| Wylie | e-texts produced with BDRC’s OCR application |
དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། རྒྱ་གར་སྐད་དུ། ཨཱརྱ་བྷཱ་བ་སང་ཀཱན་ཏི་ནཱ་མ་མ་ཧཱ་ཡཱན་སཱ་དྲཱ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི ་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ།། ཚས ་པར་སྤྱོད་པ། ཐོག་མར་དགེ་བ། བར་ང་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ།། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་བྱི་འོང་མིའི་ཚེལ་གལ་བ་དང་། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། ཕྱིན་ནས ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྤྱང་གཟུགས་ཅན་སྙིང་པོས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསགས་པ་འགགས་ནས་ཡུན་རིང་དུ་འགགས་པ་འགུམ་པའི་དྲིས་ཀྱི་ཚེ་ཉེ་བར་གནས་ཤིང་ཡིད་ལ་མངོན་དུ་འགྱུར་ལགས། འདྲ ་བྱེད་ཐམས་ཅད་སྟོང་པ་ལ་ཇི་ལྟར་ལས་རྣམས་ཆབ་མི་འཚལ་བར་འདའ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨིལ་མ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་དུ་ཡོངས་སུ་སྦྱོང་བ་རྨིལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོང་གྲན་རྒྱལ་པོ་ཆེན་པོ་འདི་ཇི་སྙིམ་དུ་སེམས། ་མི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། འོན་ན་གང་རྨི་ལམ་གྱི ་ཡུལ་གྱི་བུད་མེད་བཟང་མོ་ལ་མངོན་པར་ཞེན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ཡང ་ཤིན་དུ་མ་མཆིས་ཤིང་མི་དམིགས་ལགས་ན་དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མ་ལྡན་པ་ཡང་མིག་གོས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་འགྱུར་བའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་རྗེསུ་ཆགས་པར་ཁུ་འོ།། སྤ་ཆགས་ནས་ཀུ་དུ་ཆགས་པར། ་འགྱུར་རོ།། ཀུན་དུ་ཆགས་ནས་འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའི་ལས་ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་དེ། ལས་དེ་མངོན་པར་འདུས་བྱས་པར་གྱུར་ནས་འགག། གོ། འགག ་པན་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡན། ལྔ་ཕྱོགས་པས་།། ཕྱོགས་བུམ་པན། བྱང་ཕྱོགས་སུམ་པན། གང་དུམ་པན།། འོག་དྲུམ་ལྡན། ཕྱོགས་མཚམས་རྣམས་ས་ཏན་ཏེ་གནས་པས ་ནོ། ། དུས་གཞན་ཇི་ཙམ་ཞིག་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་དེ་དང་སྐལ་པ་འདྲ་བའི་ལབཟང་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ།། དཔེར་ན་ཉལ་ཉལ་བ་ལས་སད་པའི་མའི་ཡུལ་གྱི་ང ་མེད་བཟང་མོ་ལ་ཐར་ལས་དེ་ཡིད་ལ་མངོན་དུ་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷའི་ནང་དུ། ཡང་ན་ནི་མིའི་ནིང་དུ། ཡང་ན ་ནི་སེམས་ཅན་དམྱལ་བའི་རྣམས་བུ། ཡང་ན་ནི་དུད་འགྲོའོ་རྣམས་བུ།། ཡང་ན་ནི་ཡི་དགས་རྣམས་སུ་འབྱུང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱོང་བར ་འགྱུར་བ་མངོན་པ་དེ་དང་ཞལ་པ་འདྲ་བའི་སེམས་ཀྱི་རྒྱུད་འབྱུང་ངོ་། ། རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ ་བོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགགོ་པའི་ཚེ་ཡང་གང་དུ་ཡང་མི་འགྲོ།། རྣམ་པར ་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཚེ་ཡང་གང་ནས་ཀྱང་མི་འོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐམས་སྟོང་། ་འཆི་བོ་ནི་འཆི་འཕོས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་།། སྐྱེ་བ་ནི་སྐྱེ་བས་སྤྱོད་ལ།། ལས་རྣམས་ཆུད་མི་ཟ་བར་མངོན་པར་ཡང་ཡོད་དོ།། རྒྱལ་པོ་ཆེན་པོ ་རྣམ་པར་ཤེས་པ་དང་པོའི་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པརསྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་འབྱུང་ངོ་། ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐ། ཅེས་པཀའ་གྱུན་ཏོ།། འདི་དག་ཐམཔ་ཅད་མིང་ཙམ་སྟེ།། འདྲ་ཤེས་ཙམ་དྷ་གནས ་ཡིན། ། བརྗོད་པ་ལས་ནི་གཞན་གྱུར་པ།། བརྗོད་པར་བྱ་བ་ཡོད་མ་ཡིན།། མིང་ནི་གང་དང་གང་གིས་བྱ།། ཆོས་རྣམས་གང་དང་གང་བརྗོད་པ། དེ་ལ་དེ་ནི་ཡོད་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ།། སེང་གིས་མིང་ཉིད་སྟོང་པ ་སྟེ། ། མིང་ནི་མིང་གིས་ཡོད་མ་ཡིན།། མ་མེད་པ་ཡ་ཆོས་རྣམས་ཀུན།། མིང་གིས་ཡོངས་སུ་བརྗོད་པར་བྱ།། ཆོས་རྣམས་འདི་དག་ཡོད་མིན་ཏེ།། རྟོག་པ་ལས་ནི་ཀུན་དུ་འབྱུང་།། གང་གིས་སྟོང་པར་རྣམ་པར་རྟོག་པ།། རྟོག་པ་དེ ་ཡང་འདི་ན་མེད། ། མག་གིས་གཟུགས་ནི་མཐོང་ངོ་ཞེས།། ཡང་དག་གཟིགས་པས་གང་གསུངས་པ།། འཇིག་རྟེན་ལོག་པའི་ད་ཅན་ལ།། ཀུན་རྫོབ་བདེན་པར་དེ་གསུངས་སོ།། ཚོགས་ནས་མཐོང་ཞེས་གང་དག་དུ། ་འདྲེན་པས་རབ་ཏུ་བསྟན་མཛད་པ།། དོན་དོན་དམ་གདགས་པའི་སར།། བློ་དང་ལྡན་པས་བཀའ་སྩལ་ཏོ།། མགགས་གཟུགས་རྣམས་མ་མཐོང་ཞིང་། ཡིད་ཀྱི་ཆོས་རྣམས་མི་རིག་ས།། དེ་ནི་བདེན་པ་མཆོག་ཡིན་ཏེ། ་དེལ་འཇིག་རྟེན་མི་དཔོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ཡུལ་མ་གདྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མིའོ།། ་རྫོགས་སོ།། ། རྒྱ་གང་ཀྱིམ་ཁན་པ་འདིན་མརྗེ་དང་། དཱནཱ་ཤཱི་ལ་དང་། བུ་ཆན་རྒྱལ་སྒྲུབ་བན་ད་པེ་ཤེས་སྡེས་བསྒྱུར་ཅང་ཞུས་ཏེ། སདདགསར་ཅད་ཀྱིས་ཀྱང་བཙས་ནས་གཏན་ལ་བབ་པ། ་