱང་སྨན་གཞན་ཚོལ་བར་གྱུར་པ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་མོ།། ་ཅིའི་ཕྱིར་ཤེ་ན། གལ་ཏེ་དེ་བཞིན་གཤེགས་པས་གནད་དུ་ཟིན་ནི་དེའི་ཕྱིར་དུས་ཕྱིར་མ་ལ་འཕགས་པའི་རིགས་ཉམས་པར་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས་པ་ཐབས་མཁས་པས་སྨན་པ་འཚོ་བྱེད་ཀྱི་དྲུང་དུ ་མེ་ཏོག་ཨུད་པ་ལའི་བཀྲུ་སྨན་ལ་ལརྣམས་པ་དང་། དེ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དག་ལ་སྦྲན་ཏེ། ཚེ་དང་ལྡན་པ་དག་འཆི་བའི་དུས་མ་བྱེད་པར་སྨན་གཞན་ཚོལ་ཅིག་གཅེས་བྱ་བ་དང་། དགེ་སློང ་དེདག་ནི་བདག་ཅག་ནི་དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་ཀྱི་གུམ་པར་གྱུར་ཀྱང་རུང་གི། དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་སོ་ཞེས་སྨྲས་སོ།། དེ་ནས་གནས་གཙང་མའི་རིས་ཀྱི ་ལྷའི་བུ་དེ་དག་གིས་དགེ་སློང་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་ཀྱང་སྨན་ཁུ་བ་ཕྱུང་བ་མ་གཏོགས་པར་སྨན་གཞན་བཙལ་ན་ཁྱེད་ཅིའི་ཕྱིར་ཚོལ་བར་མི་སེམས། ཚེ་དང་ལྡན་པ་དག་སྨན་གཞན ་དག་ཚོལ་ཅིག་ཅེས་དེ་སྐད་ཅེས་སྨྲས་སོ། ། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འགྱོད་པ་མེད་པར་གྱུར་ཏོ།། སྨན་གཞན་བཙལ་བ་དང་། དེ་དག་ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་ཏེ།། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས ་པས་སྨན་གཞན་མ་གཏད་དུ་ཟིན་ན་གང་དགེ་སློང་དེ་དག་སྨན་གཞན་ཚོལ་བར་གྱུར་པའི་གནས་མེད་སྐབས་མེད་དོ། ། ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་བ་འམ།། དགྲ་བཅོམ་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་དེ།། ། ་ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་བསོད་ནམས་ཐམས་ཅད་ཡང་དག་པར་འཕགས་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་ཞུགས་པ་ལས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ཞེ་ན། དེ་བཞིན་གཤེགས་པ་ལ་ལས ་ཀྱི་སྒྲིབ་པ་ནི་མེད་མོད་ཀྱི། དེ་བཞིན་གཤེགས་པས་ཕྱི་མའི་འགྲོ་བ་དག་བསྲུང་བའི་ཕྱིར་ཏེ། དགེ་སློང་གང་ལ་ལ་ཞིག་གྲོང་དང་། གྲོང་རྡལ་དང་། ཕོ་བྲང་དང་གང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་བ་ལས་བདག་གི ་བ་སད་ནམས་ཆུང་བས་བསོད་སྙོམས་མ་རྙེད་ན་དེའི་ཚེ་དེ་དག་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་ཀྱང་ལྷུང་བཟེད་ཇེ་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ན་བདག་ཅག་དགེ་པའི་རྩ་བཆུད་དུ་དང་ལྡན་པ ་ཅི་སྨོས་ཏེ། བསོད་སྙོམས་མ་རྙེད་པའི་ཕྱིར་ཡོངས་སུ་གདུང་བར་མི་བྱའོ་ཞེས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བར་དོན་དེ་གཟིགས་ནས་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་ནས་ལྷུང་མེད་ལྟར་བཅུས་བཞིན ་དུ་བྱུང་ངོ་། ། ཡང་བདུད་སྡིག་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་ཅི་ནས་ཀྱང་བསོད་ནམས་མི་སྟེར་བར་བྱིན་གྱིས་བརླབས་ས།། ཞེས་བྱ་བར་ཡང་དེ་ལྟར་མི་ལའོ།། དེ་ཅིའི་ཕྱིར་ཞེ་ན། བདུད་ན་དེ་བཞིན་གཤེགས་པ་ལ་བ་མད ་ཀྱི་བིར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་ཕྱོགས་སུ་བྱིན་གྱིས་བརླབས་སོ།། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དེ། སེམས ་ཅན་དེ་དག་ཡོངས་སུ་སྨིན་པར་བྱང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ། ། དེ་ལ་དེ་བཞིན་གཤེགས་པ་བཤོས་བཅད་པ་དང་། བདུད་དང་བདུད་ཀྱི་རིས་ལྷ་རྣམས་དང་ལྷ་གཞན་དག་དགེ་སྦྱོང་གཽ་ཏ་མ་འམ། དེའི་ཉན ་ཐོས་དག་ཡིད་མི་བདེ་བར་མ་གནས་གྲང་ཞེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་རྟོག་སྟེ། དེ་དག་ཉན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་དང་དགེ་འདུན་དང་བཅས་པའི ་སེམས་ལ་བརྟགས་ཀྱང་སེམས་ཀྱིས་གནས་གཅིག་ཀྱང་ཡིད་མི་བདེ་བར་མ་མཐོང་སྟེ། མ་ཁེངས་མ་དུད་ཅིང་སྔོན་ཇི་ལྟ་བ་ཕྱེས་ཀྱང་། དེ་བཞིན་ཕྱིས་ཇི་ལྟ་བ་སྔོན་ཡང་དེ་བཞིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་བདུན ་ཁྲི་སེམས་དང་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པས་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའི་ཆོས་བཤད་དེ།། དེ་ཡང་དེ་བཞིན་གཤེགས ་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན་བུ་མོ་ཙན་ཙས་ཤིང་གི་གཞོད་པ་ལྟོ་བ་ལ་བཅིངས་པ་ནས་བཀུར་ནས་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི ་ཉེས་པ་གང་ཡང་མེད་ལ། དེ་བཞིན་གཤེགས་པའི་བུ་མོ་ཙན་ཙས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་ཡང་ནུས་མོད་ཀྱི། དེ་བཞིན་གཤེགས་པའི་ཐབས་མཁས་པ་ལས་ཀྱི་བྱེད་པ་སྟོན། ་ཏོ།། བསྟན་པ་འདི་ལ་རབ་ཏུ་བྱུང་བ་སྐུར་བ་གཏབ་པ་དག་བྱུང་སྟེ། དེ་དག་མི་བདེན་པར་བསྐུར་བར་འགྱུར་རོ།། དེ་དག་འགྱོད་པ་ཙམ་དུ་གྱུར་ཏོ།། སྐུར་བ་དང་། དེ་བཞིན་གཤེགས་པ་ཆོས་དཀར་པོ་ཐམས་ཅད་དང ་ལྡན་པ་དེ་ལ་ཡང་མངོན་སུམ་དུ་སྐུར་བ་བྱུང་ན་བདག་ཅག་ལྟ་ཅིའི་ཕྱིར་མི་འབྱུང་ཞེས་སྨྲ་ཞིང་དེ་དག་དེའི་ཚེ་སྐུར་བ་ཟིལ་གྱིས་གནན་ནས་ཡོངས་སུ་དག་པ་ཡོངས་སུ་དཀར་བའི་ཚངས་པར་སྤྱོད་པ་སྤྱད་པར་འགྱུར་གྱིས། འབྲེ་བར་ནི་མི་འགྱུར་རོ། ་། བུ་མོ་ཙན་ཙ་ནི་སྡིག་པའི་ལས་ཀྱིས་གཡོགས་ནས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་ལ་བསྐུར་བ་འདེབས་པ་དེ་ཤི་འཕོས་མ་ཐག་ཏུ་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ།། དེ་སྟེ་དེ་བཞིན ་གཤེགས་པས་དེ་སྲང་ནུས་པར་མཁྱེན་ན་ནི་དེ་བསྲུངས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་གང་ཡང་ཡོངས་སུ་གཏང་བ་མེད་པའི་ཕྱིར་རོ།། ཅིའི་ཕྱིར་ན་མཛེས་མ་ཀུན་ཏུ་རྔུབ་སྲོག་དང་བྲལ་ནས ་ཛེ་ཏའི་ཚལ་དུ་སྦས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་ཀྱང་གཡེལ་བར་བོར་ཞེ་ན། དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པས་དེ་འདྲ་བར་འགྱུར་བར་ཡང་མཁྱེན་ལ་དེ་བཞིན་གཤེགས ་པས་ཅི་ནས་ཀྱང་མཛེས་མ་ཀུན་ཏུ་ཆུབ་མཚོན་གྱིས་མི་ཟུག་པ་དང་གཞན་དུ་འཕང་བར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་བྱིན་གྱིས་བརླབས་ཀྱང་ནུས་མོད་ཀྱི། དེ་བཞིན་གཤེགས་པ་མཛེས་མ་ཀུན་ཏུ་རྫུ་ཚེ་ཟད་པས་དེ་ངེས་པར་འཆི་དགོས་ལ ་རྣམ་གྲངས་དེས་ཀྱང་མུ་སྟེག་ཅན་གཞན་དག་རང་གི་ཉེས་པས་ཤིན་ཏུ་ཚར་གཅོད་པར་འགྱུར་བར་མཁྱེན་ཏེ། ཆོས་དགར་པོ་རྣམས་འཕེལ་བར་བྱ་བའི་ཕྱིར་གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དེ་ནི་སངས་རྒྱས་ཀྱིལ་ཤེས ་སོ། ། དེ་བས་ན་དེ་བཞིན་གཤེགས་པ་ཞག་བདུན་དུ་གྲོང་དུ་མ་གཤེགས་ཏེ། ལྷ་བྱེ་བ་ཕྲག་དྲུག་ཅུའང་བརྟུལ་ལོ།། ཞག་བདུན་པོར་འདས་ནས་འཁོར་བ་ཞི་པོ་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷག་ནས། དེ་བཞིན་གཤེགས་པས ་ཅི་ནས་ཀྱང་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཡེ་ཤེས་ཀྱིས་རྟོགས་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་བཤད་དོ། ། ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་ཟླ་བ་གསུམ་ཏརྟའི་ཆོས་ཀྱི་ནས་གསོལ་ཞེ་ན། དེ་བཞིན་གཤེགས་པས ་ཁམ་ཐ་དང་། ། ཁྱིམ་བདག་འདི་དགར་སྤྱན་དྲངས་ནས་མི་སེམས་པར་འགྱུར་རོ་སྙམ་དུའང་མཁྱེན་མོད་ཀྱི། དེ་བཞིན་གཤེགས་པ་མཁྱེན་བཞིན་དུ་དེར་ཚུལ་དུ་ཞུགས་སོ།། ཅིའི་ཕྱིར་ན་གང་རྟ་ལྔ་བརྒྱ་པོ་དེ་དག་གི་ཆོས་པ་དེ ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་ཟླ་བ་གསུམ་དུ་གསལ་ཏོ། ། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་སྔོན་གྱི་རྒྱལ་པོ་ལ་བསྙེན་བཀྲུར་བྱས་པ་ཡིན་ན། ་སྡིག་པའི་གྲོགས་པའ་དབང་དུ་ས་དཔས་སྡུག་པའི་ལས་བྱས་ཏེ། དེའི་ཕྱིར་བྱམ་ས་གི་སྐྱེས་གནས་སུ་སྐྱེས་སོ།། ལཱ་བརྒྱ་བ་དེ་དག་གེ་ན་དྷཱ་གིས་དོ་བྱུང་ཆུབ་སེམས་དཔའ་སའི་སྤྱང་པོ་ནས ་ཏེ། སྥོ། ལམ་གྱི་དབང་གིས་ཆེད་དུ་དེར་སྐྱེས་ནས་བྱང་ཆུབ་སེམས་དཔའ་ཉི་མོའི་སྙིང་པོ་དེས་དྷི་ལྔ་བ་རྒྱ་བོ་དེ་དག་བྱང་ཆུབ་ལ་དཀོད་དེ་དག་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེར་སྐྱེས་སོ།། ཧཅང་ཤེས་དེ་ས ་མཐུས་ཏ་ལྔ་བརྒྱ་བ་དེ་དག་ཐམས་ཅད་སྔོན་གྱི་ཚ་བས་རྦནི། ། དའི་བྱེ་དདང། བྱང་ཆུ་མངོན་པར་བྱུང་། རིགས་རྗེ་བུད་ལྟ་བས། ཏ་ལྔ་བརྒྱ་བ་དེ་དགའ་ཐུགས་ཕྱོག་པ་གཤེགས་པ་དེ་ཚུལ་དུཞུགས ་ཏེ། དི་ལ་ཧ་ཅང་ཤེས་ཀྱིས་ཆས་དེ་ལས་ཕྱེད་ནི་དེ་བཞིན་གཤེགས་པ་ལ་འབུལ་ལོ།། གང་རྟ་ལྔ་བརྒྱ་བོའི་ཆས་དེ་ལས་ཕྱེད་ནི་དགེ་སློང་ལྔ་བརྒྱ་པོ་ལ་འབུལ་ཏེ། ཅང་ཤེས་དེ་ཡང་ཏ་ལྔ་བརྒྱ་པོ་དེ་དག་ལ་ཏའི་སྐད་ཀྱིས་ཉེས། ་པའམ་འཆགས་སུ་འཇུག་ཅིང་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་ན་འཇུག་ཏུ་སྟེ། དེ་ལྟར་ཟླ་བ་གསུམ་འདས་ནས་རྟ་ལྔ་བརྒྱ་པ་དེ་དག་འཆི་བའི་དུས་བྱས་ཤིང་ཤི་འཕོས་ཀྱི་གྱུར་མཐག ་དགའལྡན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་སོ། ། ཡང་དེ་དག་ལྷར་གྱུར་པས་དེ་བཞིན་གཤེགས་པ་ལ་མཆོད་ནས་དེ་བཞིན་གཤེགས་པ་ནི་ཅི་ནས་ཀྱང་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་གདོན་མི་ཟ་བར་འགྱུར་བ་ད་ལྟར་ཆོས་བཤད་དོ། ། གང་རྟ་ལྔ་བརྒྱ་པ་དེ་དག་འདུལ་ཞིང་འཚེ་བར་གྱུར་པ་དེ་ཡང་དེ་བཞིན་གཤེགས་པས་སེམས་ཤིན་ཏུ་དུལ་བ་ཞེས་བྱ་བའི་རང་སངས་རྒྱས་སུ་ལུང་བསྟན་ཏོ།། ཡང ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཞལ་ཟས་ནི་མཆོག་ཏུ་མི་འགྱུར་བ་ཆུང་ཟད་ཀྱང་མེད། རིགས་ཀྱི་བུ་གལ་ཏེ་བོང་བ་དང་། གསེག་མ་དང་གྱོ་མོ་གསོལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བའི་རོ་བྲོ ་བ་མཆོག་མེད་དེ། གང་བོད་པ་དང་། གསེག་མ་དང་། གྱོ་མོ་ལས་གྱུར་པ་དེ་འདྲ་བར་རོའི་མཆོག་ཏུ་འགྱུར་བ་དེ་ལྟ་བུའང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ན་རོ་བྲོ་བའི་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན ་ཐོབ་པའི་ཕྱིར་རོ། ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་མཆོག་ཡིན་པར་ཤེས་པར་བྱའོ།། རིགས་ཀྱི་བུ་གནས་བརྟན་དགའ་བོས་དེ་བཞིན་གཤེགས་པ་ནི་འཁོར་ལོས་སྒྱུར ་བའི་མིང་བོར་ཏེ་ནས་གསོལ་བར་གྱུར་ཏོ། ། ཞེས་སྙིང་རྗེ་བར་གྱུར་པ་དང་། དེ་བཞིན་གཤེགས་པས་དེའི་སེམས་ལ་རྟགས་ནས་ནས་ཀྱི་འབྲུམ་བུ་གཅིག་བྱིན་ཏེ།། དགའ་བོ་འདི་ཅིའི་རོ་ཤེས་སམ་ཞེས ་བྱས་པ་དང་། དེས་ཟོས་ནས་ངོ་མཚར་ཐོབ་པར་གྱུར་ཏེ། ང་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཕོ་བྲང་དུ་སྐྱེས། རྒྱལ་པོའི་ཕོ་བྲང་དུ་སྐྱེས་ན་འདི་ལྟ་བུ་རོ་མཆོག་སྔོན་འཚལ་མ་མྱོང་ངོ་།། ་ཞེས་ཚེ་དང་ལྡན་པ་དགའ་བོས་དེའི་མཐུས་དགའ་ཞིང་བདེ་སྟེ། ཟས་མེད་པར་ཉི་མ་བདུན་འདས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་ལ་ནི་གང་ན་ཡང་ལས་ཀྱི་སྒྲིབ་པ་མེད་པར་ཤེས ་པར་བྱ་སྟེ། ཡང་སེམས་ཅན་གང་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དག་འགྲོན་དུ་གཉེར་ནས་སྦྱིན་པར་མི་བྱེད་པའི་སེམས་ཅན་དག་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་བསྟན་པའི་ཕྱིར་ལས་ཀྱི་རྒྱུད་འདི་དག་བསྟན་ཏོ།། ་རིགས་ཀྱི་བ་བཞིན་གཤེགས་པའི་ཁྱད་པར་ལ་ལྟོས། གང་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། མ་ཕུལ་བ་དེ་ཡང་ལྟུང་བའི་ཆོས་མེད་པར་ལུང་བསྟན་ཏོ།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པ་དང ་ལྷན་ཅིག་ཏུ་ཚུལ་དུ་ཞུགས་པའི་དགེ་སྲིང་ལྔ་བརྒྱ་པོ་དེ་དག་ལས་དགེ་སློང་བཞི་བཅུ་འདོད་ཆགས་སྤྱོད་ཅིང་སྡུག་གཱའི་མཚན་མ་ལ་སྲུང་པར་གྱུར་ཏེ། གལ་ཏེ་དེ་དག་ཟས་ཀྱི་མཆོག་ཟོས་པར་ཐར་ན་དེ་དག་ཤིན་ཏུ་འདོད་ཆགས་དང ་ལྡན་པ་རྟག་པ་སྐྱེ་བར་འགྱུར་བ་ལས། དེ་དག་ཟས་ངན་པའི་ཕྱིར་རྟོག་པ་དེས་པ་མར་གྱུར་ཏེ། དེ་དག་གིས་ཞག་འདུན་གྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ།། ཅི་ཕྱིར་ན་དེ་བཞིན་གཤེགས་པས་ང་བན ་བས། འོད་བསྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་གསུངས་ཞེ་ན། རིགས་ཀྱི་བུད་ལྟར་ལྷའི་བུ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱ་སྟོང་ལྷགས་པར་གྱུར་ལ། དེ་དག་ཀྱང་སྔོན་འོད་སྲུང་གི་སངས་རྒྱས ་དང་། ཆོས་དང་། དགེ་འདུན་དང་། བག་བྱེད་པ་ལ་བཀོད་པར་གྱུར་ཅིང་ལྷའི་བུ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཕྱི་ཕྱིར་ཞིང་ཐོས་པས་གལ་ཏེ་འོད་སྲུང་མ་གཏོགས་པར་ལྷའི་བུ་དེ་དག་ལ་སངས ་རྒྱས་སྟོང་གི་ཆོས་བཤད་ཀྱང་ཤེས་པར་འགྱུར་བ་འམ། ཤེས་པ་འཛིན་པ་མེད་ནས་འོད་སྲུང་གིས་བྱང་ཆུབ་ཀྱི་ཡན་ལོག་རབ་ཅ་དབྱེ་བ་རྒྱས་པར་བཤད་པ་དང་། ལྷའི་བུ་བརྒྱ་སྟོང་པོ་དེ་དག་གི ་ཀྱང་ཡེ་ཤེས་རྟོགས་པར་གྱུར། སེམས་ཅན་གང་ན་སྟེ་ཆོས་མི་ཉན་ཅིང་ཆོས་མཉན་པར་མི་འགྲོ་བའི་སེམས་ཅན་དེ་དག་ཀྱང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ཡང་བྱང་ཆུབ་ཀྱི་ཡན་ལག ་བརྗོད་པ་གསན་ནས་ནད་ལས་ཡོངས་སུ་ཐར་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མཉན་པར་མི་བྱ་སྙམ་དུ་སེམས་པར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་ལྷའི་བུ་དེ་དག་འདུལ་བའི ་དོན་དུ་བྱ་བ་དང་། སེམས་ཅན་ནད་པ་དག་ལ་ཆོས་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ང་རོ་བརྒྱབ་ནབས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་དེ་སྐད ་ཀྱིས་ཚིགས་གསུངས་སོ། ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་བསྒྲིབ་པ་ནི་མ་ཡིན་ནོ།། ཅིའི་ཕྱིར་ན་ཤཱཀྱ་རྣམས་བརླབ་པ་ན་དེ་བཞིན་གཤེགས ་པ་གླད་པ་ན་སྟེ་མི་བཟོད་དོ། ཞེས་གསུང་ཞེ་ན། རིགས་ཀྱི་བུ་འདི་ལ་སེམས་ཅན་ཁ་གཅིག་དེ་བཞིན་གཤེགས་པ་ནི་གཉེན་རྣམས་ཀྱི་དོན་མི་བྱེད། ཕན་མི་བཞེད་བདེ་བར་མི་བཞེད ་ཕན་པ་དང་བདེ་བར་མི་བཞེད་པས་དེའི་ཕྱིར་རྒྱལ་པོའི་རིགས་ཐམས་ཅད་ཁ་བརྟག་གོ། སྙམ་དུ་སེམས་ཀྱིས་དེ་བཞིན་གཤེགས་པས་གཉེན་རྣམས་ཀྱི་ཐོགས་མ་མེད་པའི་སྡུག ་བསྔལ་གྱི་ཕུང་པོ་མཐར་ཕྱུང་པར་ནི་མི་ཤེས་པའི་སེམས་ཅན་དེ་དག་གི་སེམས་བསྲུང་བའི་ཕྱིར་གནས་བརྟན་དགའ་བོ་ལང་ནི་ཀླད་པ་ནཱ་བ། མི་བཟོད་དོ་ཞེས་དེ་སྐད་ཀྱི ་གསུང་སྟེ། རིགས་ཀྱི་བུ་གང་གི་ཚེ་ན་དེ་བཞིན་གཤེགས་པས་གནས་བརྟན་དགའ་བོ་ལ་ང་ནི་ཀླད་པ་ན།། མི་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུངས་པ་དེའི་ལྷ ་བུ་ཆད་པར་སྨྲ་བ་སུམ་སྟོང་དང་། སེམས་ཅན་སྲོག་གཅོད་པར་བྱེད་པ་མང་པོ་ལྷགས་ནསལྷའི་བུ་དེ་དག་དང་སེམས་ཅན་དེ་དག་ལས་ཀྱི་ལམ་ལ་གཞུག ་པའི་ཕྱིར་དེ་བཞིན་གཤེགས་པས་སྲོག་གཅོད་པའི་ལྷག་མ་མ་ལུས་པས་དེ་བཞིན་གཤེགས་པའི་དབུ་བསྲུང་བར་གྱུར་ཏོ། ཞེས་ལས་ཀྱི་རྒྱུད ་དེ་བསྟན་ཧཱ། དེ་བསྟན་པའི་ཆད་བཞིན་གཤེགས་པས་ལྷ་དང་མིའི་སྒྲ་དགུ་སྟོང་ཕྲག་བཅུ་བཏུལ་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས ་སྒྲིབ་པ་ནི་མ་ཡིན་ན། ། ཅིའི་ཕྱིར་ན། བྲམ་ཟེ་བར་དྷཛས་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱ་སྨྲས་ན། དེ་བཞིན་གཤེགས་པ་ཡང་བད་པར་མཛད ་ན། དེ་བཞིན་གཤེགས་པ་ནི་བྲམ་ཟེ་བར་དྭ་ཛས་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བའམ། ངག་གི་ལས་གཅིག་འབྱུང་བར་མི་ནུས་མོད་ཀྱི། འཁོར་དེའི་ནང་ན་ལཱ་དང་མི་མ ་པོ་ཚོགས་པར་གྱུར་པས་དེ་དག་གིས་དེ་བཞིན་གཤེགས་པའི་བཟོད་པའི་སྟོབས་བསྐྱེད་པར་མཐོང་སྟེ། དེ་བཞིན་གཤེགས་པ་མ་ཁངས་མ་དུད་ཅིང་སེམས་མཉམ་པའི་བདེ་བའི་དངོས་པོ་དང་ལྡན ་བ། སེམས་བརྟན་པ་སེམས་མཉམ་པ་ངེས་པར་མཐོང་ནས་སྲོག་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དོན ་དེ་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྲ་ཛས་མི་སྤྱན་པར་སྨྲ་བ་བཏང་སྙོམས་སུ་གཞག་གི། དེ་བཞིན་གཤེགས་པ་ལགན་ཡད་ལས་ཀྱི་སྒྲིབ་པ ་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ།། གང་ཡང་ལྷ་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ངས་ནི་ལྷ་སྦྱིན་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག ་ཡོངས་སུ་རྫོགས་པར་གྱུར་ཅིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། ། རྣམ་གྲངས་གང་གིས་ཞེ་ན། རིགས་ཀྱི་བུ་འདི་ལ་གང་གི་ཚེ་སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་མི་ཤེས ་ལེན་པར་ཡང་མི་ཤེས་ནས་ལྷ་སྦྱིན་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། བུ་སློང་ཆུང་མ་སློང་རྒྱལ་སྲིད་སླང་། ལག་པ་དང་། རྐང་པ་དང་། མིག་དང་། མགོ་དང་། དེ་ལ་སོགས་པ་གཞན་དག་ཀྱང་གང་དཀའ ་པར་སྤྱོད་པ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱེད་པ་དག་སླད་ནས་བྱང་ཆུབ་སེམས་དཔའ་མ་ཞུམ་པར་གྱུར་ཅིང་སྦྱིན་པ་བྱེད་དེ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་དགའ་ཞིང་སྦྱིན་པ་ལ ་མོས་པར་གྱུར་ཏེ། བདག་ཅག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཤིང་ཚུལ་ཁྲིམས་འཛིན་པར་བྱེད་པ་དེ། གང་ཚུལ་ཁྲིམས་འདྲལ་བར་འདོད་པ་དག་པ་དང་། དེ་ནས་བྱང་ཆུབ་སེམས ་དཔའ་ཚུལ་ཁྲིམས་མི་འདྲལ་བ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། ། བརྒྱབ་བམ་བརྡེགས་སམ།། སྤྱོས་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས་རྣམ་གྲངས ་དེའི་ཕྱིར་སེམས་ཅན་དཔག་ཏུ་མེད་པ་དོན་བྱས་སོ། ། གང་ཡང་ལྷ་སྦྱིན་གྱིས་དེ་བཞིནི་གཤེགས་པའི་བསང་བར་བཤམས་པ་དང་། བལ་གླང་ནོར་སྐྱོང་བཏང་བ་དང་། རྡོའི་སྒྱོགས་འཆར་བཅུག་པ་དེ་ཡང་དེ་བཞིན ་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱའི། ལས་ཀྱི་སྒྲིབ་པའི་ཉོན་མོངས་པ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་འདི་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། རིགས་ཀྱི་བུ ་འདོར་ན་ལྷ་བྱིན་གྲགས་པར་འདོད་པ་དེ་ནི་ངའི་སྟོན་པ་ཡིན་ནོ། ། ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐབས་མཁས་པས་ཤེས་པར་བྱ་བ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས ་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་མོ་ཞིག་གི་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ། ། ཆེ་གེ་མོ་ཞིག་གི་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ།། ཞེས་དེ་བཞིན་གཤེགས་པ་ཐབས་མཁས ་པས་ལས་ཀྱི་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པར་བྱེད་པར་འགྱུར་རོ།། དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་མཁས་པ་བསྟན་པ་འདི་གསང་བར་བགྱིས་ཤིག། སེམས་ཅཅད་གེའི་རྩ་བརྒྱ་དུང་ལྡནཔ་རྣམས་ཀྱི་མདུན་དུམ་འཆད་ཅིག། ་དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཡང་མ་ཡིན་ན། སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱིས་ལས་ཅི་སྨོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐབས་ལ་བསླབས་པ་མ་ཡིན་པས། འདིན ་དེ་དག་ལ་མི་དགོངས་སོ། ། བྱང་ཆུབ་སེམས་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་འགྱུར་བ་མ་གཏོགས་པར་གཞན་ཐབས་མཁས་པ་འདིའི་སྣོད་དུ་གྱུར་པ་གང་ཡང་མེད་དོ།། འདི་ལྟ་སྟེ་རིགས་ཀྱི་བུ་མཚན་མོས་སྲོས་པ ་མ་ཨུན་པར་མར་མེ་བུས་ན་ཁྱིམ་ན་སྣོད་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐབས་མཁས་བསྟན་པ་འདི་ཐོས་ཏེ་མོས་པར་གྱུར་ནས་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་སེམས ་ཅན་དག་ལ་ཡང་སློབ་པར་འགྱུར་རོ། ། རིགས་ཀྱི་བུ་ཁྱོད་ལ་སྒོའོ།། ཁོང་དུ་ཆུད་པར་བྱའོ།། བྱང་ཆུབ་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཐབས་མཁས་པ་འདི་གང་ན་ནར་གྲག་པར་འགྱུར་ན། དཔག་ཚད་འབུམ་དུ་ཡང་འགྲོབ ་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་འདི་ཐོས་ན་སྣང་བ་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྱོད་པ་མེད་པར་འགྱུར། ཐེ་ཚོམ་དང་བྲལ་བར་འགྱུར་རོ།། དེ་ནས་ལྷ་དང་འཇིག་རྟེན་དུ་བཅས་པའི་འཁོར་བཞི་ལས་སེམས ་