CLOSE WINDOW

Q919: chos gsum pa zhes bya ba'i mdo
Wyliee-texts produced with BDRC’s OCR application

མངོན་པར་སྟོད་དོ། ། འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། @། རྒྱ་གར་སྐད་དུ། ཏྲི་དྷརྨ་ཀ་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཆོས་གསུམ་པ་ཞེས་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན ་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་སྦྱིན་ཞིང་བསོད། ་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་སྤངས་ནས་གནས་པར་མི་བྱེད་དོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། སེར་སྣ་དང་། བག་མེད་པ་སྟེ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལོ་དམ་པའི་ཆོས་མ་ཡིན་པ ་གསུམ་པོ་དེ་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས ་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། ། དགེ་སློང་དག་སྐྱེས་བུ་དམ་པ་དམ་པའི་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱེད་དོ།། གསུ ་པོ་གང་ཞེ་ན། འདི་ལྟ་སྟེ། མི་ཆགས་པ་དང་། སེར་སྣ་མེད་པ་དང་། བག་ཡོད་པའོ།། དགེ་སློང་དག་དམ་པའི་ཆོས་གསུམ་པོ་དེ་དག་དང་ལྡན་ན་སྐྱེས་བུ་དམ་པ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག ་བར་བླངས་ཏེ་གནས་པར་བྱས་པས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ་བདེ་བར་གཤེགས་པས ་དེསྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། གང་ཕྱིར་སེར་སྣ་བག་མེད་པས།། སྦྱིན་པ་སྦྱིན་པར་མི་བྱེད་དེ།། དེ་ཕྱིར་བསོད་ནམས་འདོད་པ་ཡི།། མཁས་པས་སྦྱིན་པ་སྦྱིན་པར་བྱ།། སེར་སྣ་ཅན་གྱིས ་འཇིགས་པ་ནི། ། བཀྲེས་དང་བསྒོམ་པ་འདི་ཡིན་ན།། གང་གིས་འཇིགས་པས་འདིར་མ་བྱིན།། དེ་ཉིད་མི་ཡི་འཇིགས་པ་ཡིན།། གང་གིས་སེར་སྣའི་དབང་གིས་ན།། ཡོད་མ་བྱིན་པ་འཇིགས་པ་སྟེ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། དེ་ཡིས ་བྱིས་པ་བགོས་པར་འགྱུར། ། གང་དག་སེར་སྣ་སྤངས་ནས་ཀྱང་།། དུས་སུ་སྦྱིན་པ་སྦྱིན་བྱེད་ན།། ཤི་ཡང་དེ་ནི་ཤི་མ་ཡིན།། རྒྱགས་བཟངས་པོ་ཡི་འགྲོན་པོ་བཞིན།། གང་དག་ཤིན་ཏུ་གཏད་དཀའ་བ།། ཉུང་ངུའང་མང་པོ་གཏོང་བྱེད ་ན། ། བཏང་ཀ་གཏོང་བ་དེ་དག་ནི།། དཀའ་བའི་ལས་དག་བྱེད་པ་ཡིན།། དམ་པ་མིན་པས་མི་རྟོགས་ཏེ།། དམ་པ་ཆོས་ལས་འདའ་མི་བྱེད།། དེ་ཕྱིར་དམ་པ་དམ་པ་མིན།། འདི་ནས་ཤི་བར་འགྱུར་བ་ན།། དམ་པ་མིན་པ་དམྱལ་བར ་འགྲོ། ། དམ་པ་དག་ནི་མཐོ་ས་འགྲོ།། ནབས་གཙེས་པ་ལ་ནི་སྐྱབས་མེད་དེ།། ཚེ་ཐུང་བས་ནི་སྲོག་ཁྱེར་དུས་ཀྱང་ཉེ།། འཆི་བའི་འཇིགས་པ་འདི་མཐོང་རྣམས་ཀྱིས་ནི།། བསོད་ནམས་བདེ་སྦྱོར་དག་ནི་བྱ་བའི་རིགས།། བུད་རྗེ ་སྤངས་འདིར་སྟོ་བས་འཆ་བ་གྲང་། ། དཀའ་བས་བྱིན་པ་ཟུང་དུ་བྱིན་ན་ཡང་།། སྟོང་ག་མཆོད་སྦྱིན་བརྒྱ་སྟོང་བྱེད་པ་ནི།། དེས་བཅུ་དྲུག་ཆར་ཡང་མི་པོད་དོ།། ཅི་ཕྱིར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེག།། མཆོད་སྦྱིན་འཐུན་པ་དེ་ཡི་ལ་མ ་འགྲོ། ། ཇི་ལྟར་སྟོང་གི་མཆོད་སྦྱིན་ཆེརྣམས་ཀྱང་།། དེ་ཡི་བཅུ་དྲུག་ཆར་མི་འགྱུར་ཞེ་ན།། བྱིས་པ་ལ་ལ་གསོད་ཅིང་འཆི་བྱེད་འདིར།། གཞན་ནོར་མ་བྱིན་ལེན་བྱེད་བརླག་པར་འགྱུར།། མཆི་བའི་གདོང་བཅས་ཆད་པར་བཅས་པ་ཡི།། ་ཡོ་ན་དེའི་མཆོད་སྦྱིན་འཐུན་པའི་ལམ་མི་འགྲོ།། དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ།། མཆོད་སྦྱིན་མཐུན་པའི་ལམ་དུ་མི་འགྲོ་ལ།། དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་།། དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ་ལ་ལ་གང་དག་གཟུ་ལུམས་མ་ཡིན་པ།། ཆོས་བཞིན་ནོར་རྣམས་ཐོབ་པ་གཏོང་བྱེད་པ།། དེ་དག་གཏད་དཀའ་དེ་རྣམས་བཏང་བས་ན།། རང་གི་བསོད་ནམས་ཀྱིས་ནི་ལྟེ་གནས་འགྲོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཆོས་གསུམ་པ་ཞེས་བྱ་བའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལེ་ཙྪ་བ་བན་དེ་དེ་བ ་ཙན་དྲས་བསྒྱུར། ལོ་ཙྪ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །། @#།། རྒྱ་གར་སྐད་དུ། ཨཱརྱ་དྷརྨཱ་ཀེ་དུ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོའོ།། ་