CLOSE WINDOW

Q922: chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu
Wyliee-texts produced with BDRC’s OCR application

བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་དགའོ། ། ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བ་རྫོགས་སྷོ།། །། ཆོས་ཀྱི་རྒྱ་མཚོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱ ་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ལེའུ་བཅུ་སྟེ། བམ་པོ་དང་པོ།། སངས་རྒྱས་ཀྱི་བུ་ཐམས་ཅད་ཐལ་མོ་སྦྱོར་ལ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཆེན་པོ་བཤད་པ་སེམས་ཐེག་པ་ནས་ཉོན ་ཅིག། མང་པོ་ཚོགས་པ་ཡིད་བསྡུས་ཏེ་ཉོན་ཅིག། བདག་ལ་ཀུན་དུ་ལྟུང་བ་ཡོད་པར་ཤེས་ན་མཐོལ་ཚངས་བྱོས་ཤིག། མཐོལ་ཚངས་བྱས་ན་བདེ་བར་འགྱུར་རོ།། མཐོལ་ཚངས་མ་བྱས་ན་སྡིག་ཕྱིར་ཞིང་ཟབ་ཏུ་སྐྱེའོ།། ཀུན་ཏུ ་སྲུར་བ་མེད་ན་མ་སྨྲ་བར་འཁོད་ཅིག་དང་། ཀུན་ཀྱང་གཙང་མར་མངོན་ནོ།། ལེགས་པ་ཆེན་པོ་ཡོད་པའི་རྣམས་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་བརྟགས་པར་ཉོན་ཅིག། སངས་རྒྱས་མྱ་ངན་ལས་འདས ་པའི་ཕྱིར་ན་མཆོད་རྟེན་ལས་ཆོས་བྱེད་པའི་ཚེ་སོ་སོར་ཐར་པ་ལ་བཙུན་ཅིང་ལྕི་བ་དང་། གུས་ཤིང་རིན་ཆེར་བྱོས་ཤིག། སོ་སོར་ཐར་པ་ཞེས་བྱ་བའི་ཚུལ་ཁྲིམས་ནི་འདི་ཡིན་ན།། ཚུལ་ཁྲིམས་འདི་བཟུང་ན་མུན་པ ་ལས་སྣང་པར་ཕྲད་པ་དང་མཚུངས་སོ། ། མི་དབུལ་པོ་ལས་ནོར་ཆེན་པོ་ཐོབ་པ་དང་མཚུངས་སོ།། ནད་པ་སྨན་རྙེད་པ་དང་མཚུངས་སོ།། བཙོན་ཁྲི་མུན་ནས་ཕྱུང་བ་དང་མཚུངས་སོ།། ལམ་རིང་པོར་སོད་པ་ལས་སླར་འགྲོ ་བ་དང་མཚུངས་ཏེ། འདི་ནི་ཀུན་གྱི་མཁན་པོ་ཆེན་པོ་ཡིན་པར་མངོན་པར་སངས་རྒྱས་འཇིག་རྟེན་ན་བཞུགས་པ་ན་དང་མི་མཚུངས་པ་མེད་དོ།། འཇིགས་པའི་སེམས་ནི་སྐྱེ་དཀའ། དགེ་བའི་སེམས་ནི་གཡོ་དཀའ་བས་ན ་ཁ་ན་མ་པོ་བོ་ལས་བརྙས་ཏེ་མེད་སྙམ་དུ་བྱས་ན་ཆུའི་ཐིགས་པ་ཆུད་མོད་ཀྱི། རྒྱུན་གྱིས་ན་སྣོད་ཆེན་པོ་འགད་དོ།། ཡུད་ཙམ་གྱི་བར་དུ་སྡིག་བྱས་པས་ན་བསྟིར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། རེ་ཤིག་མི་ལུས་སྟོ ་ན་བསལ་པ་ཁྲིའི་བར་དུ་ཡང་སླར་མི་ལུས་མི་ཐོབ་པོ། ། དང་བའི་ཚེ་མེ་སྡོང་ངོ་།། དཔེར་ན་ནི་རྟ་རྒྱགས་པ་དང་འདྲ། མིའི་ཚེ་ཡང་རྟག་པ་མེད་དེ། དཔའ་རྒལ་གྱི་ཆུ་འབབ་པ་བས་ཀྱང་མྱུར་ཏེ། དེ་རི་སོན་མོད་ཀྱི། སང་གི་གཉལ ་ཡང་དཀའོ། ། ད་དུས་ཁོ་ན་ལ་བབ་ཀྱིས་མང་པོའི་རྣམས་སེམས་ནས་སེམས་གཅིག་ཏུ་འགྲུས་ཤིང་འབོགས་པ་བཙལ་བའི་རིགས་སོ།། བག་བྱས་ལ་ལེ་ལོ་བློ་ཁྱེད་དང་། ཉལ་བ་དང་། གཉིད་ཀྱིས་ལོག་ཅིང་རང་ཉམས ་ཀྱི་ཡང་མི་བྱའོ། ། མཚན་ཞིང་ནི་སེམས་བསྡུས་ལ་རྟག་པར་དཀོན་མཆོག་གསུམ་གཟུངས་སུ་བཟུང་ལ་ཕྱལ་བ་དོན་མེད་པ་ལ་ཉོན་མོངས་ངལ་ཆད་ཅིང་ཚེ་ཕྱི་མ་ལ་ཡང་རབ་ཏུ་འགྱོད་པ་མཐར་ཇིའང་ཐོབ་པ ་མེད་པར་མི་བྱའོ། ། མང་པོའི་རྣམས་གཅིག་ནས་གཅིག་ཏུ་ཚུལ་ཁྲིམས་འདི་བཞིན་ལེགས་པར་བྱོས་ཤིག། དེའི་ཚེ་ན་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་མང་པོའི་ཕྱིར་ཆུ་བོ་གང་གཱའི་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱིས་བརྗོད་དུ ་མེད་པའི་ཆོས་ཀྱི་སྒོ་མོའི་མདེ་ཕྱེ་སྟེ། དེའི་ནང་ནས་སེམས་ཀྱིས་གནས་སྤུ་ཉག་མའི་མགོ་རྙེད་དོ།། སྔ་མ་འདས་པའི་སངས་རྒྱས་ཐམས་ཅད་ལ་ཡང་བཤད་དོ།། ད་ལྟར་གྱི་སངས་རྒྱས་ལ་ཡང་དེ་བཞིན་འཆད་དོ།། མ་འོངས ་པའི་སངས་རྒྱས་ཐམས་ཅད་ལ་ཡང་དེ་བཞིན་འཆད་བར་འགྱུར་རོ། ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ལོབས་པ་དང་། སློབ་པ་དང་། སློབ་པར་འགྱུར་རོ།། ངས་བསྐལ་པ་བརྒྱའི་བར་དུ་སེམས་ཀྱི་གནས་འདི ་བྱས་པས་ན་ངའི་མཁན་པོ་རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱའོ། ། ཁྱེད་སངས་རྒྱས་ཐམས་ཅད་ཀྱིས་ངས་བཤད་དེ་ཅོག་གཅིག་ནས་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་གནས་ལམ་ཕྱེ་ཤིག། དེ་ནས་པད ་མོའི་སྙིང་པོའི་སྣོད་ཀྱི་ཁམས་ན་གནམ་གྱི་འོད་ལྷམ་མེ་ལྷང་དེ་བའི་སེང་གེའི་གདན་གྱི་སྟེང་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་འོད་བཏང་སྟེ། འོག་གི་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་ལ་སྦྲན་ཏེ། ངའི་སེམས ་ཀྱི་གནས་ཀྱི་ཆོས་ཀྱི་སྒོ་མོའི་ལེའུ་གཟུངས་སུ་ཟུད་ལ་དེང་ཤིག། ཡང་གཅིག་ནས་གཅིག་ཏུ་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་མཐར་ཀྱིས་ངའི་ཡན་ཆད་ཀྱི་སེམས་ཀྱི་གནས ་ཀྱི་ཆོས་ཀྱི་སྒོ་མོའི་ལེའུ་ཤོད་དེ་ཁྱེད་ལ་སོགས་པ་སེམས་གཅིག་ཏུ་གཟུངས་སུ་ཟུང་ལ་བྱོས་ཤིག། དེ་ནས་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟེང་གི་ཤཱཀྱ་ཐུབ་པ་པད་མོའི་སྣོད་ཀྱི་ཁམ ་ན་ལྷམ་མེ་ལྟང་དེ་བའི་སེང་གེའི་ཁྲི་ལས་ལངས་ཏེ། སོ་སོ་ནས་མཆི་ཕྱག་འཚལ་ཏེ་ཕྱིར་ནུར་ནས་ལུས་ཀུན་གྱིས་བསམ་གྱིས་མི་ཁྱབ་པའི་འོད་བཏང་སྟེ། ཀུན་འོད་ཀྱི་ནང་ནས་གྲངས་མེད་པའི་སངས་རྒྱས་བྱུང་སྟེ། གཅིག་ན། ་གྲངས་མེད་པའི་མེ་ཏོག་སྔོན་པོ། སེར་པོ།། དམར་པོ། དཀར་པོས་རྫོགས་ལོངས་སྤྱོད་པའི་སྐུ་སངས་རྒྱས་ལ་ཡོན་དུ་གསོལ་ནས་ཡན་ཆད་སེམས་ཀྱི་ཕྱི་མོའི་ལེའུ་བཤད་པ་ཡང་ཁོང་དུ་ཆུད་ནས་སོ་ས་པད་མོའི་སྣོང ་ཁམས་ཀྱི་ནང་དུ་ནུབ་སྟེ། རང་བཞིན་གྱིས་བསྐལ་པ་སྟོང་པ་ཉིད་ཀྱི་ནང་དུ་ནུབ་ནས་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ཐུག་མ་བྱུང་བའི་གནས་སུ་སླར་སོང་སྟྭ~ཾ། འཛམ་བུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས་རང་བཞིན ་བསྐལ་པ་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ལས་བྱུང་སྟེ། གདོད་རྡོ་རྗེའི་རྒྱལ་པོའི་གདན་དང་། འོད་ཤིན་ཏུ་བཟང་པོའི་ཁང་པར་འདུག་ནས་ཕྱོགས་བཅུའི་ཆོས་རྒྱ་མཚོ་དང་མཚུངས་པ་བཤད་དོ།། དེ་ནས་ཡང་སེང་གེའི ་ལས་ལངས་ཏེ་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང་དུ་ཕྱིན་ནས་གྲལ་བཅུའི་ཆོས་བཤད་དོ། ། དེ་ནས་ཟུང་མའི་གནམ་དུ་ཕྱིན་ཏེ། ལས་སུ་བྱ་བ་བཅུ་བཤད་དོ།། དེ་ནས་ཡང་ཁྲི་ལས་ལངས་ཏེ་རྒྱལ་ཆེན་རིས་བཞིན ་གནམ་དུ་ཕྱིན་ནས་ཕྱོགས་ཤིང་ལྟ་བ་བཅུ་བཤད་དོ། ། དེ་ནས་ཡང་འདུག་པའི་ས་ནས་ལངས་ཏེ། འཕྲུལ་དགའི་གནམ་དུ་ཕྱིན་ནས་བསམ་གཏན་མི་འགྱུར་བ་བཅུ་བཤད། དེ་ནས་ཡང་འདུག་པའི་ས་ནས་ལངས ་ཏེ་གནམ་བདེན་གནམ་དུ་བྱིན་ནས་ས་བཅུའི་ཆོས་བཤད། དེ་ནས་ཡང་བསམ་གཏན་གཅིག་གི་ནང་དུ་ཕྱིན་ནས་རྡོ་རྗེ་བཅུ་བཤད། དེ་ནས་ཡང་བསམ་གཏན་གཉིས་ཀྱི་ནང་དུ་ཕྱིན་ནས་བཟོད་པ་བཅུའི་ཆོས ་བཤད། ། དེ་ནས་ཡང་བསམ་གཏན་གསུམ་གྱི་ནང་དུ་ཕྱིན་ནས་སྨོན་ལམ་བཅུ་བཤད། དེ་ནས་ཡང་བསམ་གཏན་བཞི་པའི་ནད་ཆེན་པོ་ཆེ་བ་དབང་མཆོག་འདུ་མཆེད་གནས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། དེའི ་ཐོག་མའི་ཕྱི་མོའི་པད་མོ་མེ་ཏོག་སྣ་ཚོགས་ཀྱི་ཁམས་རྫོགས་ལོངས་སྤྱོད་པའི་སྐུའི་སངས་རྒྱས་ཀྱིས་སེམས་ཀྱིས་གནས་ཀྱི་ཆོས་ཀྱི་ཕྱི་མོའི་ལེའུ་བཤད་པ་བཤད་དོ། ། གཞན་འབུམ་ཕྲག་བརྒྱའི་ཡང་ཕྲས ་སྟོང་གི་ཤཱཀྱ་ཐུབ་པ་ཡང་དེ་བཞིན་ཏེ། གཉིས་སུ་མེད་དོ།། ཐ་དད་པ་ཡང་མེད་དོ།། བསམ་གཏན་བསྐལ་པའི་ལེའུའི་ནང་ནས་ཀྱང་ཞིབ་ཏུ་བཤད་དོ།། དེའི་ཚེ་ཤཱཀྱ་ཐུབ་པ་པད་མོའི་མེ་ཏོག་སྣོད་ཀྱི་ཁམས་ཀྱི་ཤར་ཕྱོགས་ནས། ་བྱུང་ནས་ལྡིང་བའི་ཁང་བུའི་ནང་དུ་ཞུགས་ནས་བདུད་ཀྱིས་ཆོས་མནོས་པ་བཞིན་དུ་བཤད་ཟིན་ནས། ཡས་བབས་ཏེ་འཛམ་བུའི་གླིང་གི་ཀ་བི་ལར་སྐྱེས་ནས་ཡུམ་གྱི་མཚན་ནི་ལྷ་མཛེས་ཆེན་མོ།། ཡབ་ཀྱི་མཚན་ནི་ཟླ ་གཅང་མ། ང་བདག་གི་མིང་ནི་སིདྡྷནྡ་ཞེས་བྱ་སྟེ། ལོ་བདུན་ན་རབ་ཏུ་བྱུང་། ལོ་སུམ་ཅུ་ནས་སངས་རྒྱས་སུ་ཕྱིན་ནས་ངའི་མཚན་ནི་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ། མི་འགྱུར་བའི་གཙང་མའི་སར་རྡོ་རྗེའི་མེ་ཏོག་གི་ཁྲི་ལ་འདུག། ་ནས་དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། དེའི་ནང་གི་འདུག་པ་བཅུའི་གནས་མཐར་གྱིས་བཤད། དེའི་ཚེ་སངས་རྒྱས་ཀྱི་ས་རུས་གཙང་མ་ཆེན་པོའི་གནམ་གྱི་རྒྱལ་པོ་དྲ་བའི་རྒྱལ་མཚན་མཐུ ་བའི་ཕྱིར་གྲངས་མེད་པའི་ཁམས་དཔར་ན་དྲ་བའི་བུ་གུ་དང་མཚུངས་པར་བཤད་ན་ཁམས་གཅིག་ནས་གཅིག་སོ་སོའི་མི་མཐུན་ཏེ་ཐ་དད་པའི་གྲངས་མེད་དོ། ། སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བཤད་པའང་དེ་དང་འདྲེ ་འོ། ། ངས་ཁམས་འདིར་ལན་བརྒྱ་སྟོང་ཕྱིན་ཏེ། ཁམས་འཛམ་བུའི་གླིང་འདིའི་ཕྱིར་རྡོ་རྗེའི་ཁྲི་སྟེང་དུ་འདུག་སྟེ། དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེའི་ནང་གི་མང་པོ་ཐམས་ཅད་སེམས་ཀྱི ་གནས་ཀྱི་མདོ་ཆེའོ། ། དེ་ནས་གནམ་གྱི་ཕོ་བྲང་ནས་མར་བབས་ཏེ། འཛམ་བུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས། དེའི་སའི་སྟེང་གི་སེམས་ཅན་བླུན་པོ་མ་རབས་རྣམས་ཀྱི་ཕྱིར་ཐོག་མ་ཕྱི་མ་རྫོགས་ལོངས ་སྤྱོད་པའི་སྐུ་སངས་རྒྱས་ཀྱིས་སེམས་ཀྱི་གནས་ཀྱི་ནང་བཤད་དོ། ། སེམས་ཐོག་མ་གཡོས་པ་ནི་རྟག་པར་འོད་སྣང་བའི་ཚུལ་ཁྲིམས་གཅིག་ཁ་དོན་དུ་ཀློག་གོ། རྡོ་རྗེ་རིན་པོ་ཆེའི་ཚུལ་ཁྲིམས་ནི་སངས་རྒྱས་ཐམས ་ཅད་ཀྱི་ཐོག་མའི་ཕྱི་མོ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ཐོག་མིང་ཕྱི་མོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ནོ།། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐལ་པ་ཡོད། ་དོ། ཐམས་ཅད་ཀྱི་ཤེས་པ་དང་། ཁ་དོག་དང་། སེམས་དང་ཡིད་དང་། སེམས་སོ་ཅོག་ཐམས་ཅད་ཀུན་ཀྱང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་འདུས་སོ།། ཚུལ་ཁྲིམས་ཀྱི་ནང་ན་རྟག་པ་ཡུན་དུ་རྟག་པར་བསོད་ནས ་ཡོད་དོ། ། རྟག་པ་ཡུན་དུ་རྟག་པར་ཆོས་ཀྱི་ལུས་ཡོད་དོ།། སོ་སོར་ཐར་པ་འདི་རྣམས་བཅུ་ནི་སངས་རྒྱས་ཀྱི་དབྱིངས་ནས་བྱུང་ནས་ཆོས་ཀྱི་ཚུལ་ཁྲིམས་བྱས་ཏེ། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གཟུང ་ས་འཛིན་ཏོ། ། ངེས་དེ་མང་པོ་འདིའི་ཕྱིར་ཟད་པའི་མཐའ་མེད་པའི་ཚུལ་ཁྲིམས་ཀྱི་ལེའུ་བཅུ་བསླབས་ཏེ་བཤད་དོ།། རྫོགས་ལོངས་སྤྱོད་པ་དེ་བདག་སྟེ།། པད་མོའི་དབུས་སུ་གདོད་བཞུགས་ནས།། མཐའ་བཞིའི་མེ་ཏོག ་སྟོང་གི་སྟོང་། ། ཤཱཀྱ་ཐུབ་པ་སྟོང་དུ་བཞུགས།། མེ་ཏོག་གཅིག་ཁམས་འབུམ་ཕྲག་བརྒྱ།། ཁམས་དེ་གཅིག་ཀྱང་སྤྲུལ་པ་གཅིག། ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས།། མཉམ་པར་སངས་རྒྱས་གནས་སུ་སོན། ་དཡང་འབུམ་ཕྲག་བརྒྱ་པ་སྟོང་།། རྫོགས་ལོངས་སྤྱོད་པ་རང་བཞིན་ལུས།། སྤྲུལ་པ་འབུམ་ཕྲག་བརྒྱ་སྟོང་པོ།། ཀུན་ཀྱང་རྡུལ་ཕྲན་མང་བར་འདྲེན།། གཅིག་ན་རང་ཡིགནས་སུ་འོངས།། སངས་རྒྱས་དལ་ཚུལ ་ཁྲིམས་ཉོན། ། ཟིལ་ངར་སྒྲ་མེད་ནས་བྱ།། བུང་ནས་འབུམ་ཕྲག་བརྒྱ་སྟོང་པོ།། སྦེད་དུ་གཙང་མའི་གནས་སུ་ཕྱིན།། ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས།། ད་པེ་མཁན་པོ་ཚུལ་ཁྲིམས་ཁ་ཏོན་ལྷགས།། ཚུལ ་ཁྲིམས་ཆེན་པོ་རྟོགས་པར་ལྔ་བཅུ་བརྒྱད། ། ཚུལ་ཁྲིམས་སྣང་ཁྱད་ཉིན་ཟླ་བཞིན།། གཅིག་ཏུ་ནོར་བུ་ཡང་ཉོ་འདྲ།། བྱང་ཆུབ་སེམས་དཔའ་རྡུལ་ཕྲན་བཞིན།། འདི་ཡི་ཡོན་གྱིས་ཡང་དག་འགྲུབ།། གདོད་རྫོག ་ལོངས་སྤྱོད་ཉིད་ཀྱིས་བླགས། ། ངས་ཀྱང་དེ་བཞིན་ཁ་ཏོན་བླགས།། བྱང་ཆུབ་སེམས་དཔའ་གསར་སློབ་པ།། གླང་ལ་ཁྱེར་ཞིང་ཁྲིམས་བཟུང་བཞིན།། ཐུབ་བཞིན་གཅིག་ཏུ་སེམས་ཅན་སྟོན།། ང་ཡི་བདེ་བླག་རྟག་པར་ཉོན།། ་སངས་རྒྱས་ཆོས་རྣམས་ཚུལ་ཁྲིམས་སྣོད།། སོ་སོར་ཐར་པ་ཤེས་རབ་བཞིན།། མང་པོ་ཡིད་ཀུན་བརྟགས་པར་ཆེས།། ཁྱེད་རྣམས་སངས་རྒྱས་ཕྱིན་པར་འོད།། ང་ཡི་སངས་རྒྱས་ཕྱིན་ཟིན་ཀྱང་།། རྟག་པར་འདི་བཞིན ་ཡིད་ཆེས་བྱེད། ། ཚུལ་ཁྲིམས་ལེའུ་ཀུན་ཚིག་གཙང་ཟིན།། ཡིད་སེམས་ཡོད་པ་ཐམས་ཅད་ནི།། ཀུན་ཀྱང་སངས་རྒྱས་ཁྲིམས་ཀྱིས་བསྡུ།། སེམས་ཅན་སངས་རྒྱས་ཁྲིམས་མནོད་པ།། དེ་ནས་སངས་རྒྱས་ས ་རུ་ཕྱིན། ཚེར་ཆེན་ས་དང་མཚུངས་ཟིན་ཏེ།། སངས་རྒྱས་ཀུན་གྱི་བུ་ཡང་དག། མང་པོ་ཀུན་གྱིས་གུས་པར་བྱས།། སེམས་གཅིག་བརྟུལ་ཏེ་ངཀློག་ཉོན།། དེའི་ཚེ་ན་ཤཱཀྱ་ཐུབ་པའི་སངས་རྒྱས་ཐོག་མ་བྱང་ཆུབ་ཤིང་དྲུང ་བཞུགས་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བོ། ། བྱང་ཆུབ་སེམས་དཔའི་ཐོག་མ་སོ་སོར་ཐར་པའི་འདུད་པ་ནི་ཕ་མ་དང་། དགེ་འདུན་དང་། དཀོན་མཆོག་གསུམ་ལ་སྲི་ཞུ་དང་། ཡིད་དང་མི་འགལ་བར་བྱའོ།། སྲི་ཞུ ་བྱས་ཏེ་བླ་མའི་ཡིད་དང་མི་འགལ་བ་ནི་ཆོས་ཟབ་མོར་ཐོབ་པའི་གཞུང་སྟེ། སྲི་ཞུའི་མིང་ནི་ཚུལ་ཁྲིམས་སོ།། མིང་གཅིག་ཏུ་ནི་སྡོམ་པ་དང་། གཏོང་བའོ།། དེ་ནས་འོད་སྣང་བ་གྲངས་མེད་པ་འབྱུང་བ། དེའི་ཚེ་འབུམ་ཕྲག ་བརྒྱ་སྟོང་མང་པོ་ཚོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། གཟུགས་ཡོད་པའི་ཁམས་ཀྱི་གནམ་བཅཝ་བརྒྱད་དང་། འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་ལྷ་དང་། རྒྱལ་པོ་ཆེན་པོ་རྣམས་ཐལ་མོ་སྦྱར ་ཏེ། སེམས་གཅིག་ཏུ་མཉན་ནས་སངས་རྒྱས་ཀྱི་ཚུལ་ཁྲིམས་ཆེན་པོ་བླགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ད་ལྟར་ཟླ་བ་ཕྱེད་ཕྱེད་ཅིང་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས ་ཁ་ཏོན་དུ་ཀློག་གོ། ཁྱེད་ལ་སོགས་པ་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཁ་ཏོན་དུ་ལྷོགས་ཤིག། སེམས་གཡོས་ཏེ་ཕྱོགས་པ་བཅུ་དང་། གཡོ་ཞིང་བསྐྱེད་པ་བཅུ་དང་། རྡོ་རྗེ ་བཅུ་པ་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཁ་ཏོན་དུ་ལྟོགས་ཤིག། འདུན་ཚུལ་ཁྲིམས་ཀྱི་འོད་ཁ་ནས་བྱུང་སྟེ་རྒྱུ་ཡོད། རྐྱེན་མེད་པའི་འོད་མ་ཡིན་ཏེ། འོད་སྔོན་པོ་དང་། དམར་པོ་དང་། སེར་པོ།། དཀང་ངོ་།། ་ནག་པོ་ཡང་མ་ཡིན། ཁ་ཏོག་ཀྱང་མ་ཡིན། སེམས་ཀྱང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྒྱུ་རྐྱེན་གྱི་ཆོས་ཀྱང་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ནི་གདོད་མ་ཕྱི་མོ་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱི་ནི་ལམ་གྱི་རྩ་བ་བས་ན་མང་པོ་ཐམས་ཅད་དང་། སངས་རྒྱས་ཀྱི་བུ་རྣམས་ཀྱི་རྩ་བའི་ཕྱི་མོ་ཞེས་བྱའོ།། འདི་ལྟ་སྟེ། སངས་རྒྱས་ཀྱི་བུ་རྣམས་ཀྱིས་ཀྱང་གཟུངས་སུ་བཟུང་བའི་རིགས་སོ།། ལེགས་པར ་བསླབས་པའི་རིགས་སོ། ། སངས་རྒྱས་ཀྱི་བུ་རྣམས་བརྟགས་པར་ཉོན་ཅིག། སངས་རྒྱས་ཀྱི་ཚུལ་ཁྲིམས་ནོད་ན་ནི་རྒྱལ་པོ་དང་རྒྱལ་བུ་དང་། བློན་པོ་ཆེ་ཕྲ་དང་། དགེ་སློང་ཕོས་སྤོས་དང་། གཟུགས་ཀྱི་ཁམ་ཀྱི་གནམ་བཅཝ ་བརྒྱད་དང་། འདོད་པའི་ཁམས་གནམ་དྲུག་དང་། གདོལ་པ་དང་ཉིད་གྲུམ་དང་། ཕོ་གཡམ་དང་། མོ་གཡེམ་དང་། བྲན་ཕོས་སྤོས་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། ཕྱག་བརྙན་དང་། བྱོལ་སོང་དང་། འཕྲུལ་ཞིང་འགྱུར་བ ་མི་ལ་སོགས་ཏེ་ཆོས་ཀྱི་མཁན་པོའི་ཚིག་བརྡ་ཕྲད་པའི་རྣམས་ཐམས་ཅད་ཚུལ་ཁྲིམས་གནོད་དུ་རུང་སྟེ། ཀུན་ཀྱང་མིང་རབ་ཏུ་གཙང་མ་ཞེས་བྱའོ།། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སོ་སོར ་ཐར་པ་ལ་བས་ཕམ་པ་བཅུ་ཡོད་དོ། ། སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་པ་ནི་ཚུལ་ཁྲིམས་འདི་ཁ་ཏོན་དུམ་བླགས་ན་བྱང་ཆུབ་སེམས་དཔའ་ཡང་མ་ཡིན། སངས་རྒྱས་ཀྱིས་བོན་ཡང་མ་ཡིན། ད་ཡང་། ་འདི་བཞིན་དུ་ཁ་ཏོན་དུ་ཀློག་གོ། ལོབས་ཟིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཕྱིས་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ངས་སོ་སོར ་ཐར་པའི་གཟུངས་ཀྱི་མདོ་ཙམ་ཞིག་བཤད་ཀྱིས་བསླབ་ཅིང་གཟུངས་སུ་གཟུང་བའི་རིགས་སོ། ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། བདག་གིས་བསད་པ་དང་། མི་གཞན་གསོད་དུ་བཅུག་པ ་དང་། ཐམས་ཅད་ཀྱིས་བསོད་པ་གསོད་པ་ལ་སྡོད་པ་གསོད་པ་མཐོང་ན་དགའ་བར་སེམས་པ། སྔགས་དང་། རྔད་མོ་བྱས་ཏེ་བསད་པ། གསད་པའི་རྒྱུ། གསད་པའི་རྐྱེན། གསད་པའི་ཆོས་བྱེད་པ། བསད་པའི་ལས་བྱེད ་ལ་སོགས་ཏེ་སེམས་ཡོད་དོ་ཅོག་ལ་ཆེད་ཀར་གསད་དུ་མི་རུང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་རྟག་པར་སྙིང་རྗེ་བ་དང་། སྲི་ཞུ་ཆེ་ཞིང་མི་འགལ་བའི་སེམས་རྟག་པར་གཡོས་ཏེ་བགས་ཀྱིས་སེམས་ཅན ་ཐམས་ཅད་ཀྱི་ར་མདའ་དང་། འོར་བ་བྱ་བའི་རིགས་སོ།། བདག་གིས་རང་ཉམས་བྱས་ཏེ་སྙིད་ཚིམ་པར་སེམས་ཅན་བས་དན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་གིས་མ་བྱིན་པར་བླང ་སམ། ཕ་རོལ་པོ་མ་བྱིན་པར་ལེན་དུ་བཅུག་གམ། ཐབས་ཀྱིས་མ་བྱིན་པར་བླངས་སམ། མབྱིན་པར་ལེན་པའི་རྒྱུ། མབྱིན་པར་ལེན་པའི་རྐྱེན། མབྱིན་པར་ལེན་པའི་ལས་བྱེད་པ། སྔགས་སྒྱུམ་བྱས་ཏེ་ནོར་ཁྱེར་ལསཿ ་ཏེ། ལྷ་མ་སྲིན་དང་། བདག་པོ་ཡོད་པ་དང་། ཡང་བློའི་ནོར་རྫས་དང་། ནོར་རྫས་སོ་ཅོག་ལ་ཁབ་དང་། རྩཝ་ཉག་མ་གཅིག་ལ་ངེས་ཆེད་ཀར་མ་བྱིན་པར་བླངས་སུ་མི་རུང་ངོ་།། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རང་བཞིན ་སྐྱེད་ལ། སྲིད་ཞུའི་ཡིད་དང་མི་འགལ་ཞིང་། བྱམས་ཞིང་སྙིང་རྗེ་བར་བྱས་ཏེ་རྟག་པར་སེམས་ཅན་ནོ་ཅོག་གི་ཡོན་ཏན་དང་། བསོད་ནམས་བསྐྱེད་པའི་རིགས་སོ།། དེ་ལ་སླར་ལོག་པར་མིའི་ནོར་རྫས་མ་བྱིན་པར་བླངས་ན་བྱང་ཆུབ་སེམས ་དཔའི་ཕས་ཕམ་པའོ། ། སངས་རྒྱས་ཀྱི་བུ་བདག་མི་ཚངས་པར་སྤྱོད་དམ། གཞན་མི་ཚངས་པར་སྤྱོད་པར་བསྟན་ནམ། བུད་མེད་དོ་ཅོག་ལ་མི་ཚངས་པར་སྤྱོད་པར་བྱེད་པ་དང་། གཞན་ལ་མི་ཚངས་པར་སྤྱོད་པ་དང་། མི་ཚངས་པར་སྤྱོད་དྲི ་རྒྱུ་དང་། མི་ཚངས་པར་སྤྱོད་པའི་རྐྱེན་དང་། མཚངས་པར་སྤྱོད་པའི་ཆོས་བྱེད་པ་དང་། མི་ཚངས་པར་སྤྱོད་པའི་ལས་བྱེད་པ་དང་། བྱོལ་སོར་དང་། ལྷ་དང་། ལྷ་མ་སྲིན་གྱི་བུ་མོ་ལ་མི་ཚངས་པར་སྤྱོད་པ་དང་། ཆོས་དང་འགལ་བའི་མཚམ ་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་ནི་སྲི་ཞུ་དང་མི་འགལ་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཐར་པའི་ར་མདའ་བྱ་ཞིང་ཆོས་གཙང་མ་གཞན་ལ་སྦྱིན་པའི་རིགས་སོ། ། དེ་ལ་སླར་མིའོ་ཅོག་ལ་མི་ཚངས་པར་སྤྱོད་པ་བསྐྱེད་དེ། ་བྱོལ་སོང་དང་། མ་དང་བུ་མོ་དང་། སྲིད་མོ་ལ་སོགས་ཏེ་གཉེན་པ་དྲུག་ལ་མི་ཚངས་པར་སྤྱོད་པ་བྱས་ཏེ། བྱམས་ཤིང་སྙིང་རྗེབ་མེད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་གས་བརྫུན་བྱས་སམ། ་རོལ་པོ་བརྫུན་ཟེར་བར་བསྟན་ནམ། ཐབས་ཀྱིས་བརྫུན་བྱས་པ་དང་། བརྫུན་གྱི་རྒྱུ་བྱས་པ་དང་། བརྫུན་གྱི་རྐྱེན་བྱས་པ་དང་། བརྫུན་གྱི་ཆོས་བྱེད་པ་དང་། བརྫུན་གྱི་ལས་བྱེད་པ་དང་། མཐོང་བ་ལ་མ་མཐོང་ཞེས་ཟེར་བ་དང་། མ་མཐོང་བ ་ལ་མཐོང་ཞེས་ཟེར་བ་དང་། ལུས་དང་སེམས་ཀྱིས་རྫུན་བྱས་པ་དང་། བྱང་ཆུབ་སེམས་དཔའ་ནི་རྟག་པར་ཚིག་དྲང་པོ་སྐྱེ་ཞིང་གཅིག་ཏུ་ན་སེམས་ཅན་གྱི་ཚིག་དྲང་པོ་བསྐྱེད་པ་ཡིན་ན། དེ་ལ་སླར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ཚི། ་མི་གྲང་བ་དང་། ཡོན་པོ་ལ་ལྟ་བ་དང་། ཡོན་པོའི་ལས་བྱེད་པར་བསྐྱོད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་སྤྲོ་བའི་ཁུ་བ་བདག་འཚོང་ངམ། ཕ་རོལ་པོ་སྨྱོ་བའི་ཁུ་བ་འཚོད་པར་བསྟན་ཏམ། ཐབས ་ཀྱིས་སྐྱོ་བའི་ཁྱབ་འཚོད་དམ། སྤྲོ་བའི་ཁུ་བ་འཚོད་པའི་རྒྱུ་བྱེད་དམ། སྤྲོ་བའི་ཁུ་ཐ་འཚོར་བའི་མྱི་བྱེད་དམ། སྐྱོ་བའི་ཁུབ་འཚེད་པའི་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བཱི་ལས་བྱེད་པ་ལ་སོགས་ཏེ། སྤྲོ་བའི་བུ ་པའོ་ཅོག་འཚོད་དུ་མི་རུང་། སྤྲོ་བའི་ཁུ་བའི་རྒྱུན་གྱིས་ཁ་ན་མ་ཐོ་བ་སྐྱེའོ།། བྱང་ཆུབས་མས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྣང་ཞིང་ཐར་པའི་ཤེས་རབ་བསྐྱོད་པའི་རིགས་ན། སླར་ལོག་པ་རི་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོཿ། ་གིས་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའི་ཕས་ཕས་པའོ།། སངས་རྒྱས་ཀྱི་བུ་རབ་ཏུ་བྱུང་བ་དང་། མབྱུང་བ་དང་། བྱང་ཆུབ་སེམམ་དཔའ་དང་། དགེ་སློང་དང་། དགེ་སློང་མའི་ཉེས་པ་བདག་གིས། འཕྱས་སུ་བྱས་པས་སམ། གཞན ་འཕྱས་བྱེད་པར་བསྟན་ཏམ། འཕྱ་བའི་རྒྱུ་བྱས་སམ། འཕྱ་བའི་རྐྱེན་བྱས་སམ། འཕྱ་བའི་ཆོས་དང་། འཕྱ་བའི་ལས་བྱེད་ན་བྱང་ཆུབ་སེམས་དཔའ་ནི་མུར་འདུག་དང་། ཐེག་པ་ཆུང་ངུ་རྣམས་གཉིས་བྱེད་པའི་མི་སངས་རྒྱས་ཀྱི ་ཆོས་ཀྱི་ནང་ན་ཆོས་མ་ཡིན། ཚུལ་ཁྲིམས་མ་ཡིན་ཞེས་ཟེར་ན། རྟག་པར་སྙིང་རྗེ་བསྐྱེད་དེ་ངན་པ་རྣམས་ཐེག་པ་ཆེན་པོ་ལ་ཡིད་དགའ། ཡིད་ཆེས་པར་བསྟན་ཅིང་བསླབ་པའི་རིགས་ན། དེ་ལ་བྱང་ཆུབ་སེམས་དཔའ ་སླར་ལོག་པར་སངས་རྒྱས་ཀྱི་ཆོས་ལ་དེས་ཤེས་བཤད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། ། སངས་རྒྱས་ཀྱི་ཐུལ་ལ་ཞིག་བདག་གིས་བདག་སྟོད་ཅིང་ཕར་སྤོད་པ་དང་། གཞན་ལ་བདག་སྟོད། ཕང་སྨོད་པར་སྟོན ་པ། སྡོད་པའི་ཆུ། སྨོད་པའི་རྐྱེན་བྱེད་པ། སྤྱོད་པའི་ཆོས་དང་། སྦེད་པའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པར་རྔ་དབབ་ཅིང་ང་ནསེམས་དཔའ་ནི་བདག་གིས་བླངས་ཏེ། དགེ་ཞིང་ལེགས ་པ་ནི་གཞན་ལ་སྦྱིན་པའི་རིགས་ན་ལ་ལ་ཞིག་གིས་བདག་གི་མ་ལེགས་པ་ནི་བསྙད་གཞན་གྱི་ལེགས་པ་ནི་བཅབས་ཏེ། གཞན་ལ་རྨད་དབབ་པར་བྱས་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག ་སེར་སྣ་ཆེའམ། གཞན་སེར་སྣ་ཆེ་བར་སྟོན་ཏམ། སེར་སྣ་ཆེ་བའི་རྒྱུ་བྱེད་དམ། སེར་སྣའི་ཆོས་བྱེད་དམ། སེར་སྣའི་ལས་བྱེད་ན་བྱང་ཆུབ་སེམས་དཔའ་ནི་དབུལ་པོ་འོངས་སོ་ཅོག་དང་། གཞན་ཇི་འདོད་པ་བཞིན་དགོས། ་སོ།། བྱང་ཆུབ་སེམས་དཔའི་སེམས་ལ་ངན་དུ་སེམས་ཤིང་སེམས་ལ་གཤེ་བ་དང་། དོད་ཚེ་གཅིག་གམ། ཁབ་ཅིག་གམ། རྩ་ཉག་མ་ཅིག་མི་སྟེར་རམ། ཆོས་འདོད་པ་ཞིག་འོངས་ན་ཚིག་གཅིག་ལེའུ་གཅིག། རྡུལ་ཙམ ་གྱི་ཆོས་ཀྱང་མ་བཤད་ལ། སླར་དག་ངན་པས་སྤྱོས་ཏེ་རྨ་ཕབ་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་ཁྲོ་འམ། མི་ཕ་ལོག་པོ་ཁྲོ་བར་སྟོན་ཏམ། ཁྲོ་བའི་རྒྱུ་བྱེད་དམ། ཁྲོ་བའི་རྐྱེན་བྱེད ་དམ། ཁྲོ་བའི་ཆོས་བྱེད་དམ། ཁྲོ་བའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་ཀྱི་ནང་ན་དགེ་བའི་རྩ་བ་བསྐྱེད་ཅིང་འཐབ་ཅད་རྩོད་པ་མེད་པར་བྱས་ལ་རྟག་པར་སྙེད་རྗེ་བསྐྱེད་ཅིང་བྱ་བའི་རིགས་ཀྱི། ཕྱིར་ལོག་པར ་སེམས་ཅན་ཐམས་ཅད་ཀྱི་ནང་ན་སེམས་ཅན་མ་ཡིན་པ་ལ་ཁ་ངན་པས་གཤེ་ཞིང་ལག་པས་འཚོག་པ་དང་། རལ་གྲི་དང་། དབྱིག་པས་གདབ་ཅིང་བརྡེག་ཀྱང་སྙིང་བརྩེམ་བྲི་སྟེ། ཕ་རོལ་པོ་འགྱོད་ཅིང་ཚིག་འཇམ་པོས ་འཆགས་ཤིང་གནོད་བཀུར་ཀྱང་ཁྲོ་བའི་མདུད་པ་མ་བཀྲོལ་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། ། སངས་རྒྱས་ཀྱི་བུལ་ལ་ཞིག་གིས་དཀོན་མཆོག་གསུམ་ལ་མ་ཡིན་ཞེས་ཟེར་རམ། གཞན་དཀོན་མཆོག ་གསུམ་ལ་མ་ཡིན་ཞེས་ཟེར་བར་བསྟན་ཏམ། མ་ཡིན་ཞེས་ཟེར་བའི་རྒྱུ་དང་། རྐྱེན་བྱེད་དམ། མ་ཡིན་པའི་ཆོས་བྱེད་དམ། མ་ཡིན་པའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་མུར་འདུག་དང་། ས་རབས་ཀྱི་ངན་ཚིག ་གཅིག་སངས་རྒྱས་ཀྱི་སྒྲ་སྐད་མ་ཡིན་ཞེས་ཟེར་བ་ཞིག་མཐོང་ངམ། ཐོས་ན་མདུང་རྩེ་ཁ་གསུམ་པ་སུམ་བརྒྱས་སྙིང་ལ་ཟུག་པ་དང་མཚུངས་ན། བདག་གི་ཁ་ནས་མ་ཡིན་ཞེས་ཟེར་བལྟ་སྨོས་ཀྱང་ཅི་དགོས་ཏེ། ཡིད ་ཆེས་པའི་སེམས་སྲི་ཞུ་དང་། མི་འགལ་བའི་སེམས་བསྐྱེད་པའི་རིགས་ན། སླར་ལོག་པར་མ་རབས་ལོག་པ་ལ་ལྟ་ཞིང་མ་ཡིན་ཞེས་ཟེར་བའི་གྲོགས་བྱེད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། དགེཞུགས ་སྤྱོད་པའི་རྣམས་ནི་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་འདི་བསླབས་པའི་རིགས་སོ། ། འདིའི་ནང་ནས་རྡུལ་ཕྲ་མོ་ཙམ་ཡང་ཞིག་ཏུ་མི་རུང་ན་ཚུལ་ཁྲིམས་བཅུ་ཆད་པར་བཤིག་པ་ལྟ་སྨོས་ཀྱང་ཅི་དགོས། ལ་ལ་ཞིག་གིས ་ཚུལ་ཁྲིམས་བཤིག་པ་ཞིག་ན་ད་ལྟར་གྱི་ལུས་ལ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་ལས་མ་ནུས་ཏེ། རྒྱལ་པོའི་གྲལ་ཡང་སྟེར། འཁོར་ལོ་བསྐོར་བའི་རྒྱལ་པོའི་གྲལ་ཡང་སྟོར། དགེ་སློང་དང་། དགེ་སློང་མའི་གྲལ ་ཡང་སྟོར། གཡོས་ཤིང་ཕྱོགས་པ་བཅུ་དང་། བསྐྱེད་ཅིང་གསོལ་བ་བཅུ་དང་། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང་། ས་བཅུའི་སངས་རྒྱས་ཀྱི་ངོ་བོ་ཉིད་རྟག་པའོ།། ཡོན་ཏན་ཟབ་མོ་ལ་སོགས་པ་ཟད་པར་སྟོར་ནས་ངན་སོང ་གསུམ་དུ་ལྷུང་སྟེ། བསྐལ་པ་གཉིས་སུམ་གྱི་བར་དུ་ཕ་མ་དང་། དཀོན་མཆོག་གསུམ་གྱི་མིང་མཁན་ཀྱང་མི་ཐོས་ཏེ། དེ་བས་ན་གཅིག་ཀྱང་གཞིག་ཏུ་མ་རུང་ངོ་།། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལོབས་པ་དང་། ་སློབ་པ་དང་། སློབ་པར་འགྱུར་བའི་རྣམས་ཚུལ་ཁྲིམས་འདི་བཅུ་བསླབས་ལ་གུས་པར་བྱོས་ཏེ་རྟག་པར་གཟུངས་སུ་གཟུང་བའི་རིགས་སོ།། གསལ་བར་ནི་ལེའུ་བརྒྱད་ཁྲི་བའི་ནང་ནས་རྒྱ་ཆེར་བཤད་དོ།། སངས་རྒྱས ་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཕས་ཕམ་པ་བཅུ་ནི་བཤད་ཟིན་ཏོ།། ལྟུང་བ་བཞི་བཅུ་རྩ་བརྒྱད་ནི་སངས་རྒྱས་ཀྱི་བུ་རྒྱལ་པོའི་གྲལ་ཐོབ་པའི་ཚེ་དང་། འཁོར་ལོས་བསྐོར་བའི་རྒྱལ་པོའི ་གྲལ་ཐོབ་པའི་ཚེ་དང་། བློན་པོའི་གྲལ་ཐོབ་པའི་ཚེ་དང་། སྔར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མནོད་པའི་རིགས་སོ།། འུང་ཏང་ལྷམ་སྲིན་ཐམས་ཅད་ཀྱང་རྒྱལ་པོའི་ལུས་དང་། བློན་པོའི་ལུས་ཀྱི་རིམ་གྲོ་དང ་སྐྱབས་བྱེད་དོ། ། སངས་རྒྱས་ཐམས་ཅད་ཀྱང་དགྱེས་སོ།། ཚུལ་ཁྲིམས་ཐོབ་ཟིན་ན་སྲི་ཞུ་དང་མི་འགལ་བའི་སེམས་དང་། སེམས་ལ་གུས་པར་བྱས་པའི་སེམས་དཔའ་བསྐྱེད་དེ། གྲལ་མཐོན་པོ་ན་འདུག་པའི་མཁན་པོ་དང་། ་སློབ་དཔོན་དང་། ཐེག་པ་ཆེན་པོ་ལ་ཚངས་པར་སྤྱོད་དུ་མཚུངས་པ་དང་། མཚུངས་པར་མཐོང་བ་དང་། ལས་འཐུན་པར་བྱེད་པ།། མཐོང་ན་ལངས་ཏེ་བསུ་ལ་ཕྱག་འཚལ་ཏེ་ནད་དྲི་བའི་རིགས་སོ།། བྱང་ཆུབ་སེམས་དཔའ ་སླར་དྲེགས་པའི་སེམས་དང་། ལེ་ལོའི་སེམས་དང་། གླེན་པའི་སེམས་བསྐྱེད་དེ་མ་ལངས། མ་བ་སུ། ཕྱག་མ་བྱས་ཏེ། ཇི་ལའང་ཆོས་བཞིན་དུ་ཞེས་དང་། རི་མོ་དང་། བདག་གི་ལུས་དང་། ཡུལ་འཁོར་དང་། ཕེཾ་སྨོས་དང་། ་ནོར་རིན་པོ་ཆེ་བདུན་ལ་སོགས་ཏེ་ནོར་རོ་ཅོག་བཙོངས་ལ་དགོས་སོ་ཅོག་མ་སྦྱར་ཏེ། དེ་ལྟར་མ་ནུས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ལ་ལ་ཆེད་ཀར་ཆད་འཐུང་ན་ཆང་གི་ཉེས་པ་སྐྱེས་ཏེ། དགེ་བའི་བསོད་ནམས་གྲངས་མེད ་པ་སྟོར་ཏོ། ། ལ་ལ་ཞིག་གིས་བདག་གི་ལུས་དང་ལག་གིས་ཆང་སྣོད་བླངས་ཏེ་མི་ཕ་རོལ་པོ་ལ་བྱིན་ཏེ། བླུད་ན་ཚེ་རབས་ལྔ་བརྒྱའི་བར་དུ་ལག་པ་མེད་པར་འོང་ན། བདག་འཐུང་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། ་མིའོ་ཅོག་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་ཆང་འཐུང་བར་བསྟན་དུ་མི་རུང་ངོ་།། བདག་རང་འཐུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་ཆེ་ཀར་འཐུངས་པ་དང་། ཕ་རོལ་པོ་ལ་བདེར་བ་ནི་ལྟུང་བའོ།། སངས ་རྒྱས་ཀྱི་བུ་ཤ་ཆེ་དཀར་ཟོས་པ་དང་། ཤོའོ་ཅོག་བཟར་མི་རུང་སྟེ། ཟོས་ན་སྙིང་རྗེ་ཞིང་བྱམས་པའི་རང་བཞིན་གྱི་ས་བོན་ཆད་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ནས་འཇིགས་ནས་སྤོང་ངོ་།། དེ་ལྟ་བས་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཤ་བཟར་མི་རུང་ངོ་། ། ཤ་ཟོས་པ་ནི་སྡིག་གྲངས་མེད་དེ་ཤ་ཟོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་དཀུ་བ་རྣམ་ལྔ་བཟར་མི་རུང་ངོ་།། སྒོག་པ་དང་། ཙོང་དང་། རྒྱ་སྒོག ་དང་། རི་སྒོག་རྣམས་དང་། ཤིང་ཀུན་དང་། འདི་རྣམ་ལྔ་ཁ་ཟས་སོ་ཅོག་གི་ནང་དུ་གཟར་མི་རུང་ངོ་།། ལ་ལ་ཞིག་ཆེད་ཀར་ཟོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱིས་ཚུལ་ཁྲིམས་བརྒྱད་དང་། ཚུ ་ཁྲིམས་ལྔ་དང་། ཚུལ་ཁམས་བཅུ་དང་། རྩ་བ་རྣམ་པ་བཞི་པཤིག་པ་དང་། ལོག་པ་བདུན་དང་། གནོད་པ་བརྒྱད་ཀྱི་ཚུལ་ཁྲིམས་བཤིག་པའི་སྡིག་བྱེད་པ་མཐོང་ན་མཐོལ་ཚངས་བྱེད་དུ་གཞུག་པའི་རིགས་སོ།། དེ་ལས་བྱང་ཆུབ ་སེམས་དཔའ་མ་བསྟན་ཏེ། མཐོལ་ཚངས་བྱེད་དུ་མ་བཅུག་ན། ལྷན་ཅིག་འདུག་འདུག་ཅིང་ཚངས་པར་སྤྱོད་དུ་མཚུངས་པའི་དགེ་འདུན་གྱི་རྣམས་གཅིག་ཏུ་ཚོགས་ཏེ་ཚུལ་ཁྲིམས་བཤད་པཱི་ཚེ་སྡིག་དངོས་སུ་བྱུང་གིས་ཉེས ་པ་མཐོལ་ཚངས་བྱེད་དུ་ཆུག་ཤིག། མ་བཅུག་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་མཁན་པོ་ཐེག་པ་ཆེན་པོ་ལ་ལྷན་གཅིག་ཏུ་ལྟ་བ་ལྷན་གཅིག་ཏུ་ལས་བྱེད་པ། དགེ་འདུན་གྱི་ཁང་ཁྱིམ་དང་། མཁར་དུ་འོངས་པ་མཐོང་ན ་རྒྱད་གྲགས་སྟོང་གི་ལམ་ན་ཚུར་འོངས་ནཱི་ན་བ་སུ། འགྲོ་བ་ནི་བསྐྱལ་ཅིང་ཕྱག་འཚལ་ཏེ། བཀུར་སྟི་དང་། རི་མོ་དང་། ཉིན་གཅིག་ཅིང་དུས་གསུམ་དུ་རི་མོ་བྱ་ཉི་མ་གཅིག་གི་ཟན་དུ་གསེར་སྲང་གསུམ་གྱི་ཁ་ཟས་དང་། ་ཁྲི་སྟན་དང་། ཆོས་ཀྱི་མཁན་པོ་ཅི་འདོད་དེ་ཅོག་དགོས་ཀྱང་ཀུན་སྦྱོར་ཏེ་བྱིན་ལ་རྟག་པར་ཆོས་ཀྱི་མཁན་པ་གཉེར་ཏེ། དུས་གསུམ་དུ་ཆོས་བཤད་དེ་ཉིན་ཅིག་ཅིང་དུས་གསུམ་དུ་ཕྱག་གུས་པར་འཚལ་ལ་ཁྲོ་བའི་སེམས ་དང་། མྱ་ངན་གྱི་སེམས་མི་སྐྱེ་བར་བགྱིས་སོ།། ཆོས་ཀྱི་ཕྱིར་ལུས་དང་བསྔོས་ཏེ་ཆོས་གསོལ་ལོ།། དེ་ལྟར་མ་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་གང་ལ་ཡང་རུང་སྟེ། ཚུལ་ཁྲིམས་དང་མདོ་སྡེ་འཆད་པའི་ཁང་ཁྱིམ ་ཆེན་པོ་ནདན་ཆོས་འཆད་པ་ཡོད་ན། བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་ཚུལ་ཁྲིམས་ཀྱི་གླེགས་བམ་ཁྱེར་ཏེ། ཆོས་ཀྱི་མཁན་པོའི་གནས་སུ་སད་ལ། གསོལ་ཏེ་དྲི་ཞིང་མནོད་པའི་རིགས་སོ།། ལ་ལ་ཞིག་རི་དང་། ་ཚལ་དང་། ཤིང་ག་དང་། དགེ་འདུན་གྱིས་དང་། ཁྱིམ་སྨིན་དང་། ཟས་འཆད་ད་ཅགགས་ཕྱིན་པར་བྱས།། མཉན་ཅང་འད། དབ་གནས་སུ་སོང་སྙམ་མཉན། མ་མནོས་ན་གང་བའོ།། སངས་རྒྱས་ཀྱི་བུསེམས་ནི ་བརྒྱན་པ་དང་འགལ་ཞུང་། རྟག་པར་སངས་རྒྱས་ཀྱི་ཡྀ་དང། ཚུལ་ཁྲིམས་ལ་འདུག་ཀྱང་ཁར་སྨན་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནས་ཟེར་ན། རྟག་པར་ཐེག་པ་རླུང་དུ་རྣ་མ་གཉིས་དང་། སྱཱང་འདུག་གི་ཆོས་ལ་ལྷ་ཞིང ་ལོག་པར་ལྟ་བའོ་ཅོག་གི་ཚུལ་ཁྲིམས་དང་། ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་མི་ནད་ཀྱིས་བཏབ་པོ་ཅོག་རྟག་པར་རིམ་གྲོ་བྱས་ཏེ། གསོས་ལ་སངས་རྒྱས་དང་མཚུངས་པར་བྱས་ན་དགེ་བ ་བསོད་ནམས་རྣམ་པ་བརྒྱད་ཀྱི་ནང་ན་ནང་པ་ལ་ལྟ་ཞིང་གསོས་པའི་དགེ་བའི་བསོད་ནམས་ནི་བསོད་ནམས་ཀྱི་དམ་པའོ། ། ཕ་མ་དང་། མཁན་པོ་དང་། དགེ་འདུན་དང་། སློབ་མ་འམ། དབང་པོ་མ་ཚང་བ་ནད་དོ་ཅོག་གིས་བཏབ་ཅིང ་ཉོན་མོངས་ན་ཀུན་ཀྱང་བསོས་ཏེ་སོས་པར་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ལྟག་ཤེ་ཞིང་ངན་སེམས་ཀྱིས་དགེ་འདུན་གྱི་ཁྱིམ་དང་། ཡུལ་མཁར་དུ་མ་ཕྱིན་པ། དབྱེ་དང་། རི་ལུང་དང་། འཁོར་དང་། ཚལ་ན་ནད ་པ་འདུག་པ་མཐོང་སྟེར་མདའ་དང་། རིམ་གྲོམ་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རལ་གྲི་དང། མདའ་གཞུ་དང་། མདུང་དང་། སྟ་རེ་ལ་སོགས་ཏེ་ཐབ་མོའི་སྤྱད་མཚོན་ཆ་དང་། སེམས་ཅན་གསོད་པའི་སྤྱད་དང་། འདྲ་བ་རྒྱ་རྣམ ་ལ་སོགས་པ་འཆང་དུ་མི་རུང་ངོ་། ། བྱང་ཆུབ་སེམས་དཔའ་ནི་ཕ་མ་གཞན་གྱིས་བསད་ཀྱང་ཤ་མི་གླན་ན། སེམས་ཅན་ཐམས་ཅད་བསད་པ་ལྟ་སྨོས་ཀྱང་ཅི་དགོས། མཚོན་ཆ་ཆེད་ཀར་འཆད་པ་ན་ལྟུང་བའོ།། འདི་ལྟ་བུའི ་ཚུལ་ཁྲིམས་རྣམ་བཅུ་ནི་བསླབས་ཏེ། རྟག་པར་གཟུངས་སུ་བཟུང་བའི་རིགས་སོ།། འོག་མ་ལེའུ་དྲུག་གི་ནང་ན་རྒྱ་ཆེར་བཤད་དོ།། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་ཁ ་འདོད་པའི་ཕྱིར་སེམས་ངན་པ་བསམས་ཏེ། ཉ་འགགཡུལ་དུ་ལ་ཉར་འདྲུལ་བར་དམག་གི་གཡུལ་བཤམས་ཏེ། དམག་བསྐྱོད་ནས་འཐབས་ཏ་སེམས་ཅན་མང་བ་བསད་ན་བྱང་ཆུབ་སེམས་དཔའ་དམག་གོ། ་ནང་དུ་སོང་ཞིང་།། ཕན་ཚུན་དུ་འདྲུལ་ཡང་མི་རུང་ན་ཆེད་དཀར་ཡུལ་གྱི་དགྲ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཆེ་དགར་བྱེད་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་བླ་འབངས་དང་། བྲན་པོས་སྨོས་དང་། ཕྱུགས་བདག་སྣ་དྲུག་དང ་གཤིན་སྦོམ་དོ་བཞུག་པའི་སྣོད་ལ་སོགས་པ། ཁེ་དང་ཚོར་སྤོགས་བདག་གིས་ཀྱང་བགྱི་བའི་མི་རིགས་ན་གཞན་ལ་བྱེད་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་ཚེ་དགར་བྱེད་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུས་པན ་སེམས་བསྐྱེད་དེ་ཕ་རོལ་པོ་དགེ་བ་ངེས་པ། ཆོས་ཀྱི་མཁན་པོ། དགེ་འདུན་རྒྱལ་པོ། ཡ་རབས་བཙུན་པ་ལ་མཉེས་པར་ལོག་པ་བདུན་དང་། ཁས་ཕམ་པ་བཅུ་དང་། ཕ་མ་དང་། ཕུ་བོ་ནུ་བོ་དང་། གཉེན་པ་རྣམ་དྲུག་གི་ཚུལ་ཁྲིམས་བཤིག ་གོ་ཞེས་བཀུར་ན་སྲེ་ཞུ་དང་མོ་འགལ་ཞིང་བྱམས་ཤིང་སྙིང་རྗེ་བའི་སེམས་བསྐྱེད་པའི་རིགས་ཀྱི། དེ་ལ་སླར་ལོག་པའི་གནོད་པ་སྐྱེད་ན་མི་བདེ་བའི་གནས་སུ་ལྟུང་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། ཆེད་ཀར ་ཆེན་པོ་བཏང་ལ་རི་དང་། ཚལ་དབྱེ་དང་། རི་ལུང་དབྱར་ཟླ་རབ་མན་ཆད། སྟོན་ཟླ་ཐ་ཆུང་ཡན་ཆད། བསྲེགས་སམ། ལ་ལ་ཞིག་གིས་མེ་བཏང་སྟེ། གཞན་གྱི་ཁང་ཁྱིམ་དང་། མཁར་དང་། གྲོང་དང་། དགེ་འདུན་གྱི་ཁྱིམ་དང་། 8 ་དང་། བསྐྱེད་ཤིང་དང་། ལྷ་མ་སྲིན་དང་། བླའི་དཀོར་ལ་སོགས་ཏེ་བདག་པོ་ཡོད་དོ་ཅོག་གི་ནོར་རྫས་བསྲེག་དུ་མི་རུང་ངོ་།། ལ་ལ་ཞིག་གིས་ཆེད་ཀར་བ་སྲེགས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་སློབ་མ་བདག་དང་། མུང ་འདུག་དང་། གཉེན་རྣམས་དྲུག་ལ་སོགས་ཏེ། དགེ་བའི་བཤེས་གཉེན་ནོ་ཅོག་ཀུན་ཀྱང་ཅི་ཡང་ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ནོད་ཅིང་གཟུངས་སུ་འཛིན་པར་བསྟན་པའི་རིགས་སོ།། གཞུང་དང་ལུགས་ཤེས་ཤེ ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་། བསྐྱེད་ཅིང་གསོལ་བའི་སེམས་བཅུ་དང་། རྡོ་རྗེ་འཆོས་ཀྱི་སེམས་གཡོ་བར་བསྟན་ཏེ། གཅིག་ནས་གཅིག་ཏུ་གོར་མས་དང་། ཆོས་ཀྱིས་ཆོག་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ ་ལ་བྱང་ཆུབ་སེམས་དཔས་ངན་སེམས་དང་། ཞེ་སྡང་བསྐྱེད་དེ། གཞན་ཉན་ཐོས་ཀྱི་ཐེག་པ་ཆུང་རྣམ་གཉིས་ཀྱི་ཚུལ་ཁྲིམས་དང་། ཡི་གེ་དང་། མུར་འདུག་དང་། ལོག་པར་ལྟ་བའི་བཤད་པ་བསྟན་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི ་བུ་ལེགས་པའི་སེམས་ཀྱིས་སྔར་ཐེག་པ་ཆེན་པོའི་གོ་ཆ་དང་། ཚུལ་ཁྲིམས་དང་། ཡི་གེ་བསླབས་ནས་རྒྱ་ཆེར་ཕྱེ་ནས་བཟུང་གི་རོཅོ་ཐོབ་ཤེས་ནས་བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་རླུང་གྲགས་བརྒྱ་སྟོང་གི་ལམ་ནས་ཐེག་པ ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་འདོད་ཅིང་འོང་བ་མཐོང་ན། ཆོས་ཀྱི་ཕྱིར་དཀའ་ཐུབ་སྤྱོད་པ་ཆོས་བཞིན་བཤད་པའི་རིགས་སོ།། དཀའ་ཐུབ་ཅེས་བྱ་བ་ནི་ལུས་བསྲེགས་པ། ལག་རར་བསྲེགས་པ་སོར་མོ་བསྲེགས་པའོ།། དེ་ལ ་ལུས་དང་། ལག་ངར་དང་། སོར་མོ་བསྲེགས་ཏེ། སངས་རྒྱས་ཐམས་ཅད་ལ་ཡོན་དུ་མ་གསོལ་ན། དེའི་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། སྟག་དང་སྤྱང་གི་དང་། སེང་གེ་ལྟོགས་པ་ལ་སོགས་པ་དང་། འདྲེ ་ལྟོགས་པ་ལ་སོགས་པ་ཐམས་ཅད་ལ་ལུས་ཀྱི་ཤ་དང་། རྐང་ལག་གཏོང་ཕོད་པར་བྱས་ཏེ། བྱིན་ལ་དེ་ནས་གཅིག་ནས་གཅིག་ཏུ་མཐར་གྱིས་ཡང་དག་པའི་ཆོས་བཤད་དེ། སེམས་ནི་ཕྱེ། ཡིད་ནི་གོལ་བར་བྱའོ།། དེ་ལ་བྱང ་ཆུབ་སེམས་དཔའ་བདག་བསོ་བའི་ཁེ་འདོད་པའི་ཕྱིར། ལན་གླན་པའི་རིགས་པ་ནམ་བླན་གྱི། ཡི་གེ་དང་། ཚུལ་ཁྲིམས་རི་མོ་དང་། འབྲུ་ཕྱིན་ཅི་ལོག་ཏུ་བཤད་ནས་སྔ་ཕྱི་མེད་པར་དཀོན་མཆོག་གསུམ་ལ་འཕྱ་ཞིང་འཆད་པན ་ལྟུང་བའོ། ། སངས་རྒྱས་ཀྱི་བུ་བདག། ཁ་ཟས་དང་། ནོར་རྫས་དང་། གསོ་བའི་ཁེ་དང་། མིང་སྙན་པའི་ཕྱིར་རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་ལ་སོགས་པ་གཉེན་ཞེས་ཟེར་ཏེ། སྙེམས་ཤིང་ནན་གྱིས་ནོར་སློང་ལ། ་བཙན་དག་གིས་བསྡིགས་ཏེནན་གྱིས་ནོར་དང་། ཁེ་ཚལ་ལོ་ཅོག་གི་མིང་ནི་ངན་པ་མང་པོ་ཚོལ་ཞེས་བྱའོ།། གཞན་ལ་ཡང་སྙིང་རྗེ་མེད་ཅིང་སི་ནུ་དང་མི་འགལ་བའི་སེམས་ཡོད་མེད་པར་བསྟན་པ་ནི་ལྟུང་བའོ།། ་སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཁ་ཏོན་ཏུ་ཀློག་པ་སློབ་པ་ནི་ཉིན་ཅིག་ཅིང་དུས་དྲུག་ཏུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཟུང་ལ། དེའི་གཞུང་དང་། དོན་སངས་རྒྱས་ཀྱི་བ་ཉིད་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ཚུལ ་ཁྲིམས་ཀྱི་ཡོན་ཏན་ཚིག་གཅིག་ལའུ་གཅིག་ཀྱང་མི་ཤེས་པར་སྒྱུ་མའི་ཚིག་ཏུ་ནུས་ཤེས་ཟེར་བ་ནི་བདག་ལ་བརྙས་ཤིང་བསླུས། གཞན་ལ་ཡང་བརྙས་ཏེ་ཆོས་སོ་ཅོག་རྣམ་པ་གཅིག་ཀྱང་མིགས་པར་གཞན་ལ་མཁན ་བྱེད་ཅིང་ཚུལ་ཁྲིམས་སྟོན་པ་ནི་ལྟུང་བའོ། ། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། ཚུལ་ཁྲིམས་འཛིན་པའི་དགེ་བའི་ལག་ན་པོག་སྣོད་ཁྱེར་ཏེ། བྱང་ཆུབ་སེམས་དཔའི་ལས་བྱེད་པ་ལ་མཐོང་ནས་ཕན་ཚུན་གཉིས་ཀྱིཐ ་དུ་བར་བཅུག་སྟེ། འཕགས་པའི་མི་ལ་བརྙས་མ་ཤིན་བྱེད་ཅིང་ངན་མི་བྱེད་པ་མེད་དེ་ཞེས་སྐུར་ཏེ། དེ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སྙིང་རྗེ་སྤྱད་དེ་ནིའང་མི་གསད་པར་བཏང་བའི་ལས་བྱེད་ཅིང་པོའོ ་ཅོག་ནི་བདག་གི་པ་ཡིན། མོ་འོ་ཅོག་ནི་བདག་གི་མ་ཡིན། བདག་སྔན་ཆད་ཀྱི་ཚེ་རབས་ལ་ག་ར་སྐྱེས་སོ་ཅོག་ན་ཡང་དེ་དག་ལ་ས་མ་སྐྱེས་པ་མེད་པས་ན་འགྲོ་བ་དྲུག་གི་སེམས་ཅན་བདག་གི་ཕ་མ་ཡིན་ཏེ། དེ་བསད་ཅིང་ཟོས ་བདག་གི་ཕ་མ་བསད་དོ། ། གཅིག་ཏུ་ན་བདག་གི་ལུས་སྙིང་བ་བསད་དོ།། ས་དང་ཆུ་ཐམས་ཅད་ནི་བདག་གི་ལུས་སྔ་མ་ཡིན་ནོ།། མེ་དང་རླུང་ངོ་ཅོག་ནི་བདག་གི་གཟུགས་ཀྱི་ཕྱི་མོ་ཡིན་པས་རྟག་པར་གསོན་པོར་བཏང་བའི ་ལས་བྱེད། གར་སྐྱེས་གར་སྐྱེས་ཀྱང་སེམས་ཅན་བསོད་པ་མཐོང་ན་ཐབས་སྤྱད་དེ་བདག་གིས་འོར་བ་དང་མདའ་བྱས་ཏེ། ཉོན་མོངས་ཤིང་ཕོངས་པ་ཐར་བར་བྱའོ།། རྟག་པར་བྱང་ཆུབ་སེམས་དཔའི་ཚལ་ཁྲིམས་བཤད ་དེ་བསྟན་བསླབས་ནས་སེམས་ཅན་ཐར་པའི་རམདའ་བྱའོ། ། པ་མ་དང་། བུ་ཕོ་དང་ནུ་བོ་ཞིག་ཤིན་དེ་ཉིན་པར་ཆོས་ཀྱི་མཁན་པོ་གཉེར་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་ན་དེའི་བསོད་ནམས་ཀྱིས་ཤི་བ་དེ་སངས་རྒྱས ་ཐམས་ཅད་དང་ཕྲད་དེ་མཐོ་རིས་སུ་སྐྱེའོ། ། དེ་ལྟར་མ་བྱས་ན། ལྟུང་བའོ།། །། ཆོས་ཀྱི་རྒྱ་མོ།། བམ་པོ་གཉིས་པ་སྟེ་ཐ་མའོ།། འདི་ལྟ་སྟེ། ཚུལ་ཁྲིམས་འདི་བཅུ་བསླབས་ན་སེམས་གུས་པར་གཟུངས་སུ་བཟུང ་བའི་རིགས་སོ། ། སྡིག་བཀྲུ་བའི་ལེའུའི་ནང་ནས་ཀྱང་ཚུལ་ཁྲིམས་གཅིག་པུ་གཅིག་ནས་རྒྱ་ཆེ་ཞིང་བསལ་བར་བཤད་དོ།། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། ཁྲོས་པའི་ལན་ཁྲོས་པས་མི་གླན། ་བསྡིག་པའི་ལན་བརྡེག་པས་མི་གླན། ཕ་མ་དང་། ཕུ་ནུ་བོ་གཉེན་རྣམ་དྲུག་བསད་ཀྱང་ཤ་གླན་དུ་མི་རུང་ངོ་།། གཞན་ཞིག་གིས་ས་བདག་གི་རྒྱལ་པོ་བསད་ཀྱང་ཤ་གླན་དུ་མི་རུང་ངོ་།། སྲོག་གཅོད་ཅིང་ཤ་གླན་ན་སྲི་ཞུའི་ཆོས ་དང་འགལ་ལོ། ། བྲན་པོས་སྨོས་ལ་དག་ངན་པས་སྤྱོས་ཤིང་བསྡིགས་ལ་ཉིན་གཅིག་ཅིང་ལས་ངན་པ་རྣམ་གསུམ་བསྐྱོད་པ་ལ་ཡང་སྡིག་གྲངས་མེད་ན་ཆེད་ཀར་ལོག་པ་སྣ་བདུན་གྱི་སྡིག་བྱས་པ་ལྟ་སྨོས་ཀྱང་ཅི་བགོས་ཏེ། ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེ་མེད། གཉེན་རྣམ་དྲུག་ལ་སོགས་པའི་ཤ་གླན་པ་ཆེད་ཀར་བྱེད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་གདོད་མ་དང་པོ་རབ་ཏུ་བྱུང་སྟེ། ཇིའང་མི་ཤེས་པར་བདག་དབང་པོ་རྣོལ ་འཛངས་པར་རློམ་ཞིང་ལ་ལ་ནི་ལོ་གྲངས་རྒན་ཞིང་ཕྱུག་བཙན་སྙེམས་ཏེ། ལ་ལ་རུས་ཆེ་ཞིང་ཐབས་ན་མཐོ་བ་དང་། མང་དུ་ཤེས་པ་དང་། དབང་ཆེ་བ་དང་། ནོར་རིན་པོ་ཆེ་སྣ་བདུན་མང་དུ་བདོག་པས་རྒྱགས་དྲེགས་སྔན་ཆད་ཆོས ་ཤེས་པའི་མཁན་པོ་ལ་ཡི་གེ་དང་། ཚུལ་ཁྲིམས་མི་གསོལ། མི་གནོད། ཆོས་ཀྱི་མཁན་པོ་ལ་ལ་ནི་རུང་ཆུད། ལ་ལ་ནི་ནས་གཞོན། ལ་ལ་ནི་ཐབས་ཆུང། ལ་ལ་ནི་དབུལ། ལ་ལ་ནི་དབང་པོ་མཚར་ཡང་ལེགས ་པིའི་ཆོས་དབེན་པ་ཡོདདེ། ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་སོ་ཅོག་ཟད་པར་ཤེས་ན་བྱང་ཆུབ་སེམས་དཔའ་གསར་དུ་སློབ་པོ།། ཆོས་ཀྱི་སློབ་དཔོན་མ་རིག་པ་དང་། ཐབས་ལ་འཕྲལ་གང་དུ་བལྟས་ཤིང་ཆོས་ཀྱི་མཁན་པོ་ལ ་ཡང་དག་པའི་བདེན་གཞུང་དོ་ཅོག་གསོལ་ཞིང་ནོད་དུ་མ་འོངས་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱིན་སེམས་དགེ་བས་སངས་རྒྱས་ཀྱི་ཁྲིམས་འདོད་ཅིང་ནོད་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི ་གཟུགས་ཀྱི་སྤྱན་སྔར་བདག་གི་སེམས་ལ་ཡི་དམ་བཅས་ཏེ། ཞག་བདུན་གྱི་བར་དུ་སངས་རྒྱས་ཀྱི་སྤྱན་སྔར་མཐོལ་ཚངས་བྱས་ལ། ལྟས་བཟང་པོ་མཐོང་བ་ནི་ཚུལ་ཁྲིམས་ཐོབ་པོ།། ལྟས་བཟང་པོ། ་མ་མཐོང་བ་ནི་ཞག་བདུན་གཉིས། བདུན་གསུམ། ལོ་གཅིག་གི་བར་དུ་ལྟས་བཟང་པོ་མཐོང་བའི་དྲོད་ཀྱིས་གཟུང་ངོ་།། ལྟས་བཟང་པོ་མཐོང་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས ་མནོད་དེ། ། ལྟས་བཟང་པོ་མ་མཐོང་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་མནོད་ཀྱང་མིང་ཚུལ་ཁྲིམས་ཐོབ་པ་ཞེས་མི་བྱའོ།། ལ་ལ་ཞིག་གིས་སྔོན་ཆད་བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་མནོས་པའི་མདུན་དུ་ནོད་ན་ལྟས་བཟང་པོ་མི་དགོས་སོ། ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཁན་པོ་གཅིག་ནས་གཅིག་ཏུ་བསྟན་པས་ན་ལྟས་བཟང་པོ་མི་དགོས་སོ།། ཆོས་ཀྱི་མཁན་པོ་དེའི་མདུན་དུ་ཚུལ་ཁྲིམས ་མནོས་ན་ཚུལ་ཁྲིམས་ཀྱང་ཐོབ་སྟེ་གུས་པའི་སེམས་སྐྱེའོ། ། རྒྱང་གྲགས་སྟོང་ལམ་ཚུན་ཆད་ཚུལ་ཁྲིམས་སྦྱིན་ནུས་པའི་མཁན་པོ་མེད་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམ ་ནོད་ན་ལྟས་བཟང་པོ་མཐོང་བར་དགོས་སོ། ། ཆོས་ཀྱི་མཁན་པོ་ལ་ལ་ཞིག་བདག་ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ཤེས་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་རྣམས་བྱམས་ཤིང་མཛའ་བསྙེམས་ཏེ། བྱང ་ཆུབ་སེམས་དཔའ་གསེར་དུ་སློབ་པ་ཆོས་ཀྱི་ཡི་གེའི་ལུགས་དང་། ཚུལ་ཁྲིམས་ཀྱི་གཞུང་འདྲར་འོངས་པ་ལ་བརྙས་པའི་སེམས་དང་། ངན་སེམས་དང་། ལེ་ལོའི་སེམས་ཀྱིས་གཅིག་པུ་གཅིག་པུ་ནས་འདྲི་བའི་ལན་མ་བླ་ན་ན་ལྷྭ ་བའོ། ། སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་ཆོས་དང་། ཚུལ་ཁྲིམས་ཀྱི་ཡི་གེ་དང་། ཐེག་པ་ཆེན་པོའི་དྲང་པོའི་ཆོས། དྲང་པོར་མཐོང་བ། དྲང་པོའི་ངོ་བོ་ཉིད། དྲང་པོའི་ཆོས་ཀྱི་ལུས་ཀྱིས་འགྲུབ་པར་སློབ་ཅིང་སྤྱོད་སྒྲོམ་མི་ནུས་པ་རྣམ ་ནིདཀོན་མཆོག་བདུན་བདུན་བཏང་སྟེ། སླར་ལོག་པར་བལྟས་ཏེ་ཐེག་པ་ཆུང་ངུ་རྣམ་གཉིས་དང་། མུར་འདུག་གི་ཆོས་དང་། མ་རབས་ཀྱི་གཞུང་ལ་སྟེན་པ་དང་། ཨ་བྷི་དྷརྨ་བཤད་པ་སློབ་པ་དང་། ཐེག་པ་ཆུང་ངུའི་ཡི་གེ་དང་། འདུག ་པར་སློབ་ན་དེ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ཆད་པས་ལམ་འགོག་པས་བསྒྲིབས་པའི་རྒྱུ་རྐྱེན་ཀྱིས་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་ནོ། ། དེ་ལྟ་ན་ཆེད་ཀར་བྱས་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་སངས་རྒྱས་འདས ་པའི་ཕྱིན་ཆོས་འཆད་པ་བདག་པོ་བྱེད་པ་དང་། དགེ་འདུན་གྱི་ཁྱིམ་བདག་པོ་དང་། སྟོན་ཅིང་འཕྲུལ་བའི་བདག་པོ་དང་། བསམ་གཏན་དུ་འཛག་པའི་བདག་པོ་དང་། འགྲོ་ཞིང་འོངས་པའི་བདག་པོ་དང་། དེ་ལྟ་བུ་བྱེད་ན་བྱམས་པའི ་སེམས་བསྐྱེད་ལ་མི་མཛའ་སྟེ། འཐབ་ཅིང་རྩོད་པ་ཡང་དག་པར་བསྡུམ་པའི་རིགས་སོ།། དཀོན་མཆོག་གསུམ་གྱི་ནོར་ཡང་དགེ་པར་བསྲུངས་ཏེ་མ་འོས་པར་མི་སྤྱད་། བདག་གིས་བདག་གི་སྒོར་བབ་པ་དང་། མཚུངས་པར་བྱའོ།། ་དེ་ལ་ལས་ལོག་པར་མང་པོ་འགྲུབ་ཅིང་འབད་པ་དང་། རང་ཉམས་ཀྱི་སེམས་ཀྱིས་དཀོན་མཆོག་གསུམ་གྱི་ནོར་སྤྱད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སྔོན་ཆད་དགེ་འདུན་གྱི་ཁྱིམ་གྱི་ནང་ན་འདུག་ལ་བྱང་ཆུབ་སེམས་དཔའ་དང་། ་དགེ་སློང་འགྲོན་པོ་ཞིག་ཕྱིས་དགེ་འདུན་གྱི་ཁང་ཁྱིམ་དང་། མཁར་དང་། གྲོང་དང་། རྒྱལ་པོའི་ཁྱིམ་དང་། དབྱར་ཚུལ་ཏུ་ཞུགས་པའི་ཚེ་དང་། འཁོར་གྱི་ནང་དུ་འོངས་པ་མཐོང་ན། སྔ་ན་འདུག་པའི་དགེ་འདུན་གྱིས་འོང་ན་ནི ་བསུ་འགྲོ་ན་ནི་བསྐྱལ་ཏེ། ཟས་ཀྱི་སྟི་སྟང་དང་། ཁང་ཁྱིམ་ཉལ་བའམལ་ཆ་དང་། ཁྲི་དང་། སྔ་སྔ་ནས་སྦྱར་ཏེ་སྦྱིད་ནི།། ལ་ལ་ཞིག་བདག་ལ་ནོར་མེད་ན་བདག་གི་ལུས་དང་། བུ་ཕོ་དང་། བུ་མོ་དང་བཙོངས་ཏེ། ཅི་འདོད་པ ་ཀུན་སྦྱར་ཏེ་སྦྱིན་དགོས་སོ། ། སྦྱིན་བདག་ལ་ལ་ཞིག་འོངས་ཏེ། དགེ་འདུན་ཕ་ལ་དང་། དགེ་འདུན་གྱི་འདྲོན་པ་ཞིག་གཉེར་ཏེ། ཡོན་བྱིནོ་སྐལ་པ་ཡོད་པའི་སང་དགེ་འདུན་ཕྱིམ་བདག་པོས་དགེ་འདུན་འདྲོན་པའི་རྣམས་རིམས་ཀྱིས་གཉེར་བ་བཏང་སྟེ། དེ་ལས་དགེ ་འདུན་སྔ་ནས་འདུག་པས་བདག་འབའ་ཞིག་གཉེར་བར་སོང་སྟེ། དགེ་འདུན་འདྲོན་པོ་མ་བཏང་ན་དགེ་འདུན་གྱི་ཁྱིམ་གྱི་བདག་པོ་སྡིག་གྲངས་མེད་པར་ཐོབ་སྟེ་བྱོལ་སོང་དང་མཚུངས་སོ།། དགེ་སྦྱོང་མ་ཡིན་ཤཱཀྱའི་རིགས་ཀྱི་ས་བོན་ཡ ་མ་ཡིན་ཏེ། དེ་ལྟར་བྱས་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཅི་ཡང་གོ་རིམས་སུ་མ་བབ་པར་ལོགས་ཤིག་ཏུ་ཡོན་བླངས་ཤིང་བདག་གིར་བཀུར་དུ་མི་རུང་ངོ་།། དེ་ལྟ་བུའི་ཡོན་གྱི་ནོར་རྫས་ནི་ཕྱོགས་བཅུའི་དགེ་འདུན་དབང་སྟེ། དེ་ལ་ལོག ་ཤིག་ཏུ་མནོས་ཤིང་ཁྱེར་ན་ཕྱོགས་བཅུའི་དགེ་འདུན་གྱི་ནོར་བདག་གི་སྒོར་ཁྱེར་ན་བསོད་ནམས་རྣམ་པ་བརྒྱད་དང་། སངས་རྒྱས་དང་། འཕགས་པ་རྣམས་དང་། མཁན་པོ་དང་། དགེ་འདུན་དང་། ཕ་མ་དང་། ནད་པའི་རྫས་བདག་གྲི ་སྤྱད་ཀྱིས་ལྟུང་བའོ། ། སངས་རྒྱས་ཀྱིས་བུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དང་། རབ་ཏུ་མ་བྱུང་བའི་སྦྱིན་བདག་གིས་དགེ་འདུན་གཉེར་ཏེ། བསོད་ནམས་བསྐྱེད་ཅིང་སྨོན་ལམ་གསོལ་ན་དགེ་འདུན་གྱི་ནང་དུ་སོང་ན་དགེ་སྐོས ་ལྀ་དྲིས་ཏེ། དེ་རིང་གོ་རིམས་གང་ལ་བབ་པ་གཉེར་ན་ཕྱོགས་བཅུའི་འཕྲུལ་གྱི་དགེ་འདུན་འཐོབ་བོ།། གུང་ནས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་དང་། དོག་འདུན་ལྔ་བཅུ་གཉེར་བབས་གོ་རིམས་སུ་བབ་པའི་དགེ་འདུན ་ཐ་མལ་པ་ཅིག་གཉེར་བ་བསོད་ནམས་ཆེའོ། ། དེ་ལས་དགེ་འདུན་གཞན་གཉེར་བ་ནི་མུར་འདུག་ངན་པའི་ཆོས་སོ།། སངས་རྒྱས་བདུན་ལ་ནི་གུང་ནས་གཉེར་བའི་ཆོས་མེད་དོ།། སྲི་ཞུའི་ལམ་དང་འགལ་བས་གུད་ནས་དགེ་འདུན་གཉེར ་བ་ནི་ལྟུང་བའོ། ། སངས་རྒྱས་ཀྱི་བུ་ངན་སེམས་སྤྱད་དེ་གསོ་བའི་ཁེའི་ཕྱིར་ཕོས་སྤོས་ཀྱི་གཡེམ་པ་འཚོང་བའི་བདག་དར་ཅིང་ཟན་བྱེད་པ་དང་། བདག་རྡུང་བ། བདག་འདུ་བ་པོས་སྨོས་ཀྱི་མཚན་ལྟ་རྨི་ལམ་བཟང་ངན་འགྲོ་ལ་ཐོ་ཞེས་ཟེར ་མོ་ཞེས་ཟེར། ལོག་པའི་ཆོས་ཀྱི་སྔགས་སྒྱུ་མ་རང་བཟོར་ཟེར། དགྲ་བསླབ་པའི་ཆོས་བྱེད། དུག་གོ་ཅོག་སྦྱོར་ཞིང་བྱེད་ལ་དུག་རྩི་རྣམ་པ་བརྒྱད་སྟོང་བྱེད་དེ་སྦྲུལ་དྲུག། གསེར་དངུལ་མ་བཏུལ་བའི་དུག་དང་། བྱང་སྟེ་མ་ལ་སོག ་པ་སྙིང་རྗེ་ཡོད་མེད་པ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། བདག་གི་ལུས་ཀྱིས་དཀོན་མཆོག་གསུམ་ལ་བཀུར་བ་བྱས་ཏེ་གཞན་ལ་གཉེན་སྒྱུ་མ་སྨོས་ཏེ། ཁ་ནི་སྟོང་པ་འཆད། ལས ་ནི་ཡོད་པའི་ལས་བྱེད་ལ། ཐ་མལ་པའི་བུད་མེད་དང་། སྐྱེས་པའི་སྨྱན་བྱེད་ཅིང་མི་ཚངས་པར་སྤྱོད་པར་སྦྱོར་ཏེ། ཅི་ལའང་མི་འཇིགས་ཤིང་ཆགས་པ་མེད། དུས་དྲུག་ཏུ་མཆོད་སྟོན་བྱེད་པའི་ཉི་མ་དང་། ལོ་གཅིག་ལ་ཟླ་བ་གསུཾ ་གསུམ་མཆོད་སྟོན་རྟག་ཏུ་བྱེད་པའི་ཚེ་སེམས་ཅན་གསོད། རྐུན་པོ་དང་། ཆོམ་པོ་བྱེད་ཅིང་མཆོད་སྟོན་གྱི་ཚུལ་ཁྲིམས་བཤིག་པ་ནི་ལྟུང་བའོ།། ཚུལ་ཁྲིམས་འདི་བཅུ་བསླབས་ལ་བརྟག་པར་གཟུངས་སུ་བཟུང་བའི་རིགས་པ ་ཁྲིམས་བཟུང་བའི་ལེའུའི་ནང་ནས་ཀྱང་རྒྱ་ཆེར་མངོན་པར་བཤད་དོ། ། སངས་རྒྱས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱིས་སངས་རྒྱས་འདས་པའི་ཕྱིན་ངན་པའི་དུས་ལ་མུར་འདུག་དང་། མི་ངན་པའོ་ཅོག་དང་། རྐུན་པོ་ཆེན ་པོས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཕ་མ་དང་མཚུངས་པའི་གཟུགས་འཚོང་བ་མཐོང་ངམ། ཆོས་དང་ཚུལ་ཁྲིམས་ཀྱི་ཡི་གེ་འཚོང་བ་མཐོང་ངམ། དགེ་སློང་དང་། དགེ་སློང་མ་འཚོང་ངམ་གཅིག་ཏུ་སེམས ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འཚེང་པ་དང་། ལ་ལ་ཞིག་སྙིང་རྗེའི་ལས་ལ་མདགས་པའི་འབྲང་ནས་བྲན་པོ་བྲན་མོར་བྱས་པ་ཞིག་བྱང་ཆུབ་སེམས་དཔས་དེ་ལྟ་བུ་མཐོང་ན་བྱམས་པའི་སེམས་བསྐྱེད་དེ། ཐབས་ཀྱི་སར ་མདའ་དང་། སྐྱབས་བྱས་ཏེ་གནས་གནས་ན་འཁོད་དོ་ཅོག་ཀྱང་སླར་སློབ་ཅིང་སྟོན་ཅིག། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གཟུགས་དང་། དགེ་སློང་དང་། དགེ་སློང་མ་དང་། ཚེས་དང་། ཚུལ་ཁྲིམས ་ཀྱི་ཡི་གེ་ཐམས་ཅད་ནོར་ཡོད་ན་ནོར་གྱིས་ཟླས་ཤིག་དེ་ལྟར་མ་བླུས་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་འཆང་དུ་མི་སྣང་བ་ལ་མཚན་ཆ་དང་། མདའ་གཞུ་འཆང་བ་དང་། ཚོད་སྤོགས་བྱེད་པ་དང་། སྲང་དང་བྲེ་ཆེ་ཆུང་འཆད་པ་དང་། རྩ ་ལག་སྙེམས་ཤིང་མི་གཞན་ལ་ནོར་ལེན་པ་དང་། སེམས་ཅན་ལ་ཕྲག་དོག་བྱེད་དེ། ཕ་ལོག་པོ་བཅིངས་དྲགས་བྱས་པ་དང་། ངོ་ས་དོན་དུ་ཡོད་པ་ཞིག་བཏང་བྱི་ལ་དང་། སེལ་གྱི་དང་། ཁྱི་དང་། ཕག་དང་། བྱ་འཆང་ཞིང་གསོར་མི་རུང ་དོ། ། དེ་ལྟ་བུར་ཆེད་ཀར་གསོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ་པོས་སྨོས་ལ་སོགས་པ་འཐོབ་བོ་ཅོག་ལ་ལྟ་བ་དམག་གི་གཡུལ་དང་དགྲ་ཆོམ་པོ་བྱེད་པ་ལ་སོགས་པ་ལ་བལྟར་མི་རུང་ངོ་།། ཡང་གཅིག་ཏུ་དུང ་འབུད་པ་དང་། རྔ་གླིང་དང་། གྱི་མ་ཤ་རི་དང་། རྗེད་དང་། གླིང་བུ་དང་། ཀོང་ཧིའུ་དང་། ཀླུ་ལན་པ་དང་། རོལ་མོའི་སྒྲ་ལ་མཉན་དུ་མི་རུང་ངོ་།། ཚེ་ལོ་དང་། མག་མངས་དང་། བར་སིག་གི་རྩེད་མོ་དང་། ར་འབྲི་ལུག་གི་དམག་གི་རྩེད་མོ་དང་། པོ་ལོང ་རྡོབ་པ་དང་། རྡོ་འཕེན་གྱིས་རྩེ་བ་དང་། བུམ་བུ་ལ་བདེ་བུ་འཕེན་པ་དང་། ཁྲས་བྱེད་པ་དང་། མ་ལོང་བྱུང་བ་བྱར་མི་རུང་ངོ་།། རྩ་ནི་ཆའུ་དང་། རྒྱ་ལང་དང་། པོར་ཁ་རུ་བ་དང་། མིའི་ཐོད་པ་དང་། དེ་རྣམས་ལ་མོ་གདབ་ཏུ་མི་རུང་ངོ་།། རྐུན་བཱི ་ཐན་གྱི་ཕོ་ཉ་ལ་སོགས་པ་གཅིག་ཀྱང་བྱར་མི་རུང་ངོ་། ། ད་ལྟར་ཚ་དཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཐུབ་པར་བཟུང་བའི་རིམ་གྲོ་བྱས་ན་འགྲོ་ཉལ་འདུག་ལངས། ཉིན་མཚན་དུས་དྲག་ཏུ་ཚུལ་ཁྲིམས་ཁ ་ཏོན་ཀླགས་ན་རྡོ་རྗེ་དང་མཚུངས་སོ། ། རྒྱལ་བ་ཐོགས་པ་མཚོ་ཆེན་པོ་རྒལ་བ་དང་མཚུངས་སོ།། གཅིག་ཏུ་ན་དགེ་སློང་རྩས་བཅིངས་པ་དང་མཚུངས་ཏེ། ཐེག་པ་ཆེན་པོ་ལ་དགེ་ཞིང་ཡིད་ཆེས་པའི་སེམས་རྟག་པར་བསྐྱེད་ལ ་བདག་གིས་ཤེས་པར་བསམ་པར་ནི་ད་དུང་སངས་རྒྱས་སུ་མ་བྱིན་པའི་སངས་རྒྱས་སོ། ། སངས་རྒྱས་ཀྱི་རྣམས་ནི་སངས་རྒྱས་སུ་ཟིན་པའི་སངས་རྒྱས་སོ ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བར་མི་ཆད་པར་སེམས་ལ་བསམས་ལ་དེ་སྐད་ཅིག་གཅིག་ཐེག་པ་ཆུང་ངུ་གཉིས་དང་། མུར་འདུག་ལ་སེམས་ཀྱིས་བསམས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་སྨན་ལམ་ཐམས་ཅད་གསོལ་ལ། ་པ་མ་དང་། མཁན་པོ་དང་། དགེ་འདུན་དང་། དཀོན་མཆོག་གསུམ་ལ་སྲི་ཞུ་ཆེ་ཞིང་ཡིད་དང་མི་འགལ་བར་སྨོན། རྟག་པར་མཁན་པོ་མཁས་པ་དང་། ཚངས་པར་སྤྱོད་དུ་མཚུངས་པའི་དགེ་བའི་བཤེས་གཉེན་དང་ཕྲད་དེ་རྟག་པར་བདག་ཐེག ་པ་ཆེན་པོའི་ཡི་གེ་དང་ཁྲིམས་དང་། གཡོ་ཞིང་ཕྱོགས་པ་བཅུ་དང་། བསྐྱེད་ཅིང་བསོ་བསོ་བ་བཅུ་དང་། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང་།། ས་བཅུ་ལ་སོགས་པ་བདག་བྱེད་ཅིང་ཤེས་ལ་ཆོས་བཞིན་དུ་ལས་བྱེད་པར་སྨོན་ཏོ།། སངས་རྒྱས་ཀྱི་བུ ་ཚུལ་ཁྲིམས་བཟུང་ལ་སྲན་ཐུབ་པར་བྱ་བ་ནི་ལུས་དང་སྲོག་ཀྱང་བོར་ཏེ། སེམས་ལ་སེམས་དཔའི་བར་མི་བཅད་པར་སེམས་བསམ་མོ།། དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལྟ་བུའི་སྨོན་ལམ་མ་བསྐྱེད་ན་ལྟུང་བའོ།། ་སངས་རྒྱས་ཀྱི་བུ་སྨོན་ལམ་ཆེན་པོ་བཅུ་སྨོན་པའི་འོག་ཏུ་སངས་རྒྱས་ཀྱི་ཚུལ་ཁྲིམས་གནས་སུ་བཟང་སྟེ། སྨོན་ལམ་འདི་བཞིན་དུ་གདབ་བོ།། བདག་གི་ལུས་འདི་མེ་ཆེན་པོའི་ནང་དུ་ཚིག་ཀྱང་རུང་ཁུང་ཟབ་མོ་དང་། རལ་གྲིའི་རིལ་སོ ་ཡང་རུང་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་མཐར་མི་ཞིག་པ་དང་། ནམ་དུ་ཡང་མི་ཞག་པ་བུད་མེད་ཐམས་ཅད་སོགས་པ་མི་བྱེད་པར་སྨོན་ཏོ།། གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ་ལྕགས་བསྲེགས་པ་འདྲ་བ་དང་། དེ་ལྟ་བུ་རྒྱ་མོ་རིམ་པ་སྟོང་གིས་བསྐོར་ཏེ་ལུས་དཀྲིས་ཀྱང་མཐར་ཡུན་དུ་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་ས་གོས་ཐམས་ཅད་མི་བགོ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི ་ལྟར་སྨན་ཏོ། ། པ་འདིའི་ནང་དུ་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་དང་། མེ་ཆུ་བཞིན་དུ་བབ་སྟེ། འདབ་ལ་བསྐལ་པ་བརྒྱ་སྣང་གི་བར་དུ་ལན་ཀྱང་ཚུལ་ཁྲིམས་བཤིག་པ་ཁས་དད་པའི་སྦྱིན་བདག་གཟས་ཐམས་ཅད་མི་ཟ་བར ་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདི་མེ་ཆེན་པོས་བསྲེགས་པའི་ལྕགས་ཀྱི་དྲ་བ་དང་། ལྕགས་བསྲེགས་པའི་ཚ་བའི་སྟེང་དུ་བསྙལ་ཀྱང་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་རང་བའི་སྤྲིན་བདག་གི་ཁྲི་འོ་ཅོག་གི ་སྟེང་དུ་མི་འདུག་པར་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདི་བསྐལ་པ་གཅིག་གཉིས་ཀྱི་བར་དུ་མདུང་རྩེ་ཁ་གསུམ་པ་སུན་བརྒྱས་བཙགས་ཀྱང་རུང་སྟེ། མཐར་ཚུལ་ཁྲིམས་བཤིག་པའི་ལུས་ཀྱིས་དང་བའི ་སྦྱིན་བདག་གི་རྩི་སྨན་ཐམས་ཅད་མི་ཟ་བར་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདིས་བསྐལ་པ་སྟོང་གི་བར་དུ་ལྕགས་ཀྱི་ཟངས་པོ་ཆེ་ཚ་བའི་ནང་དུ་བཅུག་ཀྱང་རུང་སྟེ་མཐར་ཚུལ་ཁྲིམས་དྲ་བའི་ལུས་ཀྱི་ས་དང་བཱི ་སྦྱིན་བདག་གི་ཁང་ཁྱིམ་མོ་ཅོག་དང་། ལྡུ་མར་དང་། བསྐྱེད་ཤིང་དང་། ཞིང་གི་སྟེང་དུ་མི་འདུག་པར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདི་མགོ་ནས་རྐང་པའི་བར་དུ་ལྕགས་ཀྱི་གཏུན་བུས་བརྡུངས་ཏེ་རྡུལ་ཕྲམ ་བཞིན་དུ་སོར་ཡང་ཁྲིམས་དྲལ་བའི་ལུས་སེམས་ཡིད་ཆེས་པའི་སྦྱིན་བདག་གིས་འགྲུས་ཤིང་གུས་པར་ཕྱག་མི་འཚལ་བར་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། སྟོང་ཕྲག་བརྒྱའི་ལྕགས་བསྲེགས་པའི་རལ ་གྲི་དང་། མདུང་རྩེས་མིག་གཉིས་བྲུས་ཤང་བཙགས་ཀྱང་ཚུལ་ཁྲིམས་བཤིག་པའི་སེམས་ཀྱིས་པ་ལོགས་ཀྱི་ཁ་དོག་བཟང་པོ་ལ་མི་ལྟ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལྕགས་ཀྱི་སྨད་བུ་སྟོང་ཕྲག ་བརྒྱས་བསྐལ་པ་གཅིག་གཉིས་ཀྱི་བར་དུ་ལུས་ཀྱི་ཆུ་བ་དང་། རྣ་བའི་རྩ་བར་གཙུགས་ཀྱང་ཐ་མར་ཁྲིམས་དྲལ་བའི་སེམས་ཀྱིས་རོལ་མོ་སྙན་པ་ལ་མི་སྙན་པར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། བསྐལ ་པ་སྟོང་ཕྲག་བརྒྱའི་བར་དུ་རལ་གྲིས་སྣ་བཅད་ཅིང་གཞོགས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་སྤོས་སོ་ཅོག་ལ་མི་སྣོམ་པར་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། བསྐལ་པ་བརྒྱ་སྟོང་གི་བར་དུ་ལྕེར་ལ ་གྲིས་བཅད་བཏུབས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་མི་འོ་ཅོག་གི་ཁ་ཟས་གཙང་མའོ་ཅོག་ལ་མི་བཟའ་བར་སྨོན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། སྟ་རི་རྣོན་པོས་ལུས་བཅང་གཏུབས་ཀྱང་མཐར་ཁྲིམས་དྲལ ་བའི་སེམས་ཀྱིས་རེག་པའི་བཟང་བ་ལ་མེ་སྐམ་མི་ཆགས་པར་སྨན་ཏོ། ། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨན་ཏེ།། སེམས་ཅན་ན་ཅོག་སངས་རྒྱས་སུ་ཡོད་པར་སྟོན་ཏོ།། བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་སྨན་ལམས་སྐྱེད ་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་རྟག་པར་དུས་གཉིས་སུ་སྦྱངས་པའི་ཡོན་ཏན་པ། དགུན་དང་། དབྱར་བསམ་གཏན་དུ་འཇུག་པ་དང་། ཚུལ་ཁྲིམས་སུ་འཇུག་པ་སོ་ཤིང་དང་། སྲན་ཕྱེ་དང་། ཆོས་གོས་གསུམ་དང་། རིལ་བ་དང ་ལྷུང་ཟེད་དང་། གདིང་བ་དང་། གསིལ་བྱེད་དང་། བོག་ཕོར་དང་། ཆུ་ཚོགས་དང་། ལག་བྱིས་དང་། གྲི་དང་། བཙུབ་ཤིང་དང་། གཙུབ་སྟན་དང་། སྨད་ཚེར་དང་། ཐ་གུའི་ཁྲི་དང་། དར་མ་དང་། ཁྲིམས་དང་། སངས་རྒྱས་ཀྱི་བུ་སྦྱངས་པའི་ཡོན་ཏན་སྦྱར་བའི ་ཚེ་གྲོང་རྒྱུ་བའི་ཚེ་འགྲོ་ཞིང་འོངས་ན་རྒྱང་གྲགས་བརྒྱ་སྟོང་དུ་འགྲོ་ན་ཡོ་བྱད་བཅོ་བརྒྱད་རྟག་པར་ལུས་དང་མི་འབྲལ་ཏེ། སྦྱངས་པའི་ཡོན་ཏན་པ་ནི་དཔྱིར་ཟླ་རབ་ཚེས་བཅཝ་ལྡནས་དཔྱིད་ཟླ་ཐ་ཆུངས་ཚེས་བཅོ་ལྔའི་བར་དུའོ།། སྟོན་ཟླ་འབྲིང ་པོ་ཆོས་བཅཝ་ལྔ་ནས་དགུན་ཟླ་ར་བ་ཉའི་བར་དུ་དུས་གཉིས་སུ་ཡོ་བྱད་བཅཝ་བརྒྱད་ལུས་དང་མི་འབྲལ། དཔེར་ན་བྱའི་མདབ་མ་དང་འདྲའོ།། དེ་སྟེ་གསོ་སྦྱོང་གི་ཉི་མ་ལ་གསར་དུ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཟླ་བ་ཕྱེད་བྱེད་ཅིང་ཁ་ཏོན་དུ་ཕས ་ཕམ་པ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཁྲིམས་ཁ་ཏོན་དུ་ལྷོགས་ཤིག། དེ་སྟེ་ཁྲིམས་ཀློག་པའི་ཚེ་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྤྱན་སྔར་གཟུགས་དང་། གཟུགས ་བརྙན་གྱི་སྤྱན་སྔར་མི་གཅིག་གིས་ཁ་ཏོན་གླགས་ལ་གཅིག་གིས་འཐོལ་ཚངས་བྱ་སྟེ། གཅིག་གམ་གཉིས་སམ་གང་ཡང་རུང་སྟེ། སྟོང་བརྒྱ་དེ་ཡང་མི་གཅིག་གིས་ཁ་ཏོར་ཀློག་གོ། ཁ་ཏོན་ཀློག་པ་ནི་ས་མཐོན་པོ ་ལ་འདུག་ལ་ཉན་པ་ནི་དམའ་བ་ལ་འདུག་གོ། ། སོ་སོ་ནས་ཆོས་གོས་ཚལ་བུ་དགུ་པ་དང་། ལྔ་པ་དང་། བདུན་པ་བགོས་ཏེ་ཚུལ་དུ་འཇུག་པ་ནི་གཅིག་ནས་གཅིག་ཏུ་ཆོས་བཞིན་དུའོ།། སྦྱངས་པའི་ཡོན་ཏན་སྤྱོད་པའི་ཚེ་བགེགས་ཡོད་ཅིང ་མི་བདེ་བའི་ནང་དུ་མ་འགྲོ་ཅིག། ཡུལ་གྱི་བགེགས་དང་། རྒྱལ་པོ་མི་སྲུན་པ་དང་། ས་མཐོ་ན་དམན་དང་། རྩི་ཤིང་ཟབ་མོ་དང་། དབྱར་སེང་གེ་དང་། སྟག་དང་། སྤྱད་ཀི་དང་། ཆུསྟེ་རླུང་གི་བགེགས་དང་། རྐུན་པོ་ཆེམ་པོ་དང་། སྦྲུལ་གདུག་སྡེ ་ལམ་ལ་སོགས་ཏེ། བགེགས་ཡོད་དོ་ཅོག་ཐམས་ཅད་སྦྱངས་པའི་ཡོན་ཏན་པ་འགྲོར་མི་རུང་ངོ་།། དེ་ལ་ཆེད་ཀར་སོང་ན་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཆོས་འདི་བཞིན་དུ་རིམ་པར་འཁོད་ཅིག། ཚུལ་ཁྲིམས་སྔར་ནོས་པ་ནི་སྔ ་འདུག་ཤིག། ཚུལ་ཁྲིམས་ཕྱིས་ནོས་པ་ནི་ཕྱི་ནས་འདུག་ཤིག། རྒན་གཞོན་མི་ལྟ། དགེ་སློང་ཕོ་དང་། དགེ་སློང་མོ་དང་། ཡ་རབས་དང་། བཙུན་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། ཉུང་རུམ་དང་། བྲན་པོས་སྨོས་ལ་སོགས་པ་ཚུལ ་ཁྲིམས་སྔར་ནོས་པ་ནི་སྔར་འདུག་ཤིག། ཕྱིས་ནོས་པ་ནི་ཕྱིས་གོ་རིམས་བཞིན་དུ་འདུག་ཤིག། མུར་འདུག་ངན་པ་དང་། མི་གླེན་པ་བཞིན་དུ་རྒན་ཡང་རུང་། གཞོན་ཡང་རུང་། སྔ་མེད་ཕྱི་མེད་པའི་གོ་རིམིས་མེད་པ་ནི་གཡུང་པོ་བྲན་གྱི་ཚེས་སོ།། ་ངསངས་རྒྱས་ཀྱི་ཆོས་ཀྱི་ནང་ན་ནི་སྔ་མ་ནི་སྟེང་དུ་འདུག་ཕྱི་མ་ནི་འོག་ཏུ་འདུག་གོ། བྱང་ཆུབ་སེམས་དཔའ་ནི་ཆོས་བཞིན་དུ་གོ་རིམས་སུ་མ་འཁོད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་སེམས་ཅན་ནོ་ཅོག་བསྟན་ཅིང་བཅོས་ཏེ། དགེ ་འདུན་གྱི་ཁང་ཁྱིམ་བྱེད་ཅིང་རི་དང་། ཚལ་དང་། ར་བ་དང་། ཞིང་ལ་སངས་རྒྱས་ཀྱི་རྟེན་གྱི་ཁང་པ་བྱས་ལ་དབྱར་དགུན་དུ་ཚུལ་དང་། བསམ་གཏན་དུ་འཇུག་པའི་གནས་དང་། གཙང་མའི་འཆགས་ས་འཛུགས་སུ་བཞུགས་པའི་རིགས་སོ།། ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ནོ་ཅོག་གི་ཕྱིར་ཐེག་པ་ཆེན་པོའི་ཆོས་དང་། ཚུལ་ཁྲིམས་ཀྱི་ཡི་གེ་བཀྲོལ་བཤད་ན་ནམ་ན་ཚ་བྱུང་བ་དང་། ཡུལ་གྱི་བགེགས་དང་། དགྲའི་བགེགས་དང་། ཕ་མ་དང་། ཕུ་ནུ་བོ་དང་། མཧཱ། ་པོ་ལ་སོགས་པ་ཐོག་ས་ཤི་བའི་དུས་དང་། བདུན་གསུམ་གྱི་ཉི་མ་དང་། བདུན་བཞིའི་ཉི་མ་དང་། བདུན་ལྔའི་ཉི་མ་དང་། བདུན་བདུན་གྱི་ཉི་མ་ལ་དེའི་ཕྱིར་ཐེག་པ་ཆེན་པོའི་ཡིག་དང་། ཚུལ་ཁྲིམས་དཀྲོལ་བཤད་དེ། མཆོད་རྟེན ་བྱས་ཏེ་དགེ་བའི་བསོད་ནམས་ཐོབ་པར་གསོལ་ཅིག། འགྲོ་འོངས་ཀྱང་གསོན་པའི་མཚོ་བསོད་ནམས་བྱེད་པ་ལ་མེ་ཆེན་པོས་སྟེགས། ཆུ་ཆེན་པོས་ཁྱེར། རླུང་ནག་པོ་ཆེན་པོས་གྲུ་བུས་པ་དང་། ང་པོ་དང་། མཚོན་ཆེན་པོའི་། ་དགྲའི་བགེགས་ལ་སོགས་ཏེ། སྡིག་གོ་ཅོག་བགེགས་དང་ལམ་གྱིས་ན་མཚམས་མེད་པ་བདུན། བགེགས་བརྒྱད། ལག་སྒྱེལ། གང་སྐྱིལ་ལྡུང་དང་། ལྕགས་དང་། ལུས་བཅིངས་དྲེགས་ཏེ། གཡེམ་ཞིང་ཁྲོ་བ་མང་པོ་དང་། ་བླུན་ཞིང་གླེན་པ་མང་པོ་དང་། ན་ཚའི་མང་པོའི་དགྲ་ཟུས་ན་ཀུན་གྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་ཁ་ཏོན་བླགས་ཏེ་དགྲོལ་བ་བཤད་དོ།། བྱང་ཆུབ་སེམས་དཔའ་གས་ངདུ་སློབ་པ་འདི་བཞིན་མ་བྱས་ན། ་ལྟུང་བའོ།། ཚུལ་ཁྲིམས་འདི་དགུ་བསླབས་ལ་གུས་པར་རྟག་པར་བཟུངས་སུ་བཟུང་ཤིག། སྙོམས་པའི་ཆོས་ཀྱི་ལེའུ་ལས་ཀྱང་རྒྱ་ཆེ་ཞིང་མངོན་པར་བཤད་དོ།། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། ་སངས་རྒྱས་ཀྱི་པུ་མི་ལ་ཚུལ་ཁྲིམས་ཤིག་སྦྱིན་ན་བྱེ་བྲགང་བྱེ་ནིང་པད་མ་དུ་མི་རུང་། རྒྱལ་པོ་དག་རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། བློན་པོ་པ་ལ་དང་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། པོག ་མོ་གཡེམ་དང་། གཟུགས་ཀྱི་གནམ་བཅོ་བརྒྱད་དང་། འདོད་པའི་ཁམས་ཀྱི་གནམ་དྲག་དང་། དབང་པོ་མེད་པ་དང་། དབང་པོ་རྣམ་གཉིས་ཡོད་པ་དང་། ཤུང་རུམ་དང་བྲན་པོས་སྤོས་དང་ལྷ་མ་སྲིན་ལ་སོགས་ཏེ། ཐམས་ཅད ་བྲན་རྣམས་མན་དུ་རུང་དོ། ། ལུས་ལ་ཆོས་ཕྱུགས་བག་བ་རྣམ་སུ་ནི་འདུག་བསྒྱུར་བར་སྤྱན་ལ་ཆོས་དདུ་འཐུན་པར་གྱིས་ཤིག། ཁ་དགས་རབ་སྣུན་པ་ནག་པ་དམར་པོ།། སལ་གོས་ཡན་ཆད་འདག ་བསྒྱུར་རོ། ། ལུས་ལ་གོས་བགོ་གི་ཚེས་ཏེ། ཁ་དོག་བསྒྱུར་ཅིག། ཡུལ་ལ་ཅོག་གནང་ན་མིའི་གི། ས་སུ་བགེ་བ་ལ། དགེ་སློང་དེ་ཅོག་གི་གོས་ནི་ཐ་མལ་པའི་གོས་དང་མི་འཐུན་ནོ།། ཐོག་མ་ཚུལ་ཁྲིམས་སྦྱིན་པའི་ཚེ་མཁན་དུ ་དྲི་བ་ཁྱེད་ཚེ་འདི་ལ་ལོག་པ་བདུན་གྱི་སྡིག་བྱས་སམ་ཞེས་དྲིས་ཤིག། ཆོས་ཀྱི་མཁན་པོ་བྱང་ཆུབ་སེམས་དཔའ་ནི་ལོག་པ་བདུན་བྱས་པ་ལ། ཚུལ་ཁྲིམས་སྦྱིན་དུ་མི་རུང་ངོ་།། ལོག་པ་བདུན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ལུས་ལ་ཁྲག ་བྱུང་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་བསད་པ་དང་། ལུས་ཀྱི་ཚུལ་ཁྲིམས་བཙང་མ་བཤིག་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་པོའི་འཕགས་པ་བསད་པ་ཡིན་ཏེ། འདི་རྣམས་བདུན་ཚད་པར་བྱས་ཏེ་བསྒྲིབས་པའི་ཚུལ ་ལ་ཚུལ་ཁྲིམས་སྦྱིན་དུ་མི་རུང་ངོ་། ། གཞན་ནི་ཐམས་ཅད་ཀྱང་ཚུལ་ཁྲིམས་སྦྱིན་དུ་རུང་ངོ་།། རབ་ཏུ་བྱུང་བའི་ཆོས་ནི་རྒྱལ་པོ་ལ་ཡང་ཕྱག་མི་འཆལ། བ་མ་ལ་ཡང་ཕྱག་མི་འཚལ། གཉེན་པ་རྣམ་པ་དྲུག་ལ་ཡང་ཞེས་མི་བྱ། ལྷ་མ་སྲིན་ལ ་ཡང་ཕྱག་མི་འཚལ་ལོ། ། ཆོས་ཀྱི་མཁན་པོ་སྐད་ཤེས་པ་ཞིག་རྒྱང་གྲགས་སྟོང་གི་ལམ་ནས་འོངས་ཏེ། ཁྲིམས་གསོལ་པ་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཁན་པོས་ངན་སེམས་དང་ཁྲོ་བའི་སེམས་བསྐྱེད་དེ། སེམས་ཅན ་ནོ་ཅོག་ལ་ཚུལ་ཁྲིམས་མ་བྱིན་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་ལ་བསྟན་བཅོས་ཏེ། ཡིད་ཆེས་པའི་སེམས་གཡོ་བར་བྱ་ན་བྱང་ཆུབ་སེམས་དཔས་གཞན་ཚུལ་ཁྲིམས་བསྟན་པའི་ཆོས་ཀྱི་མཁན་པོ་བྱས་ཏེ། ཚུལ་ཁྲིམས་གནོད་དུ་འོང་བའི་མ ་ཞིག་མཐོང་ན་སྔར་མཁན་པོ་སློབ་དཔོན་གཉེར་དུ་ཐོང་ཤིག། མཁན་པོ་གཉིས་ཀྱིས་ཀྱང་ཁྱེད་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་དམ་དྲིས་ཤིག། དེ་ལ་ཡང་ཚེ་འདི་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་ན། མཁན་པོས་ཚུལ ་ཁྲིམས་སྦྱིན་པ་མི་རིགས་སོ། ། བདུན་གྱིས་བསྒྲིབས་པའི་སྡིག་མདན་ཚུལ་ཁྲིམས་སྤྲིན་དུ་རུང་ངོ་།། ལ་ལ་ཞིག་གིས་ཚུལ་ཁྲིམས་བཅུ་པ་ཤིག་པ་ཞིག་ཡོད་ན་མཐོལ་ཚངས་བྱེད་དུ་ཆུག་ཤིག། སངས་རྒྱས་དང་བྱང་ཆུབ་སརྨ ་དཔའི་ཞལ་སྔར་ཉིན་མཚན་དྲུག་ཏུ་བམ་པ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་ཀླགས་ལ་དུས་གསུམ་གྱི་སངས་རྒྱས་ལ་སེམས་ཐག་པ་ནས་བྷག་འཚལ་བའི་ཚེ་ལྷས་བཟང་པོར་བྱ་དགོས་སོ ་དེས་ཉིས་བདུན་དང་། བདུན་ག་ཉིས་དང་། བདུན་གསུམ་དེ། ལགཅི་གནན་ཆད་སྐས་བཟླང་པ་མཟ་དགས་སོ།། ལྷས་བཟད་པ་ས་མ་ས་རྣས་ག་། སྨྱེ་ས་བྷཱགས་ཡང་བ་དང་། ས ་བ་དང་། ལྟས་ཅི་ཡང་རུང་བ་བཟང་པོ་མཐོང་ན་མོད་ལ་སྡིག་འབྱུད་དོ།། དེ་ལ་ལྷས་བཟང་པོ་མེད་ན་མཐོལ་ཚངས་སུ་ཟིན་ཀྱང་མི་ཕན་ཏེ། དེའི་ཚེ་ལུས་ཀྱིས་ནི་ཚུལ་ཁྲིམས་མི་ཐོབ་བོ།། ལོ་དང་ཉམས་བསྟན་ཏེ་སྤོགས ་བྱས་ལ། ལྟས་འོད་བྱུང་བ་དག་མཐོང་ན་ཚུལ་ཁྲིམས་མནོད་དུ་རུང་ངོ་།། ལ་ལ་ཞིག་གིས་ལྟུང་བ་བཞི་བཅུ་རྩ་བརྒྱད་བཤིག་པ་ནི་མཐོལ་ཚངས་བྱས་པའི་མོད་ལ་འབྱུང་སྟེ། བདུན་གྱིས་བསྒྲིབས་པ་དང་མི་མཚུངས་སོ།། ་དེ་ནས་ཚུལ་ཁྲིམས་སྟོན་པའི་མཁན་པས་ཆོས་འདིའི་ནིང་ནས་ཀྱང་གཅིག་ནས་གཅིག་ནས་ཁྲེལ་ན་མཁན་པོ་བྱའོ།། ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ཡང་བ་དང་། ལྕི་བ་དང་། ཡིན་པ་དང་མ་སྟྲཻ་བཱི་གཟུགས་དམ་པ་མི་ཤེས་ན། ་གཞུང་གི་མཆོག་བདེན་པ་དང་། སྔ་མའི་རང་བཞིན་གྱིས་ས་བོན་དང་། དེ་ལྟར་བསྐྱེད་ཅིང་གསོ་བའི་རང་བཞིན་དང་། གཏན་མ་གླག་པའི་རང་བཞིན་དང་། ཆོས་ཀྱིས་བོན་གྱི་རང་བཞིན་དང་། དྲང་པོའི་རང་བཞིན་དང་། དེའི་ནང་ནས་རྟོགས་པ་དང་། ་དཔྱོད་པའི་རང་བཞིན་དང་། བྱི་ནང་གི་བསམ་གཏན་བཅུའི་ཡལ་ག་ལ་སོགས་ཏེ་ཆོས་ཀྱིས་ལས་བྱའོ།། ཆོ་ག་དང་ཚུལ་ཁྲིམས་དང་། ཆོས་ཀྱི་ཡིག་འདི་གཅིག་ནས་གཅིག་ནས་ཁོང་དུ་མཆུད་དེ། བྱང་ཆུབ་སེམས་དཔའ་གཡོ་བའི་ཁེད ་མིང་སྙན་པ་འདོད་པའི་ཕྱིར་སློབ་མ་ལ་ཁེ་བསྐམ་པས་དྲན་པ་བཙལ་ཏེ་མི་ཤེས་པ་ལ་སྒྱུ་མར་ཆེས་དང་། ཚུལ་ཁྲིམས་ཀྱི་ཡིག་ཀུན་ཤེས་སོ་ཞེས་ཟེར་ཞིང་ཡོན་ལེན་པའི་བདག་ལ་ཡང་བསླུས་ཤིང་བརྙས། གཅིག་དུ་ན ་གཞན་ལ་ཡང་སྨྲས་ཤིང་བརྙས་ཏེ། དེ་ལྟ་བུས་མི་ལ་ཚུལ་ཁྲིམས་བྱིན་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་གསོ་བའི་ཁེ་འདོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མ་མནོས་པའི་མདུན་དུ་མུར་འདུག་དང་། མ་རབས་ཀྱི་མདུན ་དུསངས་རྒྱས་སྟོང་གི་ཚུལ་ཁྲིམས་ཆེན་པོ་འདི་བཤད་དུ་མི་རུང་ངོ་། ། ལོག་པར་ལྟ་བའི་མདུན་དུ་མི་རུང་།། རྒྱལ་པོ་མ་གཏོགས་པ་གཞན་སུའི་མདུན་དུ་ཡང་བཤད་དུ་མི་རུང་།། མིངན་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཚུལ་ཁྲིམས ་མ་མནོས་པ་ནི་ལི་བྱོལ་སོང་ཞེས་བྱའོ། ། གར་སྐྱེས་གར་སྐྱེས་ཀྱང་དཀོན་མཆོག་གསུམ་མི་མཐོང་ཞིང་རྡོ་གང་དང་མཚུངས་སེམས་མེད་དེ་མིང་ཆོས་ལོག་པ་ཞེས་བྱའོ།། ལོག་པ་ལ་ལྟ་བའི་རྣམས་ནི་ཤིང་དུམ་བུ་དང་མཚུངས་སོ།། བྱང ་ཆུབ་སེམས་དཔའ་དེ་ལྟ་བུ་ངན་པའི་མདུན་དུ་སངས་རྒྱས་རབས་བདུན་གྱི་ཚུལ་ཁྲིམས་བཤད་དེ། བསྟན་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་ཡིད་ཆེས་ཏེ་རབ་ཏུ་བྱུང་ན། སངས་རྒྱས་ཀྱི་ཚུལ་ཁྲིམས་དམ་པོ་མནོས་ལ་ཆེ་དཀར ་སེམས་བསྐྱེད་དེ། འཕགས་པའི་ཚུལ་ཁྲིམས་བཤིག་ན་སྦྱིན་བདག་གོ་ཅིག་གི་ཡོན་བླང་དུ་མི་རུང་ངོ་།། གཅིག་ཏུ་ནི་རྒྱལ་པོའི་ཁབ་ཀྱིས་རིས་ལ་ཡང་འགྲོར་མ་རུང་། རྒྱལ་པོའི་ཚུལ་ཡང་འཐུང་དུ་མི་རུང་སྟེ། འདྲེ་ཆེན་པོ་ལྔ་སྟོང་གྲྀ། ་རྟག་པར་དེའི་བདུན་བཅད་བཅད་ནས་འདྲེན་རེ་དགྲ་ཆེན་པོ་ཁྱིམ་དང་། མཁར་དང་། ཡུལ་གྱི་ནང་དུ་འོངས་སོ།། ཞེས་ཟེར་ཏེ། དེ་རྣམས་ཀྱི་ཁོར་མོར་མདིའི་རྗེས་ཆགས་སོ།། འཇིག་རྟེན་ན་རེ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་འགྲོའོ།། ་ཞེས་ཟེར་ཏེ་མིག་གིས་མཐོང་དུའང་མི་དགའོ།། ཚུལ་ཁྲིམས་བཤིག་པ་ནི་བྱོལ་སོང་དང་མཚུངས། ཤིང་དུམ་པ་དང་མཚུངས་ཏེ། དྲང་པོའི་ཚུལ་ཁྲིམས་བཤིག་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་གཅིག་ཏུ་བརྟུལ་ཏེ་རྟ། ་པར་གཟུངས་སུ་བཟུང་སྟེ་ཁ་ཏོན་དུ་ཡང་ཀློག་གོ། ལྤགས་པ་བཤུས་ཏེ་ནི་ཤོག་ཤོག་བྱས། ཁྲག་ཕྱུང་བས་ནི་སྣག་ཚར་བྱས། རུས་པ་བཅག་སྟེ་སྨྱུག་གུར་བྱས་ལ་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཡི་གེ་བྲིའོ།། ཤིང་གི་ཤུན་པ་དང ་ཐོང་ཀར་ལ་བྲིས་ཏེ་རྟག་པར་རིན་པོ་ཆེ་སྣ་བདུན་དང་། རིན་མེད་པའི་སྤོས་དང་། མེ་ཏོག་ལ་སོགས་པ་ར་ནི་པོ་ཆེ་སྣ་ཚོགས་ཀྱི་གཟེ་བ་དང་སྡོད་བྱས་ཏེ། ནང་དུ་ཆོས་ཀྱི་ཡི་གེ་ཚུལ་ཁྲིམས་ཀྱི་གླེགས་བམ་གཞུག་གོ།། དེ་ལ་ཆོས་ཀྱི་བཞིན ་དུ་རི་མོ་མ་བྱས་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་རྟག་པར་སེམས་རྒྱ་ཆེར་བསྐྱེད་དེ། ཡུལ་མཁར་དང་ཁང་ཁྱིམ་ནོ་ཅོག་ཏུ་བྱིན་ཏེ། སེམས་ཅན་ནོ་ཅོག་ནི་མཐོང་ན་ཁྱེད་ལ་སོགས་པ་སེམས་ཅན་ནོ་ཅོག་ཐམས་ཅད་དཀོན་མཆོག་གསུཾ ་ལ་ཕྱོགས་ཤིང་ཚུལ་ཁྲིམས་བཅུ་ནོས་ཤིག་ཅེས་སྒོ་བའི་རིགས་སོ། ། བྱོལ་སོང་གི་ཁམས་ཤིག་ནའང་སེམས་ལ་བསམ་ཁར་སྨྲས་ཏེ། ཁྱོད་ནི་བྱོལ་སོང་ན་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཅིག་ཅེས་བསམ་ཞིང་བྱའོ།། ་བྱང་ཆུབ་སེམས་དཔའ་ནི་རི་ལུང་དབྱེ་ཐ་དག་ལ་གནས་ཀྱང་རུང་སྟེ། སེམས་ཅན་ནོ་ཅོག་ཀུན་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བར་བྱོས་ཤིག། བྱང་ཆུབ་སེམས་དཔའ་སེམས་ཅན་མ་བསྟན་མ་བཅོས་ན་ལྟུང་བའོ།། ། ་སངས་རྒྱས་ཀྱི་བུ་རྟག་པར་བསྟན་ཅིང་བཅོས་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆོས་བྱང་བ་དང་། ཡ་རབས་ལ་སོགས་པ་སྦྱིན་བདག་དང་། འདྲ་བ་མང་པོའི་ནང་དུ་འགྲེང་ལ་གོས་སྐྱ་བོ་གྱོན་ཏེ་ཆོས་བཤད་དུ་མི་རུངངོ་།། གིས་མྱའོ ་པ་འདུ་བ་མང་པོའི་ནང་དུ་ཆོས་བཤད་ན་ཆོས་ཀྱི་མཁན་པོ་ནིས་མཐོན་པོར་འདུག་ལ་སྤོས་དང་མེ་ཏོག་གིས་ཡོན་གསོལ་ཏེ། མཐའ་བཞིར་ཉན་པའི་རྣམས་དམའ་བ་ན་འཁོད་ལ་གུས་པར་མཉན་ཏོ།། ཕ་མ་ལ་སྲི་ཞུ་མི་འགལ། ་བར་བྱ་བ་དང་། སློབ་མས་མཁན་པོ་ལ་བྱ་བ་བཞིན་ཆོས་ལ་ཡང་དེ་བཞིན་གུས་པར་བྱའོ།། བྲམ་ཟེ་མེ་ལྷ་ཅན་ཆོས་བྱེད་པ་བཞིན་གུས་པར་བྱེད་པ་བཞིན་དུ་གུས་པར་བྱའོ།། དེ་བཞིན་མ་བྱས་ཏེ་ཆོས་འཆད་བ་པ་ཆོས ་བཞིན་དུ་མ་བཤད་ན་ལྟུང་བའོ། ། སངས་རྒྱས་ཀྱི་བུ་ཀུན་ཀྱང་ཐེ་ཙོམ་མེད་པའི་ཡིད་ཀྱིས་ཁྲིམས་ནོས་ཤིག། རྒྱལ་པོ་དང་རྒྱལ་བུ་དང་། སློབ་མ་སྡེ་བཞི་དང་། བདག་མཐོ་ཞིང་བཙན་སྙེམས་ཏེ་སངས་རྒྱས་ཀྱི་ཆོས་དང་། ་ཚུལ་ཁྲིམས་པཤིག་ལ་ནན་ཏུར་གྱིས་ཆོས་བྱས་ཏེ། ངའི་སློབ་མ་རྣམ་བཞི་རབ་ཏུ་བྱུང་ཞིང་ཆོས་བྱེད་པར་མི་སྟེར་ཏེ། བགེགས་ཅིག་ཏུ་ན་སངས་རྒྱས་ཀྱི་གཟུགས་དང་། མཆོད་རྟེན་འཛུགས་ཤིང་ཆོས་དང་ཚུལ་ཁྲིམས་ཡི་གེ་འབྲིང ་མི་སྟེར་ཏེ། དཀོན་མཆོག་འཇིག་ཅིང་དེ་ལྟ་བུར་ཆེད་ཀར་ཆོས་འཇིག་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་དགེ་བའི་སེམས་སྤྱོད་པ་ལ་རབ་ཏུ་ཕྱུང་ཤིག་ལེགས་པའི་མིང་སྙན་པ་འདོད་པ་དང་། གསོ་བའི་ཁེའི་ཕྱིར་རྒྱལ་པོ་དང་། བློན་པོ ་མདུན་དུ་སངས་རྒྱས་བདུན་གྱི་ཚུལ་ཁྲིམས་བཤད་དེ། དགེ་སློང་དང་དགེ་སློང་མ་ལ་བྱང་ཆུབ་སེམས་དཔའི་ཁྲིམས་མི་རིགས་པར་བྱིན་ཏེ། སློབ་མ་རྣམས་བཅིངས་བརྟགས་ན་སེང་གེའི་ལུས་ལ་སྲིན་བུ་འདུག་པས་སེང་གེ་བདག་གིས ་ཤཟོས་པ་དང་མཚུངས་ཏེ། བྱིའི་སྲིན་བུས་ཤ་ཟོས་པ་མ་ཡིན་ནོ།། དེ་ལྟ་བས་ན་སངས་རྒྱས་ཀྱི་བུ་མུར་འདུག་དང་། བདུད་ཀྱི་ཆོས་བཤིག་པ་མ་ཡིན་ནོ།། བདག་གིས་ཆོས་བཤིག་པ་ཡིན་ནོ།། སངས་རྒྱས་ཀྱི་ཚུལ་ཁྲིམས་མནས ་ན་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་རིམ་གྲོ་བྱ་བ་ནི་ཕ་མས་པ་མ་བུ་གཅིག་བུ་ལ་བསམ་པ་དང་མཚུངས་སོ། ། ཕ་མ་ལ་སྲིན་བྱ་བ་དང་འདྲོའོ།། མུར་འདུག་དང་། མི་ངན་པ་ལངག་ཞ་པ། ཆེ་ག་ངན་པས་སངས་རྒྱས་ཀྱི་ཚུལ་ཁྲིམས ་ལ་སྐུར་བ་ཟེར་ན་མདུང་རྩེ་ལ་གསུམ་པའི་མདུད་ན་སུམ་རྒྱས་སྙིད་ལ་བཙུགས་པ་དང་། རལ་གྲི་སྟོང་དབྱིག་པ་སྟོང་ཁྲིས་ལུས་བརྡེགས་པ་དང་མཚུངས་པར་བྱསྟེ། བདག་གི་ལུས་བསྒྲལ་ལ་བརྒྱ་བེར་དུ་སེམས་ཅན་དམྱལ་བར ་སོང་ཡང་སླའི། སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཅིག་ཅིག་ངན་དུ་ཟེར་བའི་སྐད་ནི་མི་ཐོས་པར་སྨིན་ཏོ།། བདག་ཉིད་ཀྱི་ཚུལ་ཁྲིམས་པ་ཤིག་པ་གཞན་ལ་ལེན་ལོན་པ་དང་། ཞར་ཀྱིས་ཞར་གྱིས་ཚུལ་ཁྲིམས་པཤིག་པར ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲི་ཞུ་དང་མི་འགལ་བའི་སེམས་མེད་དོ།། དེ་ལྟ་བུ་བྱས་ན་ལྟུང་བའོ།། ཚུལ་ཁྲིམས་འདི་དགུ་བསླབས་ལ་སེམས་གུས་པར་གཟུངས་སུ་གཟུང་ཤིག། སངས་རྒྱས་ཀྱི་བུ་རྣམས་ཚུལ་ཁྲིམས ་ཡང་བ་བཞི་བཅུ་རྩ་བརྒྱད་ཁྱེད་ལ་སོགས་པས་རྟག་པར་གཟུངས་སུ་ཟུང་ཤིག། སྔར་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཁ་ཏོན་ཟིན་ཏོ།། ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་ནི་ད་ལྟར་ཁ་ཏོན་བྱས་སོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱིས་འོང་བའི་རྣམས་ནི་དེ་དེའི་ཁར་ཁ་ཏོན་བྱེད་དོ།། སངས་རྒྱས་ཀྱི་བུ་ཉོན་ཅིག། ཕས་ཕམ་པ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་ཅིག་འདས་པའི ་སངས་རྒྱས་ཀྱིས་ཁ་ཏོན་ཟིན། ད་ལྟར་གྱི་ཁ་ཏོན་བྱས་ཕྱིས་ཀྱང་ཁ་ཏོན་བྱེད་དེ། དའང་དེ་བཞིན་ད་ལྟར་ཁ་ཏོན་བྱེད་དོ།། དེ་ལྟ་བས་ན་ཁྱེད་ལ་སོགས་པས་སེམས་ཅན་ཕལ་མང་པོ་རྒྱལ་པོ་དང་རྒྱལ་བུ་དང་། བློན་པོ་དང་དགེ་སློང ་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནོས་ནས་འགྲུས་པར་ཁ་ཏོན་བླགས་ལ་བཀྲོལ་བཤད་དེ། ཡི་གེར་བྲིས་ལ་སངས་རྒྱས་ཀྱི་རང་བཞིན་གྱིས་སྐལ་པ་རྟག་པར་འདུག ་སྟེ། སེམས་ཀྱི་གླེགས་བམ་རུས་གསུམ་གྱི་བར་དུ་ཚུལ་བཞིན་འབབ་ཅིང་ཐོགས་པ་མེད་པར་བྱས་ཏེ། སེམས་ཅན་ཐམས་ཅད་བསྟན་ཅིང་བསླབ་པའི་རྒྱུན་མི་གཅོད་ཅིང་སངས་རྒྱས་མཐོང་ལ་སངས་རྒྱས་གཅིག་གིས་གཅེ ་ལ་གཏད་དེ། ཚེ་ཚེ་རབས་སུ་ཡང་ངན་སོང་དང་བགེགས་བརྒྱད་ཀྱི་ནང་དུ་ཡང་མི་ལྟུང་ཞིང་རྟག་པར་མིའི་ལམ་དང་། གནམ་གྱི་སྟེང་དུ་སྐྱེའོ།། ངས་དེ་ལྟར་ཤིང་འདིའི་དྲུང་དུ་འདུག་སྟེ། སངས་རྒྱས་རབས་བདུན་གྱི་ཆོས་ཀྱི་ཁྲིམས ་མདོ་ཙམ་ཞིག་ཕྱེ་བ་ཁྱེད་ལ་སོགས་པ་སྙིང་གཅིག་ཏུ་བརྟུལ་ཏེ་སོ་སོར་ཐར་པ་ལ་བསླབས་ལ་དགའ་ཞིང་གུས་པར་གྱིས་ཤིག། གཟུགས་མེད་པའི་གནམ་གྱི་རྒྱལ་པོའི་ལེའུ་སློབ་པའི་བློན་འདེབས་པའི་ནད་ནས་གཅིག་པུ་གཅིག ་བུ་ནས་རྒྱ་ཞིང་མངོན་པར་བཤད་དོ། ། དེའི་ཚེ་སློབ་མ་མཁས་པ་སུམ་སྟོང་འདུག་ཅིང་ཉན་པས་སངས་རྒྱས་ཀྱིས་ཁཏོན་བླགས་པ་ཐོས་ནས་སེམས་ཐག་པ་ནས་སྤྱི་བོ་ལ་ཁྱེར་ཏེ། དགའ་གཞའ་ནས་རྟག་པར་གཟུང ་སུགཟུང་ངོ་། ། དེ་ལྟར་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱིས་ཡན་ཆད་བང་མོའི་མེ་ཏོག་གི་སྣོད་ཀྱི་ཁམས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུའི་སེམས་ཀྱི་གནས་ཆོས་ཀྱི་སྒོ་མོ་ལེའུ་ཡི་ནང་ན་ཟག་པ་མེད་པའི་ཚུལ་ཁྲིམས་བཅུ་བཤད་ཟིན་ཏོ།། སྟོ ་ཕྲག་བརྒྱ་འབུམ་གྱི་ཐུབ་པ་ཡང་དེ་བཞིན་ནོ། ། དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་ནས་འདིའི་གཙང་མོའི་ཤིང་དྲུང་ན་འདུག་པ་བཅུའི་གནས་ན་ཆོས་དང་ཚུལ་ཁྲིམས་ཀྱི་ལེའུ་ཡང་བཤད་དོ།། བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་བསྒོབ་བཤད་ཀྱིས་མི་ལང་ངོ་། ། མང་པོ་པལ་རྟག་པར་གཟུངས་སུ་ཟུང་ལ་ཁ་ཏོན་དུ་ལྷོགས་ཤིག། དེའི་གཞུད་བཀྲོལ་བཤད་པ་དེ་ཡིན་ནོ།། སྟོང་ཕྲག་བརྒྱ་ཡང་འབུམ་གྱི་ཁམས་པད་མའི་མེ་ཏོག་སྣོད་ཀྱི་ཁམས་རྡུལ་ཕྲས ་སྙེད་ཀྱི་ཁམས་ཀྱི་ཐམས་ཅད་ཀྱི་སེམས་ཀྱི་སྣོད། ཚུལ་ཁྲིམས་ཀྱི་སྣོད་གྲངས་མེད་པའི་སྨོན་ལམ་གྱི་སྣོད་ཡོན་ཏན་དང་། སངས་རྒྱས་ཀྱི་རང་བཞིན་འདུག་པའི་སྣོད་དེ་སངས་རྒྱས་ཐམས་ཅད་གྲངས་མང་། ཆོས་ཀྱི་སྒོ་མོ་ཡང་བགས ་ཟིན་ཏོ། ། སྟོང་ཕྲག་བརྒྱའི་ཁམས་ཀྱི་ནང་ན་སེམས་ཅན་ཐམས་ཅད་ཀྱིས་གཟུངས་སུ་བཟུང་སྟེ། དགའ་ཞིག་གུས་པར་བྱེད་དོ།། སེམས་ཀྱི་གནས་རྒྱ་ཆེར་བྱེ་བའི་གཟུངས་ནི་སངས་རྒྱས་ཀྱི་མེ་ཏོག་འོད་ཀྱི་རྒྱལ་བའི་ལེའུ་ཡིནཔ། ་ནས་བཤད་དོ།། སངས་རྒྱས་བདུན་གྱིས་ཚིག་གི་ལེའུ་བཤད་པ་གཅིག་སྟེ། སངས་རྒྱས་རྣམ་པར་གཟིགས་ཀྱིས་བསྟན་པའི་ཚུལ། དྲི་མས་བཤད་པ།། བཟོད་པའི་དམ་པས་དཀའ་ཐུབཞུགས།། བཟོད་པའི་དམ་པས་མྱ་ངན ་འདའ། ། གཞན་ལ་གནོད་པ་དེ་ནི་བྱང་ཆུབ་མ་ཡིན་ནོ།། གཉིས་ཏེ་སྤྱི་ཏོར་སངས་རྒྱས་ཀྱིས་བསྟན་པ།། མིག་ཅན་མི་བདེ་ལོང་བས་བྱོལ་ཏེ་འགྲོ།། མཁས་པས་འཚོ་བའི་འཇིག་རྟེན་ན།། སྡིག་པ་ཀུན་ཀྱང་རྣམ་པར་སྤོངས།། ་གསུམ་ཏེ་ཐམས་ཅད་སྐྱོབ་སངས་རྒྱས་ཀྱིས་བསྟན་པ། གནོད་ལ་མི་སྨྲ་མ་སེམས་ཏེ།། སོ་སོར་ཐར་པ་བཞིན་དུ་སྡོམ།། ཟས་ཀྱི་ཚེད་ཀྱང་རིག་པར་བྱ།། གནས་ཀྱང་དབེན་པར་འཇུག་པར་བྱ།། རབ་ཏུ་སེམས་དང་ལྡན་པ་ནི།། ་དེ་ནི་སངས་རྒྱས་བསྟན་པའོ།། བཞི་སྣ་ལོག་པར་དད་སེལ་སངས་རྒྱས་ཀྱིས་བསྟན་པ།། ཇི་ལྟར་བུད་དཔེ་མེ་ཏོག་གི། ཁ་དོག་གསུང་ལ་མི་གནོད་པར།། ཁུ་བ་བླངས་ཏེ་འབུ་རབ་བཞིན།། དེ་བཞིན་བྱང་ཆུབ་གྲོད་དུ་སྤྱོད།། གཞན་གྱི ་རྣམས་ལ་མེ་ལྟ་བར། ། གཞན་གྱིས་ལེགས་པ་བྱས་ལའོ།། བདག་རང་ཉིད་ལ་ལྟོས།། ལེགས་ཉེས་ཅི་བྱས་པ།། ལྔ་སྟེ་གསེར་ཐུབ་སངས་རྒྱས་ཀྱིས་བསྟན་པ།། བསམ་གཏན་ལ་ན་མ་བྱེལ་བར།། ཐུབ་པ་རྣམས་ཀྱིས་ཚུལ ་ཐུབ་སློབས། ། མི་བདེ་བར་ཡང་མི་འགྱུར་མགོན།། མངོན་པར་ཞི་བས་རྟག་ཏུ་དྲན་པའི་ཡིད།། དྲུག་སྟེ་བསོད་སྐྱབས་སངས་རྒྱས་ཀྱིས་བསྟན་པ།། ཐམས་ཅད་སྡིག་པ་མི་བྱའོ།། དགེའོ་ཅོག་ནི་རྫོགས་པར་བྱ།། བདག་གི་སེམས་ཀྱང ་ཤིན་དུ་གདུལ། ། དེ་ནི་སངས་རྒྱས་བསྟན་པའོ།། །། བདུན་ཏེ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱིས་བསྟན་པ།། ལུས་ཀྱིས་སུ་ནི་སྡོམ་པ་དགེ། ངག་གི་སྡོམ་པ་ཡང་ནི་དགེ། ཡིད་ཀྱི་སྡོམ་པ་ཡང་ནི་དགེ། དགེའ་ཐམས་ཅད ་པ་ནི། བྱང་ཆུབ་ཀུན་ལ་མགོན་སྒྲུབས་བྱེད།། ཉོན་མོངས་ཐམས་ཅད་ཀུན་ལས་སྐྱོབ།། བྱང་ཆུབ་དག་བསྲུང་ཡིད་ཀྱང་སྡོམ།། ལུས་ཀྱིས་མི་དག་མི་བྱ་ཞིང་།། འདི་གསུམ་ལས་ལས་རྣམ་པར་སྦྱོངས།། འཐོབ་པོ་དྲང་སྲོང ་གསུངས་པའི་ལམ། ། མི་ཡིས་བརྡེགས་སྤྱོས་ཤ་མོ་གླན།། སྡིག་གི་མི་ལ་སེམས་མི་འཁོན།། གཤེ་བའི་མི་ལའང་རྟག་ཏུ་གཙང་།། མི་ཡིས་ངན་བྱས་བདག་མི་བྱེད།། སངས་རྒྱས་ཀུན་གྱིས་རབ་བཙུན་བྱས།། འཇིག་རྟེན ་མངའ་བ་སྐྱབས་ནུས། ། སངས་རྒྱས་འདིས་ཚུལ་ཁྲིམས་བཤད་པ།། ངས་རྒྱ་ཆེར་བཤད་དུ་ཀུན་རྫོགས།། སངས་རྒྱས་ཀུན་དང་སློབ་མ་རྣམས།། ཆོས་ཀྱི་ཚུལ་ཁྲིམས་གུས་པར་འཛིན།། གཅིག་ལ་གཅིག་ཀྱང་གུས་པར་བྱོས ་ཆོས་ལ་དྲིན་གཟོ་ཚོག་ཚང་ན། ། བྱ་བ་མེད་པའི་ཆོས་ཐོབ་ནུས།། ཚུལ་ཁྲིམས་ཡི་གེ་བཤད་ཟིན་ནས།། སེམས་གཅིག་བརྟུལ་ཏེ་བྱང་ཆུབ་ཐོབ། ཆོས་ཀྱི་རྒྱ་མོ་རྫོགས་སྷོ།། ་