CLOSE WINDOW

Q89: 'phags pa lag na rdo rje gos sngon po can drag po gsum 'dul ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

སྐལ་ལྡན་རྣམས་དང་རྒྱུད་འདི་ཕྲད་པར་ཤོག། རྒྱུད་འདི་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་ཌོ་མ་བི་ཧེ་རུ་ཀས་ག་དན་དྲངས་གསུང་ངོ་།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མ་བ་ར་དྷ་ར་བཛྲ་པ་ཎི་རུ་དྲ ་བི་ཏྲི་བི་ནི་ཏན་ཏྲ་ནཱ་མ། ། བོད་སྐད་དུ། འཕགས་པ་ལག་ནོརྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད།། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག ་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང་ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་གཅིག་ཏུ་བཞུག་སོ།། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན ་བོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེ་སུ་གནང་བ་འདི་ལག་ན་རྡོ་རྗེས་ཟུང་ཅིག་ཅེས་བཀའ་སྩལ་ཏོ། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། གནོད་སྦྱིནི་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས ་ཀྱིས་ཡོངསུ་བསྐོར་བ། ། མཆེ་བ་གཙིགས་པ་དང་འཚམ་པ།། མིག་མེ་མདག་གི་ཕུང་པོ་འདྲ་བ།། དབུགས་མེ་ལྕེ་ལྟར་འབར་བ།། འཇིག་པའི་ང་རོ་ཅན།། པད་མ་དང་ཆུ་ལྷས་ལག་པ་དང་དཔུང་བ་བརྒྱན་པ།། ནོར་རྒྱས ་དང་དུང་སྐྱོང་གིས་དབུལ་བརྒྱན་པ། ། སྦྲུལ་རིན་པོ་ཆེ་འབར་བའི་ཅོད་པན་ཐོགས་པ།། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་སྙན་ཆ་བྱས་པ།། རྐང་པ་སྦྲུལ་གདུག་པ་འབར་བ་མནན་ཅིང་ཟ་བ།། ཀླུའི་རྒྱལ་པོ་འདབ་བཟངས ་རགས་བཅིངས་པ། ། སྦྲུལ་ནག་པོ་སེ་རལ་ཁར་ཐོགས་པ།། བཞིན་རྒྱུས་བསྨིན་མ་ཁྲོ་གཉེར་དུ་བསྡུས་པ།། ཡ་སོས་མ་མཆུ་མནན་པ།། རྩེ་ཀློག་ལྟར་འགྲུབ།། གཤིན་རྗེའི་ཆ་བྱད་ཅར།། གསུས་པོ་རེ་སྤྲུལ་ཟ ་པ། རྒྱ་མཚོའི་ཟབ་སུ་དཔག་ཅད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་མོར་ཕྱིན་པ།། དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ།། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ།། ཨ་ལ་ལ་ཞེས་སྒྲ་སྒྲོགས་པས་སྐྲག ་པར་བྱེད་པ། ། ཀླུ་ཐམས་ཅད་ཀླག་པར་བྱེད་པ།། གད་རྒྱངས་ཆེན་པོ་རྒོད་པས་ཀུན་དུ་འཁྲུག་པར་བྱེད་པ།། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་འཇིགས་པར་བྱེད་པ།། ཀླུ་རྣམས་འབྲེལ་བར་བྱེད་པ ་དེ་ལ་ཕྱག་འཚལ་ལོ། ། ཞེས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བསྟོད་ནས་གསུང་དུ་གསོལ་ཞེས་སྨྲས་སོ།། དེ་ནས་ན་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་།། འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དང ་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས། ། ཕྱག་ན་རྡོ་རྗེ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས།། རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ།། རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ།། རྡོ་རྗེ་ཕྲིན་ལས་ཀུན་དོན ་མཛད། ། ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ།། འབྱུང་བ་ལྔ་ཡི་བདག་ཉིད་ཆེ།། མཛེས་ལྡན་འོད་ཟེར་ཅན་དང་ནི།། མདངས་ཅན་སྐྲ་དབྱངས་རླུང་འབྱིན་ཏེ།། སྐྱེད་བྱེད་ལས་ཀུནི་སྒྲུབ་པ་ལ།། འགུགས་ཤིང་སྡུད ་དང་སྡོམ་ཞི་མཛད། ། མཐའ་བརྟུལ་ལས་རྣམས་སྒྲུབ་པ་ལ།། ཐིག་ལེའི་རང་བཞིན་མི་ཤིགས་ལ།། ཁ་སྦྱོར་ནི་ཟླའི་འབྲེ་འདུབས།། བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ།། འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད།། ། ་བོནོ་རབ་ཏུ་འབར་བ་ཡིས།། ཐབས་དང་ཤེས་རབ་སྲེག་གསོ་མཛད།། བདེ་ཆེན་རབ་ཏུ་གསོལ་མཛད་ནས།། སྡུག་བསྔལ་ཉོན་མོངས་འཇོམས་ལ་བདུད།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྲཱ་བ་ན་ནད་ཏུད་ཨོཾ་ཨཱཿཧཱུཾ་ཞེས་བཅོམ་ལྡན ་འདས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ནས་འཛུམ་པ་མཛད་དོ། ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་འཁོར་རྣམས་སྤྲོས་ཏེ།། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལེ་གསོ་ལེགས ་སོ། ། དེའི་ཕྱིར་འདིའི་གསང་སྔགས་ལས་ཐམས་ཅད་སྒྲུབ་པ་སྡིག་པ་ཐམས་ཅད་འཇོམས་པ།། དྲག་པོ་གསུམ་འདུལ་བ་འདི་གསུང་དུ་གསོལ་ཞེས་བརྗོད་ནས་བསྐོར་བ་བྱས་ཏེ། སྤྱན་སྔར་འཁོར་རྣམས་དང་ལྷན་གཅིག་དུ་འདུག ་གོ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་རིག་སྔགས་འདི་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་བརྗོད་པར་བྱའོ།། ཏད་ཡ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་བ་ཏ ་ཡེ། ཨ་དན་ནཱི་ལཱ་མ་བ་ར་དྷ་ར་ཤ་རི་རཾ།། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿས་མཱ་ཏི་ཀཱ་མཱ་ཏི།། ཨུད་ས་ད་ནཾ་བྷ་བི་ཤུད་ཏི། ཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ་བི་བུད་དྷ།། མ་ཏི་པྲ་བ་ཏ། ཧ་ར་ཧ་ར། ནཱ་ག་ནཱཾ་པྲ་ཏ་ར་པྲ་ཧ་ར།། ནཱ་གནྡ། ཚིན་དྷ་ཚིན་དྷ་ནཱ་གདྡ ་ད་ཡཱ་ནི། བྷི་ན་དྷ་བྷིན་དྷ་ནཱ་ག་ད་མ་ནི།། བི་སི་མ་དྷ་ནཱ་ག་ཤ་རཱི་རཾ། བི་སྥོ་ཏ་ཡ་ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བཱི་དཱ་ར་ནཱ་ཡ་ཕཊ། ནག་གོད་ས་ད་ནཱ་ཡ་ཕཊ། ནཱི་ལཱ་མ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་ཕ་ལ་པ་ར་ཀྲ་མ་ཡ་ཕཊ། ་ཀྲི་ཏན་ཏ་ཡ་ཕཊ། ཀྲྀ་དྷཱན་ཏ་རུ་པ་ཡ་ཕཊ།། རོ་ཤ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་སྨན་རོད་ས་ད་ན་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་ར་སྨ་ར་པི་ན་ཤ་ཀ་ར་ཡ་ཕཊ། ཏ་མ་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ ་ནཱ་ཤོ་ཡ་ནཱ་ཤ་ཡ། ། སརྦ་བིགྷྣཱ་ན་བིན་ཤ་ཀ་རཱ་ཡ་ཕཊ།། སརྦ་ཤདྡྷཾ་སཾ་གྷ་བི་ན་ཤ་ཀ་རཱ་ཡ་ཕཊ། ནི་ལཱམཱ་བ་ར་དྷ་ར་བཛྲ་པ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།། དེའི་ཆོ་ག་ནི་གནོད་སྦྱིན་གྱིས་གདོན་གྱིས་ཟིན་པ་ལ་ཚུལ་སྔགས་བཏབ་སྟེ ་གཏོར་ན་བཏང་བར་འགྱུར་རོ། ། ཀླུ་ཟློག་པར་བྱེད་ན་སྨག་ཤར་གྱི་ལྕུག་མའམ།། བལ་པོ་སེའུའི་ལྕུག་མས་བྱའོ།། ཡི་དགས་དང་བརྗོད་བྱེད་རྣམས་ལ་ནི་སྐུད་པས་བྱའོ།། མས་ནད་མེད་པའི་བྱ་བ་དང་།། གཞོགས་བྱེད་ན་པ་དང་།། ་ཡིག་འཆུས་པ་ལ་ནི་སྐུད་པ་སྔོན་པོ་བྱའོ།། ནོར་འདོད་པ་ལ་ནི་ཞག་གཅིག་བསྙུང་བར་འདུག་སྟེ་སྤོས་ཀྱིས་བདུག་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ནོ།། མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག ་སྔོན་པོ་ལ་སོགས་པས་མཆོད་ལ་སྔགས་སྟོང་བཟླས་ནས་གསོལ་བ་བཏབ་ན་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། ། རྒྱས་བཏབ་པ་འགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས ་བྱའོ། ། འཇིགས་པ་ཐམས་ཅད་ལས་བསྲུང་བ་ལ་ནི་རྩི་མར་སྙིང་པོ་དང་ཐལ་བ་དང་ཉུངས་དཀར་གྱིས་བྱའོ།། ནད་ཀྱི་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི ་མཆོག་དུ་འགྱུ་རོ། ། བྱིས་པ་གདོན་གྱིས་ཉེན་པས་ཐམས་ཅད་ལ་ནི་ཚེན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་དུ་འགྱུ་རོ།། ཆོམ་རྐུན་བཟློག་པར་འདོད་ནསས་བྱའོ།། དུག་ལ་ནི་རྩ་ཀུ་ཤས་བྱབ་པར་བྱའོ།། དག ་བསྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། ། གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་གཅིག་གམ་གསུམ་མམ། ལན་བཅུ་བཞིའམ།། ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་བཟླས ་ན་འགྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་།། བདུད་དཔུང་དང་བཅས་པ་རྗེ་སུ་ཡིད་རང་སྟེ་བསྟན་པ་ལ་འཁོད་དོ།། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན ་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་རྫོགས་སྷོ། ། །། བལ་པོའི་པ་ཎ་ཌི་ཏི་དེ་བ་པུར་ཏྱ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། རུ་དྲ་ཏྲི་ཏན་ཏྲ་གུ་ཧྱ་བི་ཝ་རི་ཏི་བ་ནི་ཡ་ནྟྲ ་