CLOSE WINDOW

Q916: chos bzhi pa'i mdo
Wyliee-texts produced with BDRC’s OCR application

པ་ལ་མངོན་པར་བསྟོད་དོ། ། །། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པ། ། །། #།། རྒྱ་གར་སྐད་དུ། ཙ་ཏུར་དྷརྨ་ཀ་སུ་ཏྲ། བོད་སྐད་དུ་ཆོས་བཞི་པའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས། ་བ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བརྟན་ཞིང་ཙབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མཁས་པས་ཇི་སྲིད་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ།། བཞི ་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་བུད་མེད་དག་ལ་དགའ་བའོ་སྙམ་དུ་ཇི་སྲིད་མཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་རྒྱལ་པོའི་ཕོ་བྲང་འཁོར་ལ་དགའ ་པའོ། ། སྙམ་དུ་ཇི་སྲིད་མཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་གཟུགས་བཟང་བ་མཛེས་པ་ལྟན་སྡུག་པ་ནད་ཉུང་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། ་དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་བྱུག་པ་ནོར་མང་བ། ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་མཚའི་བར་དུ་ཡིད་བརྟན་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བདག་ཤེག ་བས་དེ་ག་ད་གསུངས་ནས་སྦྱིན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། ། བུད་མེད་བརྟེན་དུག་ལ་རུང་།། རྒྱལ་པོའི་ཕོ་བྲང་གལ་དགའ།། ལྦུ་བའི་སྙིང་པོ་ག་ལ་ཡང་།། ལངས་སྤྱད་རྟག་པ་ག་ལ་ཡིན།། ལངས་སྤྱོད ་ནི་འབབ་ཆུ་བཞིན། ། ཀླུ་ཅི་འདྲ་བར་ཁྱིམ་དེ་འདྲ།། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན།། སྲོག་ནི་ཆུ་བུར་འདྲ་བ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བ་ཀཱ་སྩ་ལ་ནས། དགེ་སློང་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། ་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། ཆོས་བཞི་པའི་མདོ།། རྫོགས་སྷོ།། །། @།། རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨཱ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱ ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན ་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས ་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་གཅིག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད ་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་། ། བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་མཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚེ་འི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བཟོད་པ་དང་། ངེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་བཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ ་