| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་བ་པུ་རྐྱོམ་ཏི་དང་། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། རྒྱ་ག་སྲང་དུ། ཨུ་ཊཱི་ཤཱ་པ་དི་། ན་ཁོང་སང་དུ། ལག་ན་རྡོ་རྗེ་གས་སྔོན་པོ་ཅན་གྱི་མ་མ་སུ་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནགནོད་སྦྱིན་ཐམས་ཅད་ཡོངསུ་རྒྱུ་བ། ཤིན་ཏུ་དབེན་པ། ཤིན་ཏུ་ཡོང་སུ་དག་པ་ན། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན ་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཁྲོ་བོར་དབང་བསྐུར་བ།། མཆེ་བ་གཙིགས་པ། ཡིད་ཁྲོས་པ་ལྟ་བུ། མིག་མེ་མདག་གི་ཕུང་པོ་འདྲག་དབུགས་མ་ལྕེ་ལྟར་འབར་བ། ་འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱིས་པུས་བརྒྱན་པ། ཀླུ་ནག་པོ་སེ་པ་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོས་སྙན་བརྒྱན་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་བན་ཐོགས་པ།། སྦྲུལ་གདུག་པ་འབད ་པ་ཟབ། བཞིན་རྒྱས་པ། སྨིན་མ་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྲུ་བ། སྤྲུལ་ཟ་བ། གསུས་པོ་ཆེ་ག། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ ་པོ་འདབ་བཟངས་སྐེ་རགསུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབ་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་རབ་ཏུ་ཁུར་བ།། ཀླུ་ཐམས་ཅད་རླག ་པར་བྱེད་པའི་གད་རྒྱངས་ཆེན་པོ་རྒོད་པས་ཀུན་དུ་འཁྲུག་པར་བྱེད་པ། ཀླུ་ཐམས་ཅད་འཆིང་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བར་མཛད་པ། སྦྱོར་བ་ཐམས་ཅད་གཅོད་པར་མཛད་པ། སྦྱོར་ཐམས་ཅད ་ཟློག་པར་མཛད་པ། སྦྱོར་བ་ཐམས་ཅད་མནོན་པར་མཛད་པ། ཡོན་ཏན་ཐམས་ཅད་མ་ལུས་པའི་བདག་ཉིད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་དང་། གནོད་སྦྱིན་དྲག་པོ ་ཐམས་ཅད་དང་། ལྷ་ཐམས་ཅད་དང་ཀླུ་ཐམས་ཅད་དང་། དྲི་ཟ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། ནམ་མཁའ་ལྡིང་ཐམས་ཅད་དང་། མི་འམ་ཅི་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། འབྱུང་པོ་དང་། ཡི་དགས ་དང་། བརྗེད་བྱེད་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟར་ཉི་མ་དང་ཟླ་བ་དང་། སྐར་མའི་ཚོགས་ལྟ་བུར་བཞུག་སོ།། དེའི་ཚེས་ཡང་ཆེར་གཡོས་སོ།། འབྲུག་གི་སྒྲ་ཡང་བྱུང་། ཉི་མ་དང་སྐར་མ་ཡང་མི་སྣང་བར་གྱུར་ཏོ།། ་དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐམས་ཅད་ཀྱིས་གསོལ་པ། གོས་སྔོན་པོ་ཅན་ཁྱོད་ཅི་བདེ་གཤེགས་ཀུན་གྱི་སྤྲུལ་པའམ།། གལ་ཏེ་བསྡུས་པའི་སྐུ་ཡིན་ནམ། ལས་ཀྱི་ཁྲོ ་དབང་བསྐུར་རམ། ། བདག་ཅག་འཁོར་དང་བཅས་པ་རྣམས།། ཅི་ལྟ་བུ་ཡི་རུས་གསུམ་བཀའ་ཉན་ཏེ། ལས་དང་བྱ་བ་ཐམས་ཅད་བཀའ་སྩལ་མཛོད།། དྲག་པོའི་ཏིང་ངེ་འཛིན་བསྟན་དུ་གསོལ།། ཞེས་གསུང་སོ།། ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་འདི་སྐད་ཅེས་གསུངསོ།། ཕྱག་རྒྱ་གསང་སྔགས་མཐུ་སྦྱོར་ལས།། ཁྲོ་བོའི་རྒྱལ་པོ་བསམ་པར་བྱ།། ཁྲོ་བོའི ་རྗེའི་ཏིང་འཛིན་གྱིས། ། བྱིན་བརླབས་ཡ་མཚན་སྣ་ཚོགས་ལྡན།། ཏིང་འཛིན་དེ་ལ་དབང་ཐོབ་ནས།། ལས་རྣམས་སྒྲུབ་ལ་ཐོགས་པ་མེད།། ཞི་རྒྱས་དབང་དང་དྲག་པོ་དང་།། གསང་རྨོངས་སྣ་ཚོགས་ངེས་པར་འགྲུབ།། དེ་ཉིད ་གྲུབ་པར་གནོད་མི་ཟ། རང་བཞིན་འཕགས་དང་བླ་མ་དང་། ཤིན་དུ་བླ་མ་དམ་པ་ཡང་།། མཆོད་ནས་དངོས་གྲུབ་མྱུར་དུ་འབྱུང་།། གལ་ཏེ་གཞན་ལ་ཕན་འདོགས་ན།། སྐུ་དེ་སྣ་ཚོགས་སྐུ་རུ་སྣང་།། སྣང་བ་སྒྱུ་མའི་སྐུ་ཡིན ་ཡང་། ། གདུག་པ་འདུལ་ཕྱིར་རིགས་པར་སྣང་།། སྣ་ཚོགས་དེ་ཉིད་བསམ་བྲལ་བའི།། དངོས་བཞི་ཡང་དག་ཐར་པ་གཅིག། ལེའུ་གཉིས་པའོ།། །། གཞན་ཡང་གསང་སྔགས་སྦྱོར་བ་ནི།། ད་ཧ་བསྲེག་སོགས ་གསང་སྔགས་ཀྱིས། ། ཐོགས་མེད་ལས་རྣམས་གྲུབ་པ་ཡིན།། གཉིས་ཀྱི་འོག་མས་གསུམ་པ་རྒྱན།། ར་ཡི་མཐའ་ནི་གསུམ་པའི་མཐའ།། དེ་ལ་གཉིས་ཀྱི་གོང་ལྡན་པ།། ཟུང་དང་རབ་ཟུང་མིང་དང་ལྡན།། ཡང་མིང ་སྐལ་ལྡན་བསམ་གཏན་ནི། ། ལྕགས་ཀྱུའི་སྦྱོར་བ་རབ་ཏུ་བྱ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནི་ལཱ་མ་བ་ར་ཧཱུ~ཾ་ཕཊ།། མཇུག་རྫོག་གོང་དང་གསུམ་པའི་མཐའ།། ལན་གཉིས་གོང་བཞིན་བདེགས་སྔགས་ཤེས།། གསུམ ་པའི་དང་པོ་གཉིས་པ་དང་། ། དྲུག་པའི་དང་པོ་ཡི་གེ་ནི།། ལན་གཉིས་གོང་བཞིན་གཏོགས་བྱེད་སྔགས།། གཉིས་ཀྱི་དང་པོ་ལྔ་དང་པོས།། དྲག་པོ་དགའ་བའི་ས་བོན་ལྡན།། ལན་གཉིས་ལྡན་གྱུར་ལས་གྲུབ།། ཀོང་མ ་བཞིན་དུ་མཆོད་བྱེད་དོ། ། ལེའུ་གསུམ་པའོ།། ། དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན།། སྣ་ཚོགས་སྔོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུང་སོ།། ཨོཾ་བཛྲ་ཧཱ ་ཎི་མ་ཧཱ་ཡཀྵ་ནི་ལྡུམ་པ་ར་ད་ཧ་ནི་བཛྲ་ཧཱུཾ་ཕཊ། ། གང་ཞིག་ཏིང་འཛིན་རྣལ་འབྱོར་དེ།། ཉེས་པ་ཀུན་ལས་རབ་ཏུ་ཐར།། ལེགས་པའི་ཡོན་ཏན་ཐམས་ཅད་འཐོབ།། འབྲས་བུ་ཡང་དག་མངོན་པར་འགྲུབ།། སྔགས་ནི་གང ་ཡིན་མིང་ཡིན་ཏེ། ། གདུལ་བྱའི་མཐའ་དང་ལྡན་པ་ལ།། མཐའ་མ་ལས་སྔགས་མཐའ་དང་ལྡན།། ལེའུ་བཞི་པའོ།། །། དེ་ནས་གོས་སྔོན་པོ་ཅན་འཁོར་མོངོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་འདི་སྐད་ཅེས་གསུངསོ། ། འབྱུང་བཞིའི་སངས་རྒྱས་རབ་སྙོམས་ནས།། སོ་སོ་ལས་ཀྱིས་སྒོམ་པ་ནི།། མེ་བརྒྱད་རླུང་གཉིས་ལྡན་པར་བསམ།། ཆུ་བརྒྱད་དངོས་པོ་ཉིད་ཡིན་ཏེ།། དེ་བཞིན་ས་བརྒྱད་ཧཱུཾ་འབྲས་ལྡན།། ་རླུང་བརྒྱད་མེ་གཉིས་ལྡན་པ་སྟེ།། འབྲས་བུ་རིམ་གྱིས་གནོད་སྦྱིན་གཙོ།། སྒྲུབ་པ་སྔགས་བཞིན་མངོན་པར་འགྲུབ།། ཨེ་དང་སོ་སོའི་མཐའ་དང་ལྡན།། མེ་ལ་གོང་མས་མངོན་པར་འགྲུབ།། རྒྱུན་ཏུ་རྩ་བའི་གས་པ ་སྔགས་བཟླས། ། ལེའུ་ལྔ་པའོ།། །། དེ་ནས་འཕགས་པགོས་སྔོན་གྱིས།། ལས་བཅུ་མངོན་པར་སྒྲུབ་པ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ལས་བཅུའི་སྦྱིན་བསྲེག་འདི་གསུང་སོ།། ཞལ་ཤན་ཏིང་ཀུ་རུ་སྟེ།། ་རྒྱས་པ་པུ་ཥ་ཊི་ཀུ་རུའོ།། དབང་ལ་བཤང་ཀུ་རུའོ།། དྲག་པོ་མར་གསུམ་པར་ལྡན།། ཐབ་ཁུང་དབྱིབས་ནི་ལས་བཞི་སྟེ།། ཤིང་ནི་རིགས་དང་སྦྱར་བར་བྱ།། ཞིལ་དཀར་པོའི་ཤིང་རྣམས་ཏེ།། རྒྱས་ལ་གསེར་ཤིང ་ལ་སོགས་པའོ། ། དབང་ལ་སེང་ལྡེང་ཤིང་བསྲེགས་ཏེ།། དྲག་པོ་ཚེར་མཅན་གྱི་ཤིང་། གཞན་ནི་ཙན་དན་ཤིང་ལས་བྱ། བཊར་འདབ་བརྒྱད་དབྱིང་ས་ཡིན་ཏེ། བ་ནས་པ། ཡུང་མ་ནི་ཨོ་ཧ་ཡ་མོ་ཧ་ཡ་སམ་བྷ་ཡ་སྟ་མ་བྷ་ཡ། ་ཡུད་མན་ཨུ་མན། ཨཱ་ཀ་ད་ཥ་ཡ་ཨཱ་ཀར་ཥ་ཡ།། བ་ཤིང་ཀར་བཤིང་ཀ་ར། རཀྵ་ཡ་རཀྵ་ཡ། མོ་ཧ་བྷ་ཡ། སརྦ་ཀ་རྨ་ཀུ་རུ་ཧཱུ~ཾ་ཕཊ་ལེའུ་དྲུག་པའོ།། ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།། གདུལ་དཀའ་བ་ནི་འདུལ་བའི ་མཆོག། གསང་བའི་བདག་པོ་གོས་སྔོན་ཅན།། དྲག་པོ་ཆེན་པོ་རབ་འབར་བའི།། ཏིང་འཛིན་ལ་སྙོམས་ཞུགས་ནས།། འཁོར་གྱི་ཀླུ་ཚེགས་དབང་བསྡུས་ཏེ།། ཉེན་རྣམས་བཟློག་པའི་ཆོ་གར་གསུངས།། གནས་ཁང་རིམ ་པ་གསུམ་དག་ལ། ། ཕྱི་རོལ་སྨེ་བསྲེགས་དཔྲལ་བར་བྱ།། བར་དུ་ཕྱི་ནང་ཁྲུས་བྱས་ཏེ།། མཉེས་པའི་ལས་ཀྱང་ཅི་ནུས་བྱ།། ནང་དུ་བུམ་པའི་དབང་བསྐུར་བས།། ཉེན་རྣམས་བཟློག་ལ་ཐེ་ཚོམ་མེད།། ཀྱེ་ཧོ་ཉེན་རྣམས་འདུལ ་བའི་མཆོག། ཨེ་མ་གསང་ཆེན་དྲག་པོ་ཆེ།། ཨེ་མ་མ་རུངས་འཇིགས་པ་ཅན།། ཨེ་མ་གསང་སྔགས་རྣལ་འབྱོར་ཆེ།། ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ།། ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ།། ལེའུ་བདུན་པའོ།། ་དེ་སྐད་ཅེས་གསུངས་ནས་འཁོར་ཐམས་ཅད་དགའ་བའི་རྗེས་ལས།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཐམས་ཅད་ལྡན་པའི་གཏོར་མ་ལ།། རཾ་གྱིས་སྦྱངས་ནས་ཡཾ་གིས་བུས།། ཁཾ་གིས་བཀྲུས་ཏེ་དག་པ་ལས།། བཾ་ལས་བདུད ་རྩི་ཆུ་རྒྱུན་བསྐྱེད། ། ཡཾ་རཾ་དབབ་པའི་སྦྱོར་བ་བྱ།། ཛ་ཡིས་བཀུག་ཏེ་གཏོར་མ་བསྟིམ།། བསམ་གཏན་ལྷ་མོས་མཆོད་པ་འབུལ།། དེ་ནས་འཁོར་ལ་འདི་སྐད་བསྒོས།། ད་ནི་ཁྲོ་བོ་གོས་སྔོན་ཅན།། སངས་རྒྱས་ཐམས་ཅད ་འདུས་པའི་སྐུ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དབང་བསྐུར་མཆོག་ཐོབ་པ་ཡི་སྐུ།། ཅི་སྟེད་ཡིད་དམ་འདས་ན།། གཏོར་མ་དུག་གི་རང་བཞིན་གྱིས།། ཁྱེད་རྣམས་ཐལ་བ་རྡུལ་དུ་རློག།། གལ་ཏེ་དམ་ཚིག ་མ་འདས་ན། གཏོར་མ་ཡེ་ཤེས་བདུད་རྩི་ཡིས།། ཁྱེད་ཀྱི་སྒོ་གསུམ་སྒྲིབ་སྦྱངས་ནས།། ངེས་པར་ལེགས་པའི་ཡོན་ཏན་འཐོབ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎི་ཨདྷཱ་ནུད་བ་ནན་ཏྭཱད་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལེའུ་བརྒྱད་པའོ།། ་དེ་ནས་དཔལ་ལྡན་གོས་སྔོན་ཅན།། གདུལ་དཀའ་འདུལ་བའི་བདག་པོ་དེས།། བསམ་གཏན་འཁོར་ལོ་མེད་པ་ལ།། སྔགས་ཀྱི་ངེས་པ་བཤད་པར་བྱ།། ཏདྱ་ཐཱ། བྷོ་བྷོ་པན་ནཱ་ག་ཨ་དྷི་བ་ཏ་ཡེ།། ཨི་དན་ནཱི་ལཱ་བ་ར་ཧཱུཾ། དྷ་ཤ་རཱི ་རཾ། བཛྲ་པཱ་ཎི་ཧྲི་ད་ཡ་ན། ཡཿས་མཱ་ཏི་ཀཱ་མཱ་ཏི།། ཨུད་མཱ་ད་ན་མ། བྷ་བིཥྱ་ཏི། ལས་ཐམས་ཅད་པའི་སྔག་སོ།། ལས་སོ་སོ་བ་ལ་ཀླུ་འདུལ་བའི་སྔགས། ཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ། བི་བུད་དྷ། མ་ཧཱི་བརྦ་ཏ། ཧ་ར་ཧ་ར་ནཱ་ག་ནཱན། ་པྲཏར་པྲ་ཧ་ར་ནཱ་ག་ནཱན། ཚིན་ད་ཚོན་ད། ནཱ་ག་ཧྲྀ་ཝཱ་ནི། བྷིན་དྷ་བྷིན་དྷ་ནཱ་ག་མརྦ་ནི་བི་ཉྫ་རྱན་ཏུ་ན་ག་ཤ་རཱི་རཱི་ཎི། བི་སྥོ་ཊ་ཡ། ནཱ་ག་ནཱ་ཡ་ནཱ་ནི། ཏདྱརྨཱ། ཧཱུ~ཾ་ཕཊ་ནཱ་ག་བཱི་དཱར་ཎཱ་ཡ་ཧཱུཾ་ཕཊ།། ནཱག་ཨུངས་ད་ནཱ་ཡ་ཧཱུཾ་ཕཊ ་དགས་ཐམས་ཅད་བཟློག་པ་ནི། ནཱི་ལཱ་མ་བ་ས་ན་ཡཱ་ཧཱུ~ཾ་ཕཊ། ཨ་པྲ་ཏི་ཧ་དེ་བ་ལ་བ་རཱ་ཀྲ་མཱ་ཡ་ཕཊ། ཀྲི་ཏཱ་ན་ཏ་ཡ་ཕཊ། ཀྲི་ཏཱན་ཏ་རུ་པ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་བྷ་ཎ་ཌོད་སཱ་ད་ནཱ་ཡ་ཕཊ། གཤིན་རྗེ་བཟློག ་པའོ། ། པྲེ་ཏ་བི་ཤཱ་ཙ་བི་ན་ཥ་ཀ་རཱ་ཡ་ཕཊ། ཡི་དགས་ཐམས་ཅད་བཟློག་པའོ།། ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀཱ་ར་ཡཻ་ཕཊ། གནོད་སྦྱིན་ལ་སོགས་པ་བཟློག་པའོ།། ཧ་ས་ཧ་སེ། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱི་ཤ་ཡ་ནཱ་ཤ་ཡ། སརྦ་བིཀྵཱི ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། བགེགས་ཐམས་ཅད་བཟློག་པའོ།། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཡཱ་ཕཊ། དགེ་འདུན་གྱི་དགྲ་འདུལ་བའོ།། ནཱི་ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ།། རྡོ་རྗེ་བ་ཅོན་དྲག་པོ་ཆེ།། རྡོ་རྗེ་འཇིགས ་པ་སྔགས་ཀྱི་བདག། རྡོ་རྗེ་ཁྲོ་བོ་བགེགས་ཀྱི་བཤད།། རྡོ་རྗེ་མི་ཐུབ་འཇིགས་པ་ཆེ།། རྡོ་རྗེ་ལས་ཀུན་གྲུབ་པ་ཆེ།། རྡོ་རྗེ་ལས་རྣམས་ཀུན་མཛད་པ།། སྔགས་ཀྱི་བདག་པོ་ཁྱོད་ཕྱག་འཚལ། ་སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ།། ལེའུ་དགུ་པའོ།། །། དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏེ།། རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར།། དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས་པ་ཡིན།། ་དེ་ལྟར་ནུས་ཕྱིར་དགུག་པའི་སྔགས་ནི་བཤད་པར་བྱ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱ་མ་བ་ར་ནཱ་ག་ཧྲིཿགྲིཧྞ་གྲི་ཧྞ་ཧཱུཾ་ཕཊ། ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ། བསམ་གཏན་དྲག་པོས་བཟླས་པ་བྱ།། བཟླས་པ་འདི་ལ ་རབ་འབད་བྱ། ། ཀླུ་རིགས་དུ་མ་ཐམས་ཅད་ཀུན།། འགུག་འགྱུར་འདི་ལས་གཞན་དུ་མིན།། ཇི་སྲིད་འགུགས་པའི་ཏིང་འཛིན་གྱིས།། ཁུགས་པར་གྱུར་པའི་ཀླུ་ནམས་ཀུན། ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ།། ཁྲོ་བོའི་ཆེ་བ་བརྗོད ་ནས་ནི། དམ་ཚིག་བསྲེ་ཞིང་དྲུག་རྣམས་གཞོམ།། སྨན་གྱི་མཆོག་གིས་གསོས་ནས་ནི།། གང་གནོད་ཕྱོགསུ་གཤེགས་སུ་གསོལ།། ལེའུ་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་སྟེ། ཞི་བའི་ལས་ཀྱིས་མི་འདུལ ་བའི། ཀླུ་གཟིར་དྲག་སྔགས་བསྟན་པར་བྱ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱ་མ་བ་ར་ནཱ་ག་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ནཱ་ག་ད་ཧ་ད་ཧ་ཧཱུ~ཾ་ཕཊ།། ནཱ་ག་སྥོ་ཊ་སྥོ་ཊ་ཧཱུ~ཾ་ཕཊ། ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུ~ཾ་ཕཊ། ནཱ་ག་གརྫ་གརྫ་ཧཱུཾ་ཕཊ། ནཱ ་ག་བྷི་ན་དྷ་བྷིན་དྷ་ཧཱུཾ་ཕཊ། ། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས།། གདུལ་བའི་སྟེང་ནས་གདབ་པར་བྱ།། འོག་ཏུ་མེའི་འཁོར་ལོ་བསམ།། མེ་ཕུང་ཆེན་པོའི་ཏིང་འཛིན་གྱིས།། མེ་འབར་ཀློང་ཆེན་དཀྱིལ་དུ་གཟིར།། ཡུངས་དཀར ་ཡུངས་ནག་སྐེ་ཚེ་ཡིས། ། བརྡེག་ཅིང་ཁྲོ་བོའི་སྤྲུལ་པ་སྤྲོ།། ཁ་སྦྱང་ལ་སོགས་རྩ་ལྔའི་གསོབ།། གཅན་ཟན་སྣ་ཚོགས་མཆེ་སྡེར་དང་།། མཆུ་སྡེར་དབབ་ཅིང་སྤྲུལ་པ་སྤྲོ།། མྱུར་དུ་ཐར་བར་གདོན་མི་ཟ་ལེའུ་བཅུ་ཅིག་པའོ།། ་དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱིས་ཉིད་ལ་ཉིད་ཀྱི་མཆོད་པ་ཕུལ་བ། ཧྲཱི་རྡོ་རྗེ་བདུག་པས།། བདག་ཉིད་དྲི་མེད་རྒྱས་མཛད་མ།། བཛྲ་དྷ་བི་པཱུ་ཛ་མེ་ཧཱུཾ། ཧཱུ~ཾ་རྡོ་རྗེ་མེ་ཏོག་མ།། བདག་ཉིད་ཡོངས། ་སུ་བཀྲ་མཛད་མ། བཛྲ་པུཥྤེ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་དྲི་ཆབ་མ།། བདག་ཉིད་དངོས་པོ་དག་མཛད་མ།། བཛྲ་གན་དྷེ་པཱུ་ཛ་མེ་ཧཱུཾ།། ཧཱུཾ་རྡོ་རྗེ་མར་མེ་མ།། བདག་ཉིད་དཀྱིལ་འཁོར་གསལ་མཛད་མ།། བཛྲ་ཨཱ་ལོ་ཀེ་པཱུ་ཛ་མ་ཧཱཾ། ཇི་སྲིད ་ཐམས་ཅད་མཆོད་པ་ཆེ། ། ཇི་སྲིད་མཆོད་པ་བདེ་བ་ཆེ།། ཇི་སྲིད་མཆོད་པ་བླ་ན་མེད།། ཇི་སྲིད་མཆོད་པ་ཡང་དག་ཆེ།། ཨེ་མ་ཧོ།། ལེའུ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤང་བྱ་བ།། བཅོམ་ལྡན་གསང་བགོས ་སྔོན་ཅན། ། བསྡུབ་ཐབས་ཀྱི་ཏིང་འཛིན་གྱིས།། འཁོར་གྱི་ཀླུནམས་སྡུད་མཛད་ནས།། མེ་ཡི་འཁོར་ལོ་སྙོམས་ཞུགས་ཆེ།། གསང་བ་མེ་ཡི་སྔགས་བཟླས་པས།། ཀུན་པས་མ་ལུས་ཚིག་པར་མཛད།། བྲལ་ནས་དཔག་ཚད་གནས། ་སུ་བྲོས།། སླར་བསྡུས་བདུད་རྩི་སྨན་གྱི་གསོས།། ལས་བཅོལ་སོ་སོའི་གནསུ་འཁོད།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ།། ཐལ་མོ་སྦྱར་ནས་འདི་སྐད་གསོལ།། མེ་བརྒྱད་འཁོར་ལོའི་བདག་ཉིད་ཆེ།། རྟག་ཏུ་མེ་ཡི་ཏིང་འཛིན། ་2།། སྙོམས་ཞུགས་ཁྱོད་ནི་རྒྱས་གྱུར་ཅིག། བདེ་བའི་རོལ་མེ་མེ་ཀློང་དུ། བསྲེགས་མཛད་མེ་བརྒྱད་ཁྱོད་ཕྱག་འཚལ།། རང་བཞིན་རྣམ་དག་ཁྱོད་ཕྱག་འཚལ།། ཆུ་ཡི་དང་ལ་གནས་འདོད་ན།། ཆུ་བརྒྱད་ཏིང་འཛིན་ལ་གནས་ཏེ།། ་དེ་ཚེ་འཁོར་གྱིས་འདི་སྐད་བསྟོད།། ཆུ་བརྒྱད་འཁོར་ལོའི་བདག་ཉིད་ཆེ།། རྟག་པ་ཆུ་ཡི་དཀྱིལ་འཁོར་ཅན།། འབྱུང་བའི་གཙོ་བོ་ཆུ་ཡི་བདག། ཆུ་བརྒྱད་མངའ་བདག་ཁྱོད་ཕྱག་འཚལ།། རླུང་བརྒྱད་ཏིང་འཛིན་ལ་གནས་ན།། ་འཐོར་ཞིང་འབུད་བའི་བདག་ཉིད་ཆེ།། རླུང་ཆེན་དྲག་པོ་རྩ་ལ་ཤུགས་ལྡན།། རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ།། ས་ཡི་ཏིང་འཛིན་ལ་གནས་ནས།། མི་གཡོ་བརྟན་པའི་ལས་མཛད་པ།། གསེར་ལྡན་རོལ་མོ་སྣ་ཚོགས་ལྡན།། ་ས་བརྒྱད་འཁོར་ལོ་ཁྱོད་ཕྱག་འཚལ།། ལེའུ་བཅུ་གསུམ་པའོ།། །། དེ་ནས་དཔལ་ལྡན་གོས་སྔོན་ཅན།། ཕྲ་མོའི་ཏིང་འཛིན་ལ་གནས་ནས།། འཁོར་གྱི་གནོད་སྦྱིན་མང་པོ་ཀུན།། ཤིན་ཏུ་ཡིད་དགའ་དད་པས་ཞུས།། ཕྲ་མོའི།། ་ཐིག་ལེ་ཆེན་པོས་ཡིས།། ཅིར་སྣང་དངོས་པོ་གཅིག་ཏུ་འདུས།། དེ་ཉིད་མཐའ་འདས་རང་བཞིན་མེད།། དེ་ནས་དཔལ་ལྡན་གོས་སྔོན་ཅན།། འདོད་ཆགས་ཏིང་འཛིན་ལ་གནས་པས།། འཁོར་གྱི་གནོད་སྦྱིན་མང་པོ ་ཀུན། ། སྤངས་དང་དུས་དང་བརྒྱལ་བ་ལས།། བསླང་སྟེ་བླ་མེད་དོན་བསྟན་པས།། ཐམས་ཅད་འདོད་ཆགས་སྔོན་སངས་རྒྱས།། འཁོར་གྱི་སྐུལ་མངོན་པར་བསྟོད།། ཀྱེ་ཏོགས་དཔདག་གོས་སྔོན་ཅན།། བླ་མེད་རྫོགས་པའི་ཀློད་དཀྱིལ ་ན། ། འདོད་ཆགས་དགྲོ་བས་བློ་ལྡན་པས།། མངོན་པར་སངས་རྒྱས་ཁྱོད་ཕྱག་འཚལ།། ལེའུ་བཅུ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཀྱིས།། འཁོར་གྱི་གཙེལ་མངོན་པར་བསྟོད།། ལུང་ལོ་ཅན་གྱི་ཕོ་བྲང་ནས། གསང ་བའི་བདག་པོ་གོས་སྔོན་ཅན། ། ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས།། དངོས་མེད་དག་པོ་ཁྱོད་ཕྱག་འཚལ།། འཁོར་གྱི་ཀླུ་ཚོགས་འདུལ་བའི་ཕྱིར།། ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས།། ཀླུ་ཚོགས་ཞལ་དུ་གསོལ་མཛད་པ།། ཀླུ་འདུལ ་བྱམས་པ་ཁྱོད་ཕྱག་འཚལ། ། སྣ་ཚོགས་དག་པའི་སྐུ་མངའ་ཞིང་།། རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད།། སྐྱོན་གྱིས་མ་གོས་རང་སངས་རྒྱས།། ཐོགས་མེད་ཀུན་འདུལ་ཕྱག་འཚལ་བསྟོད།། ཅི་ལྟར་བསམ་པའི་དངོས་པོ་ཀུན།། ་ཁྱོད་ལས་འབྱུང་བས་མི་ཟད་ཨེ་པ།། སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ།། ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལོ།། ནད་དང་རིམས་ཀྱི་གཤེད་པོ་མཛད།། ནོར་དང་ཟས་ཀྱི་བདག་པོ་མཛད།། འཇིགས་པ་ཀུན་ལས་སྐྱོབ་པར ་མཛད། ། བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ།། ཞེས་བསྟོད་ནས་རྗེ་སུ་ཡི་རང་ངོ་།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པ་ཡང་ཡིད་དགའ་བའི་མཆོད་པས་ཁྱབ་པར་གྱུར་ཏོ།། མི་ལ་སོགས་པ་འཇིགས་པའི ་ཉེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་དགོད་དོ། ། ལེའུ་བཅཝ་ལྔ་པའོ།། །། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བཙོན་གྱི་རྒྱུད་རྫོག་སྷོ།། །། དེ་ནས་གསང་བའི་བདག་པོ་འཁོར་དེ་དག་ལ་རྣམ་པར ་