| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱ་དྷརྨ་ཎ་ར་ན་མ་མ་ཧཱ་ཡཱན་སུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེའི་ཚེ་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ ་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཇི་ལྟར་གནས་པར་བྱ། ཇི་ལྟར་སྒྲུབ་པར་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ། ཇི་ལྟར་སེམས་ཅན་རྣམས་ཡོངས ་སུ་སྨིན་པར་བྱསྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་གི་བསམ་པ་མཁྱེན་ནས་སྨིག་མོ་ལས་བྱས་པའི་འཁོར་གྱི་ཁྱམས་གྲལ་བ་དར་གཤེགས་ཏེ། བྱོན་ནས ་གདན་བཏིང་བ་ལ་བཞུགས་སོ། ། བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་རྟོག་པ་ནི་བཟང ་ངོ། ། ཡིད་ཀྱི་དྲི་བ་ནི་མཛེས་སོ།། སྤོབས་པ་ནི་དགེའོ།། ཡིད་ལ་བྱ་བ་ནི་ཚུལ་བཞིན་ནོ།། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཀྱི་ཚུལ་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗོད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ངས་ཁྱེད་ལ་བཤད་དོ།། བཅོམ་ལྡན་འདས་ལེག། ་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མྱ་ངན་ལས་འདས་པའི ་བསམ་པ་ཅན་དུ་གྱིས་ཤིག། འཁོར་བར་སྦྱོར་བ་ཅན་དུ་གྱིས་ཤིག། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་གནས་པར་མ་བྱེད་ཅིག། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་འཁོར་བར་སྦྱོར་བ་ཅན་ལགས། ཇི་ལྟར་ན་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་ཡང་མི་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆི་བ་མེད ་པའི་བདེ་བ་ལ་རེག་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡིན། དགེ་བའི་རྩ་བ་བསགས་པའི་ཕྱིར་འཁོར་བར་སྦྱོར་བ་ཅན་ཡིན། འཕགས་པ་དངས་སོའི་སྐྱེ་བོ་དག་སྦྱིན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས ་པ་ལའང་མི་གནས་ཏེ། དེ་ནི་ཚུལ་ལ། རིགས་ཀྱི་བུ་དག་དེ་ལྟ་བས་ན་རང་གི་སེམས་ཡོངས་སུ་སྦྱོངས་ཤིག། ཕ་རོལ་གྱི་སེམས་སྲུངས་ཤིག། སེམས་དཔའ་བ་ཅན་དུ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་རང་གི་སེམས་ཡོངས་སུ་སྤྱོད་པར་བགྱིད་པ་ལགས། ཇི་ལྟར་ན་གཞན་གྱི་སེམས་སྲུང་བ་ལེགས། ཇི་ལྟར་ན་སེམས་དཔའ་བ་ཅན་ལགས། བཀའ་སྩལ་པ། ཉོན་མོངས་པ་སེལ་ཕྲ། ་རང་གི་སེམས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན། ཁོང་ཁྲོ་བ་མེད་པས་གཞན་གྱི་སེམས་སྲུང་བ་ཡིན། བྱང་ཆུབ་ཀྱི་སེམས་མི་གཏོང་བས་སེམས་དཔའ་བ་ཡིན་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བྱ་བ་དང་ཡང ་འགལ་བར་མ་བྱེད་ཅིག། བྱ་བ་མ་ཡིན་པ་ལ་ཡང་སྣང་བར་གྱིས་ཤིག། བྱས་པ་ལ་ལན་རེ་བ་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བགྱི་བ་དང་མི་འགལ་བར་བགྱིད་པ ་ལགས། ཇི་ལྟར་ན་མི་བགྱི་བ་ལ་ཡང་གདའ་བ་ལགས། ཇི་ལྟར་ན་བགྱིས་པ་ལ་ལན་རེ་བ་མ་མཆིས་པ་ལགས། བཀའ་སྩལ་པ། བྱ་བ་དང་འགལ་བར་མི་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་འཇུག་པས་ལས ་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱའོ། ། བྱ་བ་མ་ཡིན་པ་ལ་སྣང་བ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ།། བྱས་པ་ལ་ལན་རེ་བ་མེད་པ་ནི་ལན་ཏུ་ཕན་འདོགས་པ་རེ་བ་མེད་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ། ་བས་ན་དུས་མ་ཡིན་པར་ནི་མ་ལྡང་གཅིག། དུས་ལ་བབ་ན་ནི་མ་ཉལ་ཅིག། ཉལ་བ་རྣམས་ནི་སློངས་ཤིག། རྟག་ཏུ་ནི་ཉོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལག ་པར་མི་ལྡང་བ་ལགས། ཇི་ལྟར་ན་དུས་ལ་བབ་ན་མི་ཉལ་བ་ལགས། ཇི་ལྟར་ན་ཉལ་བ་རྣམས་སློང་བ་ལགས། ཇི་ལྟར་ན་རྟག་ཏུ་ཉལ་བ་ལགས། བཀའ་སྩལ་པ། དུས་མ་ཡིན་པར་མི་ལྡང་བ་ནི་སྣོད་དུ་མ་གྱུར་པ ་རྣམས་ལ་ཆོས་མི་བསྟན་པའོ། ། དུས་ལ་བབ་ན་མི་ཉལ་བ་ནི་སྣོད་དུ་གྱུར་པ་ལས་འདའ་བར་མི་བྱའོ།། ཉལ་བ་རྣམས་བསླད་པ་ནི་དུས་དང་དུས་མ་ཡིན་པས་བསྐུལ་བའོ།། རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས།། ་མི་མཉམ་པ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ནི་ཡིད་བསྟན་པ་མེད་པར་གྱིས་ཤིག། ཡིད་བརྟན་པ་གཞིག་པར་གྱིས་ཤིག། ཡིད་མ་བརྟན་པ་རྣམས་ལ་ཡིད་རྟེན་པར་གྱིས་ཤིག། གསོལ་པ། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་རྟོན་པ་ལགས། ཇི་ལྟར་ན་ཡིད་བརྟན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ་བརྟན་པ་རྣམས་ལ་ཡིད་རྟོན་པ་ལགས། བཀའ་སྩལ་པ། ཡིད ་མི་བརྟན་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་མི་གཞག་པའོ། ། ཡིད་བརྟན་པ་གཞིག་པར་བྱ་བ་ནི་སྙོམས་པར་འཇུག་པ་བཟློག་པའོ།། ཡིད་མ་བརྟན་པ་རྣམས་ལ་ཡིད ་བརྟན་པར་བྱ་བ་ནི་ལོག་པར་ཞུགས་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་བགྱིས་ཤིག། བྱས་པ་ཤེས་པ་མེད་པར་སྦྱོར་ཅིག། ཅི་ལ་འང་ལ་ནོར་བར་མ་བྱེད་ཅིག། རྙེད་པ་ཆེན ་པོས་ཉེ་བར་འཚེ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱས་པ་འཚལ་བ་མ་མཆིས་པར་སྦྱོར་བ་ལགས། ཇི་ལྟར་ན་ཅི་ལའང ་ལན་མི་རེ་བ་ལགས། ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚེ་བ་ལགས། བཀའ་སྩལ་པ། ནོར་དང་ལྡན་པ་ཞེས་བྱ་བ་ནི་ནོར་བདུན་དང་ལྡན་པའོ།། བྱས་པ་ཤེས་པ་མེད་པར་སྦྱར་བ་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ་སྦྱར་བ་དང་། ་ཤེས་རབ་འ་ཆལ་བ་རྣམས་ཤེས་རབལ་སྦྱར་བའོ།། ཅི་ལ་འང་ལ་ནི་རབ་མེད་པ་ནི་རང་གི་དགོས་པ་ལའང་ནན་ཏན་དུ་བྱ་བའོ།། རྙེད་པ་ཆེན་པོས་ཉེ་བར་འཚོ་བ་ནི་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོ་བ་སྟེད་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་ཡང་ཤེས་པར་གྱིས་ཤིག། ཆགས་པ་རྣམས་ལ་ཡང་སྤྱོད་ཅིག། ཆགས་པ་ལ་ཞེན་པ་རྣམས་ལའང་ལྟོས་ཤིག། ཆགས་པ་མེད་པ་ལའ་སྲུངས ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་འཚལ་བ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས།། ཇི་ལྟར་ན་ཆགས་པར་ཞེན་པལ་ལྟ་བ་ལགས། ཇི་ལྟ་ན ་ཆགས་པ་མ་མཆིས་བསྲུང་བ་ལགས། བཀའ་སྩལ་པ། ཆགས་པ་ཤེས་པར་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ།། ཆགས་པ་རྣམས་ལ་སྤྱད་པ་ནི་སྐྱེ་མཆེད་དྲུག་བཅད་པའོ།། ཆགས ་པར་ཞེན་པ་ལ་ལྟ་བ་ནི་སོ་སོའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱ་བའོ། ། ཆགས་པ་མེད་པ་སྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས་པར་གྱིས་ཤིག། མངོན་པར་དགའ་བ ་མེད་པར་གྱིས་ཤིག། སྙིང་རྩེ་བ་མེད་པར་གྱིས་ཤིག། སྙིང་རྗེ་བ་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིགས་པར་བགྱིད་པ་ལགས། ཇི་ལྟར་ན་མངོན་པར ་དགའ་བ་མ་མཆིས་པ་ལགས། དེ་ལྟར་ན་སྟིང་བརྗེ་བ་མ་མཆི་པ་ཤས། སྟེར་ན་སྟིང་རྗེ་མམཆིས་པ་འགས་པ་འས་པ་གས་ཤེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིསས་འཇིགས་པའོ།། མངོན་པར་དགའ་བ་མེད་ཅེས་བྱ་བ་ནི་གཟུམ ་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མེད་པའོ། ། སྙིང་བརྩེ་བ་མེད་པ་ནི་ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་བ་ལའོ།། སྙིང་རྗེ་བ་མེད་པ་ནི་ནང་གི་དངོས་པོ་མགོ་ལ་སོགས་པ་ཡོངས་སུ་བཏང་བ་ལ ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན། བདེན་པ་ཡང་ཁོང་དུ་ཆུད་པར་གྱིས་ཤིག། བརྫུན་དུ་སྨྲ་བ་ཡང་མ་སྤང་ཞིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདེན་པ་ཁོང ་དུ་ཆུད་པར་བགྱིད་པ་ལགས། ཇི་ལྟར་ན་བརྫུན་དུ་སྨྲ་བ་ནི་མི་སྤོང་བ་ལགས། བཀའ་སྩལ་པ། བདེན་པོ་ཁོང་དུ་ཆུད་པར་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཕྱིར་རོ།། བརྫུན་དུ་སྨྲ་བ་མི་སྤང་བ་ནི་འདུས་བྱས ་ལ་ཉེ་བར་སྤྱོད་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པར་བགྱིས་ཏེ། ཚུ་རོལ་གྱི་དོགས་ལ་བལྟ་བར་གྱིས་ཤིག། ཕ་རོལ་ཏུ་ཕྱིན་པར་མ་བྱེད་པར་ཕ་རོལ་གྱི་དོགས་ལ་བལྟ་བར་གྱིས་ཤིག ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་ཅིང་ཚུ་རོལ་གྱི་དོགས་ལ་བལྟ་བ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པར་མི་བགྱིད་ཅིང་ཕ་རོལ་གྱི་དོགས་ལ་ལྟ་བ་ལགས། ་བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། བསམ་པ་ལའོ།། ཚུ་རོལ་གྱི་དོགས་ལ་ལྟ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། ། ་ཕ་རོལ་ཏུ་ཕྱིན་པར་མི་བྱ་བ་ནི་ཕ་རོལ་བསྒྲལ་བའི་ཕྱིར་རོ།། ཕ་རོལ་གྱི་དོགས་ལ་ལྟ་བ་ནི་རྟག་ཏུ་མྱ་ངན་ལས་འདའ་བ་ལ་གཞོལ་བར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རྟག་ཏུ་མི་འཐུན་པར་ཡང་གྱིས ་ལ་རྩོད་པ་མེད་པ་མཆོག་ཏུ་ཡང་གྱིས་ཤིག། བྱམས་པ་ལ་ཡང་གནས་ལ་སྐྱོན་ཡང་མཐོང་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་མི་མཐུན་པར་བགྱིད་པ ་དང་། རྩོད་པ་མ་མཆིས་པ་མཆོག་ཏུ་བགྱིད་པ་ལགས། ཇི་ལྟར་ན་བྱམས་པ་ལ་གནས་ཤིང་། སྐྱོན་ཡང་མཐོང་བ་ལགས། བཀའ་སྩལ་པ། རྟག་ཏུ་མི་མཐུན་པར་བྱེད་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི ་ཕྱིར་རོ། ། རྩོད་པ་མེད་པ་མཆོག་ཏུ་བྱེད་པ་ནི་བསམ་པ་དག་པའི་ཕྱིར་རོ།། བྱམས་པ་ལ་གནས་པ་ནི་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་རོ།། ཉེས་པས་མཐོང་བ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དེ་དེ་ནི་ཚུལ་ལོ།། ། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟད་པ་ཡང་ཟད་པར་མ་བྱེད་ཅིག། མི་ཟད་པར་ཡང་ལྟུང་བར་མ་བྱེད་ཅིག། ཟད་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེས། ་དཔའ་རྣམས་ཟད་པ་ཟད་པར་མི་བགྱིད་པ་ལགས། ཇི་ལྟར་ན་མི་ཟད་པར་མི་ལྟུང་བ་ལགས། ཇི་ལྟར་ན་ཟད་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པ་ལགས། བཀའ་སྩལ་པ། ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། ་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱས་སོ།། དེ་ལ་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་བསགས་པའི་ཕྱིར་འདུས་བྱས་ཀྱང་ཟད་པར་མི་བྱའོ།། ཐབས་ལ་མཁས་པས་འདུས་མ་བྱས་སུ་ཡང་ལྟུང་བར་མི་བྱའོ།། ཟད་པའི་ཆོས། ་ཉིད་ཁོང་དུ་ཆུད་པར་བྱ་བ་ནི་མི་རྟག་པའི་མཐར་འགྱུར་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མུན་པའི་ནང་ནའང་གནས་པར་གྱིས་ཤིག། སྣང་བ་ཡང་ཟིན་པར་གྱིས་ཤིག། མི་བྱ་བ་ནི་གྱིས་ཤིག། བྱ་བ་ནི ་ཡལ་བར་ཞོག་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མུན་པའི་ནང་ན་གནས་པ་ལགས། ཇི་ལྟར་ན་སྣང་བ་ཟིན་པ་ལགས། ཇི་ལྟར་ན་མི་བགྱི་བ་བགྱིད་པ་ལགས།། ཇི་ལྟར ་ན་བགྱི་བ་ཡལ་བར་གཞོག་པ་ལགས། བཀའ་སྩལ་པ། མུན་པ་ཞེས་བྱ་བ་ནི་མི་ཤེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མི་ཤེས་པ་རྣམས་ཀྱི་དོན་དུ་བདེན་པ་ཐོབ་པར་བྱའོ།། སྣང་བ་ཞེས་བྱ་བ ་ནི་ཤེས་རབ་སྟེ། ཤེས་རབ་དེས་ཀྱང་མུན་པ་གསལ་བར་བྱའོ།། མི་བྱ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། བྱ་བ་ཞེས་བྱ་བ་ནི་མངོན་པར་འདུ་བ་མེད་པའོ།། དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་གཞག། ་པར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟབ་མོའི་ཆོས་ཀྱི་སྣང་བ་ལ་ཡང་གནས་པར་གྱིས་ཤིག། སྣང་བའི་ཆོས་རྣམས་ལའང་བརྙས་པར་མ་བྱེད་ཅིག། སྣང་བ་དང་མེ་སྣང་བ་ལ་འང་མ་གནྡ། ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཟབ་མོའི་ཆོས་ཀྱི་སྣང་བ་ལ་གནས་པ་ལས། ཇི་ལྟར་ན་སྣང་བར་གྱུར་པའི་ཆོས་རྣམས་ལ་བརྙས་པ་མ་མཆིས་པ་ལགས། ཇི་ལྟར། ་ན་སྣང་བ་དང་མི་སྣང་བ་ལ་མི་གནས་པ་ལགས། བཀའ་སྩལ་པ། ཟབ་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་བ་ཐམས་ཅད་དང་བྲལ་བས་ཆོས་ཐམས་ཅད་རྟེན ་ཅིང་འབྲེལ་བར་འབྱུང་བ་ཡིན་པར་རིག་པར་བྱའོ། ། ཆོས་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བས་སྣང་བར་གྱུར་པ་དེ་དག་ལ་ཡོད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྙས་པར་མི་བྱའོ།། སྣང་བ་དང་མི་སྣང ་བ་ལ་གནས་པར་མི་བྱ་བ་ནི་གཉིས་དང་བྲལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་ཡང་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མེད་པར་གྱིས་ཤིག། ཡང་དག་པར་བསྡུ་བའི་ཕྱིར་ཡང་། ་བརྩོན་འགྲུས་མ་གློང་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི་བ་དེ་ལ་འདོད་པ་མ་མཆིས་པ་ལགས། ཇི་ལྟར་ན་ཡང་དག་པར་བསྡུ་བར་བགྱི་བའི་སླད་དུ་བརྩོན ་འགྲུས་ལྷོད་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་སོ།། དེ་ལ་འདོད་པ་མེད་པ་ནི་མི་ལྟ་བར་སེམས་ཅན་རྣམས་ལ་གཏད་པའོ།། ཡང་དག་པར་བསྡུ་བའི་བརྩོན་འགྲུས ་མི་གློད་པ་ནི་དགེ་བའི་རྩ་བ་ལ་དོམས་མི་ཤེས་པར་བརྩོན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏིང་དཔག་དཀའ་བར་ཡང་གྱིས་ཤིག། སྤྱོད་པ་གསལ་བ་ཡང་སྣང་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏིང་དཔག་དཀའ་བ་ལགས། ཇི་ལྟར་ན་སྤྱོད་པ་གསལ་བ་ལ་ཡང་གདའ་བ་ལགས། བཀའ་སྩལ་པ། གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་ཟབ་པ་ལ་སྙོམས་པར་འཇུག་པ་སྟེ། གང་ལ་ཉན ་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་གཏིང་མི་རྙེད་པའོ། ། སྤྱོད་པ་གསལ་བ་ལ་ཡང་སྣང་བ་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་འདྲེ་བར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ལམ་ལས་གཟུང་བར ་གྱིས་ཤིག། ལ་མ་གོལ་བ་ན་ཡང་སྣང་བར་གྱིས་ཤིག། ཡང་དག་པའི་ལམ་ཡང་མ་དོར་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་མ་ལས་མཇུད་པ་ལགས། ཇི་ལྟར་ན་ལ་མ་གོལ་བ་ན ་ཡང་གདའ་བ་ལགས། ཇི་ལྟར་ན་ཡང་དག་པའི་ལམ་མི་འདོར་བ་ལགས། བཀའ་སྩལ་པ། ལམ་ལས་མཛུར་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལས་འབྱོར་པའོ།། ལམ་གོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ ་སྤེན་པར་བྱ་བའི་ཕྱིར་རོ། ། ཡང་དག་པའི་ལམ་མི་འདོང་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་གོ་ཡང་བགོ་བར་གྱིས་ཤིག། ཐམས་ཅད་ལས་ཀྱང་ཕྱིར་ལྡོག ་པར་གྱིས་ཤིག། ཕྱིར་ལོག་ནས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་ལགས། ཇི་ལྟར་ན་ཐམས་ཅད་ལས་ཕྱིར་ལྡོག་པ་ལགས། ཇི ་ལྟར་ན་ཕྱིར་ལོག་ནས་སྒྲོལ་བ་ལགས། བཀའ་སྩལ་པ། ཕྱིར་མི་ལྡོག་པའི་གོ་ཆ་བགོས་ཤེས་བྱ་བ་ནི་ཆོས་དང་འཐུན་པའི་དམ་བཅས་པ་ལ་གནས་པའོ།། ཐམས་ཅད་ལས་ཕྱིར་མི་ལྡོག་པ་ནི་ཆོས་དང་མི་ལྡན་པའི་དམ ་བཅས་པ་ལས་ལྡོག་པའོ། ། ཕྱིར་ལྡོག་པ་ནས་བསྒྲོལ་བ་ནི་མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། འདུམ་པར་གྱིས་ཤིག། རྟག་ཏུ་དབྱེ་བར་གྱིས་ཤིག། བརྟན་པར་གྱིས་ཤིག། ་བློ་རྒོད་ཅིང་མི་རྒོད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འདུམ་པ་ལགས། ཇི་ལྟར་ན་རྟག་ཏུ་དབྱེ་བ་ལགས། ཇི་ལྟར་ན་བརྟན་པ་ལགས། ཇི་ལྟར་ན་བློ་རྒོད་ཅིང་མི་རྒོད། ་པ་ལགས། བཀའ་སྩལ་པ། འདུམ་ཞེས་བྱ་བ་ནི་བདུད་ཟིལ་གྱིས་མནན་པའི་ཕྱིར་རོ།། རྟག་ཏུ་དབྱེ་བ་ནི་གཅིག་ནས་གཅིག་ཏུ་བཅུད་ཅིང་མ་གནས་པའི་སེམས་གཞན་དང་གཞན་ཞེས་པའོ།། བརྟན་པ་ནི་བསྒྲུབ་པ་ལའོ།། ། ་བློ་རྒོད་ཅིང་མི་རྒོད་པ་ནི་དགེ་བའི་ཆོས་གཞན་དང་གཞན་ལ་དམིགས་པའི་ཕྱིར་ཏེ་དེ་ནི་ཚུལ་ལ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རྗེས་སུ་ཆགས་པར་ཡང་གྱིས་ཤིག། རྟག་ཏུ་ཞེ་འགྲས་པར་ཡང་གྱིས་ཤིག། ཡུན་རིང་པོར་ལྟ་བ ་ཡང་གྱིས་ཤིག། བྱས་པ་མི་གཟོ་བར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་ཆགས་པ་ལགས། ཇི་ལྟར་ན་རྟག་ཏུ་ཞེ་འགྲས་པ་ལགས། ཇི་ལྟར་ན་ཡུན་རིང་པོ ་ལྟ་བ་ལགས། ཇི་ལྟར་ན་བྱས་པ་མི་གཟོ་བ་ལགས། བཀའ་སྩལ་པ། རྗེས་སུ་ཆགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ།། ཞེ་འགྲུས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལའོ།། ཡུན་རིང་པོར་ལྟ་བ ་ནི་འཁོར་བ་ཡོངས་སུ་གཟུང་བའི་ཕྱིར་རོ། ། བྱས་པ་མི་གཟོ་བ་ནི་སྡིག་པ་བྱས་པ་རྣམས་ལ་ཕྱིར་ལན་མི་གློན་པ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏོང་བ་ཡང་ཤིན་ཏུ་ཐོད་ཅིག། སེར་སྣ་ཅན་དུ་ཡང་གྱིས་ཤིག། འཛིན ་པའི་སེམས་ཀྱང་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏོང་བ་ཤིན་དུ་གཏོང་བ་ལགས། ཇི་ལྟར་ན་སེར་སྣ་ཅན་ལགས། ཇི་ལྟར་ན་འཛིན་པའི་སེམས་མ་མཆིས ་པ་ལགས། བཀའ་སྩལ་པ། གཏོད་པ་ཤིན་ཏུ་གཏད་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར་སྦྱིན་པར་གཏང་བའོ།། སེར་སྣ་ཅན་དུ་བྱ་བ་ནི་སྣོད་དུ་མ་གྱུར་པ་རྣམས་ལའོ།། འཛིན་པ་མེད་པའི་སེམས ་སུ་བྱ་བ་ནི་ཆོས་ལ་སློབ་དཔོན་གྱི་དེཔེ་མཁྱུད་མེད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གང་དག་སྤངས་པ་དེ་དག་ནི་ཡོངས་སུ་ཟུང་ཤིག། གང་དག་ཡོངས་སུ་གཟུང་བ་དེ་དག་ནི་ཡལ་བར་ཞོག་ཤིག། ནང ་བལྟར་ཡང་གྱིས་ཤིག། ན་བ་རྣམས་ཀྱང་གསོས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་སྤངས་པ་དེ་དག་ཡོངས་སུ་འཛིན་པ་ལགས།། ཇི་ལྟར་ན་གང་དག་ཡོངས་སུ་གཟུང ་བདེ་དག་ཡལ་བར་འཇོག་པ་ལགས། ཇི་ལྟར་ན་ནང་པ་ལྟ་བུར་གྱུར་པ་ལགས། ཇི་ལྟར་ནན་པ་རྣམས་ཀྱང་གསོབ་ལགས། བཀའ་སྩལ་པ། གང་དག་སྤངས་པ་དེ་དག་ཡོངས་སུ་བཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས ་ཅན་སངས་རྒྱས་ཐམས་ཅད་ཀྱིས་སྤངས་པ་དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་བཟུང་བར་བྱའོ། ། གང་དག་ཡོངས་སུ་གཟུང་བ་དེ་དག་ཡལ་བར་བཞག་པ་ནི་སློབ་པ་དང་མི་སློབ་པ་ཐམས་ཅད་དོ།། ནང་བ་ལྟར་ཡང་བྱ་ཞིང ་ན་བ་རྣམས་ཀྱང་གསོ་བར་བྱ་བ་ནི་བསམས་བཞིན་དུ་རྒ་བ་དང་ན་བ་བསྟན་ནས་སོ་སོའི་སྐྱེ་བོ་རྣམས་ལ་ཆོས་བསྟན་པ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན། བདུད་ཀྱི་ལས་རྣམས་ནི་འབར་བར་གྱིས་ཤིག། སངས ་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག། གསོལ་ག་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར་བར་བགྱིད་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལས ་བཀའ་སྩལ་པ། བདུད་ཀྱི་ལས་འབར་བར་བྱེད་པ་ནི་དགེ་བའི་ཆོས་ལ་བརྩོན་པ་རྣམས་ལའོ།། སངས་རྒྱས་ཀྱི་ཆོས་རྣམས་ཞི་བར་བྱེད་པ་ནི་ཆོས་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མེད་པར་སྦྱོར་བ་སྟེ་དེ་ནི་ཚུལ་ལོ།། ། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག། སྟོན་པ་ནི་མཚོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་འཐབ་པ་ལགས། ཇི་ལྟར་ན་སྟོན་པ་མི་ཚོལ་བ ་ལགས། བཀའ་སྩལ་པ། བདུད་དང་འཐབ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་དག་གང་གི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེའི་ཚེ་བར་ཆད་བྱ་བའི་ཕྱིར་བདུད་བརྩོན་པར་བྱེད་པ་ནའོ།། སྟོན་པ་མི་ཚོལ་བ་ནི་དགེ་བའི ་ཆོས་ཐམས་ཅད་དང་ལྡན་པ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་ཁྱེད་ཀྱིས་མ་སྨད་ཅིག། གང་ལ་ཉན་ཐོས་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག། གསོལ ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་སྨན་པར་བགྱི་བ་དེ་དག་ལ་མི་སྨོད་པ་ལགས། ཇི་ལྟར་ན་གང་ལ་ཉན་ཐོས་དགའ་བ་དེ་ལ་མི་དགའ་བ་ལགས། བཀའ་སྩལ་པ། ་ཉན་ཐོས་ནི་སྐྱེ་བའི་གནས་རྣམས་ལ་སྨོད་དེ། དེ་དག་ཁྱེད་ཀྱིས་སྨད་པར་མི་བྱའོ།། ཉན་ཐོས་ནི་རང་ཡོངས་སུ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ན་དེ་ལ་ཁྱེད་ཀྱིས་མངོན་པར་དགའ་བར་མི་བྱ་སྟེ། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུང་དག་དེ་ལྟ་བས་ན་འཇིག་རྟེན་ན་གནས་པར་གྱིས་ཤིག། འཇིག་རྟེན་གྱི་ཆོས་རྣམས་མྱང་བར་གྱིས་ཤིག། འཇིག་རྟེན་གྱིས་ཀྱང་མགོས་པར་གྱིས་ཤིག། འཇིག་རྟེན་ན་ཐོགས་པ་རྣམས་ཀྱང་སྒྲོལ ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ན་གནས་པ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཆོས་རྣམས་མྱོང་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་མི་གོས་པ་ལགས། ཇི་ལྟརན ་འཇིག་རྟེན་དུ་ཐོགས་པ་སྒྲོལ་བ་ལགས། བཀའ་སྩལ་པ། འཇིག་རྟེན་ན་གནས་པར་བྱ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སུའོ།། འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད ་པོ་དག་གོ། ། འཇིག་རྟེན་གྱིས་མི་གོས་པར་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་མི་སྤྱོད་པའི་ཕྱིར་རོ།། འཇིག་རྟེན་ཏུ་ཐོགས་པ་བསྒྲོལ་བ་ནི་ཁམས་གསུམ་གྱི་བཙོནར་ནས་འདོན་པ་སྙེད་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡད ་པར་གྱིས་ཤིག། ལྕི་བར་གྱིས་ཤིག། སྡུག་བསྔལ་བར་གྱིས་ཤིག། བདེ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ལྕི་བ་ལགས། ཇི་ལྟར་ན་སྡུག ་བསྔལ་བ་ལགས། ཇི་ལྟར་ན་བདེ་བ་ལགས། བཀའ་སྩལ་པ། ཡང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སྙིང་ལས་སུ་བྱེད་པའོ།། ལྕི་བ་ནི་ཡི་དམ་ལ་བརྟན་པའོ།། སྡུག་བསྔལ་བར་བྱ་བ་ནི་མི་མཐུན་པའི ་གཉེན་པོ་རྣམས་ལའོ། ། བདེ་བར་བྱ་བ་ནི་བསོད་ནམས་བྱས་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྣང་བར་ཡང་གྱིས་ཤིག། ཐམས་ཅད་དུ་སྣང་བར་ཡང་གྱིས་ཤིག། བྱོལ་བར་བྱ་བ་རྣམས་ལ་ནི ་བྱོལ་ཅིག། བསྡད་པར་བྱ་བ་རྣམས་ལ་ནི་སྡོད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་གདའ་བ་ཡང་ལགས། ཇི་ལྟར་ན་ཐམས་ཅད་དུ་གདའ་བ་ཡང་ལགས། ཇི་ལྟར་ན་བྱོལ ་བཔར་བགྱི་བ་རྣམས་ལ་བྱོལ་པ་ལགས། ཇི་ལྟར་ན་ལྡང་བར་བགྱི་བ་རྣམས་ལ་སྡོད་པར་བགྱིད་པ་ལགས། བཀའ་སྩལ་པ། མི་སྣང་བར་བྱ་བ་ནི་ལྟུང་བ་དང་འཁྲུག་པ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱའོ།། ཐམས་ཅད ་དུ་སྣང་བར་ཡང་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ། ། བྱོལ་བར་བྱ་བ་རྣམས་ལས་འབྱོལ་བ་ནི་འཐབ་མོ་དང་བརྩོད་པ་རྣམས་ལགས་སོ།། བསྡད་པར་བྱ་བ་རྣམས་ལ་སྡོད་པ་ནི་སེམས་ཅན་ཚོགས ་པར་བྱ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱས་པ་རྣམས་ལའང་གནས་པར་གྱིས་ཤིག། བྱས་པ་རྣམས་ལའང་གནས་པར་གྱིས་ཤིག། བྱས་པ་དང་མ་བྱས་པ་རྣམས་ལའང་སེམས་མཉམ་པར ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལའང་གནས་པ་ལགས། ཇི་ལྟར་ན་བགྱིས་པ་རྣམས་ལའང་གནས་པ་ལགས། ཇི་ལྟར་ན་བགྱིས་པ་དང ་མ་བགྱིས་པ་རྣམས་ལའང་སེམས་མཉམ་པ་ལགས། བཀའ་སྩལ་པ། མ་བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་བྱས་པ་དེའི་གོང་མའི ་ཆོས་དང་སྦྱར་བར་བྱ་བའི་ཕྱིར་རོ། ། བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་བྱེ་བྲག་མེད་པའི་འདུ་ཤེས་སུ་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི ་བུདག་དེ་ལྟོ་བས་ནི་སྙིང་པོ་མེད་པ་ལས་ཀྱང་སྙིང་པོ་ཚོལ་ཅིག། སྙིང་པོ་ལ་ཡང་སྙིང་པོ་མེད་པའི་འདུ་ཤེས་སྐྱེད་ཅིག། སྙིང་པོ་དང་སྙིང་པོ་མེད་པ་ལ་ཡང་སྤྱོད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་སྙིང་པོ་མ་མཆིས་པ་ལ་སྙིང་པོ་ཚོལ་བ་ལགས། ཇི་ལྟར་ན་སྙིང་པོ་ལ་སྙིང་པོ་མ་མཆིས་པར་འདུ་ཤེས་བསྐྱེད་པ་ལགས། ཇི་ལྟར་ན་སྙིང་པོ་དང་སྙིང་པོ་མ་མཆིས་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། སྙིང ་པོ་མེད་ཅེས་བྱ་བ་ནི་ལུས་དང་། ། སྲོག་དང་ལོངས་སྤྱོད་རྣམས་ཏེ། དེ་ལས་དམ་པའི་ཆོས་ཡོངས་སུ་རྫོགས་པར་བྱ་བས་སྙིང་པོ་བཙལ་བའོ།། སྙིང་པོ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། སངས་རྒྱས་ཀྱི་ཆོས་ལ ་གཟུང་བའི་ཕྱིར་དེ་ལ་སྙིང་པོ་མ་ཡིན་པའི་འདུ་ཤེས་བསྐྱེད་པར་བྱའོ། ། སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྱོད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བློ་གཏད་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན།། ་དམ་བཅས་པ་ནི་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་འཆལ་བ་རྣམས་ལ་ནི་ལྟོས་ཤིག། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ནི་ཡལ་བར་ཞོག་ཤིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིད་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་མ་ཉམས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་འཆལ་བ་རྣམས་ལ་ལྟ་བ་ལགས ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་བཞོག་པ་ལགས། བཀའ་སྩལ་པ། དམ་བཅས་པ་ཉམས་པར་བྱ་བ་ནི་དགེ་བའི་རྩ་བ་གོང་མ་དང་གོང་མ་ལ་ལྷག་པར་དམིགས་པའི་ཕྱིར་རོ།། ཚུལ་ཁྲིམས་མ ་ཉམས་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ། ལྷག་པར་དམིགས་པའི་ཕྱིར་རོ།། ཚུལ་ཁྲིམས་འཆལ་བ་རྣམས་ལ་ལྟ་བ་ནི་ཚུལ་ཁྲིམས་ལ་སྦྱར་བའི་ཕྱིར་རོ།། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་གཞག་པ་ནི ་བྱ་བ་བྱས་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཞན་གྱི་ནོར་ལ་དགའ་བར་གྱིས་ཤིག། རང་གི་ནོར་ནི་ཡོངས་སུ་ཐོད་ཅིག། ཉེ་བར་གནས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས། ཇི་ལྟར་ན་རང་གི་ནོར་ཡོངས་སུ་གཏོང་བ་ལགས། ཇི་ལྟར་ན་ཉེ་བར་གནས་པ་ལགས། བཀའ་སྩལ་པ། གཞན་གྱི་ནོར་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱའོ།། རང་གི་ནོར་ཡོངས་སུ་གཏང་བ་ནི་རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན ་ཐམས་ཅད་ལ་ཡོངས་སུ་བཏང་བར་བྱའོ། ། ཉེ་བར་གནས་པར་བྱ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མཆོག་ཏུ་ཕྱིན་པར་ཡང་གྱིས་ཤིག། སེམས་དམའ་བར་ཡང་གྱིས ་ཤིག། ལེ་ལོ་ཅན་དུའང་གྱིས་ཤིག། རྟག་ཏུ་བརྩོན་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཆོག་ཏུ་ཕྱིན་པ་ལགས། ཇི་ལྟར་ན་སེམས་དམའ་བ་ལགས། ཇི་ལྟར། ་ན་ལེ་ལོ་ཅན་ལགས། ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས། བཀའ་སྩལ་པ། མཆོག་ཏུ་ཕྱིན་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་སོ།། སེམས་དམན་པ་ནི་ང་རྒྱལ་མེད་པའི་ཕྱིར་རོ།། ལེ་ལོ་ཅན་ནི་ཉན་ཐོས་དང་རང་སངས་རྒྱས ་ཀྱིས་འཐོབ་པར་བྱ་བ་ལའོ། ། རྟག་ཏུ་བརྩོན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྲུན་པར་ཡང་གྱིས་ཤིག། དུལ་བའི་ས་ལ་གནས་པར་ཡང་གྱིས་ཤིག། འཇིགས་པར་ལྔ། ་གྱིས་ཤིག། སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲུན་པ་ལགས། ཇི་ལྟར་ན་དུལ་བའི་ས་ལ་གནས་པ་ལགས། ཇི ་ལྟར་ན་འཇིགས་པ་ལགས། ཇི་ལྟར་ན་སེང་གེའི་རྩལ་གྱིས་རྣམ་པར་གནོན་པ་ལགས། བཀའ་སྩལ་པ། མི་སྲུན་པར་བྱ་བ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིར་རོ།། དུལ་བའི་ས་ལ་གནས་པ་ནི་སེམས་ཅན་ཅ་ཤེས་གདུལ ་བིའི་ཕྱིར་རོ། ། འཇིགས་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་སོ།། སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་བྱ་བ་ནི་པས་ཀྱི་རྒོལ་བ་ཐམས་ཅད་སླ་དབབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ ་འོད་བར་ཡང་གྱིས་ཤིག། ཡིད་དུ་མ་འོང་བར་ཡང་གྱིས་ཤིག། སྨད་དུ་མེད་པར་ཡང་གྱིས་ཤིག། སྨང་དུ་ཡོད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་ཡིད་དུ་འོང་བ་ལགས། ཇི་ལྟར་ན་ཡིད་དུ་མ་འོང་བ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས། ཇི་ལྟར་ན་སྨད་དུ་མཆིས་པ་ལགས། བཀའ་སྩལ་པ། ཡིད་དུ་འོང་བ་ཞེས་བྱ་བ་ནི་ཡོན་ཏན་གྱིས་ཕྱུག་པའི་ཕྱིར་སངས ་རྒྱས་ཐམས་ཅད་ཀྱིས་ཐུགས་སུ་བྱོན་པའོ། ། ཡིད་དུ་མི་འོང་བ་ནི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པའི་ཕྱིར་བདུད་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའོ།། སྨད་དུ་མེད་པ་ནི་ལུས་དང་། ངག་དང་ཡིད་ཡོངས་སུ ་དག་པའི་ཕྱིར་རོ། ། སླད་དུ་ཡོད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལ་སྨོད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། རྨ་བྱུང་བ་རྣམས་ལ་རྨ་མ་འབྱིན་ཅིག། རྨ་མ་བྱུང་བ་རྣམས་ལ་རྨ་ཕྱུང་ཤིག། ཡེ་ཤེས ་ཚོལ་ཅིག། ཡེ་ཤེས་ཀྱི་བྱ་བ་རྣམས་ལ་དགའ་བར་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་བྱུང་བ་རྣམས་ལ་རྨ་མི་འབྱིན་པ་ལགས། ཇི་ལྟར་ན་རྨ་མ་བྱུང་བ་རྣམས་ལ ་མ་འབྱིན་པ་ལགས། ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས་ཇི་ལྟར་ན་ཡེ་ཤེས་ཀྱི་བགྱི་བ་རྣམས་ལ་མི་དགའ་བ་ལགས། བཀའ་སྩལ་པ། རྨ་བྱུང་བ་རྣམས་ཤེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་སྟེ་དེ་ལ ་རྣབྱུང་བར་མི་བྱའོ། ། རྨ་མ་བྱུང་བ་རྣམས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཐམས་ཅད་དེ། དེ་དག་ནི་རྨ་བྱུད་བར་བྱའོ།། ཡེ་ཤེས་བཙལ་བར་བྱ་བ་ནི་ཟད་པ་དང་མ་སྐྱེ་བ་ཤེས་པའོ།། ཡེ་ཤེས་ཀྱི་བྱ་བ་ལ་དགའ་བར་མི་བྱ་བ་ནི་འདུས་མ ་བྱས་སུ་ལྟུང་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་མཉམ་པར་གཞག་པར་ཡང་གྱིས་ཤིག། སེམས་རྣམ་པར་གཡེང་བར་ཡང་གྱིས་ཤིག། སེམས་མི་གནས་པར་ཡང་གྱིས་ཤིག། རྟག་ཏུ་སྙོམ ་པར་ཞུགས་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པར་གཞག་པ་ལགས། ཇི་ལྟར་ན་སེམས་རྣམ་པར་གཡེང་པར་བགྱིད་པ་ལགས། ཇི་ལྟར་ན་སེམས ་མི་གནས་པ་ལགས། ཇི་ལྟར་ན་རྟག་ཏུ་སྙོམས་པར་ཞུགས་པ་ལགས། བཀའ་སྩལ་པ། མཉམ་པར་གཞག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ།། སེམས་རྣམ་པར་གཡེད་པར་བྱ་བ་ནི་ཉན་ཐོས་ཀྱི་སེམས་ལས་སོ།། ་མི་གནས་པ་ནི་དེ་ལ་མ་ཆགས་པའི་ཕྱིར་རོ།། རྟག་ཏུ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་ནི་བསྲེགས་ཤིག། ཚིག ་པ་ནི་བསྐྱེད་ཅིག། སྐྱེས་པ་ནི་ཐོད་ཅག། རྣམ་པར་ཕྱེ་བ་ནི་བསྡུས་ཤིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བསྲེག་པར་བགྱི་བ་བསྲེག་པ་ལགས། ཇི་ལྟར་ན་ཚིག་པ་རྣམས་སྐྱེད ་པ་ལགས། ཇི་ལྟར་ན་སྐྱེས་པ་རྣམས་གཏོང་བ་ལགས། ཇི་ལྟར་ན་རྣམ་པར་ཕྱེ་བ་རྣམས་སྡུད་པ་ལགས། བཀའ་སྩལ་པ། བསྲེག་པར་བྱ་བ་སྲེག་པ་ནི་ཉོན་མོངས་པ་ཐམས་ཅད་ཤེས་རབ་ཀྱི་མེས་བསྲེག་པའོ།། ཚིག ་པ་བསྐྱེད་པ་ནི་ཐབས་ཀྱིས་ཕུང་པོ་དང་། ། ཁམས་དང་། སྐྱེ་མཆེད་རྣམས་ཟུང་བའོ།། སྐྱེས་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སྙིང་ལས་སུ་བྱ་བའོ།། རྣམ་པར་ཕྱེ་བས་བསྡུ་བ་ཞེས་བྱ་བ་ནི་ཡོངས་སུ ་བསྔོ་བའི་ཚིག་བླ་དགས་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པ་ནི་དུས་སུ་ཤེས་པར་གྱིས་ཤིག། དུས་ནི་དུས་མ་ཡིན་པར་ཤེས་པར་གྱིས་ཤིག། དུས་དང་དུས་མ་ཡིན་པ་ལ་མཁས་པར་ཡང་གྱིས ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པ་ལ་དུས་འཚལ་བ་ལགས། ཇི་ལྟར་ན་དུས་ལ་མ་ལགས་པར་འཚལ་བ་ལགས། ཇི་ལྟར་ན་དུས་དང་དུས་མ་ལགས ་པ་ལ་མཁས་པ་ལགས། བཀའ་སྩལ་པ། གང་ཉན་ཐོས་ཀྱིས་ཐོབ་པར་བྱ་བའི་དེ་ནི་བྱང་ཆུབ་སེམས་དཔའི་དུས་མ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་སྔ ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་དུས་སོ། ། དུས་དང་དུས་མ་ཡིན་པ་ལ་མཁས་པར་བྱ་བ་ནི་དུས་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ། ་དག་དེ་ལྟ་བས་ན་འབྱོར་པ་ནི་ཕྱེ་ཤིག། མ་འབྱོར་པ་ནི་སྦྱོར་ཅིག། འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་ཡང་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འབྱོར་པ་འབྱེད་པ་ལགས། ཇི་ལྟར ་ནམ་འབྱོར་པ་ནི་སྦྱོར་བ་ལགས། ཇི་ལྟར་ན་སྦྱོར་བ་དང་། མི་སྦྱོར་བ་ལ་མ་ཆགས་པ་ལགས། བཀའ་སྩལ་པ། འབྱོར་པ་ནི་ཕྱིན་ཅི་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔས་དབྱེ་བར་བྱའོ།། མ་འབྱོར།། ་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ་དེ་ནི་བྱང་ཆུབ་སེམས་དཔའ་སྦྱར་བའོ།། འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་དང་། སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས ་པར་བྱ་བ་ལ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་དབུགས་ཕྱིན་པ་རྣམས་ནི་དབྱུགས་མ་ཕྱུང་ཤིག། དབྱུགས་མ་ཕྱིན་པ་རྣམས་ནི་དབུགས་ཕྱུང་ཤིག། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དབུགས་ཕྱིན་པ་རྣམས་དབུགས་མི་འབྱིན་པ་ལགས། ཇི་ལྟར་ན་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་ལགས། བཀའ་སྩལ་པ། དབུགས་ཕྱིན་པ་རྣམས་དབུགས ་མི་དབྱུང་བ་ན་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱའོ། ། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་ནི་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས ་ཀྱི་བུ་དག་དེ་ལྟ་བས་ན་རྨ་བྱུང་བར་ཡང་གྱིས་ཤིག། མ་སྤྲོས་པར་ཡང་གྱིས་ཤིག། རྨ་བྱུང་བ་རྣམས་ནི་མོས་པར་ཡང་གྱིས་ཤིག། རྨ་མ་བྱུང་བ་རྣམས་ནི་རྨད་བྱུང་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས་རྨའི་བྱིན་པ་ལགས། ཇི་ལྟར་ནམ་སྨས་པ་ལགས། ཇི་ལྟར་ན་རྨ་བྱུང་བ་རྣམས་གསོ་བ་ལགས། ཇི་ལྟར་ན་རྨ་མ་བྱུང་བ་རྣམ་ཐ་མི་འབྱིན་པ་ལགས། བཀའ་སྩལ་པ། རྨ་མ་བྱུང་བ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏད་པའི ་ཕྱིར་རོ། ། མ་སྨས་པར་བྱ་བ་ནི་སེམས་ཀྱིས་སོ།། རྨ་བྱུང་བ་རྣམས་གསོ་བ་ནི་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་པའོ།། རྨ་མ་བྱུང་བ་རྨ་མི་དབྱུང་བ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་ཉེ་བར་འཚེར་མེད་པར་ཡང་གྱིས་ཤིག། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་ཡང་གྱིས་ཤིག། མི་བསགས་པ་རྣམས་ཀྱང་སོགས་ཤིག། བསགས་པ་རྣམས་ཀྱང་ཆུད་མ་གཟོན་ཅིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་འཚོ་བ་མ་མཆིས་པ་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ལགས། ཇི་ལྟར་ན་བསགས་པ་སྩོགས་པ་ལགས། ཇི་ལྟར་ན་བསགས་པ་ཆུད་མི ་གཟོན་པ་ལགས། བཀའ་སྩལ་པ། ཉེ་བར་འཚེ་བ་མེད་པ་ནི་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་གླགས་མི་རྙེད་པའོ།། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ནི་དཔག་བསམ་གྱི་ཤིང་ལྟ་བུའོ།། མི་བསགས་པ་བསགྲ ་པ་ནི་དགེ་བའི་རྩ་བསྐྱེད་པའི་ཕྱིར་རོ། ། བསགས་པ་ཆུད་མི་གཟོན་པ་ནི་དགེ་བའི་སེམས་སྐྱེས་སོ།། ཅིག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྟོབས་ཆུད་པར་ཡང་གྱིས་ཤིག། སྟོབས་དང་ལྡན ་པར་ཡང་གྱིས་ཤིག། རྟེན་མེད་པར་ཡང་གྱིས་ཤིག། དཔུང་གཉེན་མེད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྟོབས་ཆུད་པ་ལགས། ཇི་ལྟར་ན་སྟོབས་དང་ལྡན་པ་ལ་གྲ ་ཇི་ལྟར་ན་རྟེན་མ་མཆིས་པ་ལགས། ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལགས། བཀའ་སྩལ་པ། སྟོབས་ཆུང་ང་བྱ་བ་ནི་གནོད་པར་བྱེད་པ་རྣམས་ལ་ལན་མི་བྱའོ།། སྟོབས་དང་ལྡན་པར་བྱ་བ་ནི་ཕན་པ་མི་བྱེད་པ་ནས ་ལ་བཟོད་པས་པན་གདགས་པའོ། ། རྟེན་མེད་པར་བྱ་བ་ན་སོ་སོ་རང་གིས་ཤེས་པས་སོ།། དཔུང་གཉེན་མེད་པར་བྱ་བ་ནི་གཞན་གྱི་དྲིང་མི་འཇོག་པ་སྙེད་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་དད་པ་དག་ནི་རྙོག་པ་ཅན་དུ་གྱིས ་ཤིག། རྙོག་པ་ཅན་དགན་དང་བར་གྱིས་ཤིག། རྙོག་པ་མེད་པར་ཡང་གྱིས་ཤིག། རྟག་ཏུ་དད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དང་པད་ནི་རྟོག་པ་ཅན་དུ་བགྱིད་པ ་ལགས། ། ཇི་ལྟར་ན་རྙོག་པ་ཅན་དག་ནི་དང་བར་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་དད་པ་ལགས། བཀའ་སྩལ་པ། དང་བདག་རྙོག་པ་ཅན་དུ་བྱ་བ་ནི་མཉམ་པར་གཞག་པའི་སེམས་ལ ་དགེ་བའི་རྩ་བ་དག་གིས་བསྒོ་བའོ། ། རྙོག་པ་ཅན་དག་དད་པར་བྱ་བ་ནི་ཉོན་མོངས་པ་ལ་བརྙོགས་པའི་སེམས་བྱང་ཆུབ་ཀྱི་སེམས་སུ་དང་བར་བྱ་བའོ།། རྙོག་པ་མེད་པར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་གསལ་བའོ།། རྟག་ཏུ་དད ་པར་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག་པར་ཡང་གྱིས་ཤིག། ལུགས་བཞིན་དུ་ཡང་སློབས་ཤིག། སྤྲིའུ་ཚུགས་ཀྱི་རྒྱུད་ཀྱང་ཤེས། ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལུགས་ལས་བཟློག་པར་འཇུག་པ་ལགས། ཇི་ལྟར་ན་ལུགས་བཞིན་དུ་སློབ་པ་ལགས། ཇེ་ལྟར་ན་སྤྱིའུ་ཚུགས་ཀྱི་རྒྱུད་འཚལ ་ལགས། ། བཀའ་སྩལ་པ། ལུགས་ལས་བཟློག་པར་འཇུག་པར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་ལས་ཕྱིར་ལོག་པའོ།། ལུགས་བཞིན་དུ་བསླབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལའོ།། སྤྱིའུ ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མིན་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལོག་སྟེ་འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྩི་དང་དུག་དུ་མ་འདྲེས་པར ་གྱིས་ཤིག་དུག་མེད་པ་རྣམས་དང་མ་སྟན་ཅིག། དུག་དང་ལྡན་པ་རྣམས་ལ་བདུད་རྩའི་སྦྱིན་པ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་རྩི་དང་དྲུག་དུ་མ་འདྲེས་པ་ལགས། ཇི་ལྟར ་ན་དུག་མ་མཆིས་པ་རྣམས་དང་མི་སྟོན་པ་ལགས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་བགྱིད་པ་ལགས། བཀའ་སྩལ་པ། བདུད་རྩི་ཞེས་བྱ་བ་ནི་བག་ཡོད་པའོ།། དུག་ཅེས་བྱ་བ་ནི་བག་མེད་པ་སྟེ། དེ་ལ ་བྱང་ཆུབ་སེམས་དཔས་བག་ཡོད་པར་བྱ་ཞིང་བག་མེད་པའི་སེམས་དང་མ་འདྲིས་པར་བྱའོ། ། དུག་མེད་པ་རྣམས་ཤེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་དག་དང་སྟེན་པར་མི་བྱའོ།། དུག་དང་ལྡན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས ་ཏེ། ། དེ་དག་ལ་བདུད་རྩི་བསྟན་པར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བར་མ་བྱེད་ཅིག། མངོན་པར་དགའ་བར་མི་བྱ་བ་ལ་ནི་མངོན་པར་དགའ་བར་གྱིས་ཤིག ་དགའ་བ་དང་འདོད་ཆགས་དང་ལྡན་པར་ཡང་གྱིས་ཤིག། དག་བ་དང་འདོད་ཆགས་ཡོངས་སུ་བཅད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་དགའ་བར་བགྱི ་ལ་མངོན་པར་དགའ་བར་མི་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དག་པར་མི་བགྱི་བ་ལ་མངོན་པར་དགའ་བར་བགྱིད་པ་ལགས།། ཇི་ལྟར་ན་དགའ་བ་དང་འདོད་ཆགས་དང་ལྡན་པ་ལགས། ཇི་ལྟར་ན་དགའ་བ་དང་འདོད་ཆགས ་ཡོངས་སུ་གཅོད་པ་ལགས། བཀའ་སྩལ་པ།། མངོན་པར་དགའ་བ་ཞེས་བྱ་ནིང་བཛིན་དང་ཡིར་འཛིན་པ་སྙེ་དེ་དག་ལ་མངོན་པར་དགའ་བར་མི་བྱའོ།། མངོན་པར་མི་དགའ་བ་ནི་བདུད་ནམས་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ལསྟེ། ་དེ་ལ་མངོན་པར་དགའ་བར་བྱའོ།། དགའ་བ་དང་འདོད་ཆགས་དང་ལྡན་པར་བྱ་བ་ནི་འཁོར་བ་ན་སྲེད་པ་ནི་ཟླ་ཡིན་པའོ།། དགའ་བ་དང་འདོད་ཆགས་ཡོངས་སུ་བཅད་པ་ནི་འགོག་པ་ཡོངས་སུ་ཤེས་པར་བྱ་བསྟེད་ན ་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་བཅིངས་པས་བཅིངས་པར་ཡང་གྱིས་ཤིག། བཅིངས་པས་བཅིངས་པ་རྣམས་ཀྱང་ཁྲོལ་ཅིག། གྲོལ་བ་རྣམས་ལའང་བསྙེན་བཀུར་གྱིས་ཤིག། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བཅིངས་པས་བཅིངས་པ་ལགས། ཇི་ལྟར་ན་བཅིངས་པ་རྣམས་དགྲོལ་བ་ལགས། ཇི་ལྟར་ན་གྲོལ་བ་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས ་ཇི་ལྟར་ན་མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བ་ལགས། བཀའ་སྩལ་པ། བཅིང་བས་བཅིངས་པར་བྱ་བ་ནི་བསླབ་པའི་བཅིང་བས་སོ།། བཅིངས་པ་དགྲོལ་བ་ནི་སྲེད་པའི་བཅིང་བ་ལས་སོ།། གྲོལ་བ་རྣམས་ལ་བསྙེན་བཀུར་བྱ ་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའོ། ། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལ་ནི་འད ་པར་གྱིས་ཤིག། འདོད་པར་མི་བྱ་བ་རྣམས་ལ་ནི་འདོད་པར་མ་བྱད་ཅིག། འདོད་པ་དང་བྲལ་བར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཆལ་བར་བགྱི་བ་རྣམས་འཚལ་བ་ལགས། ་ཇི་ལྟར་ན་འཚལ་བར་མི་བགྱི་བ་རྣམས་མི་འཚལ་བ་ལགས། ཇི་ལྟར་ན་འཚལ་བ་དང་བྲལ་བ་ལགས། བཀའ་སྩལ་པ།། བྱང་ཆུབ་སེམས་དཔའི་འདོད་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ། དེ་དག་ལ ་འདོད་པར་མི་བྱའོ། ། ལྷ་དང་བཅས་པའི་འཇིག་རྟེན་གྱི་འདོད་པར་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་དག་ལ་འདོད་པར་བྱའོ།། འདོད་པ་དང་བྲལ་བར་བྱ་བ་ནི་བརྒྱ་བྱིན་དང་ཚངས་པར་སྐྱེ་བ་ལ་ལྟ་སྟེ། ན ་ཚུལ་ལོ། རིགས་ཀྱི་བུདག་དེ་ལྟ་བས་ན་ཇི་ཙམ་དུ་ཆུད་པའི་སབོན་ལའདམ་བརྙེས་ཤིག། ཞིང་ཆད་མེད་པ་ལ་ཡང་མོས་པར་གྱིས་ཤིག། འཐོབ་པ་ཆེན་པོ་ན་མ་བསླབ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབས་མ། ་རཔའ་རྣམས་རྗེ་ཡདུ་ཆུད་པའི་ས་བན་ལ་ཡང་བརྙེས་པར་མི་བགྱིད་པ་ལགས།། ཇེ་ལེར་ན་ཞིང་ཆད་མ་མཆིས་པ་ལ་མོས་པ་ལགས། ཇི་ལྟར་ན་འཐོབ་པ་ཆེན་པོ་མ་སྒྲུབ་པ་ལགས། བཀའ་སྩལ་པ། རྗེ་ཙམ་དུ་ཆུང་བའིས ་བོན་ཞེས་བྱ་བ་ནི་ཙམ་དུ་ཆུད་པའི་དགེ་བའི་རྩ་བ་སྟེ། དེ་ལ་བརྙེས་པར་མི་བྱའོ།། ཞིང་ཆད་མེད་པ་མ་ས་མོས་པར་བྱ་བ་ནི་སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མེད་པ་ལ་མོས་པར་བྱ་བའོ།། འཐོབ་པ་ཆེན་པོ་མོ་བསླབ་པ་ནི་སེམས ་ཅན་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་རྣམས་ནི་ཁོང་དུ་ཆུད་པར་གྱིས་ཤིག། ཆགས་པ་རྣམས་པ་ནི་སྤྱོད་ཅིག། ཆགས་པ་ལ་ཞེན་པ་རྣམས་ལ་ནི་ལྟོས་ཤིག། ཆགས་པ ་མེད་པར་ནི་མ་ལྟུང་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་རྣམས་འཚལ་བ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པ་ལ་ཞེན་པ་རྣམས ་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མི་ལྟུང་བ་ལགས། བཀའ་སྩལ་པ། ཆགས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་འདོད་པ་དང་ཁོང་ཁྲོ་བའི་སེམས་ཏེ། དེ་གཉིས་ནི་བྱང་ཆུབ་སེམས་དཔས་བསྲུང་བར ་བྱའོ། ། ཆགས་པ་རྣམས་ལ་སྤྱད་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སུའོ།། ཆགས་པ་མེད་པ་ཉིད་དུ་མི་ལུང་བ་ནི་མངོན་པར་འདུ་བྱ་བ་མེད་པར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན ་ཡང་བར་གྱིས་ཤིག། ཁུར་ཆེན་པོ་ཡང་ཁྱེར་ཅིག། མ་བླངས་པ་ནི་མི་ལེན་ཅིག། བླངས་པ་ནི་ཉམས་འོག་ཏུ་ཆུད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་དེ་ལགས། ་དེས་ན་ལ་ཆེན་པ་ལྟང་བྱ་ལགས། ཇི་ལྟ་ནམཐས་པ་ལེན་པ་ལགས། དེ་ལྟ་ན་ངས་པ་རྒྱམས་འོགཏུ་ནད་པང་བརྗིད་པ་ལགས། བཀའ་སྩལ་པ། ཡང་བར་བྱབན་ཅན་མངས་པ་ཐམས་ཅ་དང།། ཐ ་ཆེན་པོ་བཀུང་བ་ནམམས་ཅན་ཐམས་ཅ་ད་། ། མཐུངས་པ་མི་བླང་པ་ནི་ཉན་ཐོས་དང་ངས་ས་རྒྱས་ཀྱི་ཐེག་པའོ།། ཐུས་པ་ཉམས་གན་ན་བནི་ཐིག་པ་ཆེན་པོ་ག་ན་ཚུལ་ལོ།། གས་ཀྱི་བདག་ས ་བསན་མྱ་པར་ཡང་ཀྱིས་ཤིག། བསོད་པར་ཡང་ཀྱིས་ཤིག། ཉེ་བར་བསྟན་པར་ཡང་ཀྱིས་ཤོག། སྣང་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ལགས། ཇིར། ་ནབསྟོད་པ་ལགས། དྲི་ལྟར་ན་ཉེ་བར་བསྟན་པ་ལགས། ཇི་ལྟར་ན་སྤྱད་པ་ལགས། བཀའ་སྩལ་པ། སྨད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྨད་པའོ།། བསྐྱོང་བ་ནི་དགེ་བའི་ཆོས་ཐམས་ཅད་བསོད་པའི།། བསྙེན་པ་ན་འཕས ་པའི་ལམ་མོ། ། སྤང་བ་ནེམ་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་པོ་བྲང་བ་ཁར་དག་ཏུནི་བསམ་གཏན་གྱི་སྟོབས་སྟོན་ཅིང་། དགོན་པ་དང་བས་མཐའ ་རྣམས་སུ་ནི་ཉོན་མོངས་པ་ཆུད་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་ཟང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོན་པ་ལགས། ་ཇིག་ན་དགོན་པ་དང་། བས་མཐའ་རྣམས་སུ་ཉོན་མོངས་པ་ཆུད་པར་སྟོན་པ་ལགས། བཀའ་སྩལ་པ། གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཕྱིན་པ་ན་གཟུགས་དང་། སྐ་དང་དྲི་དང་དང་རེག ་རིགས་པ་དག་སྣང་བར་འགྱུར་ཏེ། དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་གནན་པར་བྱའོ།། དགོན་པ་དང་། བས་མཐའ་རྣམ་པ་འདུག་པའི་ཚེ་ཉོན་མོངས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི་དབེན་པའི་ཡོན་ཏན་གྱིས་གནན་པ ་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ནའང་འདུག་པར་གྱིས་ཤིག། རྟག་པར་སྐོམ་པར་ཡང་གྱིས་ཤིག། སྐོམ་པ་ཡང་སོལ་ཅིག། སྐོམ་པ་མེད་པར་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་མ་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་གསལ་བ་ལགས། ཇི་ལྟར་ན་སྐོམ་པ་མ་མཆིས་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཆུའི་ནང་ན་འདུག་པ ་བྱ་བ་ནི་ཆོས་ཀྱི་ཚུལ་གནས་པར་བྱ་བའོ། ། རྟག་པར་སྒོམ་པར་བྱ་བ་ནི་ཆོས་ཀྱིས་སྐོམ་པར་བྱས་པའོ།། སྐོམ་པ་བསལ་བ་ནི་ཆོས་ཀྱིས་ཆོས་ཀྱི་བྱ་བ་བསྒྲུབ་པའོ།། སྐོམ་པ་མེད་པར་མི་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མ་བྱེ་བ་སྟེ་དེ་ནི་ཚུལ ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཅིག་བུ་གྲོགས་མེད་པར་ཡང་གྱིས་ཤིག། གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཅིག་པུ་གྲོག ་མ་མཆིས་པར་ཡང་བགྱིད་པ་ལགས། ཇི་ལྟར་ན་གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པ་ལགས། བཀའ་སྩལ་པ། གཅིག་བུ་གྲོགས་མེད་པར་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལའོ།། གཡོག་མང་པོ ་དང་ལྡན་པར་བྱ་བ་ནི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་འཚོ་བར་བྱ་བའོ། ། འཁོར་མང་པོ་དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཕྱོགས་འདི་ལྟ་སྟེ་དེ་ནི་ཚུལ་ལོ།། རིགས ་ཀྱི་བུ་དག་དེ་ལྟ་བས་ན། གྲོལ་བར་ཡང་གྱིས་ཤིག། བརྩོན་རང་ཆུད་པར་ཡང་གྱིས་ཤིག། ཕ་རོལ་ཏུ་ཕྱིན་པར་ཡང་གྱིས་ཤིག། ཆུ་བ་ཆེན་པོའི་ནང་དུ་འདུག་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་གྲོལ་བ་ལགས། ཇི་ལྟར་ན་བརྩོན་དང་ཆུད་པ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་ན་ཆུ་བོ་ཆེན་པོའི་ནང་ན་གནས་པ་ལགས། བཀའ་སྩལ་པ། གྲོལ་བར་བྱ་བ་ནི་ཉོན་མོངས་པ་དང ་བདུད་ཀྱི་བཅིང་བ་ཐམས་ཅད་ལས་སོ། ། བརྩོན་རར་ཆུད་པར་བྱ་བ་ནི་བསམ་བཞིན་དུ་སྐྱེ་བ་རྣམས་སུའོ།། ཕ་རོལ་ཏུ་ཕྱིན་པར་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ལའོ།། ཆུ་བ་ཆེན་པོའི་ནང་ན་གནས་པར་ཡ ་བྱ་བ་ནི་ཆུ་བོ་བཞིས་ཁྱེར་བའི་སེམས་ཅན་སྒྲོལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆང་ཡོད་པ་ལ་ཡང་སོ་སོ་རྟོག་པར་ཡང་གྱིས་ཤིག། ཚད་མེད་པར་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་གྱིས་ཤིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཚད་མ་མཆིས་པ་ལ་ཡང་སོ་སོར་རྟོག་པ་ལགས། ཇི་ལྟར་ན་ཚད་མ་མཆིས་པ་ལ་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིད་པ་ལགས། བཅོམ་ལྡན།། ་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། ཚད་མེད་པ་ཞེས་བྱ་བ་ནིའི་དུས་མ་བྱས་སྟེ། དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་ཀྱང་སྤང་བར་མི་བྱ་སྟེ། འདུས་བྱས་སུ་གཏོགས་པའི ་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ། ། འདུས་མ་བྱས་པ་ལ་ཡང་བརྟག་པར་བྱ་སྟེ། སྐྱོན་མེད་པར་ཡང་འཇུག་པར་མི་བྱའོ།། འདུས་བྱས་དང་འདུས་མ་བྱས་གཅིག་པའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་བྱང ་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། དེ་ནི་ཚུལ་ལོ།། ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ་ལྷའི་བུ་བརྒྱད་སྟོང་ནི་བྱང་ཆུབཿསེམས་བསྐྱེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི ་མི་སྐྱེ་བའི་ཚ་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་། ལྷོ་དང་མི་དང་། ལཱ་མ་ཡིན་དང་། དྲི་ཟར་བཅས་པ ་འཇོག་རྟེན་ཡིད་ར་ས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཏེ།། ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། རྒྱག་ཀྱི་མཁན་པོ་པྲཛྙཱ་བ་མ་དང་། ་ཆེན་གྱི་ལོ་ཙཱ་བ་བ་ན་དེ་ཡེ་ཤེས་སྐེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 6། རྒྱ་གར་སྐད་དུ། ཨཱདྱ་དྷརྨསྐན་དྷ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བེད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན ་