CLOSE WINDOW

Q889: 'phags pa sum bcu rtsa gsum pa'i le'u zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོའི་དཱིཀ་རབ་བྷ་དང་། ལོ་ཙཱབ་བན་དཔལ་གྱི་སྲུན་པོས་བསྐུར་ཞུ་ཆེན་གྱིཔོ་རྒྱབ་བནི་དཔལ་གྱིས་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་ག་གདང་། ཨཱརྱང་ལ་སྟིང་ཤ་བ་རབ་ན ་མ་མ་ཧཱ་ཡཱ་ནཱ་སྭཱཏྨ། བོད་སྐད་དུ། འཕགས་པ་སུམ་བཅུ་རྩ་གསུམ་པའི་ལེའུ་ཞེས་པསྒེག་པ་ཆེན་པོའི་མདོ།། བམ་པོ་དང་འོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་ན་ཤིང་ཡོངས་འདུའི་དྲུང་ན། ཨར་མོ་ན་གེ་ལྟ་བུའི་རྡོ་ལེ་བ་ལ་བཞུགས་ཏེ། སྐུ་སྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར ་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེན་པོ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉི་སྟོང ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མངོན་པར་ཤེས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་གཅིག་ཏུ ་དབྱར་གནས་པར་ཞལ་གྱིས་བཞེས་ནས། དེ་ན་བཅོམ་ལྡན་འདས་འཁོར་འབུམ་ཕྲག་པུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་། ཟླ་མཆོག་ཅེས་བྱ་བ་གཉིས ་འཁོར་དེ་ཉིད་ཀྱི་ནང་དུ་འདྲས་པར་གྱུར་ཏེ་འདུག་གོ། ། དེ་ནས་ལྷའི་བུ་ཟླ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་སྟོང་། ། དེ་གད་ཅེས་གསས་པ་དང་། བཅོམ་ལྡན་འདས་ཀྱིས་པ་བུནབ་ལ་འདི་ཅེས་བཀའ་སྩལ་ཏོ།། རྣ་བཙུད ་སུའི་དོན་དུ་བཞིན་གཤེགས་པ་ལ་ཞུ་བར་འདོད། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགས་སུ་བཅད་དེ་གསོལ་པ། གང་དག་བདག་ལ་སྨན་དང་སེམས་ཅན་གཞན་ལ་སྨན་སླད་ཞུགས།། སེམས་ཅན་ཀུན ་ལ་སྙིང་རྗེ་སྙིང་བརྩེ་ལེགས་པར་བསྐྱེད་ནས་ནི། ། བྱང་ཆུབ་རྡུལ་བྲལ་བདུད་རྩི་འཚལ་ཞིང་དོན་དུ་སྒྲུབ་བགྱིད་པ།། ཤཱཀྱ་སེང་གེ་བདག་ནི་དེ་དག་དོན་དུ་ཞུ་བཞུ།། གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བར་སྤྱོད ་བསྐྱེད་ཅིང་། ། སྡུག་བསྔལ་སྤོང་ལ་འགྲོ་བ་ཐམས་ཅད་ཀྱང་ནི་གྲོལ་བར་བགྱིད།། གང་དག་སེམས་ཅན་ཀུན་ལ་སེམས་སྙོམས་སྦྱོར་བ་སྙོམས་པར་བགྱིད།། བདག་ནི་མི་འདྲེན་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགསོ།། ། ་གང་དག་སངས་རྒྱས་མཚན་མཆོག་སུམ་བཅུ་རྩ་གཉིས་རྟགས་རྣམས་ཀྱིས།། སྐུ་སྤྲས་རྡུལ་དང་བྲལ་བ་བསོད་ནམས་ཞིང་ཆེན་མཐོང་གྱུར་ནས།། ཡོན་ཏན་རྒྱ་མཚོ་གང་ཆེན་མཚོ་རྣམས་དེ་དག་འདོད་བགྱིད་པ།། གཟི་བརྗིད ་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། ། གང་དག་རྟག་ཏུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།། གཞན་དུ་བློ་གྲོས་མ་སྐྱེད་གཞན་དུ་སེམས་པར་མི་བགྱིད་དང་།། གང་དག་ཉན་ཐོས་རང་རྒྱལ་དག་ཏུ་བློ་གྲོས ་མི་སྐྱེད་པ། ། རྩལ་རབ་བརྟན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དགརྙེད་དང་མ་རྙེད་གྲགས་དང་མ་གྲགས་མཉམ་པར་སེམས།། སྨད་པ་དང་བསྔགས་དང་བདེ་དང་སྡུག་བསྔལ་དག་གིས་སྐྱོ ་མི་འགྱུར། ། འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་གནས་ཤིང་བསྐྱོད་མ་མཆིས། འཇིགས་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་བདག་ཕངས་མཚུངས་འདྲར་གཞན་དག་ལ་ཡང་ཕངས་པར ་འཛིན། ། སྲིད་པ་གསུམ་ན་ཐ་དད་འབྱེད་པ་མ་མཆིས་སྦྱོར་བ་མཉམ།། གང་དག་བྱམས་པར་སེམས་ཤིང་ཚུལ་འཆོས་ཟབ་སྐྱོན་མ་མཆིས།། སྐྱེ་བོ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྟག་ཏུ་སྦྱིན་དང་ཚུལ ་ཁྲིམས་དག་ཅིང་རྣམ་དག་སྤྱོད། ། བདག་ཉིད་སྤང་བར་བགྱིད་ཀྱི་ཚུལ་ཁྲིམས་ཕུང་པོ་གཏོང་མི་བགྱིད།། གང་དག་རྟག་ཏུ་ལུས་དང་ངག་དང་ཡིད་རྣམས་ལེགས་པར་བསྡམས།། བདག་ནི་དྲི་མེད་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས།། གང་། ་དག་བཟོད་པ་སྨྲ་ཞིང་ལེགས་པར་བསྡམས་པའི་ཤེས་དང་ལྡན།། སྡུག་བསྔལ་དང་ནི་གསང་དང་བཅིང་དང་བརྡེག་པ་རྣམས་ཀྱང་བཟོད།། ཀུན་གྱིས་དཀྲུགས་ཀྱང་ཁྲོ་བ་དང་ནི་ཐབ་བསྐྱེད་པར་མི་བགྱིད་པ།། ངེས་པར་བགྱིས་པ་དེ་དག་དོན་དུ། ་བདག་ནི་ཞུ་བ་ལེགས།། གང་དག་མཐུ་དང་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན།། འཇིག་རྟེན་དོན་གྱི་སླད་དུ་རྒྱུ་ཞིང་བདག་གི་ཕྱིར་མ་ལགས།། དཀར་པོའི་སྤྱོད་པ་རྣམས་ཀྱིས་མི་ངོམས་རྒྱ་མཚོ་ཆེ་དང་འདྲ།། ཡོན ་ཏན་རྒྱ་མཚོ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས། ། གང་དག་རྣམ་པར་རྟོག་པ་སྣ་ཚོགས་ཤས་ཆེར་མི་འཇུག་པ།། གང་དག་ཉོན་མོངས་སྣ་ཚོགས་པ་མ་བགྱིས་འཕགས་པའི་ཡེ་ཤེས་ལྡན།། གང་དག་པསན་གཏན་མངོན་ཤེས་རྣམ་རྩོན་རྫུ ་འཕྲུལ་རྐང་པ་ལྡན། ། བསམ་གཏན་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན།། རྟོག་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར་གྱུར།། གང་གིས་ཆོས་འདི ་དབེན་ཞིང་ཡམ་སླར་ཡང་རྟོགས་གྱུར་པ། ། གང་ཟག་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་དུ་རབཞི་སྤྲོད།། ཞིང་རྣམས་ཁྲག་ཁྲིག་མཆིལ་ཞིང་དུ་འཛིན་པའང་མ་མཆིས་དང་།། ་སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་སངས་རྒྱས་འཛིན་པང་མ་མཆིས་པ།། མཐོང་ན་དགའ་བ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས།། གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང་།། གང་དག ་འཆི་བདག་བདུད་དང་བྲལ་ཞིང་ལྷའི་བུ་ཡི་བདུད་བཅོམ་དང་། ། གང་དག་བདུད་ཀུན་ངེས་པཅོམ་ནས་ནི་བྱང་ཆུབ་རེག་འགྱུར་བ།། མུ་དང་བྲལ་བ་དེ་དག་དོན་དུ་བདག་ནི་ནུབ་ལགས།། གང་དག་ནགས་དང་ཙམ་ཛྲ། ་བཅས་པའི་ས་བཞི་བསྐྱོན་ནས་ཀྱང་།། བྱང་ཆུབ་རྡུལ་མེད་ཡེ་ཤེས་མཆོག་ནི་འཚང་རྒྱ་དང་།། གང་དག་སེམས་ཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུང་བ།། རྡོ་རྫས་བུ་ད་གདན་དུ་བདག་ནི་ཞུབ་ལགས།། ག ་དག་ཡེ་ཤེས་ཀུན་མཁོས་གཟི་བརྗིད་ཆེན་པོས་གཟི་བསྐྱེད་དང་། ། གང་དག་རྟག་ཏུ་སངས་རྒྱས་གདུང་ཕྱིར་ཆོས་སྤྱོད་རབ་ཏུ་བརྟན།། གང་དག་འདྲེན་པ་དང་ནི་དགེ་འདུན་མཁས་རྣམས་དགྱེས་དགུར་སྦྱར།། ་དེདག་དོན་དུ་སྲིད་གསུམ་དག་ན་བདག་གི་ཞུ་བ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་རྣམས ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིན་པ་དང་། བརྟན་པ་གཅིག་པ་ཤེས་པ་རྗེས་སུ་འཐོབ་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཟབ་མོའི་ཚུལ་ཁྲིམས་ཅན་བག་མཆིས་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས ་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཟླ་བ་ལེགས་སོ་ལེགས་སོ།། ཟླ་བ་ཁྱོད་ཀྱིས་གོ་ཆ་ཆེན་པོ་བགོས་པ་རྣམས་དང་། འདྲོན་པ་ཕལ་པོ་ཆེ་སྒྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་སྤར་བར་འདོད་པ་རྣམས་དང་། ་ཆོས་ཀྱི་གྲུ་ཆེན་པོསསྒྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར་བར་འདོད་པ་རྣམས་དང་། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་དྲུང་བར་འདོད་པ་རྣམས་དང་། ཆོས་ཀྱི་རུང་ཆེན་པོ་འབུང་བར་འདོད་པ་རྣམས་དང་། ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འདོད་པ་རྣམས་དང་། ཆོས་ཀྱི་ཏོག་ཆེན་པོ་གཟུང་བར་འདོད་པ་རྣམས་དང་། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོའི་རྗེས་སུ་འགྲོ་བར་འདོད་པ་རྣམས ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་འདོད་པ་དེ་དག་དང་། དེ་ལྟ་བུང་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སེམས་ཅན་དེ་དག་ག་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ཁྱོད་ལེགས་སོ།། ལྷའི་བྲེ་དའི་ཕྱི་རེ་ལེགས་པར ་བརྒྱཉོན་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་བྱེད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད ་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བཤད་པ་གཅིག་པ་ཤེས་པ་རྗེས་སུ་འཐོབ་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག། ་ཡོད་པར་སྦྱོར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་པ་ངས་ཁྱོད་ལ་བསྟན་ཏོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ལྷའི་བུ ་ཐབས་བཅོམ་ལྡན་འདས་ཀྱིས་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡནན་མངོན་པར་ཤེས་པོ་ཆེན་པོ་དང ་ཤེས་ཀྱི་བྱེད་པར་དམ་པ་ཕ་རོལ་ཏུ་སོན་པ་ཡིན་ཏེ། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཤེས་པ་ལ་ཡང་མཁས་ལ་ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་དོ།། ་དེནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་རིག་པ་དང་། ཤེས་པ་དང་། ཐོབ་པ་དང་། མངོན་སུམ་དུ་གྱུར་པ་ཡང་ཡིན་ལ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཆོས་གཞན ་ཅི་ཡང་ཡང་དག་པར་མི་མཐོང་ངོ་། ། ལྷའི་བུ་དེ་ལ་ཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན། སྔོན་གྱི་མཐའ་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ་ཕྱི་མའི་མཐའ་ཡང་སྟོང་ལ། ད་ལྟར་བྱུང་བ་གང་ཡིན་པ་དེ་ཡང་ངོ་བོ་ཉིད་སྟོང་པ ་ཉིད་ཀྱིས་སྟོང་སྟེ། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཇི་ལྟ་བུ་བཞིན་ཞེས་བྱའོ།། དེ་ལ་བྱེད་པ་དང་། ཤེས་པ་དང་། སྟོན་པ་དང་། འདོགས་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ ་དང་། གསལ་བར་བྱེད་པ་དང་། འཆད་པ་འདི་ནི་མིཁས་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བསླང་བ་སྟེ། དེས་ཆོས ་ཐམས་ཅད་དྲན་པ་ཉེ་བར་གཞག་པས་ཀུན་ནས་བསླང་བར་རིག་ནས་བདག་ལ་མངོན་པར་ཞེན་པ་མེད་དོ། ། དེ་བདག་ལ་མངོན་པར་ཞེན་པ་མེད་པས་ཆོས་གཞན་རྣམས་སློང་བར་མི་བྱེད་དོ།། ཆོས་གང་ཡང་མི་ཤེས་ཤིང་མ་བསླངས ་པས་ན། དེ་ལ་མངོན་པར་ཞེན་པར་མི་ནུས་སོ།། དེ་མངོན་པར་ཞེན་པ་མེད་པས་ན་ཆོས་རྣམ་པར་གཞག་པར་ཡང་བྱེད་ལ་ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ།། ལྷའི་བུད་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཤེས་ཤེ་ན། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་ལ་སེམས་དེ་ཡང་གཟུགས་མེད་པ། བསྟན་དུ་མེད་པར། ཐོགས་པ་མེད་པ། རྣམ་པར་རིག་པར་བྱེད ་བ་མ་ཡིན་པ། སྣུམ་ས་བྱསྟེ། སེམས་དེ་ཡང་སམས་ཀྱི་ཆོས་ཉིད་བྱས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ།། སེམས་གང་གིས་སེམས་ཡོངས་སུ་བཙལ་བའི་སེམས་དེ་ཡང་མི་རྙེད་དོ།། དེསེམས་མི་ད་མིགས་པས ་ཆོས་ཐམས་ཅད་མི་དམིགས་སོ། ། ཆོས་ཐམས་ཅད་མི་དམིགས་པས་ཆོས་གང་ཡང་མཚན་མ་འམ་རྗེས་སུ་ཡང་དག་པར་མི་མཐོང་སྟེ། ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར་རོ།། ཆོས་ཐམས་ཅད་ཡོངས་སུ་མ ་གྲུབ་པའི་ཕྱིར་ནམ་མཁའ་དང་འདྲ་བར་ཤེས། ། ལྷའི་བུ་དཔེར་ན་ན་མཁའ་མ་སྐྱེས་ཤིང་ཡོངས་སུ་མ་གྲུབ་པ་དེ་བཞིན་དུ་དེས་ཆོས་ཐམས་ཅད་ཤེས་སོ།། ཇི་ལྟར་ནམ་མཁའ་ཞེས་བྱ་བ་དེ་ཡང་དབེན་པ་དེ་བཞིན་དུ་ཆོས་ཐམས་ཅད ་ཀྱང་མིང་ཙམ་དུ་ཟད་དེ་དག་ཀྱང་དབེན་པའོ། ། ཇི་ལྟར་བྱང་ཆུབ་སེམས་དཔ་ས་ཆོས་ཉིད་དང་འཐུན་པར་སྦྱོར་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་སོ་སོར་ཡང་དག་པར་བསླབས་ན། ཆོས ་འདི་དག་ཐམས་ཅད་གཅིག་གིས་གཅིག་མི་ཤེས་ཤིང་མི་མཐོང་སྟེ། མིག་གིས་ཀྱང་རྣ་བ་མི་ཤེས་ཤིང་མི་མཐོང་ལ། རྣ་བས་ཀྱང་མིག་མི་ཤེས་ཤིང་མི་མཐོང་ངོ་།། སྣས་ཀྱང་ལྕེ་མི་ཤེས་ཤིང་མི་མཐོང་ལ། ་ལྕེས་ཀྱང་སྔ་མི་ཤེས་ཤིང་མི་མཐོང་ངོ་།། ལུས་ཀྱིས་ཀྱང་ཡིད་མི་ཤེས་ཤིང་མི་མཐོང་ལ། ཡིད་ཀྱིས་ཀྱང་ལུས་མི་ཤེས་ཤིང་མི་མཐོང་ངོ་།། ཆོས་འདི་དག་ཐམས ་ཅད་ནི་བེམས་པོ། སྤྱོད་པ་མེད་པ། བྱེད་པ་མེད་པའོ།། ས་དེ་ཆོས་ཀྱི་དབྱིངས་དང་འདྲ་བར་ཤེས་ཏེ། དེ་ལྟ་བུའི་ཤེས་རབ་དང་ལྡན་པ་དེ་ནི་ཡུལ་དྲུག་ལས་ཆོས་གང་སྣང་བར་གྱུར་པ་ན། དེ་འདི་སྙམ་དུ་སེམས་ཏེ། 28 ་ལ་ནི་གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ། ། འདི་ལ་ནི་གང་ནང་རིག་པར་བྱེད་པའི་ཕ་རོལ་གྱི་ཆོས་གང་ཡང་མེད་དོ་སྙམ་མོ།། དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ཆོས ་གང་གི་ཡང་སྐྱེ་བ་འམ། འགག་པའམ། གནས་པ་ཡང་དག་པར་མི་མཐོང་།། ལྷའི་བུ་གང་ལ་སྐྱེ་བ་ཡང་མེད།། འགག་པ་ཡང་མེད།། གནས་པ་ཡང་མེད་པ་དེ་ནི་ཆོས་ཀྱི་དབྱིངས་སོ།། ལྷའི་བུག་ཞན་ཡང་བྱང་ཆུབ་ས ་དཔའ་ནི་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་གནས་པ་སྟེ། གཏན་དུ་མི་སྐྱེ་བར་གནས་པའི་ཕྱིར་རོ་སྙམ་མོ།། དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་པས་ན། ཆོས་ཉིད་ལམ་གཏོགས ་པའི་ཆོས་གང་ཡང་མི་མཐོང་ལ། ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི ་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ནོ། ། ལྷའི་བུ་དེ་ལ་མངོན་པར་ཤེས་པ་གང་ཞེ་ན། ལྷའི་བུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་གང་ཡིན་པའོ།། ལྷའི་བུ་ཡེ་ཤེས ་ཤེས་བྱ་བ་ནི་ཆོས་ཐམས་ཅད་ལ་གཉིས་སུ་མི་འབྱེད་པ་གང་ཡིན་པའོ། ། ལྷའི་བུ་གཉིས་སུ་མེད་པ་ཞེས་བྱ་བ་ནི་གང་ལ་མིག་དང་གཟུགས་འདོགས་པར་མི་བྱེད། རྣ་བ་དང་སྒྲ་འདོགས་པར་མི་བྱེད། སྣ་དང་དྲི་འདོགས་པར ་མི་བྱེད། ལྕེ་དང་རོ་འདོགས་པར་མི་བྱེད། ལུས་དང་རེག་བྱ་འདོགས་པར་མི་བྱེད། ཡིད་དང་ཆོས་འདོགས་པར་མི་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལྔ་ཐོབ་པར ་འགྱུར་ཏེ། དེ་ཡང་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོངས་སུ་རྫོགས་ནས་ཐོབ་པར་འགྱུར་རོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ལྷའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི། ་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་དུ་མེད་པ་དག་མཐོང་ངོ་།། སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་བཞུགས་པ་དེ་དག་ཀྱང་མཐོང་ངོ་།། སངས ་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོས་སོ། ། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་རྣམས་ཀྱི་བསམ་པ་དང་བྱུང་བ་མ་དང་ཀྲི་དང་། ་རབ་དག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ།། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་ཡང་སྐད་ཅིག་དེ་ལ་འགྲོའོ།། དེ་བདག་ཉིད་ཀྱི་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པ་ལས་ཀྱང་བརྩམས་ནས་ཆོས ་སྟོན་པར་བྱེད། དེ་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བས་གནས་པ ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚིགས་སུ ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ཐབས་ཤེས་པ་ལ་མཁས་ཤིང་གསལ་བ་ནི།། མངོན་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད།། རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུར་ཤེས།། དེ་ནི་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན། ་ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པ་ཡི།། མཁས་པ་མངོན་པར་ཞེན་པ་མི་བྱེད་དེ།། རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུ་དང་།། རྟག་ཏུ་སྟོང་པའི་བདག་མེད་ཤེས་པ་ཡིན།། ཆོས་དང་ཆོས་ཀྱི་དབྱིངས་ལ ་འཐུན་པར་སྦྱོར། ། ཆོས་ཀྱི་དབྱིངས་ལ་མ་གཏོགས་མཐོང་བ་མེད།། གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང་།། དེ་ལྟར་མངོན་པར་བརྩོན་པས་མངོན་ཤེས་འཐོབ།། སྔོན་གྱི་ཆོས་རྣམས་ཇི་ལྟར་སྟོང་པ ་བཞིན། ། མ་འོངས་པ་རྣམས་དེ་བཞིན་སྟོང་པ་དང་།། དེས་ནི་ད་ལྟར་བྱུང་བ་འང་དེ་བཞིན་མཐོང་།། དེ་དག་སྔོན་ཆད་ཇི་བཞིན་བརྗོད་པ་ཡིན།། ཆོས་རྣམས་ཐམས་ཅད་རྟག་ཏུ་ངས་གསུམ་སྟོང་།། མཁས་པ་མཾ ་རྟོག་རྣམ་པར་རྟོག་མི་བྱེད། ། མི་ཏོག་རྣམ་པར་རྟོག་པར་མི་བྱེད། བཞིན་མཐོང་བ་ལ་ནི་འཇིགས་པ་མེད།། དེ་ཉིད་ཤེས་ལྡན་མཁས་ལ་གསལ་བ་སྟེ།། ཆོས་ཀྱང་སྟོན་ལ་ཆོས་ཀྱི་འདུ་ཤེས་མེད་རློམ་སེམས་མེད་པ་ལ་ནི་རྟེན་པའང ་མེད། ། རྟེན་པ་མེད་པ་ལ་ནི་གཡོ་བའང་མེད།། ཆོས་འདི་ཐམས་ཅད་བདག་ལས་བྱུང་བ་སྟེ།། དེ་ནི་བདག་མེད་རང་བཞིན་བདག་མེད་དེ།། ཆོས་འདི་ཐམས་ཅད་བདག་མེད་རྟོགས་ནས་ཀྱང་།། མཁས་པ་ཆོས་གཞན་ཀུན་ནས་སློང་མི ་བྱེད། ། མ་སྐྱེས་གང་ཡིན་དེ་ནི་འབྱུང་མི་འགྱུར་།། དེ་ནི་དེ་ལ་མངོན་པར་ཞེན་པ་མེད།། རྣམ་པར་གཞག་པས་ཆོས་ཀུན་སྟོན་པར་བྱེད།། ཆོས་རྣམས་སྟོན་ཀྱང་བདག་ལ་སེམས་པ་མེད།། སྲིད་གསུམ་ཐམས་ཅད་སེམས་ལས་འགྲུབ་པར ་འགྱུར། ། སེམས་ན་དེ་ཉིད་ཀྱང་རྟག་ཏུ་བརྟན་དུ་ནང་།། གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ།། མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ།། དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན།། སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད།། ་སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ།། སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད།། དེ་ནི་ཆོས་རྣམས་ཀུན་གྱིས་མི་གོས་ཏེ།། དེ་ཡི་མཚན་མ་འདོད་ཆགས་འཇུག་པ་མེད།། དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང་། ་དེཡིའི་དག་ཏུ་ནམ་མཁའ་འཁུར་ཤེས།། ཇི་ལྟར་ནམ་མཁའ་སྐྱེས་པར་མགྱུར་པ།། དེ་བཞིན་ཡིས་ཆོས་རྣམས་ཐམས་ཅད་ཤེས།། སྙིང་པོ་མེད་པ་ནམ་མཁའ་མིང་གིས་བྱས།། ཆོས་རྣམས་སྟོང་པ་མིག་གིས ་རྣམ་པར་བརྗོད། ། ནམས་ཀྱང་རྣབས་མིག་ནི་མཐོང་བ་མེད།། རྣ་བ་ཡིས་ནི་ནམ་ཡང་མིག་མ་མཐོང་།། སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན།། དེ་དག་གཅིག་ལ་གཅིག་ནི་མཐོང་བ་མེད།། ལུས་ཀྱིས་རྣམས ་ཀྱང་ཡིད་ནི་མཐོང་མི་འགྱུར། ། ཡིད་ཀྱིས་ནམས་ཀྱང་ལུས་ནི་མཐོང་བ་མེད།། འདི་དག་ཕན་ཚུན་འདོགས་པར་མི་བྱེད་དེ།། དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན།། སྤྱོད་མེད་བྱེད་པ་མེད་པ་བེམས་པོ་སྟེ།། ཆོས་ཀྱི ་དབྱིངས་ལ་རྟག་ཏུ་མཚུངས་ཤིང་མཉམ། ། ནད་ཡང་ཕྱི་རོལ་དག་གི་མི་ཤེས་ལ།། ཕྱི་རོལ་དག་ཀྱང་ནང་གིས་མི་ཤེས་སོ།། དེདཕྱིར་ཆོས་རྣམས་འདི་དག་རབ་ཤེས་པ།། རྟག་ཏུ་དེ་ཡེ་ཤེས་པ་མཐའ་ཡང་ཡས།། ཕྱོགས ་བཅུང་སངས་རྒྱས་བྱེ་བ་ཉན་ཐོས་བཅས། ། མཐོང་དུ་ཟིན་ཀྱང་རྟོག་པར་མི་བྱེད་དོ།། ཤེས་རབ་མཐའ་ཡས་ཚུལ་ཁྲིམས་རབ་དག་པ།། དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ།། ལགས་པར་གསུངས་པ་དེ་དག་ཐམས་ཅད་ཐོས། ་བཟུང་ནས་ཀྱང་ནི་ཡང་དག་འཛིན་པར་བྱེད།། དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤེས།། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བྱེ་བར་འགྲོ།། བསྐལ་པབྱེ་བ་བསམ་གྱིས་མི་ཁྱབ་པ།། གང་གཱའི་བྱི་རྙེད་སྔོན་གྱི་གནས་ཀྱང་དྲན།། ་དེཕྱིར་མངོན་ཤེས་ལྔ་པོ་འདི་སྒོམས་ན།། བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར།། མཁས་དེ་རྟག་དུ་སངས་རྒྱས་བྱ་བས་གནས།། བྱང་ཆུབ་མཐོབ་པར་ཡང་དོན་བྱེད་འགྱུར།། གང་ཞིག་དེ་འདྲིའི་ཆོས་བསྟན་ཐོས་ནས་ཀྱང་།། དགལ ་བརྒྱ་ཆེན་གཙོ་བོ་སྐྱེ་འགྱུར་བ། ། དེ་ལ་བདུད་ཀྱིས་ཚུགས་པར་མི་འགྱུར་ཏེ།། མྱུར་དུ་བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ། ་ལ་མཁས་པ་ཡིན་པར་རིག་པར་བྱའོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐིབས་ལ་མཁས་པ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་བདག་ཉིད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས། ་ཀྱིས་གནོད་པར་གྱུར་པར་མཐོང་བ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་བརྩོམ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་ལ་ཆོས་ཐམས་ཅད་ཀྱང ་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་སོ། ། དེ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཐམས་ཅད་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡིད་རང་བར་བྱེད་ལ་སངས་རྒྱས་ཐམས་ཅད་ཀྱི་དུ ་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བར་བྱེད་དེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་ཡོངས་སུ་གཏོང་བར་བྱེད་དེ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད།། ་དུ་ཡོངས་སུ་མ་སྔོ་བའི་སེམས་བསྐྱེད་པ་ཡང་མེད་ལ་སེམས་ལ་མ་གཏོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ་།། བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་པར་ཤེས་ནས་འདྲ་བར་བྱེད་དོ།། སེམས་དང ་བྱང་ཆུབ་ལ་ཡང་མངོན་པར་ཞེན་པ་མེད་ལ་ཐབས་ཤེས་པས་དགེ་བའི་རྩ་བ་ཡང་རྣམ་པར་འཕེལ་བར་བྱེད་དོ། ། དེས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་པར་ཡང་དག་པར་མི་མཐོང་ལ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་རྟོགས། ་པས་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་ལ་ཡང་ཆོག་མི་ཤེས་སོ།། སེམས་ཀྱི་ལས་དང་། དགེ་བའི་སེམས་ལ་ཡང་མཆོག་ཏུ་འཛིན་པ་མེད་དོ།། དེ་སྦྱིན་པ་ཡང་སྦྱིན་པར་བྱེད་ལ་དེ་ལ་ཡང་རྣམ་པར་མི་རྟོག་གོ།། ཚུལ་ཁྲིམས་ཀྱང་སྲུང་། ་ལ་དེ་ལ་མཆོག་ཏུ་འཛིན་པ་ཡང་མེད་དོ།། བཟོད་པ་ཡང་བསྒོམ་ལ་དེ་ལ་ཡང་མི་གནས་སོ།། བརྩོན་འགྲུས་ཀྱང་རྩོམ་ལ་དེ་ལ་ཡང་དབེན་པར་ཤེས་སོ།། བསམ་གཏན་ལ་ཡང་སྙོམས་པར་འཇུག་ལ་དེ་ལ་ཡང་མི་རྟེན་ཏོ།། ཤེས་རབ ་ལ་ཡང་སྤྱོད་ལ་དེ་ལ་ཡང་ཀུན་དུ་མི་སྤྱོད་དོ། ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ལ་དེ་ཡང་མི་དམིགས་པར་སྤྱོད་དོ།། ཞིང་ཡང་ཡོངས་སུ་དག་པར་བྱེད་ལ་པན་གདགས་པའི་ཚུལ་གྱིས་བྱེད་དོ།། ཤེས་ཀྱང་ཡོངས་སུ་རྩོམེདེ་ཡང ་ཡོངས་སུ་ཚོལ་བ་མེད་པའི་ཚུལ་གྱིས་བྱེད་དོ། ། ཆོས་ཀྱང་སྟོན་ལ་དེ་ཡང་བརྗོད་དུ་མེད་པའི་ཚུལ་གྱིས་བྱེད་དེ། ལྷའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་ཡང་ཚད་མེད ་པར་བྱེད་དོ། ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བའི་རྩ་བ་ཇི་ཙམ་དུ་ཆུད་པ་ཡང་ཚད་མེད་པར་བྱེད་ཅེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ ་པ་མས་རྣ་ང། གངས་མག་པ་པ་ག་པ་དང། མཀྱ་།། ལརྣས་ན་། ་སྟོང་པ་གང་ཡིན་པ་དེ་ནི་ཚད་མེད་པ་འབྱོར་རོ།། ཚད་མེད་པར་བྱས་པའི་སེམས་ཀྱི་ཆོས་ཀྱི་ཕྱིར་སྦྱིན་པ་ཙམ་དུ་ཆུང་པ་ཡང་ཐབས་ལ་མཁས་པས་ཚད་མེད་པར་བྱེད་དོ།། དེ་ཅིའི་བྱོར་ཞེ་ན། གང་དབྱང་ཆུབ་ཀྱིས་སེམས་དེ ་ཡངས་སུ་བསྔོ་བའི་བྱང་ཆུབ་དེ་ཅར་མེད་པའི་ཕྱིར་རོ། ། དེས་ཚད་མེད་པར་སྤྱོད་པས་འདི་སྟི་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མེད་པ་ཆོས་ཉིད་རྟོགས་པར་འགྱུར་རོ།། འི་བུ་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ན་སེམས་ཅན་གྱི་སྤྱོད་པ་ལ་འཇུག་སྟེ། དཐབས་ལ་མཁས་པས་ཆོས་ཇི་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་མོས་པས་གནས་ཏེ། སྦྱིན་པའམ། རབ་ཏུ་སྟོན་པའམ། ་བསྟན་པས་གནས་སོ།། ལྷའི་བུ་གཞན་ཡང་སྦྱིན་པའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན། བཟོད་པའི་རང་བཞིན་དུ་མ་ཡིན། བརྩོན་འགྲུས་ཀྱི་རང་བཞིན་དུ་མ་ཡིན། བསམ་གཏན ་རང་བཞིན་དུ་མ་ཡིན། ཤེས་རབ་ཀྱི་རང་བཞིན་དུ་མ་ཡིན་མོད་ཀྱི། འོན་ཀྱང་སྦྱིན་པ་ཡང་སྦྱིན་པར་བྱེད་ཅིང་ཚུལ་ཁྲིམས་ཀྱང་སྲུང་ལ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ།། ཚུལ་ཁྲིམས་དང་ལྡན་ཞིང་བཟོད་པ་ཡང་ཕུན་སུམ ་ཚིགས་ལ། གཞན་དག་གི་བྱས་པ་དང་མ་བྱས་པ་རྣམས་ཀྱ་བཟོདདེ།། དགང་པོའི་སྤྱོད་པ་ཐམས་ཅད་ལ་ཡང་བརྩོན་འགྲུས་རྩོམ་ལ་བསམ་གཏན་ལ་ཡང་བསམ་གཏན་བྱེད་ཅིང་། ཤེས་རབ་ཀྱིས་ལྷག་པར་མཐོང་བལ ་ཡང་མཁས་སོ། ། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ནི་ཉན་ཐོས་རྣམས་དང་ལྷན་ཅིག་འཁོད་ན་ཡང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ་དེའི་སྙིང་པོ་གང་ཡིན་པ་དེས ་ཀྱང་ཉེ་བར་འཚེ་བར་བྱེད་དོ། ། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་པདག་དང་ལྷན་ཅིག་འཁོད་ན་ཡང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེའི་སྙིང་པོ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར་བྱེད་དེ། ལྷའི་བུ་བྱང་ཆུབ ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། བདག་ཉིད་དང་ནི ་གཞན་དག་གི། གཉི་གའི་སྡུག་བསྔལ་རབ་ཤེས་ནས།། བདག་གི་སྡུག་བསྔལ་ཞི་བྱེད་ཅིང་།། གཞན་གྱི་སྡུག་བསྔལ་ཀུན་ཞི་བྱེད།། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས།། སེམས་དེ་ལ་ནི་འདོགས་པར་བྱེད།། སེམས།། ་ལ་ཆོས་རྣམས་ཐམས་ཅད་ཀྱང་།། དོན་གཅིག་ཏུ་ནི་འདོགས་པར་བྱེད།། སེམས་ཅན་ཀུན་གྱི་བསོད་ནམས་གང་།། དུས་གསུམ་གྱིས་ནི་བསྡུས་རྣམས་དང་།། སངས་རྒྱས་ཀུན་གྱི་བསོད་ནམས་གང་།། དེ་དག་ཀུན་གྱི་རྗེས་ཡི་རང་།། ་དགེ་བ་དེ་དག་ཐམས་ཅད་ཀྱང་།། སེམས་ཅན་ཀུན་ལ་སྦྱིན་པར་བྱེད།། སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར།། ལྷག་པའི་བསམ་པས་འཇུག་པར་བྱེད།། སེམས་ནི་སྐྱེས་པ་ཐམས་ཅད་ཀྱང་།། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ།། ཆོས ་ཉིད་མ་གཏོགས་སེམས་གཞན་ནམ། ། བྱང་ཆུབ་དོག་ཀྱང་མཐོང་བ་མེད།། དེ་ནི་སེམས་དང་བྱང་ཆུབ་ཀྱང་།། རྣམ་པ་གཉིས་སུ་མི་མཐོང་སྟེ།། བྱང་ཆུབ་དེ་ཡི་མཚན་ཉིད་གང་།། སེམས་ཀྱང་དེ་ཡི་མཚན་ཉིད་ཡིན།། མཉམ ་པ་ཉིད་ཀྱི་ཆོས་རྣམས་མཉམ། ། དེ་ནི་གནས་པ་ཡོད་མེད་དེ།། འཛངས་པ་ཐབས་ལ་མཁས་པ་ནི།། དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར།། དབྱིངས་དེ་ལ་ནི་འཕེལ་བ་མེད།། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ།། སངས་རྒྱས ་ཆོས་རྣམས་ཚོལ་བ་ལ། ། རྟག་ཏུ་མཆོག་པ་འཛིན་པར་མེད།། བདག་ནི་དཀར་པོས་རྒྱས་སོ་སྙམ།། དེ་ནི་སེམས་ཀྱིས་བསམ་མི་བྱེད།། དེ་ནི་གང་དུ་བསྔོ་བ་ཡི།། བྱང་ཆུབ་དེ་ལའང་མཆོག་མི་འཛིན།། སྦྱིན་པའི་མེ་རྟོག ་བྱེད། ། རློམ་སེམས་མེད་པར་ཚུལ་ཁྲིམས་སྲུང་།། རྟག་ཏུ་བཟོད་པ་སྒོམ་བྱེད་ལ།། སེམས་ཅན་ལ་ཡང་གནས་པ་མེད།། སེམས་དང་ལུས་ནི་དབེན་པ་ཡི།། རྟག་ཏུ་བརྩོན་འགྲུས་བརྩོམ་པར་བྱེད།། རྟེན་མད་བསམ།། ་གཏན་ཕུན་སུམ་ཚོགས།། ཤེས་རབ་ཀྱི་ནི་ཕ་རོལ་སོན།། སེམས་ཅན་རྣམས་ཀྱང་སྤྲིན་བྱེད་ལ།། དེ་ནི་དམིགས་པས་གནས་པ་མེད།། ཞིང་ཡང་ཡོངས་སུ་སྦྱོང་བྱེད་ལ།། ལྷག་པར་འཛིན་པའང་ཡོད་མ་ཡིན།། དེ་ནི་སངས་རྒྱས་ཡེ ་ཤེས་ཚོལ། ། ཡི་གེ་རྣམས་ལའང་ཆགས་པ་མེད།། དེ་ལྟར་སྤྱོད་པ་དེ་ལ་ནི།། བྱང་ཆུབ་དད་པར་དགའ་བ་མེད།། ཚད་མེད་པསམ་གྱིས་མི་བྱབ་པའི།། སྟོང་པ་ཉིད་དང་མཚན་མེད་དང་།། སྨོན་པ་མེད་ལ་མོས་ནི་ན།། དེ་ལ་ཆད་ཀྱང་མེད ་པར་འགྱུར། ། མོས་པ་ཇི་བཞིན་གཟུང་ཕྱིར་སེམས་ཅན་ལ།། སྦྱིན་པ་སྤྱོད་ཀྱང་དེ་བཞིན་གནས་པ་མེད།། སྦྱིན་པའང་སྦྱིན་བྱེད་ཡང་ན་ལེན་པར་བྱེད།། དེ་དང་འཐུན་པར་ཆོས་ཀྱང་སྟོན་པར་བྱེད།། སྦྱིན་པ་བྱས་ཀྱང་དེ་ལ་ཆགས་པ་མེད།། ་ཚུལ་ཁམས་མཆོག་མིནི་བཟོད་ལ་ཆགས་པ་མེད།། བརྩོན་འགྲུས་མཆོག་མིན་བསམ་གཏན་ཆགས་པ་མེད།། ཤེས་རབ་ཡེ་ཤེས་ལ་ནི་སེར་སྣ་མེད།། སྦྱིན་པ་སྦྱིན་ཡང་དེ་ནི་ཚུལ་ཁྲིམས་སྤྱོད།། བཟོད་པ་བསྒོམ་ཡང ་རྟག་ཏུ་བརྩོན་འགྲུས་ལྡན། ། བསམ་གཏན་གྱིས་ནི་རྟག་ཏུ་གནས་པ་མེད།། སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང་།། རང་སངས་རྒྱས་དང་ཉན་ཐོས་དེ་དག་དང་།། རྟག་ཏུ་གནས་ཀྱང་བྱང་ཆུབ་སེམས་དཔའ་ནི།། རྟག་ཏུ་སྙིང་།། ། ་པོ་ཅི་ཡོད་འཚོ་བྱེད་ཀྱང་།། འཇིགས་མེད་དེ་དག་ལ་ནི་འདོད་པ་མེད།། ཆོས་འདི་དག་གིས་གནས་པ་རྫོགས་པ་ཡི།། བྱང་ཆུབ་སེམས་དཔའ་སྨད་དུ་མེད་པ་རྣམས།། ཐབས་ཀྱི་ཤེས་པ་བསམ་གྱིས་མི་ཁྱབ་སྟེ།། དེ་དག ་སྦྱིན་པ་ཆུང་ངུའང་མཐའ་ཡས་འགྱུར། ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་ཅིག་པ་དང་། བསྟན་པ་གཅིག་པར་རབ་ཏུ་ཤེས་སོ། ་བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་མ་འདྲེས་པའི་ཤེས་པ་ལ་མཁས་པ་དང་། ཆོས་ཐམས་ཅད་སྤྱོད་པའི་རྗེས་སུ་འགྲོ་བ་དང་། ཆོས་གང་ལ་ཡང་སྒོ་འདོགས་པར་མི་བྱེད་དེ། ་བདག་དུ་སྒྲོ་འདོགས་པ་འམ།། གཞན་དུ་སྒྲོ་འདོགས་པར་མི་བྱེད་པ་དང་།། དབེན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཆོས་ཐམས ་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བསྟན་པ་གཅིག་པར་རབ་ཏུ་ཤེས་སོ།། དེས་དེ་ལྟར་ཤེས་པས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ ་གཉིས་སུ་མི་འཇུག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་གཉིས ་སུ་མི་འཇུག་གོ། དེས་ནི་ཆོས་གང་ལ་ཡང་མཆོག་གམ་ཐ་མར་ཡང་དག་པར་མི་མཐོང་ངོ་།། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང་དག་པར་མི་མཐོང་སྟེ། སོ་སོའི་སྐྱེ་བ ་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་རྣམས་ཀྱི་རང་བཞིན་ཡིན་ནོ། ། འབྲིར་ཡང་མེད་ལ་བསྟན་དུ་ཡང་མེད་དོ།། ཚུལ་གཅིག་པ་ཡང་ཤེས་ཏེ། འདི་ལྟ་སྟེ་དབེན་པའི་ཚུལ་ལོ།། ཆོས་ཐམས ་ཅད་ཀྱི་རབ་དུ་དབྱེ་བ་ཡང་སྟོན་ལ་ཆོས་ཀྱི་དབྱིངས་ཆད་པར་ཡང་ཡང་དག་པར་མི་མཐོང་ངོ་། ། བཟོད་པ་གཅིག་དང་ཡང་ལྡན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་བཟོད་པའོ།། སྟོང་པ་ཉིད་དང་བཟོད་པ་ཡང་རྣམ་པ་གཉི་སུ་མི་འབྱེད ་ངོ། ། འཇུག་པ་གཅིག་གིས་ཆོས་ཐམས་ཅད་ལ་འཇུག་ཏེ། འདི་ལྟ་སྟེ། མི་སྐྱེ་བའི་འཇུག་པས་སོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ། ་དེ་འདི་སྙམ་དུ་བདག་ཉེ་བར་གྱུར་ཏམ། འོན་ཏེ་ཉེ་བར་མ་གྱུར་ཅིག་གུ་སྦྲམ་དུ་ཡང་མི་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་གཅིག་པ་ལས་སེམས་ཅན་རྣམས་ཀྱང་གཞན་ལ་བྱང་ཆུབ་ཀྱང་གཞན་པར་ཡང ་དག་པར་མི་མཐོང་བའི་ཕྱིར་རོ། ། གཞན་ཡང་འདི་ལ་སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཐུགས་སུ་ཆུད་ནས་ཡང་རྒྱས་པར་དཔྱད་དེ། དེའི་ཚེ་ཚིགས་སུ་བཅད ་པ་འདི་དག་བཀའ་སྩལ་ཏོ། ། ཆོས་ཀྱི་དབྱིངས་ནི་འབྱེད་པར་མི་བྱེད་དེ།། ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད།། ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ།། འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད།། ཆོས་ཀུན་སྟོང་པ ་ཉིད་ཀྱི་རྗེས་སུ་འགྲོ། ། ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི།། ཆོས་ཀུན་ཡ་མ་རླ་སྟེ་བྱེད་པ་མེད།། ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས།། ཆོས་རྣམས་གང་ལའང་སྒྲོ་ནི་འདོགས་མི་བྱེད།། བདག་གམ་གཞན ་ལའང་རྟེན་པར་མི་བྱེད་དེ། ། བདག་དང་བདག་གི་སྙམ་པ་བསལ་བྱས་པ།། དེ་ལ་ནམས་ཀྱང་ཐ་དད་དབྱེ་བ་མེད།། དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལ་གུས།། ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར་བྱེད།། དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན།། ། ་དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ།། འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ།། དེ་ནི་ཤེས་ཆེར་གཉིས་སུ་མི་འཇུག་སྟེ།། ཁ་ན་མཐོ་ཁ་ན་མ་ཐོ་མེད།། ཟག་བཅས་ཟག་མེད་ཆོས་ལ་དེ་མི་རློམ།། འདུས་བྱས་རྣམས་དང ་འདུས་མ་བྱས་རྣམས་ལ། ། གཉིས་སུ་མི་འབྱེད་རྟག་དུ་གཅིག་པར་ལྟ།། སོ་སོའི་སྐྱེ་བོ་འམ་དགྲ་བཅོམ་གང་ཡིན་པ།། པན་གདགས་འོས་སུ་གྱུར་པའི་ཚེས་མ་མཐོང་།། སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ།། དེ་དག་ཉིད་ནི་དགྲ ་བཅོམ་པ་ཆོས་རྣམས་ཡིན། ། འབྲིར་ཡང་མེད་ལ་བསྣན་དུའང་ཅི་ཡང་མེད།། དབེན་པའི་སྒོ་ནས་ཚུལ་གཅིག་ཁོང་དུ་ཆུད།། དེ་ནི་ཆོས་ཀུན་རབང་བྱེ་ཤེས་མོད་ཀྱི།། ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོད་མ་བྱེད།། ཆོས་འདི་ཐམས་ཅད ་སྤྱོད་པ་མ་གཏོགས་པ། ། བཟོད་པའང་གཞན་ལ་འདོད་པདང་གཞན་མ་ཡིན།། སྟོང་པ་ཉིད་ལ་མི་རློམ་སོ་མ་ཉི་མེད།། འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད།། དེས་ནི་འཇུག་པ་གཅིག་པར་ཐམས་ཅད་ཤེས།། དེ་ལྟར་སྤྱོད་པ། ་དེ་ལ་བྱང་ཆུབ་སླ།། བྱང་ཆུབ་མཚུངས་མེད་ལ་ནི་ཉེ་བར་གྱུར།། བདག་དང་བྱང་ཆུབ་ལ་ཡང་སེམས་དཔའ་མེད།། ཆོས་རྣམས་འདི་དག་ཐམས་ཅད་བདག་མི་དམིགས།། དེས་ནི་དམིགས་སུ་མེད་པར་བྱང་ཆུབ་རྟོགས།། ་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཆོ་བནི་དང་ལྡན་ན་ཟབ་མོའི་ཚུལ་ཁྲིམས་ཅན་པག་ཡོད་པར་གནས་པ་ཞེས་བྱའོ།། ཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི ་སྙམ་དུ་སེམས་ཏེ། ། ཚུལ་ཁྲིམས་ཤེས་བྱ་བ་འདི་གང་ཡིན་སྙམ་མོ།། དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་ལེགས་པར་སྤོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས ་ལེགས་པར་སྤྱོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཤེས་བྱ་བ་ཡིན་ནོ་སྙམ་མོ། ། དེ་འདི་སྙམ་དུ་སེམས་ཏེ་དེ་ལ་ལུས་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། ལུས་ཀྱིས་སྲོག་གཅོད་པའམ། མ་བྱིན་པར་ལེན་པ་འམ། འདོད་པ་ལ་ལོག་པར ་གཡེམ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི་ལུས་ཀྱི་ལེགས་པར་སྤྱོད་པ་ཡིན་ནོ། ། དེ་ལ་དག་གིས་ལེགས་པར་སྤྱོད་པ་གང་ཞེ་ན། ངག་གིས་རྫུན་དུ་སྨྲ་བའམ། ཕྲ་མ་འམ། ངག་རྩུབ་པོའམ། ཚིག་ཀྱལ་པའི་ལས་མ ་ཟླས་པ་གང་ཡིན་པ་འདི་ནི་དག་གི་ལེགས་པར་སྣད་པ་ཡིན་ནོ། ། དེ་ལ་ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཤེན། མཽད་ཀྱིས་བན་པ་སེམས་ས་མ། གནད་སེམས་སམ། ལོག་པར་ལྟ་བའི་ལས་མཿས་པ་གང་ཡིན་པདན ་ཡིད་ཀྱིས་ལེགས་པར་སྤྱོད་པ་ཡིན་ནོ་སྙམ་མོ། ། དེ་ད་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་དེ་འདི་སྙམ་དུ་སེམས་ཏེ། ལུས་སམ། དག་གམ། ཡི་དཀྱིལས་བྱས་པ་གང་ཡིན་པ་དེ་ནི་སྔོན་པོ་ཞེས་བྱ་བའམ ་པོ་ཞེས་བྱ་བ་འམ། དམར་པོ་ཞེས་བྱ་བ་འམ། དཀར་པོ་ཞེས་བྱ་བ་འམ། བཅོད་ཀ་འམ། ཤེལ་གྱི་ཁ་དོག་ལྟ་བུ་ཞེས་བྱ་བར་གདགས་པར་མི་ནུས་ལ། དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བ་འམ། རྣ་བས་རྣམ ་པར་ཤེས་བྱ་བ་འམ། སྣས་རྣམ་པར་ཤེས་པར་བྱ་བ་འམ། ལུས་རྣམ་པར་ཤེས་པར་བྱ་བ་འམ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འམ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མ ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བསྐྲུན་པ་དང་། མ་བཀག་པའི་ཕྱིར་རོ།། གང་མ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བསྐྲུན་པ་དང་། མ་བཀག་པ་དེ་ནི་ཆོས་གང་གིས་ཀྱང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། ་སྙམ་མོ།། དེ་འདི་སྙམ་དུ་སེམས་ཏེ། གང་འདུས་མ་བྱས་པ་དེ་ནི་ཚུལ་ཁྲིམས་ཡིན་ཏོ།། དེ་ལ་ནི་གདགས་པ་ཅི་ཡང་མེད་དོ།། གང་གདགས་སུ་མེད་པ་དེ་ལ་ནི་བདག་གིས་ཀྱང་མངོན་པར་ཞེན་པར་བྱར་མེད་དོ་སྙམ་སྟེ། དེ་དེ ་ལྟར་སྤྱོད་པ་ནི་ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ་། ། གང་དུ་ཚུལ་ཁྲིམས་དེ་ཡོངས་སུ་བསྔོས་པ་དེ་ཡང་དག་པར་མི་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ལྷའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་ཚོགས་ལྟ་བ་ཡོངས་སུ་ཤེས་པའི་ཤེས་པ་དང་ལྡན་པ་ཡིན་ཏེ། ། ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་ཞེས་སྤྲོས་པར ་འགྱུར་བའི་འཇིག་ཚོགས་ལ་ལྟ་བསྐྱོད་པར་མི་བྱེད་དོ། ། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཟབ་མོའི་ཚུལ་ལ་ཞུགས་པ་ཡིན་ཏེ། དེ་ནི་ལུས་དང་ངག་གི་སྤྱོད་པ་དང་། སྤྱོད་ཡུལ་ཤེས་བཞིན་དུ་སྤྱོད ་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། ། དེ་ཡང་བདག་ལ་དམིགས་པ་དང་། གཞན་ལ་དམིགས་པར་སྤྱོད་པར་མི་བྱེད་དེ། དེས་ན་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ནོ།། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན། ལྷའི་བུ ་བདག་ལ་དམིགས་པ་ནི་ཚུལ་ཁྲིམས་ལ་དམིགས་པར་འགྱུར་རོ། ། ལྷའི་བུ་གང་དག་བདག་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ལ་མ་དམིགས་སོ།། གང་ཚུལ་ཁྲིམས་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ཉམས ་པར་མི་བྱེད་ཅིང་། དེ་ནི་ཚུལ་ཁྲིམས་འཇིག་པར་མི་བྱེད་དོ།། ཅིའི་ཕྱིར་ཉམས་པར་མི་བྱེད། འཇིག་པར་མི་བྱེད་ཅེ་ན། དེ་ནི་གཞན་ལས་ཆོས་ཐམས་ཅད་ཤེས་པ་ཡིན་ཏེ། གང་གཞན་ལས་འགྱུར་བ་དེ་ལ་ནི་བདག ་ཀྱང་མེད། བདག་གི་བ་ཡང་མེད་དོ།། གང་ལ་བདག་མེད་པ་དེ་ལ་ནི་འཇིག་པར་འགྱུར་བ་ཅི་ཡང་མེད་དེ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཟབ་མོའི་ཚུལ་ཁྲིམས ་ཅན་བག་ཡོད་པར་གནས་པ་ཞེས་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་དག་ངག་དག་ཡིད་ཀྱང་དག་པ་གང་།། དེ་ནི་རྟག་ཏུ་དག་པར་སྤྱོད་པ་སྟེ།། རྟག་ཏུ ་ལེགས་པར་བསྡམས་ཤིང་གནས་པ་དེ། ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན་ཞེས་བྱ།། ལས་ལམ་བཅུ་པོ་རབ་དགེ་འདི་དག་རྣམས།། བྱང་ཆུབ་སེམས་དཔའ་མཁས་པ་གང་སྲུང་ཞིང་།། ལུས་དང་ངག་དང ་ཡིད་ཀྱིས་གང་བྱས་པ། ། དེ་ནི་མཁས་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད།། མཐུས་མ་བསྐྱེད་མ་སྐྱེས་གང་ཡིན་པ།། དེ་ལ་བསྔགས་པ་མེད་ཅིང་གནས་པའང་མེད།། གང་ལ་བསྔགས་པ་མེད་ཅིང་གནས་པའང་མེད། ་དེ་ལ་ནམས་ཀྱང་གདགས་པ་རྙེད་མི་འགྱུར།། རྟག་ཏུ་ཚུལ་ཁྲིམས་མ་ཉམས་མ་ཞིག་གམ།། དེ་ནི་མིག་གིས་ཤེས་པར་མི་ནུས་ལ།། རྣ་བས་མི་ཤེས་སྣ་དང་ལྕེས་མ་ཡིན།། ལུས་དང་ཡིད་ཀྱིས་རྣམ་པར་མི་ཤེས་སོ།། དབང ་པོ་དྲུག་གིས་མི་ཤེས་གང་ཡིན་པ། ། དེ་བགནས་པར་བྱ་བར་མི་ནུས་ཏེ།། དེ་ཉིད་ཚུལ་ཁྲིམས་ཡོངས་སུ་དག་པར་མཐོང་།། ནམས་ཀྱང་ཚུལ་ཐམས་དམིགས་ཏེ་གནས་པ་མེད།། དེ་ནི་ཚུལ་ཁྲིམས་ཙམ་དེས་རྣམ་པ ་མེད། ། དེ་ནི་བདག་དུ་འདུ་ཤེས་ཁྲིམས་མི་སྲུང་།། ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་འདུ་ཤེས་མེད།། དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། འཇིག་ཚོགས་ལྟ་བ་རྣམ་པར་གསལ་བྱས་པ།། དེ་ལ་ལྟ་བར་བྱས་པས་འབྱུང ་མའི་གྱུར། ། གང་ལག་མེད་ལྟ་བའི་གནས་མེད་པ།། དེ་ནི་ཚུལ་ཁྲིམས་ཚུལ་ཁྲིམས་འཚལ་མི་རློམ།། ཟབ་མོའི་ཆོས་ཀྱིས་ཚུལ་ལ་ཞུགས་པསྟེ།། དེ་མི་ཆོག་བཏགས་པ་མ་ཡིན་ལ།། ཤིན་དུ་ཤེས་བཞིན་ལྡན་ན་ལེག ་པར་གསུངས། ། ཚུལ་ཁྲིམས་སྒྲོནས་གཞན་གྱིས་བརྙས་མི་འགྱུར།། བདག་དུ་དམིགས་པས་ཚུལ་ཁྲིམས་དམིགས་པར་འགྱུར།། གང་ལ་བདག་མེད་དེ་ལ་ཚུལ་ཁྲིམས་མེད།། བདག་གམ་ཡང་ན་ཚུལ་ཁྲིམས་རླམ་པ ་དེ། ། མཐའ་ཞེས་བྱ་སྟེ་གཉི་ག་འཇིགས་མ་ཡིན།། བདག་མེད་སྨྲ་བ་ཚུལ་ཁྲིམས་རློམ་པ་མེད།། བདག་མེད་སྨྲ་བ་ཚུལ་ཁྲིམས་རྟེན་པ་མེད།། བདག་མེད་སྤྲུལ་ཚུལ་ཁྲིམས་རློམ་པ་མེད།། བདག་མེད་སྤྲུལ་ཚུལ་ཁྲིམས་སེམས ་དཔའ་མེད། ། ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ།། བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མི་རློམ།། གང་ལ་བདག་དང་ཚུལ་ཁྲིམས་འདུ་ཤེས་མེད།། དེ་འདྲ་འདི་ནི་ཟབ་པ་ཞེས་ཀྱང་བརྗོད།། གང་གི་ཚུལ་ཁྲིམས། ་དེའདྲར་འཇིགས་མེད་གདེ་ལ་ནམས་ཀྱང་འཆལ་བའི་ཁྲིམས་མི་འབྱུང་།། ཆོས་ཀུན་དམིགས་སུ་མེད་པ་གང་ཡིན་པ།། དེ་འདྲའི་ཚུལ་ཁྲིམས་འཕགས་པ་རྣམས་ཀྱིས་བསྔགས།། བྱས་པ་གང་དག་བདག་དུ་ལྟ་ལ་གནས།། ཚུལ་ཁྲིམ ་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ། ། ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར་ནས།། དེ་དག་ངན་འགྲོ་གསུམ་ལས་ཐར་མི་འགྱུར།། གང་དག་བདག་དུ་ལྟ་བ་མཐའ་དག་བསལ།། དེ་དག་འདིར་ནི་བདག་དང་བདག་གི་མེད།། བདག་དུ། ་མེད་གང་དེ་ཚུལ་ཁྲིམས་ལྡན།། དེ་ལ་ཕྱིནི་ཆད་ལོག་པར་སྤྱང་འཇིགས་མེད། གང་ཞིག་ཚུལ་ཁྲིམས་རྣམ་པ་འདི་འདྲང་ཤེས།། དེ་ལ་འཆལ་པའི་ཚུལ་ཁྲིམས་ལྔ་མི་ནུས།། བདག་དང་དེ་བཞིན་ནམ་གསུམ་མི་མཐོང་ན།། ཚུལ ་ཁྲིམས་ཚུལ་ཁྲིམས་འཚལ་ལྟ་ཅི་ཞིག་སྨོས། ། དེ་སྐད་ཅེས་བཀའ་སྩལ་པ་དང་།། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ཙམ་དུཟབ་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དལར་མི་གནས་པ་དང་། ལེན་པ་མ་མཆིས་པས་ཆོས་ཇི་ལྟ་བ་བཞིན ་དྲགནས་ལ། ། རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་ཆད་པ་དང་།། བདག་དུ་འདུ་ཤེས་པ་དང་བྲལ་བ་དང་།། བསྐལ་པ་གྲངས་མ་མཆིས་པར་ཡང་སྤྱོད་པ་དང་།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ ་རྫོགས་ཀྱི་བར་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྷུང་ལ་བར་མ་དོར་རྣམ་པར་བྱང་བར་ཡང་མི་འགྱུར་བ་ཡང་ངོ་མཚར་ཆེ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཆོས་དུ་དང་ལྡན་ན་ཆོས་ཟབ་མ་རྣམས་ལ་ཡང་སྤྱོད་ལ། ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་ས་ཅས་བཀའ ་སྦལ་ཏོ། ། ལྷའི་བྱ་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཆེས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ།། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ།། བཞི་ག་ཞན། ལྷའི་བུ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་དམ་བཅས་པ་ལ་བརྟན་པས་སྙིང་པོ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་གནས་པའི་ཕྱིར་ཞུམ་པ་མེད་པའི་རྩོན་འགྲུས་དལྡན་པ་དང་། སངས་རྒྱས་ཀྱི ་གང་ཀུན་མི་ཆ་གྲུགས་པའི་ཕྱིའི་སྙིང་རྗེཆེན་པོ་དང་ལྡན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར་ཐབས་ལ་མཁས་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི ་པོ་དེ་དག་དང་ལྡན་ན་ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མཁས་པ ་རྟག་ཏུ་ཡི་དམ་བཅས་ལ་བརྟན། ། སྔོན་ཆད་ཡི་དམ་བཅས་པ་སྤོང་མི་བྱེད།། དཔའ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར།། ཐེག་པ་གཞན་ལ་འདོད་པ་བསྐྱེད་མི་བྱེད།། རྟག་ཏུ་བག་དང་ལྡན་ཞིང་བརྩོན་འགྲུས་རྩོམ།། ཞུམ་པ་མེད ་པའི་སེམས་ཀྱིས་རྟག་ཏུ་སྤྱོད། ། དེ་ཡིས་སེམས་ཅན་གང་ཡང་གཏོང་བ་མེད།། དེ་ཡི་སེམས་ནི་སེམས་ཅན་ཀུན་ལ་སྙོམས།། འཇིག་རྟེན་འདི་དག་ཀུན་ལ་སྙིང་རྗེ་བས།། སྡུག་བསྔལ་བཟོད་ཅིང་སེམས་ཀྱང་ཞུམ་པ་མེད།། ་ཅི་ནས་སངས་རྒྱས་གདུང་ནི་མའི་ཆད་པ།། དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད།། མཁས་རྣམས་ཐབས་ཤེས་པ་ལ་ལེགས་པར་བརླབས།། ལེ་ལོ་མེད་པར་དགེ་བ་ཡོངས་སུ་བསྔོ།། འཁོར་བའི་ཆུ་བོ་ལ་ནི་ཕན་ཕྱིར ་བརྩོན། ། བར་མདོར་ནི་ཟག་རྣམས་ཟད་མི་བྱེད།། བྱང་ཆུབ་སེམས་དཔའ་འཇིགས་མེད་གང་དག་གིས།། ཆོས་རྣམས་འདི་དག་ལེགས་པར་བསྡུས་པར་འགྱུར།། དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ། ནམས་ཀྱང ་ཡང་དག་མཐའ་ལ་རེག་མི་འགྱུར། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས།། དེ་སྐད་ཅེས ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སོ་སོའི་སྐྱེ་བོའི་ཆོས་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ ་བསྒྲུབ་པ་པང་བངས་སུ་ཆོལ་བྱུང་མ་། ལ་མས་རྣམས་གསལ་བར་ཡང་མ་བྱེད། སངས་རྒྱས་བྱམས་ཀྱང་རྣམ་པར་དག་གྱུ་། ས་ས་ཤཱ་གྱིས་ས་རྟོགས་པར ་ཀྱི་ཆོས་འཐོབ་པ་ཡོངས་སུ་མ་ཚོལ་ལོ། ། ས་སའི་སྐྱེ་བའི་ཆོས་རྣམས་ཀྱང་གཞན་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནོ། ཞེས་དེ་ལྟར་མི་སྤྱོད་དོ།། སོ་སོའི་སྐྱེ་བའི་ཆོས་རྣམས་ནི་ཆུང་ལ་སངས་རྒྱས་ཀྱི་ཆོས་རྣམས ་ནི་རྒྱ་ཆེའོ་ཞེས་དེ་ལྟར་མི་སྤྱོད་དོ། ། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་ཡིན་ལ་སངས་རྒྱས་ཀྱི་ཆོས་རྣམས་ནི་ཟག་པ་མེད་པའོ་ཞེས་དེ་ལྟར་མི་སྤྱོད་དོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སོ་སོའི་སྐྱེ་བོའི་ཆོས ་གང་དག་ཡིན་པ་རྣམས་དང་། ། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་རྣམས་ནི་ཤེས་པ་འམ། མཐོང་བའམ། ཉེ་བར་བརྟག་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྟོང་པ་ཡིན་ལ་སྟོང་པ་ཉིད་ལ་ནི་ཤེས་པའམ།། ་མཐོང་བའམ། ཉེ་བར་རྟོག་པ་མེད་དེ། འདི་ལྟ་སྟེ། རང་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར་རོ་སྙམ་མོ།། ལྷའི་བུ་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་བགང ་ཡིན་པ་དེ་ཡི་ནི་གཉིས་པོ་གང་གིས་སོ་སོའི་སྐྱེ་བོའོ་ཞེས་བྱ་བའམ། ཉན་ཐོས་ཤེས་བྱ་བ་འམ། རང་སངས་རྒྱས་ཤེས་བྱ་བ་འམ། ཡང་དག་པར་རྫོགས་པར་སངས་རྒྱས་ཤེས་བྱ་བར་གཉིས་སུ་དབྱེ་བའི་གཉིས་པོ་ཅི་ཡང་མེད ་ལྷའི་བྲི་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུའི་ཆོས་གང་ཡང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་རྣམས་ཀྱི་ཆོས་སྨྲ་བར་བྱ་བ་གང་ཡང་ཡིན་པ་དེ་ནི ་སྨར་མེད་པའོ། ། སྨྲར་མེད་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའོ།། བརྗོད་དུ་མེད་པ་གང་ཡིན་པ་དེ་ལ་ནི་ཡོད་པ་མེད་དོ།། གང་ལ་ཡོད་པ་མེད་པ་དེ་ལ་ནི་འབྱུང་བ་མེད་དོ།། གང་ལ་འབྱུང་བ་མེད་པ་དེ་ལ་དངོས་པོའི་རྣམ་པར་རིག་པ ་མེད་དོ། ། ལྷའི་བུ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡང་ཡིན་ཏེ། གང་ན་ཆོས་ཐམས་ཅད་ཀྱི་བགྲངས་པ་དེ་ལས་གྲོལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། ལྷའི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས ་ཅད་ནི་རྣམ་པར་མི་རྟོག་པའི་སྤྱོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ་ཞེས་དེ་ལྟར་རིག་པར་བྱའོ། ། གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་ནི་གཉིས་སུ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ཡོད་དེ།། དེ་དག་ནི་རྣམ་པར་ཤེས ་པའི་སྤྱོད་ཡུལ་ལ་སྤྱོད་པའོ། ། གང་དག་སངས་རྒྱས་ཀྱི་ཆོས་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་ལ་ཡང་རྟོག་ལ། དེ་དག་ལ་བརྟགས་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གིས་ནི་ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་འམ ་རྣམ་པར་བྱང་བ་མེད་པར་ཤེམས་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་གང་ཡིན་པ་དེ་དག་ནི་ཆོས་གང་ལ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་སམ། ། རྣམ་པར་བྱང་བའི་ཆོས་སུ་འཛིན་པ་ཡང་མེད་ན། ཀུན་ནས་ཉོན་མོངས ་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་དམིགས་པ་ལྟག་ལ་ཡོད་དེ། ད་ནི་གནས་མེད་དོ།། ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ཡིན་ཏེ། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་གང་ཡང ་མེད་པར་མཐོང་ལ། ། གང་གིས་མཐོང་བ་དེ་ཡང་ལྷག་པར་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དེ་ལྟ་བུར་མཐོང་སྟེ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཚུགས་སོ།། དེ་སྐད་ཅེས ་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་བུའི་ཆོས་རྣམས་ལ་ཡང་ཉེ་བར་རྟོག་ལ་སྐྱེ་བ་ཡང་བརྩོམ་པར་བགྱིད་དེ། ་སྐྱེ་བ་དང་། འགུམ་པ་དང་། གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པ་ནི་འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། སྨྲ་བར ་ཡང་བྱེད་ལ། དེ་ཡང་རྣམ་པར་མི་རྟོག་པ་དེ་བཞིན་དུ། ལྷའི་བུ་གང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི་འགྲོ་བ་དང་། སྐྱེ་བ་ཐམས་ཅད་ཀྱང་སྟོན་ལ་དེ་ཡང་རྣམ་པར་མི་རྟོག་གོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་།། ་འབྱུང་བ་ཡང་རློམ་སེམས་སུ་མི་བྱེད་ལ་སྔོན་གྱི་བྱིན་གྱིས་རླབས་ཀྱི་སྐྱེ་བར་ཡང་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་གང་འདི་སྐད་དུ་བྱང་ཆུབ ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམས་སུ་མི་བྱེད་ཅེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ལྷ་མོ་སྐུ་འཕྲུལ་མ་ལས་འཁྲུངས་ཏེ།། སྐུ་སྦུན་པའི་ཡུམ་ལ་ཐུགས་བརྩེ་བའི་སླད་དུ་སུམ་བཅུ་རྩ་གསུམ ་པའི་ལྷ་རྣམས་ཀྱི་ནང་དུ་དབྱར་གནས་པར་ཞལ་གྱིས་བཞེས་ན། ཇི་ལྟར་དེ་བཞིན་གཤེགས་པ་རློམ་སེམས་སུ་མི་མཛད་ལགས།། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ལྷ་མོ་སྐུ་འཕྲུལ་ལས་མ་སྐྱེས་སོ།། གསོལ་པ། ་འོ་ན་དེ་བཞིན་གཤེགས་པ་གང་ལས་འཁྲུངས་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ། ལྷའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་བཅོམ་ལྡན་འདས ་རྣམས་བསྐྱེད་པའི་ཡུམ་ཡིན་ནོ་ཞེས་སྨྲ་བ་ནི་ཡང་དག་པར་སྨྲ་བ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐྱེད་པའི་ཡུ་མ་ཡིན་ནོ།། ཞེས་སྨྲ་བ་ནི་ཡང ་དག་པར་སྨྲ་བ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྐྱེས་བུ་རིགས་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱིས། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ནི་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ནོ། ། ལྷའི་བུ་དེ་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡ་པས་སང་ནཔང་གྲུ་། ། བ་བལྡན། ས་པར་མ་འཇུགས་པ་ན་འདགན་ས་མ་པསགས་།། ས་ས་ས་པ་ལུས་པ་བནྡྷ་དུ། དྷཱ་ང ་པོ་དང་། ། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སྤྱི་གཙུག་ལྟར་མི་མཐོང་བ་དང་། གཤེགས་པ་ཡང་དོན་པོ་ག། སངས་རྒྱས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱིས་སོ་ཡང་དག་པར་རིག ་པ་དང་། ། ཕ་རོལ་གྱི་སེམས་ཤེས་པ་དང་ལྷའི་བུ་མདོར་བསྡུས་ན་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲང་སུ་འགྲོ་བའི་སངས་རྒྱས་ཀྱི་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི་ལྷ་མོ་སྒྱུ་འཕྲུལ་ལས་བསྐྱེས་པ་མ་ཡིན་ཏེ། ལྷའི་བུ ་དེ་ལྟར་ན་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ལྟ་བུ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ཏེ། ལྷའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཅི་ནས་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱི།། ལྷ་མོ་སྒྱུ་འཕྲུལ་ལས་མ་ཡིན་པ་དེ་ལྟར ་རིག་པར་བྱའོ། ། ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་ཤེསས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་གི་ཡང ་སྐྱེད་པ་མ་ལགས། སྨན་པ་མ་ལགས། འགག་པར་བགྱིད་པ་མ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་བསྐྲུན་པ་ལགས། བཀའ་སྩལ་པ།། ལྷའི་བུ་ཆོས་གང་དག་གིས་དེ་བཞིན ་ས་དེ་ཤིནི་ག་ཤེགས་པ་ཞེས་བྱ་བའི་གྲངས་ས་འགྲོ་བའི་ཆོས་དེ་དག་ནི་སྐྱེ་བ་ཡང་མེད། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་དོ།། ལྷའི་བུ་གང་སྐྱེ་བ་ཡང་མེད།། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ལྟ་བུའི ་ཡེ་ཤེས་དེ་བསྐྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ནི་གང་སྐྱེ་བ་མེད་པ་དང་། འཆི་འབེབ་མེད་པ་དང་། འབྱུང་བ་མེད་པའི་དེ་བཞིན་གཤེགས་པ་སྐྱེས་སོ།། ལྷའི་བུ་གང་ལ་སྐྱེ་བ ་ཡང་མེད། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག་པར་ངེས་པར་འབྱུང་བ་ཡོད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི་ངེས་པར་འཐུང་བཟོད་དོ།། ་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་མཆིས་ན་ངེས་པར་འབྱུང་བ་མ་མཆིས་པ་ལགས་ན། ཅི་ཤེས་རབ་ལ་སེམས་པའམ། འཚལ་བ་མ་མཆིས་སམ། བཀའ་སྩལ་བ། ལྷའི་བུ་ཤེས་རབ་ལ་ནི ་སེམས་དཔའ་འམ་ཤེས་པ་ཡང་མེད་དོ། ། ལྷའི་བུ་གལ་ཏེ་ཤེས་རབ་སེམས་དཔའ་འམ། ཤེས་པ་ཞིག་ཡིན་པར་གྱུར་ན་ཤེས་རབ་ལ་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་ལ་སེམས ་སམ་ཚོར་བ་ཡོད་ན་དེ་ལ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་ཕྱིར་རོ། ། ལྷའི་བུ་གང་གི་ཕྱིར་ཤེས་རབ་ལ་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་སེམས་དཔའ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར་ཤེས་རཔ་རྟག་ཏུ་ངེས་པར་འབྲུབ་པ་ཡིན་ནོ།། ་གསོལ་པ། བཅོམ་ལྡན་འདས་ངེས་པར་འབྱུང་བ་ཞེས་བགྱི་བ་དེ་གང་གིས་ཚིག་བླ་དགས་ལགས། བཀའ་སྩལ་པ། ལྷའི་བུ་སྤྲོས་པ་མེད་པའི་ཚིག་བླ་དགས་སོ།། གསོལ་པ། བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པས ་ཅི་ཞིག་ངེས་པར་སྦྱིན་པར་བགྱིད་ལགས། ། བཀའ་སྩལ་པ། ལྷའི་བུ་གང་དག་སྤྲོས་པ་ལ་སྤྱོད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ་མི་འདོར་རོ།། གང་དག་སྤྲོས་པར་མི་བྱེད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ་འདོར ་བར་བྱེད་དོ། ། ལྷའི་བུ་དེ་ལྟ་བས་ན་གང་ཁྱོད་སྤྲོས་པ་མེད་པར་ངེས་པར་འབྱུང་བས་ཅི་ཞིག་ངེས་པར་འབྱིན་ཅེས་ཟེར་བ་ནི་ཁམས་གསུམ་དུ་སྐྱེ་བས་ངེས་པར་འབྱིན་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཀྱིས ་ཁམས་གསུམ་ལས་ཡང་དག་པར། ། འདའ་བར་བགྱི་བའི་སླད་དུ་ཉན་ཐོས་རྣམས་ལ་ཆོས་བསྟན་ལགས་སམ། བཀའ་སྩལ་པ། ལྷའི་བུ་ང་ནི་འདོད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན ་ཐོས་རྣམས་ལ་ཆོས་པསྟོན་ལ། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཀྱང་མ་དམིགས་སོ།། ལྷའི་བུ་ང་ནི་གཟུག་ཀྱི་ཁམས་ལས་ཀྱང་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས ་གཟུགས་ཀྱི་ཁམས་ཀྱང་མ་དམིགས་སོ། ། ལྷའི་བུ་ང་ནི་གཟུགས་མེད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པ་གཟུགས་མེད་པའི་ཁམས་ཀྱང་མ་དམིག་སོ།། ་ལྷའི་བུ་ང་ནི་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གང་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པར་མ་མཐོང་ངོ་།། ལྷའི་བུ་ང་ཡི་ཉན་ཐོས་རྣམས་ནི་འདོད་པའི་ཁམས་ལ་དམིགས་ནས ་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། ། ངའི་ཉན་ཐོས་རྣམས་ནི་གཟུགས་ཀྱི་ཁམས་ལ་དམིགས་ནས་གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།། ངའི་ཉན་ཐོས་རྣམས་ནི་གཟུགས་མེད་པའི་ཁམས་ལ ་དམིགས་ནས་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། ། ལྷའི་བུ་གཞན་ཡང་ངའི་ཉན་ཐོས་རྣམས་ནི་ཁམས་གསུམ་པ་མི་དམིགས་པས་ཁམས་གསུམ་པ་ལ་མི་རྟེན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ ་དམིགས་པས་འདོད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ། ། གཟུགས་ཀྱི་ཁམས་སུ་སྨོན་ལམ་མི་འདེབས་སོ།། གཟུགས་མེད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ།། ཁམས་གསུམ་པར་སྨོན་ལམ་མི་འདེབས་པས་ན་ཁམས་གསུམ ་པར་མི་སྐྱེའོ། ། མ་སྐྱེས་པ་དེ་དག་གིས་འགྲོ་བ་ནི་ཅིག་སུ་མེད་དོ།། ཀྱེ་ལྷའི་བུ་འོན་ཀྱང་འཕགས་པ་རྣམས་ནི་ཡང་དག་པར་འདའ་བ་ཞེས་དེ་སྐད་བརྗོད་པར་མཛད་དོ།། འོན་ཏུད་ན་དམ་པན་འདི་ལ་སུ་ཡང་དག་པར་འདར་བ་ཡང་མེད་འོང་བ་ཡང་མེད། ་ད་དེ་ཅིའི་ཕྱི་ར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཡང་དག་པར་འདའ་བར་མེད་པ་ལས་བལྟ་བར་བྱའོ།། ལྷའི་བུ་དཔེར་ན། ནམ་མཁའ་ནི་མ་སྐྱེས་པ། མ་བྱས་པ། མངོན་པར་མ་གྲུབ་པ། འཕོ་བ་མེད་པ། འོད་པ་མེད་པ་སྟེ། ཆོས་ཐམས་ཅད ་ཀྱ་དེ་བཞིན་དུ་ལྟ་བར་བྱའོ། ། གཏམ་འདི་བསྟན་པ་ན་ལྷའི་འཁོར་དེའི་ནང་ནས་ལྷའི་བུ་བདུན་ཁྲི་ཉེ་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། སྔོན་དགེ་བའི་རྩ་བ་བསྐྱེད་པའི་ལྷའི་བུ་ཁྲི་དྲུག་སྟོང་ནི་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱི་མཐུས་སྔོན་མ ་མཐོང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ། མེ་ཏོག་གི་སྣོད་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་ཏོ།། མེ་ཏོག་དེ་དག་གིས་ཀྱང་སུམ་བཅུ་རྩ་གསུམ་པའི་གནས་ཁོར་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གཏོར་བ་གང་དག་ལགས་པ་འདི་དག་ནི་སྔོན་མ་མཐོང་ལགས་སོ།། དེ་ནས་ལྷའི་བུ་ཟླ་བས། ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀཽ་ཤི་ཀ་ད་ལྟར་གང་ལ་མེ་ཏོག་དག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདི་ཡང་སྔོན་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་སེམས་གང་གིས་དེ་བཞིན་གཤེགས་པ་མཐོང ་བའི་སེམས་དེ་ནི་འགགས་ཤིང་མེད་པར་གྱུར་ཏེ། མཐོང་བར་མི་ནུས་སོ།། ཀཽ་ཤི་ཀ་དེ་བས་ན་གང་ཅི་མཐོང་ཡང་དྲང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་མཐོང་བའོ།། གང་ཅི་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་ནི་མངོན་མཐོས ་པའོ། ། སྨྲས་པ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། སྨྲས་པ། ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཤེས་བྱ་བ་ཡིན་ན་ནི་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།། ཀོ་ཤ་ཀ་གལ་ཏེདེ ་བནན་གཤེགས་པ་ཙང་བ་དང་། འང་ཤེས་དང་། འང་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཡན་ན་ན་ག་དག་གས་བཞིན་གཤེགས་པ་མ་ཐ་ན། ཀཽ་ཤཀ་བན་ན་གཤེགས་པ་ན་གཟུགས་ཤེས་བྱ་བ་འམ། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་མ་ཡིན་ནོ།། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའི་ཆོས་ཀྱིས་མཚན་ཉིད་ཀྱིས་རབ་ཏུབྱེ་བ་མ་ཡིན་ཏེ། དེ་ནི་མཐོང་བར་སླབ་མ་ཡིན་ནོ།། ཀཽ་ཤི་ཀ་གཞན་ཡང་གང་ཁྱེད་འདི ་སྐད་དུ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ་ཞེས་ཟེར་བ་ནི་ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས་པ་དེ་བཞིན་དུ་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་། ། སྨྲས་པ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང ་སྤྲས་པ། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་བདུན་ན་བཞུགས་པ་འདི་ལེ་ཞུས་ཤིག། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་ཇི་ལྟར་གཟིགས་ལགས། བཀའ་སྩལ ་པ། གཽ་ཤི་ཀ་གཟུགས་སུ་མི་མཐོང་ངོ་།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་མི་མཐོང་ངོ་།། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་མཐོང་ངོ་།། ལངས་པ་དང་། འདུག་པ་དང་། འགྲོ་བ་དང་། ་འོང་བ་དང་། རྒྱབ་དང་། གློ་དང་། མདུན་དང་། ཆོས་ལམ་གཏོགས་པར་མི་མཐོང་ངོ་།། སློབ་པར་མི་མཐོང་ངོ་།། མི་སློབ་པར་མི་མཐོང་ངོ་།། མི་སློབ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།། དགྲ་བཅོམ་པར་མི་མཐོང་ངོ་།། དགྲ་བཅོམ་པའི་ཆོས་དང་། ་ལྡན་པར་མི་མཐོང་ངོ་།། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱིས་དང་། སངས་རྒྱས་ཀྱི་སར་མི་མཐོང་སྟེ། ཀཽ་ཤི་ཀ་དེ་ལྟར་མཐོང་ངོ་།། ཀཽ་ཤི་ཀ་སྲས་དེ་ལྟར་མཐོང་བ་དེས་ནི་ཡང་དག་པར་མཐོང་སྟེ། ལོག་པ་མཐོང་བ་མ་ཡིན་ནོ།། སུ་ཡང ་ཡང་དག་པ་མཐོང་བ་དེས་ན་ཅི་ཡང་མི་མཐོང་ངོ་། ། སུ་ཅི་ཡང་མི་མཐོང་བ་དེས་ནི་མཉམ་པར་མཐོང་སྟེ།། མི་མཉམ་པར་མི་མཐོང་ངོ་།། ཀཽ་ཤི་ཀ་དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་པ་ཞེས་བྱའོ།། ཀཽ་ཤི་ཀ་དེ་ལྟར ་གཟིགས་པའི་དེ་བཞིན་གཤེགས་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དོ།། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པས ་ཞི། གཟིགས་པར་འགྱུར། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ནི་མིང་གཟིགས་པ་མ་ལགས། གཟུགས་གཟིགས་པ་མ་ལགས་ཏེ། བཅོམ་ལྡན་འདས་འདི་ལ་ནི་ཆོས་འགའ་ཙམ་ཡང་གྲངས་སུ་བགྱིས་པ་མ་མཆིས་སོ།། བཅོམ་ལྡན ་འདས་ཅ་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ། དེ་བཞིན་དུ་ཀའི་བུ་ཐབས་ཀྱང་དེ་ལྟར་མཐོ་ལགས་སམ། བཀའ་སྩལ་པ། ཀོ་ཤི་ཀ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་ཡང་དྲང་བ་དེ་དག་ཐམས་ཅད་ཀྱིས ་ནཆོས་ཀྱིས་དབྱིངས་ཀྱི་ལུས་ཀྱིས། ཆོས་འགའ་ཙམ་ཡང་གཟུང་བའི་ཕྱིར་ཆོས་གང་ཡང་མི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཅི་ལྷའི་བུ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀཽ་ཤི། ཁྱོད་ཀྱིས་ལྷའི་བུ་ཟླ་བ་འདི་ཉིད་ལ་དྲིས་ཤིག་དང་། འདི་ཉིད་ཁྱོད་ལ་ལན་ལྗོན་ནི་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སམ། སྤྲས་པ་ཀོ་ཤི་ཀ་ཙིམི ་སྐྱབ་སྐྱེའམ། སྤྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། ཀཽ་ཤི་ཀ་གལ་ཏེ་མི་སྐྱེ་བ་སྐྱེ་བར་གྱུར་པ་ནི་མི་སྐྱེ་བའི་ཆོས་རྣམས་ལ་སུའི་བཟོད་པ་སྐྱེ་བར་འགྱུར། ཀཽ་ཤི་ཀ་མི་སྐྱེ་བ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཆོག་བླ་དགས་སོ།། ཆོས་ཀྱི་དབྱིངས ་གང་ཡིན་པ་དེ་ལ་ནི་སྐྱེ་བ་འམ། ། འགག་པ་མི་དམིགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ལྷའི་བུ་འདིའི་བསྟན་པ་དེ་འདྲ་བ་ལས་ན། ཀྱེ་མ་ལྷའི་བུ་འདི་ནི་བཟོད་པ་ཐོབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་དང་ཉེ་བོ་སྙམ་མོ། ། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོགས་པ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀཽ་ཤི་ཀ་བཟོད་པ་ཐོབ་པ་གང་དག་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི ་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ། ། སྨྲས་པ། ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྨྲས་པ། ཀོ་ཤི་ག་ཐོབ་ཅེས་བྱ་བ་དེ་ནི་དམིགས་པའི་ཚིག་བླ་དགས་ཡིན་ལ་དམིགས་པས་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་མི་རྒྱའོ། ། མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་ནི་མི་སྐྱེ་བའི་ཚིག་བླ་དགས་སོ།། མི་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་བོ།། སྨྲས་པ། ལྷའི་བུ་ཟླ་བ་བྱང་ཆུབ་ཉིད་གང་ལས་བཙལ་བར་བྱ།། སྨྲས་པ། ཀོ་ཤིཤི་བྱང་ཆུབ་ནི་བདག་གི་ངོ་བོ་ཉིད་ལས་བཙལ ་བར་བྱའོ། ། སྨྲས་པ། བདག་གིས་ངོ་བོ་ཉིད་གང་ལས་བཙལ་བར་བྱའོ།། སྦས་པ། ཆོས་གང་ལ་མ་སྐྱེས། མི་སྐྱེ། སྐྱེ་བར་མི་འགྱུར་བ་དེ་ལས་བཙལ་བར་བྱའོ།། ཅི་ནས་ཀྱང་ཚོལ་བ་ན་གང་བཙལ་བ་དང་། གང་གིས་བཙལ་བ་དེ་ཡང་སློང་བ ་མི་བྱེད་པ་དེ་ལྟར་བཙལ་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི་ཤེས་རབ་དང་ལྡན་པ་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ལྷའི ་བུ་ཟླ་བ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀཽ་ཤི་ཀ་གླུ་མ་མཁན་གྱིས་སྐྱེས་པ་འམ། བུད་མེད་སྤྲུལ་པ་གང་ཡིན་པ་དེ་གང་ནས་ཤི་འཕོས ་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར། སྨྲས་པ། ལྷའི་བུ་སྒྱུ་མ་སྤྲུལ་པ་ལ་ནི་ཤི་འཕོ་འམ་སྐྱེ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྨྲས་པ། ཀཽ་ཤི་ཀ་ཁྱོད་འདི་སྐད་དུ ་སྤྲུལ་པ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ཟེར་བ་དེ་ཅི་མཁས་པ་རྣམས་ཀྱིས་སྨད་པར་མི་འགྱུར་རམ། སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ།། སྨྲས་པ། ཀཽ་ཤི་ཀ་བདག་ནི་ཁྱོད་ཀྱི ་དྲི་བ་དེ་ལ་འདི་སྙམ་དུ་བྱེད་དེ། ། གང་ཁྱོད་ཀྱིས་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས། འདི་ནས་ཤི་འཕོས་ནས་གར་སྐྱེ་བར་འགྱུར་ཞེས་ཞུས་པ་ནི་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་དེ་སྐད་འདྲི་བར་ཟད་དོ།། སྙམ་མོ།། ། ་ཀོ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་བར་མཛད་པ་གང་ཡིན་པ་དེ་འོང་ངམ། འཆི་འཕོ་འམ། སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྦས་པ། ཅི་བྱི་བ་གང་གི་ཕྱིར། སྤྲུལ་པའི་བྱ་བ་དེ་བྱེད་དམ། སྨྲས་པ ་ལྷའི་བ་བྱེད་དོ། ། སྨྲས་པ། ཀོ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ལྟ་བུའི་རྟོགས་པ་དེ་ནི་འགྲོ་བ་དང་། འོང་བ་དང་། འཆི་འཕོ་དང་། སྐྱེ་བ་ཡང་སྟོན་ལ་དེ་ནི་ཅི་ལ་ཡང་རྣམ་པར་མི་རྟོག་སྟེ། བྱ་བ་དེ་ཡང་བྱེད་དེ།། ་ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། གང་རྨི་ལམ་དུ་གཟུགས་མཐོང་བ་འམ། སྒྲ་ཐོས་པ་འམ། དྲི་སྡོམ་པ་འམ། རོ་མྱོང་བ་འམ། རེག་བྱ་ལ་རེག་པའམ། ཆོས་རྣམ་པར་ཤེས་པ་དེ་དག་ཅིང་ན་ཅི་ཡང་ཡོད་དམ། སྨྲས་པ། ལྷའི་བུ ་དེ་ནི་མེད་དོ། ། སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོགས་པ་དེ་ནི་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ལ་ཆགས་པར་མི་འགྱུར། ་རྗེས་སུ་ཆགས་པར་མི་འགྱུར་རོ།། ཁོང་ཁྲོབར་མི་འགྱུར་རོ།། མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྗོད་པར་བྱེད་ལ། བརྗོད་པ་དེ་ལ་ཡང་མངོན་པར་ཞེན་པ ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བཞིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུཟླ་བ་འདི་སྟེ་བ་ཡང་མ་དམིགས་འཆི་འཕོ་ཡང་མི་དམིགས་ལགས་ན།། བཅོམ་ལྡན་འདས་འདིས་ཇི་ལྔར ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བརྟོགས་ཤིང་བགྱིད་པར་འགྱུར་ལགས། གང་ལ་སྐྱེ་བ་ཡང་མ་མཆིས། འཇིགས་པ་ཡོད་མཆིས་པ་དེ་ནི་ཉན་ཐོས་ཀྱིས་ལགས་ཏེ། དེ་ང་དྲུབ་སེམས་དཔའི་ས་མ་ལགས་སོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ་ལགས་སོ།། དེན་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་མ་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་པ་ནི་སུ་ཡང་རུང་སྟེ། དེ་ནི་སྐྱེ་བ་ལ་ཡང་རྣམ་སེམས་མེད་ལ་འཆི་འཕེལ་ཡང་རློམ་སེམས་མེད་དེ། དེ་ནི་དགྲ་བཅོམ་པ་ཡོངས ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ཇི་ལྟ་བ་དེ་བཞིན་དུ་གཟུང་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བདག་ཏུ་འདུ་ཤེས་དང་གཞན་དུ་འདུ་ཤེས་མི་འཛག་པའི་ཕྱིར་རོ།། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་གང ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ། དེ་ལྟར་སྐྱེ་བ་ལ་ཡང་རློམ་སེམས་མི་བྱེད། འཆི་འཕོལ་ཡང་རློམ་སེམས་མི་བྱེད་པ་དང་། བདག་དུ་འདུ་ཤེས་པར་ཡང་མི་བྱེད། ་གཞན་དུ་འདུ་ཤེས་པར་ཡང་མི་བྱེད་ལ་སེམས་ཅན་གང་ཆོས་ཀྱི་ཚུལ་གྱི་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡའ་སྤྲད་པའི་ཕྱིར་སྙིང་རྗེ་ཆེན་པོས་ཆེད་དུ་བསྐལ་པ་བྱེ་བ་འབུམ་ཕྲག་གྲངས་མེད་པར་འཁོར་ཡང་སྐྱོ་བ་མེད་པ་ནི་མཆོག ་ཏུ་དགའ་བ་བྱེད་པ་ཡིན་ནོ། ། ཀཽ་ཤི་ཀ་དཔེར་ན་མི་ལ་ལ་ཞིག་མེ་མདག་གི་དོང་དུ་ལྷུང་ནས་ཚིག་ཅིང་འདུག་པ་དེ་ལ་མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས་ལུས་དང་སྲོག་ལ་ཡང་མ་བལྟས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་འདུག ་པ་ལས། དགའ་ཞིང་རྩེ་བབོར་ནས་མེའི་ཕུང་པོར་བེན་ན་མི་དེ་ཕྱུང་སྟེ། བདག་ཉིད་ཚིག་པ་ནི་དང་དུ་བླངས་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས ་སོ། བཀའ་སྩལ་པ། ཀོ་ཤི་ཀ་བྱང་ཆུབ་སེམས་དཔའགང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་བ་ལ་སྲིད་པ་ལེན་པར་བྱེད་པ་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། ཀོ་ཤི་ཀ་དེ་བས་ན་རྣམ་གྲངས་འདིས་ཀྱང ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་ཅི་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་མནན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་འཚང་རྒྱ་བར་འགྱུར་རོ། ། ཀཽ་ཤི་ཀ་ཁྱོད་འདི་སྐད་དུ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས་ཤེས་ཟེར་བ་དེ་ངས་བཤད་ཀྱིས་ཉོན་ཅིག། ཀོ་ཤི་ཀ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག ་འབུམ་ཕྲག་བདུན་བཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱས ་པ་དག་དང་འཆག་སའི་བསྐྱེད་མོས་ཚལ་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཟམ་པ་དང་ལྡན་པ་དག་ཡོད་དོ། ། ས་གཞི་ཆེན་པོ་དེ་ཡང་བཻ་དཱུརྱ་ལས་གྲུབ་པ་སྟེ། རིན་པོ་ཆེ་འབུམ་ཕྲག་མང་པོས་སྨྲས ་སོ། ། ཀཽ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཕུང་པོ་བཀྲམ་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས ་སྟོན་ཏོ། ། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ཡོངས ་སུ་གང་ངོ་། ། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག ་ཕྲག་སུམ་བཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་འཕགས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་པད་མ་འདབ་མ་འབུམ་ཡོད་པ་ཤ་སྟག་གིས་བུས་མོ་ཆུབ་ཙམ་དུ་ཁབས་པར་བྱས་ནས་དེ་ལྟར་འཁོད་བཞིན་དུ། ཡང་དག་པར་རྫོགས་པའི ་སངས་རྒྱས་གཞན་དག་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཚེས་མཉན་པའི་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་གཞན་དག་དུ་འདོད་པར་བྱེད་དོ།། ཀཽ་ཤི་ཀ་སངས་རྒྱས་ཀྱི་ཞིང་དེར་བཟོད ་པཐོབ་པའི་བྱང་ཆུབ་སེམས་དཔའི་སུ་ཡང་མི་གནས་ཏེ། བཟོད་པ་ཐོབ་པའི་མདོ་ལ་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་ངོ་།། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དེ་བྱུང་ནས་བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་ཅིག་བཞིན་དུ་ཉིན་ལན ་གསུམ་མཚན་ལན་གསུམ་དུ་ཆོས་བསྟན་པ་འབྱུང་སྟེ། ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་བཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་འགྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་གཞན ་དག་འདོང་ངོ་། ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཇི་སྙེད་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་འདོད་བདེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར ་འགྱུར་ཏེ། ཀཽ་ཤི་ཀི་དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོངས་སོ།། ཀཽ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐ་དད་ནས་ལྷའི་བུ་ཟླ་བ་འདི་མི་སྣང་བར་གྱུར་ཏེ། ང་ལ་བལྟ་བ་དང་། ཕྱག ་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཞུ་བ་དང་། དྲི་བར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ་རྒྱས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དག་གི་ཡང་ཆོས་ཀྱི་བཟོད་པ་འདི་ཡོངས་སུ་རྫོགས་པར་བྱ ་བའི་ཕྱིར་སུམ་བཅུ་རྩ་གསུམ་གྱི་གནས་འདིར་གནས་པར་གྱུར་ཏོ། ། ཀཽ་ཤི་ཀ་ལྷའི་བུ་ཟླ་བ་འདི་ནི་དེའི་ཚེའི་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས ་འདས་པའི་འོག་ཏུ་བྱ་མའི་དྲིས་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པ་ན། འདི་ནས་ཤི་འཕོས་ནས་འཛམ་བུའི་གླིང་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་ཟབ་པར་སྣང་བ་འདི ་དག་ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ། ། སེམས་ཅན་འབུམ་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་བཟོད་པ་འདི་ལ་འདོད་པ་བསྐྱེད་པར་འགྱུར་རོ།། དེ་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པ་ན་མིའི་འཇིག་རྟེན་ནས་ཤི་འཕོས་ནས་དག ་ལྡན་གྱི་ལྷའི་བུ་རིས་སུ་སྐྱེ་བར་འགྱུར་ཏེ། དགའ་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འདི་འཛིན་དུ་འཇུག་པར་འགྱུར་རོ།། ། ་ལྷའི་བུ་འབུམ་ཕྲག་དཔག་དུ་མེད་པ་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་བསྐྱེད་དུ་འཇུག་པར་འགྱུར་རོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ནི་ལྷའི་བུ་འདི་འཛམ་བུའི་གླིང་འདིར་གནས་ནས། ལོ་བཅུའི་བར་དུ་ཁྱིམ་པར་འདུག་ཅིང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི ་བྱེད། བླ་མར་བྱེད་པར་འགྱུར་རོ།། དེ་དེའི་འོག་ཏུ་མི་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་འབྱུང་བར་འགྱུར་ཏེ། རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེའི་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངས ་སུ་འཛིན་པར་འགྱུར་རོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ།། བསྐལ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར ་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པར་འགྱུར་རོ། ། མཉེས་པར་བྱས་ནས་ཀྱང་བཀུར་སྟི་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། ་དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་བདུན་བཅུའི་བྱེ་མ་སྙེད་འདས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་རྫོགས ་པའི་བྱང་ཆུབ་དུ་ལུང་བསྟན་ན། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་དང་། དད་པ་དང་།། གུས་པ་སྐྱེ་འམ། དེ་སྐད་ཅེས་སྤྲས་པ་དང་། ལྷའི་བུ་ཟླ་བས་ལྷའི་བུ་ཟླ་མཆོག་ལ་འདི་སྐད་ཅེས་སྦས་སོ།། ལྷའི་བུ་དེ་བཞིན ་གཤེགས་པ་ནི་འདུན་པའི་དབང་དུ་འགྲོ་འམ། འཇིགས་པའི་དབང་དུ་འགྲོ་བས་ལུང་སྟོན་པ་ཅུང་ཟད་ཀྱང་མེད་དེ། ལྷའི་བུ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ ་བསླབ་པ་ལ་སློབ་པ་ལུང་སྟོན་པར་ཟད་ན། བདག་གིས་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་འམ། དདཔའམ། གུས་པ་བསྐྱེད་དུ་ཅི་ཞིག་ཡོད་སྨྲས་པ། ལྷའི་བུ་དད་པ་གང་ལས་ཡོངས་སུ་བཙལ་བར་བྱ།། སྤྲས་པ། དད ་པ་སེམས་ལས་ཡོངས་སུ་བཙལ་བར་བྱའོ། ། སྨྲས་པ། གང་སེམས་ལ་སེམས་སུ་འདུ་ཤེས་པ་དེས་དད་པ་གང་ལས་བཙལ་བར་བྱ། སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་དད་པ་ཡོད་དོ།། སྨྲས་པ། གང་ལ་འཛིན་པ་མེད་པ ་དེ་ལ་མཆོག་དུ་དད་པ་ཡོད་དམ། སྨྲས་པ། ལྷའི་བུ་དེ་ནི་དད་པ་ཡིན་ཏེ། གང་ལ་སྡང་བ་ཡང་མེད། རབ་ཏུ་སྡང་བ་ཡང་མེད། དད་པ་ཡང་མེད་པ་དང་། གང་ལ་སོ་སོའི་སྐྱེ་བོ་དད་པ་མེད་པ་དེ་ལ་ནི་དད་པ་ཡོད་དོ།། དེ་ལྟར་དད་པར་གྱུར་པས། ་དེ་ལ་རང་བཞིན་གྱིས་དད་པ་ཡང་མེད་ལ་དེ་ནི་དེ་ཕྱིན་ཆད་ཀྱང་སྡང་བར་མི་འགྱུར་རོ།། ལྷའི་བུ་དེ་ལྟ་བས་ན་དད་པ་ཐོབ་པར་འདོད་པས་མྱུར་དུ་ཆོས་ལྔ་ལ་སྦྱོར་བར་བྱས་སྟེ། ཅི་ནས་སྦྱོར་བ་ཡང་མེད་འབྲལ་བ་ཡང་མེད ་པདེསྭཱསྦྱོར་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་སྦྱོར་བར་ཡང་མེད། འབྲལ་བ་ཡང་མེད་པའི་ཕྱིར།། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བབྱང ་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རྣམས་གང་ཡིན། སྤྲས་པ། ལྷའི་བུ་གང་ལ་ལུས་ཀྱང་མེད། ལུས་ཀྱི་སྡོམ་པ་ཡང་མེད། དག་ཀྱང་མེད། ངག་གི་སྡོམ་པ་ཡང་མེད། ་ཡིད་ཀྱང་མེད། ཡིད་ཀྱི་སྡོམ་པ་ཡང་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡིན་ནོ།། གང་ལ་ཡིད་ཀྱང་མེད། འཛིན་པ་ཡང་མེག། སོགས་པ་ཡང་མེད། འབྲི་བ་ཡང་མེད་པ་དེ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་བསླབ་པ་ཡིན་ནོ། ། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏམ། སྨྲས་པ། ལྷའི་བུ་བདག་ནི ་བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བསླབ་པ་འདི་ལ་ནི་གང་གིས་ཤེས་པར་འགྱུར་བའི་བདག་གམ། བདག་གི་ཞེས་བྱ་བ་འམ། བདག་སློབ་པོ་སྙམ་དུ་འཛིན་པ ་མེད་དེ། ཡང་དག་པར་ཞུགས་པ་དེ་ནི་བདག་སློབ་པོ་སྙམ་དུ་དེ་ལྟར་མ་སེམས་སོ།། སྨྲས་པ། ཇི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་འགྱུར། སྨྲས་པ། གང་མཉམ་པ་ཉིད་ལ་སྟོན་པར་ཡང་མི་བྱེད། འབྲི་བར་ཡང་། ་མི་བྱེད། ལེན་པར་ཡང་མི་བྱེད། འདོར་བར་ཡང་མི་བྱེད་པ་དང་། གང་མཉམ་པ་ཉིད་ལ་ཆོས་འདི་དག་ནི་མཆོག་གོ།། ཆོས་འདི་དག་ནི་ངན་པའོ།། ཞེས་གཉིས་སུ་མི་འབྱེད་ཅིང་ཆོས་འདི་དག་ལ་ཡང་དག་པར་སོ་སོར་ཤེས་ཏེ། ་དལྟར་ཞུགས་པ་གང་ཡིན་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་ཀྱིས་ཆོས་གང་དག་ཐོབ་པ་དང་། ཆོས་གང་དག་སྤངས་པའི་ཕྱིར་དེད ་ཤ་ཤིན་། མས་སྤང་བསན། སྨྲས་པ་མུ་དགནས་པ་འགྱུ་བའཚས་རྣམས་སྤངས་པ་དང་། སངས་རྒྱས་ཀྱིརྒྱས་རྣམས་ཐབ་པ་འཕྱར་དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་གྱི། ལྷའི་བུབདནན ་འག་པ་སྤངས་མཐབ་པའི་བྱོར་དེ་བཞི་གཤེགས་པས་སྲུང་བསྟན་ཏོ། ། སྒྲས་པ། དེ་ན་ཀྱིས་པས་སོ་མྦྷ་བ་རྣམས་ཀྱང་ཡང་སྐྲུ་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ནས་པའི་སྟེབ་རྣམས་རྣམ་མ ་ཆོས་རྣམས་ཀྱང་མ་སྤངས་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མཐོབ་པའི་ཕྱིར་རོ།། སྨྲས་པ། ལྷའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱིས་ཅི་ཞིག་སྤྲོས་པར་བྱེད། སྤྲས་པ། སྟོང་པ་ཉིད་དང་། ཆོས་ཉིད་སྤྲོས་པར་བྱེད ་དོ། ། སྨྲས་པ། སངས་རྒྱས་ཀྱི་ཆོས་དེ་དག་གིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྤྲོས་པར་བྱེད་དོ།། སྨྲས་པ་སྟོང་པ་ཉིད་དང་། ཆོས་ཉིད་སྤྲོས་པར་ནུས་སམ། ་སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྤྲོས་པར་ནུས་སམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ། ལྷའི་བུ་བདག་གིས་དེ་ལས་བསམས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་མ་སྤངས། ་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་བདག་ལུང་བསྟན་ཏོ་ཞེས་སྨྲའོ།། སྨྲས་པ། ཅི་སྟོང་པ་ཉིད་དང་། ཆོས་ཀྱང་བྱིངས་དང་།། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་བྱང་ཆུབ་ཏུ་ཇི ་ལྟར་ལུང་བསྟན་པ་དེ་བཞིན་དུ་ཁྱོད་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་ཏམ། སྨྲས་པ། བདག་ནི་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུ་ལུང་བསྟན ་ཏོ། ། ལྷའི་བུ་ཆོས་འདི་དག་གི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་ཡང་དེ་བཞིན་ཏེ། གང་ལུང་བསྟན་ཟིན་པ་ཡང་དེ་བཞིན་ནོ།། གང་ལུང་བསྟོན་པ་ཡང་དེ་བཞིན་ནོ།། གང་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་བའམ། མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་ནི་ཟབ་མོའི་ཤེས་རབ ་དང་ལྡན་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ཏེ། ལན་ཅི་དང་ཅི་འདེབས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོ་ནས ་འདེབས་ལ་ཆོས་ཀྱི་དབྱིངས་ནི་བསྟན་པ་འམ། ལན་གདབ་པ་འམ། བརྗོད་པར་ཡང་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་བརྗོད་དུ་མེད་ཅིང་བསྙད་དུ་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲའོ། ། སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི ་རྗེས་སུ་འགྲོ་བ་དེ་དག་ནི་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ། ། གཏམ་འདི་བརྗོད་པ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཁང་བཟངས་རྣམ་པར་རྒྱལ་བྱེད་ན་འདུག་སྟེ། འཁོར་ཆེན་པོ་ལ་ཆོས་སྟོན་ཅིང་འདུག་གོ།། དེ་ནས་ཚེ ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བསྟན་ལས་ལངས་ཏེ་འཆག་པར་བྱེད་དོ། ། ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཛམ་བུ་གླིང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོངས་སོ། ། སེམས་ཅན་དགེ་བའི་བསམ་པ་ཅན་དག་ཀྱང་མང་ན། དེ་དག་ཆོས་མི་ཐོས་པས་ཡོངས་སུ་ཉམས་པར་འགྱུར་རོ།། སྙམ་མོ།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་ཉིད ་ཀྱི་ཕྱིར་ལྷའི་མིག་གིས་འཛམ་བུ་གླིང་འདིར་རྣམ་པར་བལྟས་ན། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ ་དང་ཐབས་གཅིག་ཏུ་རྒྱལ་བ་ལ་བམ་ཐང་བྱ་མ་གས་ན་པལབང་པ་ནག་ཤེས་གསལ་བ་མཐང་ནས་འདུསམ་དུ་སེམས་། འདིན་བདག་ང་དྲ་བའི་རིགསོ་པ་གའ།། མེ་དང ་སྙམ་པ་དང་། དེས་བདག་དང་འདྲ་བའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་གཡོན་ལོགས་ན། ཟན་ཟ་ཞིང་འདུག་པ་མཐོང་ནས་དེ་བདག་གི་ལུས་ལ་བརྟགས་སོ།། དེ་བརྟགས་ན་དེ་ལ་ཆུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ། ་བདག་ཉིད་ཀྱི་ཆུ་ཞེང་ཅི་འདྲ་བ་དེའི་ཆུ་ཞེང་ཡངང་དེ་ཁོ་ན་དང་འདྲལ་ལྷག་ཆད་མེད་ཏེ། ཁ་དོག་དེ་དང་། རྟགས་དེ་དང་། དབྱིབས་དེ་ཐ་དད་པ་མེད་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འཛམ་བུའི་གླིང་དུ་མ་གཤེགས ་སམ་སྙམ་མོ། ། དེས་ཤིང་ཡོངས་འདུའི་དྲུང་དུ་བལྟས་ན་དེ་ན་ཡང་དེ་བཞིན་གཤེགས་པ་ལྷའི་ཚོགས་ཀྱིས་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་ལ་ཤཱ་རིའི་བུ་ཡང་གཡས་ལོགས་ན་འདུག་པ་དང་། མཽད་གལ་གྱི་བུ་དང་འདྲ་བའི་དགེ་སློང་ཡང ་གཡོན་ལོགས་ན་འདྲག་པ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ལྟར་ངོ་མཚར་ཆེ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཆེའོ།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེའོ།། ཆེ་བར་ཡང་གྲགས་སོ།། མཐུ་ཡང་ཆེ་སྟེ། འདི་ལྟར་འཛམ་བུའི་གླིང་ན་ཡང་ཆོས་སྟོན་པའི་རྒྱུན་མའིའཆད་ལ། སུམ་བཅུ་རྩ་གསུམ་གྱི་གནས་ན་ཡང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས ་སྟོན་ཏོ་སྙམ་མོ། ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་འཛམ་བུའི་གླིང་དུ་རྣམ་པར་བལྟས་ན་དེས་དེ་བཞིན་གཤེགས་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་འཁོར་འབུམ་ཕྲག ་དྲི་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་། ། དེ་ན་ཡང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ་།། ཤཱ་རིའི་བུ་དང་། འོད་སྲུང་ཆེན ་པོ་དངད་། ཀདྱའི་བུ་ཆེན་པོ་དང་། གང་པོ་དང་། རབ་འབྱོར་དང་། ནམ་གྲུ་དང་། རྟ་ཐུལ་དང་། ཀབ་པི་ནི་དང་། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ་།། རྒྱལ་པོའི་ཁབ་ན་ཇི་ལྟ་བ་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡང་དེ་དང ་འདྲའོ། ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ་སུམ་བཅུ་རྩ་གསུམ་པའི་གནས་ན་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་འཛམ་ཟེ་གླིང་དུ་རྣམ་པར་བལྟས་ན། དེས་བཅོམ་ལྡན་འདས་སེར་སྐྱའི་གནས ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པ་དང་། སེར་སྐྱའི་གྲོང་ཁྱེར་ཆེན་པོ་ན་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ། དེར་ཡང་མཽད་གལ་གྱི་བུ་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན ་དུ་དེ་བཞིན་གཤེགས་པ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིང་ཙ་བྱི་གཞོན་ནུ་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེར་ཡང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་དེ་འདྲ་བ་དང་། རྟགས་དེ་འདྲ་བ་དང་། དབྱིབས་དེ་འདྲ ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་བཞིན་གཤེགས་པ་བླང་ན་སེའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས་བསླར་གཤེསས་པ་མཐོང་སྟེ།། དེར་ཡང་བདག་དང་འདྲ་བའི་དགེ ་སློང་ཁ་དོག་ཀྱང་དེ་འདྲ། རྟགས་ཀྱང་དེ་འདྲ། དབྱིབས་ཀྱང་དེ་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འཛམ་བུའི་གླིང་འདིར་རྣམ་པར་བསྡུས་ན། དེ་བཞིན་གཤེགས་པ་བཞུགས ་བཞུགས་པ་གང་ཡང་རུང་སྟེ། གཙུག་ལག་ཁང་དམ། འཆག་ས་འམ། ཤིང་དྲུང་འམ། རྡོ་ལེབ་བ་མ། ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་འདུན ་གྱི་བལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས་བཞུགས་པ་མཐོང་ངོ་། ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་བྱ། གིསྒྲ་མ་སྙེན་གྱི་གླིང་དུ་རྣམ་པར་བལྟས་ན་དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན ་ཆན་པ་དང་ཐབས་གཅག་ཁྱང་ག་སུམ་སྙན་མམངོན་པསད་སྙམས་ལ་གཤེགས་པ་དང་། བསད་སྙོམས་པཞེས་ནས་བགས་གས་པ་ཞིང་བཞུགས་པ་མང་།། དེན་ཡང་བདག་ཉིད་དང་དྲ་བ་དགས་དང་། དམ་སན་དང། ་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་རྣམ་པར་བལྟས་ན། དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན་ཆོས་སྟོན་ཅིང་བཞུགས་པ་མཐོང ་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་མཐོང་ངོ་།། དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ཡང་དེ་བཞིན་གཤེགས་པ་བསམ་གཏན་ནང་དུ་ཡང་དག་འཇོག་ལ་བཞུགས་ཏེ། སྲོག་ཆགས ་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང་། ཉན་ཐོས་ཆེན་པོ་ཐམས་ཅད་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དག་ཀྱང་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་ཞིག་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོད ་གལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་ས་བླའི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང ་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ། དེ་ན ་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ན་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ ་དང་། གཞན་འཕྲུལ་དབང་བྱེད་རྣམས་སུ་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་གྱི་བར་དུ་རྣམ་པར་བལྟས་ན་ཚངས་པའི་འཇིག་རྟེན་ན་ཡང་དེ་བཞིན་གཤེགས་པ་ཚངས་པ་འབུམ་ཕྲག ་དུམས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ། དེ་ན་སང་བདག་ཉིད་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་འདྲ། རྟགས་དང་འདྲ། དབྱིངས་ཀྱང་དེ་འདྲ། ཆུ་ཞེང་ཡང་དེ་ཁོ་ན་དང་འདྲ་བ་མཐོང་ངོ་།། མཽ་དགལ་གྱི་བུ་འདྲའི་དགེ ་གྲོ་དེ་དག་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཚེ་འཕྲུལ་གྱི་ཆོས་སྟོན་ཏེ། ཐམས་ཅད་ཀྱང་མོ་དགལ་ཀྱི་བུ་ཞེས་བྱ་བར་ཤེས་སོ།། ཤཱ་རིའི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་གྱི་མདུན་ན་སེང་གེའི་སྒྲ་སྒྲོགས་ཏེ། དེ་དག་ཐམས་ཅད་ཀྱང་ཤཱརྦིའི ་བུགས་གྲགས་ཏེ། དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྟོབས་བསྐྱེད་པས་ཆོས་སྟོན་ཏོ།། དེ་ནས་མོད་གལ་གྱི་བུ་ཆེན་པོ་དགའ་ཞིང་མགུལ་སྒྲ་ཟིང་ཞེས་བྱེད་ནས་ངོ་མཚར་དུ་གྱུར་ཏེ། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ། ་མཚར་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་རྩ་ངོ་མཚར་ཏོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་མཽ་དགལ་གྱི་བུ་ཆེན་པོ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་ཚིག་དུ་སྨྲ་ཞིང་ཡང ་བཟང་རྣམ་པར་རྒྱལ་བྱེད་ནས་ཤུགས་ཆེན་པོས་ཡན་ལག་ལྔས་ཕྱག་བྱས་སོ། ། དེའི་ཚེ་ཙ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་དུགྲགས་ཏེ། སུམ་བཅུ་རྩ་གསུམ་ཡིཞིན་ཐམས་ཅད་གཡོས་སོ།། དེ་ན་ལྷའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ ་ལྡན་འདས། རྒྱུ་གང་དང་རྐྱེན་གང་གིས་ཅ་ཅོའི་སྒྲ་ཆེན་པོ་དང་། ས་ཆེན་པོ་གཡོ་བ་འཇིག་རྟེན་དུ་བྱུང་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་དག་དགེ་སློང་མཽད་གལ་གྱི་བུ་འདི་སངས ་རྒྱས་ལ་གཅེས་པར་འཛིན་པའི་ཕྱིར་ས་ཆེན་པོའི་སྟེང་དུ་ཕྱག་བྱས་ཏེ། འདི་ནི་དེའི་མཐ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དགེ་སློང་མཽད་གལ་གྱི་བུ་ཆེན་པོ་ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལྷའི་བུ་དག་དགེ་སློང་མཽད་དགལ་གྱི་བུ་དེ་འོང་གིས་དེ་ལ་དྲིས་ཤིག། དེ་ནས་གནས་བརྟན་མོད་གལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ནས་ལངས་ཏེ་ཤིན་ཏུ་མྱུར་བ་དང་། ཤིན་དུ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང ་སྟེ་བྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་སྐོང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། སོར་མོ་བཅུའི་ཐིལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཆགས ་སུ་བཅད་པ་དག་གིས་བསྟོད་པ། ། མགོན་པོ་མཚུངས་མེད་མི་ཡི་དབང་པོ་ཁྱད་པར་བརྙེས།། དྲི་མ་གསུམ་གྱི་ཐ་བ་སྤངས་པ་སེམས་རུལ་པ།། མི་མཆོག་ལྷ་དང་མི་ཡི་མཆོད་པའི་གནས་གྱུར་པ།། རྒྱལ་བའི་བློ་ཡི་སྤྱོད་པ་བསམ་གྱིས་ཡོད་མི་བྱག། ་ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན།། སེམས་ཅན་ལོང་བ་ལྡན་གྱིས་མཐོང་བར་མི་འགྱུར་པ།། དེ་བཞིན་སྟོབས་བཅུ་མངའ་བ་ཀུན་དུ་འོད་ཟེར་ལྡན།། ཉན་ཐོས་ཀུན་གྱིས་ཤེས་པར་སླ་བ་མ་ལགས་སོ།། ཉན་ཐོས་འདི་དག་ཐམས་ཅ ་དབུས་ལོང་འདྲ་བ་སྟེ། སངས་རྒྱས་ཐེག་པ་ཞེས་ནི་འཛིན་པར་ཡོད་མི་བགྱིད།། དེ་བཞིན་གཤེགས་པ་ལ་ནི་དད་པས་མཆི་མོད་ཀྱི།། རྒྱལ་བ་དག་གིས་ཆོས་ཉིད་ཀྱང་ནི་ཡོད་མ་འཚལ།། རྒྱ་མཚོ་ཆེན་པོའི་དྲུང་ནབཔ་རྗེས་ལྟ་བུ་དང་།། རི་རབ ་རྒྱལ་པོ་དང་ནི་ཡུངས་འབྲུ་གཅིག་པུ་དང་། ། ཉི་མའི་འོད་དང་སྲིན་བུ་མེ་ཁྱེར་འདྲ་བ་སྟེ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འངདྲ་།། ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱིད།། མཁའ་ལ་ཉི་མ་གནས་པ་མེ་ཁྱེར་འདོད ་མི་བགྱིད། ། རྒྱ་མཚོ་ཆེན་པོ་པ་རྗེས་ཆུ་ལ་འདོད་མི་བགྱིད།། བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད།། དམུས་ལོད་མི་དང་ལྷ་ཡི་མིག་ལྡན་ཅི་འདྲ་དང་།། ཕལ་པའི་མི་དང་འཁོར་ལོས་སྒྱུར་བ་ཅི་འདྲ་དང་།། ཟླ་བའི་འོད ་ཀྱིས་སྐར་མ་རྣམས་ནི་ཟིལ་གནོན་པར། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོར་ནམས་དེ་དང་འདྲ།། ལྷ་མོ་སྒྱུ་འཕྲུལ་ནི་ལ་ནི་ཐུགས་བརྩེ་དོན་སླད་དུ།། ལྷུན་པོའི་རྩེ་མོ་འདི་ན་རྒྱལ་བ་བཞུགས་པ་ན།། སངས་རྒྱས་དང་ནི་དགེ་སློང་དགེ་འདུན ་མི་བཞུགས་པས། ། བདག་ནི་འཛམ་བུའི་གླིང་འདི་སྟོང་སྙམ་ཡིད་ལ་བགྱིད།། བཅོམ་ལྡན་བདག་ནི་རྣམ་པར་རྒྱལ་བྱེད་ནང་ན་མཆིས།། ལྷའི་བུ་མོ་རྣམས་ལ་ཆོས་ནི་སྟོན་པ་ན།། བདག་གིས་ལྷ་ཡི་མིག་གིས་འཛམ་བུའི་གླིང་དུ། ་བལྟས།། གྲོང་ཁྱེར་དང་ནི་ཚོང་འདུས་བརྒྱ་ཕྲག་བརྟག་པ་བགྱིས།། བརྟགས་པའི་ཚེ་ན་བདག་གིས་དེར་ནི་རྒྱལ་བ་མཐོང་།། རྒྱལ་པོའི་ཁ་བ་དང་མཐུ་ཆེན་གཟུགས་ཅན་སྙིང་པོའི་ཁང་།། གྲོད་རྡལ་མི་དང་འཁོར་གྱིས་མདུན་གྱིས་འལྟས ་ཡན། ། ན་པས་རྣམས་དང་ཐབས་གཅིག་ཏུ་ནི་བགོས་ཀྱང་གསཔ།། གཡོན་ལོགས་ན་ནི་བདག་གི་བ་དག་འདྲབ་ཡི།། མཽད་གལ་ཅན་ཐམཆིས་པ་ཡང་བདག་གིས་མཐོད།། གམས་ལོགས་ན་ནི་ཤཱ་རཱི་བྱམཆོས་གནན་ག ་རྒྱལ་བ་ཡིན་ཅན་ཐོས་ཐམས་ཅད་འཁོད་པ་མཐོང་། ། ལྡན་པ་ཡིདི་སྙེད་དུ་བྲལ་པ་གཤེགས་རྒྱས་བགྱིད།། དག་གིས་བཏགས་ལྡན་པའི་བསོན་པ་སྔགས་པ་མཐོད་།། བདག་ཉིད་བྱུང་ནི་རྒྱལ་པོའི་བླན་པའི་ས་པ་དང་། ་པོའི་རྩེ་མོ་དེ་ཉིད་ན་ཡང་མཆིས་པ་མཐོང་།། གྲོང་ཁྱེར་མཉན་ཡོད་ན་ཡང་འཇིག་རྟེན་མགོན་པོ་ནི།། སྲོག་ཆགས་བྱེ་བ་མང་པོ་དག་ལ་ཆོས་སྟོན་མཐོང་།། དེ་དག་ན་ཡང་བདག་དང་ཤཱ་རིའི་བུ་དང་ནི།། ཉན་ཐོས་གཞན་རྣམས་གང་ལེགས། ་དེདག་མཐོང་བར་འགྱུར།། ཤཱཀྱ་དག་ཀྱི་ནང་དུ་བསོད་སྙོམས་གཤེགས་པ་མཐོང་།། ཡངས་པ་ནས་ནི་སླར་གཤེགས་པ་ཡང་མཐོང་བར་གྱུར། ར་ན་སིར་ཡང་ནི་དེ་བཞིན་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་ཉིད ་ཀྱི་ནི་ལུས་ཀྱང་མཐོང་། ། བྱང་གི་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ།། ཚོགས་དང་ལྷན་ཅིག་བསོད་སྙོམས་དག་ལ་རྒྱུ་བ་མཐོང་།། མ་དྲོས་མཚོ་ཡི་ནང་དག་ན་ཡང་ཉན་ཐོས་བཅས།། བསོད་སྙོམས་ཞལ་ཟས་གསོལ་བ་བདག ་གིས་མཐོང་བར་གྱུར། ། དེ་བཞིན་ནུབགྱི་བ་ལང་སྤྱོད་ཀྱི་གླིང་དག་ན།། སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོའི་དོན་མཛད་མཐོང་།། ཐམས་ཅད་དུ་ནི་མཽད་གལ་ཡང་རྫུ་འཕྲུལ་གྱི།། སྟོབས་ཀྱིས་འགྲོ་བ་རྣམས་ནི་འདུལ་བར་བགྱིད ་པ་མཐོང་། ། དེ་བཞིན་དུ་ཡང་ཤར་གྱི་ལུས་འཕགས་གླིང་དག་ན།། མི་རྣམས་ལ་ནི་ཆོས་རྣམས་སྣ་ཚོགས་སྟོན་པ་མཐོང་།། དེ་ན་ཡང་ནི་བདག་དང་ཤཱ་རིའི་བུ་དག་དང་།། གཞན་ཡང་ཉན་ཐོས་གང་ལགས་དེ་དག་བདག་གིས ་མཐོང་། ། དེ་བཞིནས་བླ་བ་ཡི་ལྷའི་གནས་རྣམས་དང་།། བར་སྣང་དག་ན་ཆོས་ནི་སྟོན་ཅིང་བཞུགས་པ་མཐོང་།། ཆོས་ཀྱི་མདའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོད།། བཞི་པོ་དག་ལ་ཆོས་རྣམས་སྟོན་ཅིང ་བཞུགས་པ་མཐོང་། དེ་བཞིན་དུ་ཡང་འཐབ་བྲལ་ལྷ་རྣམས་ནང་དུ་མཐོང་།། དེ་ནས་ཤཱཀྱ་སེང་གེ་དགའ་ལྡན་དག་དུ་མཐོང་།། རབ་འཕྲུལ་དག་དང་གཞན་འཕྲུལ་དབང་བྱེད་དག་ནིནི།། མགོན་པོ་ཉན་ཐོས་རྣམས་དང ་བཅས་པ་བདག་གིས་མཐོང་། ། ཚངས་པའི་འཇིག་རྟེན་དག་ན་ཚངས་པ་བྱེ་བ་ལ།། ཆོས་རྣམས་སྟོན་ཅིང་བཞུགས་པ་བདག་གིས་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་གིས་ལུས་དང་དེ་བཞིན་དུ།། གཞན་ཡང་རྒྱལ ་བའི་ཉན་ཐོས་རྣམས་ནི་བདག་གིས་མཐོང་། ། གཙུག་ལག་ཁང་དང་འཆགས་ཤིང་གི་གནས་རྣམས་དང་།། ཕུག་རྣམས་གང་ན་སྔོན་ཆད་སངས་རྒྱས་བཞུགས་བཞུགས་པ།། ཐམས་ཅད་དུ་ཡང་ཤཱཀྱ་སེང་གེ་ཅི་འདྲ་བ།། དེ་འདྲའི ་ཆོས་ཀྱི་རྒྱལ་པོ་བདག་གིས་མཐོང་བར་གྱུར། ། དཔའོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིས་སུ།། མཐོང་ནས་བདག་ནི་ངོ་མཚར་རྨད་དུ་འཛིན་པར་གྱུར།། སངས་རྒྱས་འོད་མཛད་དེ་དག་རྣམས་ཀྱིས་རྫུ་འཕྲུལ་མཆོག། འདི་འདྲེད་དག་དོ ་མཚར་རབ་ཏུ་ཆེ་བ་ལགས། ། རྣམ་འདྲེན་སུམ་བཅུ་གསུམ་ན་བཞུགས་པར་མ་བས་ཀྱི།། འཛམ་བུའི་གླིང་ན་ཐམས་ཅད་དུ་ཡང་སྣང་ཞིང་བཞུགས།། གྲོང་རྣམས་དང་ནི་ཡུལ་འཁོར་གྲོང་ཁྱེར་དག་ན་ཡང་།། ཁ་དོག་འཐུན་པ་ཡིས་ནི ་ཆོས་རྣམས་སྟོན་ཅིང་བཞུགས། ། འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན།། དེ་སྙེད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པོ་ཆེ།། ཀ་བ་བི་ན་དང་ནམ་གྲུ་ཀཱ་ཏྱ་ནའི་བུ།། གང་པོ་དང་ནི་རབ་འབྱོར་འོད་སྲུང་མཐོང་བར་གྱུར།། ཐོས་པའི་རྒྱ་མཚོ ་ལྟ་བུའི་དགེ་བ་ཀུན་དགའ་བོ། ། ཀུན་ཏུ་སངས་རྒྱས་རྣམས་ལ་ཞུ་བ་བདག་གིས་མཐོང་།། ཐམས་ཅད་དུ་ཡང་བདག་གི་ལུས་ནི་མདོག་དང་རྟགས།། མཚུངས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་བར་གྱུར།། སངས་ཀྱིས་བསམ་གྱིས ་སི་ཁྱ་བ་རྣམས་ལ་ཕྱག་འཚལ་ཞེས། ། བདག་གིས་ལྷུན་པོའི་ཟོམ་ལ་ཆེད་དུ་བརྗོད་པ་བརྗོད།། བདག་གི་སྤུ་ཡང་ཟིང་ཞེས་བགྱིད་དེ་གུས་པས་གནས།། ཡན་ལག་ལྔ་པོ་རྣམས་ཀྱིས་ཀྱང་ནི་ཕྱག་བགྱིས་ལགས།། སྒྲ་སྐ་དཔ ་ཆེན་པོ་དག་ཀྱང་ཡོངས་སུ་གྲག་པར་གྱུར། ། སྟོང་གསུམས་གཞི་དག་ཀྱང་རབ་ཏུ་གཡོས་པར་གྱུར།། ལྷུན་པོའི་རྩེ་མོ་འདི་ཡང་ཀུན་ཏུ་སྣང་བར་གྱུར།། རྒྱལ་བ་དེས་པ་དག་གི་མཐུ་ནི་མཐོང་གྱུར་ནས།། ད་ལྟར་བདག་ནི་ཤིན་དུ་རིངས་པའོ། ་ཚུལ་གྱིས་སུ།། མི་མཆོག་ག་ལ་བཞུགས་པ་དེར་ནི་བདག་མཆིས་ཏེ།། ཆོས་ཀྱི་རྣམ་པར་དབྱེ་བ་མཁས་པ་ཁྱོད་ལ་ཞུ།། རྒྱལ་བ་དེ་བཞིན་གཤེགས་རྣམས་ཇི་ལྟར་རྣམ་པར་འཕྲུལ།། འཛམ་བུའི་གླིང་དང་ལྷ་ཡི་འཇིག་རྟེན་དག་དང་ནི།། ་ལྕེ་ཕྱོགས་དང་ནི་ཤར་ཕྱོགས་བྱང་གི་ཕྱོགས་རྣམས་དང་།། ཚངས་པའི་འཇིག་རྟེན་དང་ནི་བར་སྣང་གནས་བཞུགས་པ།། རྒྱལ་བ་རྣམས་ཀྱི་དེ་ཉིད་གང་ལགས་བདག་ལ་གསུངས།། སྟོན་པ་ཆེན་པོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས།། ་དེད་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པར་གྱུར།། དེ་ཡི་འོག་ཏུ་སངས་རྒྱས་ཐེག་པ་འདི་དག་ལས།། བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན་བགྱིད།། གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན། བྱང་ཆུབ་དུ་ནི་ད་ལྟར ་སེམས་ཀྱང་སྐྱེད་པ་ཞིག། བཅོམ་ལྡན་བདག་གི་ཟག་པ་ཟད་པས་བགྱིད་མ་མཆིས།། བདག་ནི་སངས་རྒྱས་ཡེ་ཤེས་འདི་ཡི་སྣོད་མ་ལགས།། ཇི་ལྟར་རྒྱ་མཚོར་རིན་ཆེན་དོན་དུ་སོང་སོང་ན།། ཀྱི་ཧུད་ནོར་བུ་རིན་ཆེན་པོར་ཏེ ་འཆིང་བུ་བླངས། ། བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པ་གང་ལགས་པའི།། སེམས་ཅན་རྣམས་ཀྱང་ད་ནི་དེ་འདྲར་མཁྱེན་པར་མཛོད།། སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་ནི།། རྒྱ་ཆེན་བྱང་ཆུབ་ཏུ་ནི་སེམས་ཀྱང་མི་སྐྱེ་འགྱུར།། ་བརྩོན་འགྲུས་ལྡན་ཞིང་མཐུ་རྩ་ལ་བརྟན་པ་གང་ལགས་པ།། དེ་དག་སངས་རྒྱས་ཡེ་ཤེས་ལ་ནི་འདུན་པ་སྐྱེད།། མགོན་པོ་བདག་ནི་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི།། ཡེ་ཤེས་མཆོག་ཞུགས་གང་ལགས་པ་ལ་ཕྱག་འཚལ་ལོ།། ་ཤཱཀྱ་སེང་གེ་བཞིན་དུ་དེ་དག་རྣམ་པར་འཕྲུལ། བདག་ནི་འདི་ལ་ཡིད་གཉིས་མི་འཚལ་དོགས་མ་མཆིས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།། མཽད་གལ་གྱི་བུ ་ཁྱོད་ཀྱི་ཡུལ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱི། ། མཽད་གལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་ནི་སེམས་ཅན་ཐམས་ཅད་རང་སངས་རྒྱས ་སུ་གྱུར་པས་ཀྱང་ཀུན་ཤེས་པའམ། རྣམ་པར་ཤེས་པར་མི་ནུས་ན་ཉན་ཐོས་ཕྱོགས་གཅིག། བ་ལ་སྤྱོད་ཅིང་ཕྱོགས་གཅིག་གི་ཤེས་པ་དང་ལྡན་པ་ཁྱོད་ཀྱིས་ལྟ་ག་ལ་ཤེས། མཽད་གལ་གྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་གྱིས་དེའི་བར་དུ་འཁོར་མ་འོངས་པ་རྣམས་ནི་སྡུས་ཤིག། འཁོར་འདུས་པ་རྣམས་ནི་འཁོད ་དུཆུ་གཤེག། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ།། ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ལུས་འབར་ཞིང་འོད་ཟེར་དག་འགྱེད་བཞིན་དུ་དེའི་ཚེ་ཚངས་པའི་འཇིག ་རྟེན་དུ་འདུག་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུ་སྐད་ཀྱིས་བསྒོ་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སུ་ཡང་། དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཤིན་དུ་དཀོན།། ། ་ཨུ་དུམ་བཱ་རའི་མེ་ཏོག་ཇི་ལྟ་བ།། འདྲེན་པ་རྣམས་མཐོང་བ་ཡང་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ།། བསོད་ནམས་སྟོབས་དང་ལྡན་ནི་བུ་སྟོང་དང་། རིན་ཆེན་བདུན་ལྡན་འདོད་པ་གང་ཡིན་པ།། དེ་ནི་སོང ་ལ་སངས་རྒྱས་ཆོས་ཉོན་ཅིག། བརྒྱ་བྱིན་ཚངས་པར་འགྱུར་བར་སུ་འདོད་དང་།། འདིར་ནི་ལྷ་མོའི་བདེ་བ་གཞན་དག་གིས། དགའ་ཞིང་རྩེ་ལ་རྟག་ཏུ་བདེ་ལྡན་འད། དེ་ནི་ཆོས་ཀྱི་རྒྱལ་པོ་ལྟར་སོང་ཤིག། ཉོན་མོངས ་ཀུན་སྐམས་ཞིབ་མྱ་ངན་འདས། ། བདུད་རྩི་རེག་དང་རྫུ་འཕྲུལ་སྟོབས་གནས་ནས།། རྣམ་པར་འཕྲུལ་བར་འདོད་པ་གང་ཡིན་པ།། དེ་ནི་སོངས་རྒྱལ་བའི་ཆོས་ཉོན་ཅིག། རང་སངས་རྒྱས་སམཉན་ཐོས་འགྱུར་བའམ། ཡང་ན ་སྟོབས་བཅས་དཔུང་བཅས་བདུད་བཏུལ་ནས། ། སངས་རྒྱས་རྐང་གཉིས་མཆོག་འགྱུར་འདོད་པ་གང་།། དེ་ན་ཆོས་ཀྱི་མངའ་བདག་ལྟར་སོང་ཤིག། དེ་ནས་གནས་བརྟན་མོད་གལ་གྱི་བུས་སྐལ་བའི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག ་དྲ་མ་ཇི་སྙེད་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་མྱུར་དུ་མྱུར་བར་ཤིན་དུ་རིངས་པར་མེ་ཏོག་དང་།། མེ་ཏོག་ཕྲེང་དང་། སྤོས་དང་ཕྱེ་མ་ཁྱེར་ནས་བཅོམ་ལྡན་འདས་གལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས ་ལ་མཆི་མ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་དུ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་རྫུ་འཕྲུལ་དེ་བཏང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བྱིན ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་དུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས་པའི་སངས ་རྒྱས་ཀྱིས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་བཤད་དོ། ། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ།། ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽད་དགལ་གྱི་བུ་བཅོམ་ལྡན་འདས་ཀྱི་ལྟར ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག ་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་ནི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡིན་ནོ།། མཽད་གལ་གྱི་བུ་འདི། ་ཇི་སྙམ་དུ་སེམས། གླི་ཆེན་པོ་བཞི་པ་འདི་འབའ་ཤིག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གླིང་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། མཽདགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། གླིང་ཆེན་པོ་བན་པ། ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཅི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ཆོས་སྟོན་ཏེ་ཁ་ཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས། ཁ་ཅིག་དུ་ནི་རུད་མའི་མེད་ལ་ནག། ནས་ཁཅིག་དུ་ནི་དགའ་ལྡན་གྱི་གནས་ན་འདུག་ཁ་ཅིག་ཏུ་ནི་ཡོངས་སུ་མྱ་ངན་ལས་འདས ་པརངས་ཡང་དག་པར་ཤེས་སོ། ། ། བམ་པོ་གསུམ་པ་སྟེ་ཐ་མ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ཤར་ཕྱོགས ་ས་ཨུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་ཉིས་སྔོར་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ཞིག་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ ་བློ་གྲོས་ཤེས་བྱ་བ་ད་ལྟར་ཆོས་སྟོན་ཏོ། ། མཽད་གལ་གྱི་བུ་གླང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་དག་ནི་འདོད་ཆགས་ཆུང་པ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། བྱད་བཟང་བ་དང་། ལེགས་པར ་ཤད་ཀྱིས་བྱང་བར་བྱེད་པ་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི་ཉུང་སྟེ། ཕལ་ཆེར་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ནོ།། ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས ་དེས་ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འདུལ་བར་བྱེད་དེ། ད་ལྟར་འདི་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བ་བསྟན་པ་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ ་ཀྱིགྱིའབྲས་བུ་བཞི་རྣམ་པར་གཞག་པ་ནི་དེན་མེད་ཀྱི་དེ་དག་ཐམས་ཅད་ནི་སྟན་གཅིག་ལ་འདུག་པ་ཤ་སྟག་སྟེ། ཁ་ཅིག་ནི་མངོན་པར་ཤེས་པ་མངོན་སུམ་དུ་བྱེད་ཅིང་རྣམ་པར་ཐར་པ་བརྒྱད་རྗེས་སུ་འཐོབ་པ་དང་། ཡེ་ཤེས་ཆེན་པོ་ཐོབ་ནས ་ཏ་ལ་བདུན་སྲིད་ཙམ་གྱི་ནམ་ན་མཁའ་ལ་མངོན་པར་འཕགས་ནས་རང་གི་མེའི་ཁམས་ཀྱིས་རང་གི་ལུས་སྲེག་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐལ་བའི་བག་ཙམ་ཡང་མེད་དོ།། མཽད་གལ་གྱི་བུ་དེ་ལྟར་དེ་བཞིན ་གཤེགས་པ་དེ་རྒྱུན་མིའི་འཆད་པར་ཆོས་སྟོན་ཅིང་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱེད་ལ་རྒྱུན་མི་འཆད་པར་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་དོ། ། དེ་ན་སྦྱིན་པ་ཡང་མེད། ལེན་པ་ཡང་མེད་དོ།། བཟའ་བ་དང་། བཅད ་བ་དང་། གོས་རྣམས་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དང་འདྲའོ།། དེ་ན་སེམས་ཅན་རྣམས་མངལ་ན་གནས་པ་མེད་དེ་རྫུས་ཏེ་སྐྱེའོ།། ས་གཞི་ཆེན་པོ་དེ་ཡང་གསེར་ལས ་གྲུབ་པ་ཡིན་ནོ། ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཆི་བ་མེད་དོ།། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས ་དེ་ན་བཞུགས་པའི་དེ་བཞིན་གཤེགས་བརྡུལ་བྲལ་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། ་མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཚེ་འཕྲུལ་ཡིན་ཏེ། དེས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འདུག་པར་མི་ནུས་སོ།། མོད་དགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་འདི་ཉིད་ན་ལྷོ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་བརྒྱད་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་ཞེས་བྱ་བ་རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང་། དངུལ་དང་། ཤེལ་དང་། ་རྡོའི་སྙིང་པོ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཤས་ཆེར་རང་སངས ་རྒྱས་ཀྱི་ཐེག་པ་པ་རྣམས་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་ན་ནི་ཉན་ཐོས་ཀྱི་ཐེག་པ་པ་དག་ཀྱང་ཉུངངོ་།། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ཀྱང་ཉུང་ངོ་།། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡིན་པར ་ངདག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་རྐྱེན་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ།། མཽད་གལ་གྱི་བུ ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཞེས་བྱ་བ་དེ་གཞིན་ཞིག་ཡནི་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ་ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས ་འཇུག་པར་མི་ནུས་སོ། ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་ནུབ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཁྲི་ཉིས་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། སྤུ་ག་ལས་གྲུབ་པ་ཞིག་ཡོད་དེ། མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་ལས་བྱས ་པའི་ཆག་ས་དག་དང་། རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་དག་དང་། རིན་པོ་ཆེའི་སྟེགས་བུས་བརྒྱན་པའི་རྫིང་བུདག་ཀྱང་ཡོད་དོ།། བཟའ་བ་དང་། བཏུང་བ་དང་། གོས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས། ་ཀྱི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང་། ལོངོས་སྤྱོད་ཀྱང་དེ་དང་འདྲའོ།། དེ་ན་བུད་མེད་ཀྱི་མིང་ཡང་མི་ཟག་གོ།། དེ་ན་བུད་མེད་སྐྱེ་བ་ཡང་མེད་དོ།། དེ་ན་སེམས་ཅན་དེ་དག ་འཇིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡང་མེད་དོ། ། སེམས་ཅན་དེ་དག་འདོད་པའི་རྟོག་པ་ཡང་མི་བྱེད། གནོད་སེམས་ཀྱི་རྟོག་པ་ཡང་མི་བྱེད། རྣམ་པར་འཚེ་བའི་རྟོག་པ་ཡང་མི་བྱེད་དོ།། དེ་ན་སུ་ཡང་མངལ་ན་གནས་པ་མེད་དེ་སེམས ་ཅན་དེ་དག་རྫུས་ཏེ་སྐྱེ་ཞིང་སྐྱིལ་མོ་དཀྲུང་བཅས་བཞིན་དུ་འབྱུང་ངོ་། ། མཽད་གལ་གྱི་བུ་རིན་ཆེན་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ་ཡོངས་སུ་ཆད་པའི་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་།། ་དེ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ།། སེམས་ཅན་དཔག་དུ་མེད་པ་གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ།། སེམས ་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། ། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་ཡང་མེད་དེ ་བྱང་ཆུབ་སེམས་དཔའ་ཉེས་པའི་དྲི་བ་མེད་ཅིང་འཁྲིག་པ་དང་བྲལ་བ་འབའ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་གང་ངོ་། ། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པོ།། མི་དེ་དག་ནི་བར་མ ་དོར་འཆི་འཕོ་བ་ཡོད་དེ། ། སེམས་ཅན་སུ་ཡང་དེ་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེས་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མི་ཁོམ་པ་རྣམས་སུ་སྐྱེ་བ་མེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་པལ་ཆེར་དེ་ནས ་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེ་བར་འགྱུར་ཏེ། ། དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་འགྱུར་རོ།། གླིང་དེ་དག་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་འཁོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་འདི ་ལྟ་སྟེ། ཐམས་ཅད་མ་ཁྱེན་པ་ཉིད་ཀྱིསེ་མས་དང་བློ་གྲོས་སུ་བྲོ་གྲོས་གཅིག་གོ།། ལྒ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དེ་དག་སངས་རྒྱས་ཀྱི་ཆོས་པ་དགའ་བ་མ་གརྟོགས་པར་གཞན་ལ་དགའ་བས་སྐྱེད་དོ།། དང་། ཀླུ་དང་གནོད་རྒྱུན། ་དང་། དྲི་ཟ་དང་། མི་དེ་དག་ཀྱང་ལྷ་ཞེས་བྱ་བ་འམ།། ཀླུ་ཞེས་བྱ་བའམ། དྲི་ཟ་ཞེས་བྱ་བར་འམ། མི་ཞེས་བྱ་བར་མེང་དུ་གདགས་པ་ཙམ་ཡོད་པ་མ་གཏོགས་པར་ཐ་དད་དུ་དབྱེར་མེད་དོ།། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་འཇིག་རྟེན་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར ་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀུན ་ཤེས་པར་སླབ་མ་ཡིན་ནོ། ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་བྱང་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཁྲི་དྲུག་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི ་ཁམས་འཇིགས་མེད་ཅེས་བྱ་བ་རིན་པོ་ཆེ་སྣ་གཉིས་ཏེ་གསར་དང་། དངུལ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་སེམས་ཅན་དམྱལ་བའི་འཇིགས་པ་ཡང་མེད།། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ཡང་མེད།། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ ་ཡང་མེད། མི་ཁོམ་པའི་འཇིགས་པ་ཡང་མེད་ངན་འགྲོའི་འཇིགས་པ་ཡང་མེད་དོ།། དེ་ནས་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་ཉམས་པ་འམ། ཆོ་ག་ཉམས་པ་མེད་དོ།། དེ་ན་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་རྣམས ་ཀྱི་མིང་དུ་གདགས་པ་ཡང་མེད་དོ། ། མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་འཇིགས་མེད་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མེད་སྦྱིན་ཞེས་བྱ་བ་དེ་ལྟར་ཆོས་སྟོན་ཏེ། མཽད་གལ་གྱིས་བུད ་བཞིན་གཤེགས་པ་དེ་ནི་འདི་ལྟ་སྟེ། ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཐེག་པ་གསུམ་ལས་བརྩམས་ནས་སེམས་ཅན་རྣམས་ལ ་ཆོས་སྟོན་ཏོ། ། མཽ་དགལ་གྱི་བུ་དེ་བཞིན་གཤེགས་པ་དེ་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ་བདུད་བློ་གྲོས་བཟང་པོ་ཞེས་བྱ་བ ་ལ་སོགས་པ་བདུད་ཐག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་འོང་བར་འགྱུར་རོ། ། དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ད་དུང་ཐམས་ཅད་མཁྱེན་པ་མ་ཐོབ་པ་དེས་བདུད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་ཀྱི་ཤིང་སྤྲུལ་པར་བྱེད་དོ།། ་བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་རང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་སྤྲུལ་ཏེ། དེར་བདུད་དེ་དག་ངོ་མཚར་དུ་གྱུར་ནས་ཡང་དག་པའི་བྱང་ཆུབ་སེམས་དཔའ་དེ་གང་ཡིན། བདག་ཅག་གིས་གང་གི་བར ་ཆད་བྱ་སྙམ་མོ། ། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཡིན་ན་འདི་ལ་ཇི་ལྟར་ཁྱོད་ཀྱིས་བར་ཆད་བྱ། གཞན་ཡང་ཁྱེད་ཀུན་གྱིས་གང་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་པ་འམ། གང་ཡང་དག་པར་འཇུད་པ་དེའི་བསོད་ནམས་རྔ་སྙེད་འཕེལ་བར་འགྱུར་བ་ཤེས་སམ། ཁྱོད་ཀྱིས་ནི་དེ་ཡང་མི་རྟོགས་སོ།། གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི ་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་ན་ནི་བྱེད་པར་ཆད་བྱེད་པའི་ཕྱིར་བརྡུལ་བར་མ་བྱེད་ཅིག། དེ་ན་བདུད་རྣམས་ཀྱིས་སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་པ་སྐྱེད་པ་འམ། གས ་གཞན་ལ་ཁོང་དུ་རུད་པར་བགྱིས་ཏེ་ཡང་དག་པར་འཛིན་དུ་འཇུག་པ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་བགྱིད། སྨྲས་པ་གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆོས་ཡོངས་སུ་བཀང་སྟེ་སྦྱིར་བ་བྱིན་པ་བས། ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།། ཐོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱི་མ་སྙེད་ཀྱི་སེམས་ཅན་དེ། ་དག་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བཀུར་སྟི་བྱས་པ་པས། གང་གིས་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ་ཡང་དག་པར་འཛིན་ཏུ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།། དེ ་དག་གིས་སྨྲས་པ། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའ་བར་ཆད་བགྱིས་ན་དེ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་བསྐྱེད་པར་འགྱུར། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ་སེམས་ཅན་དེ་དག་གི་མིག་ཕྱུང་ན་དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་སྐྱེས་པར་འགྱུར། དེ་དག་གིས་སྨྲས་པ་མང་ངོ་།། སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བྱས་པ་དེ་དེ་བས ་ཆེས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རོ། ། དེ་ནས་བདུད་མང་པོ་དེ་དག་གདམས་ངག་འདི་དག་བསྟན་པ་དང་། ཆོ་འཕྲུལ་འདི་ལྟ་བུ་མཐོང་ནས་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ། ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ཡང་ལྷའི་མེ་ཏོག་དང་། མེ་ཏོག་བྲེང་དང་། བྱུག་པ་རྣམས་ཀྱིས་མངོན་པར་གཏོར་ཏོ།། སིལ་སྙན་བརྒྱ་སྟོང་དག་ཀྱང་ཀུན་དུ་དཀྲོལ་ཏེ། ཚིག་འདི་སྐད་དུ་དེད་དཔོན་ཆེན་པོ་ཁྱོད་མྱུར་བ་མྱུར ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་དགོད་དུ་གསོལ་ཞེས་ཀྱང་འཛེར་ཏོ། ། དེར་ལྷ་གཞན་དག་གིས་ཀྱང་སྒྲ་ཕྱུང་སྟེ། ཀྱེ་མ་བདུད་འདི་དག་གིས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་འདི་རྣམས་ནི་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་ལོ། ། ཀྱེ་མ་དེ་བཞིན་གཤེགས་པ་འདི་ནི་འཇིགས་པ་མེད་པ་སྦྱིན་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ ་འདིའི་མཚན་འཇིགས་མེད་སྦྱིན་འཇིགས་མེད་སྦྱིན་ཞེས་བྱའོ་ཞེས་འཛེར་ཏོ། ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། ་མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། ་དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ཤར་དང་ལྷོའི་ཕྱོགས་འཚམ་སུ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་བརྒྱད ་བྲི་བཞི་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས ་སྟོན་ཏོ། ། མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་བ་ལྟན་སྡུག་ལ་མིག་མངས་རིས་སུ།། འདུག་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ། ཀ་ཙ་ལིན་དཀ་ལྟར་རེག་ན་བདེ་བའི་རྩཝ་སྔོན་པོ་ཐུན་དུ་སོར་བཞི ་ཙམ་གྱིས་ཀུན་དུ་ཁྱབ་པར་འདུག་གོ། ། ས་ཆེན་པོ་དེ་ཡང་རྐང་པ་བཏེག་ན་ནི་བར་ཅེས་བྱེད་ལ་རྐང་པ་བཞག་ན་ནི་ནེམས་ཤེས་བྱེད་དེ། ས་ཆེན་པོ་དེ་ལག་མཐིལ་ལྟར་མཉམ་པར་འདུག་གོ། མཽད་གལ་གྱི་བུ་ཀུན་ནས་སྣ་ཚོགས་ཅན་གྱིས་འཇིག་རྟེན ་གྱི་ཁམས་དེ་ན་གྲོང་ཁྱེར་ཆེན་པོ་བཟང་མཆོག་ཅེས་བྱ་བ་འབྱོར་ཅིང་རྒྱས་ལ་བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་ཞིག་ཡོད་དེ། གྲོང་ཁྱེར་དེའི་ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཆུར་ནི ་དཔག་ཚད་སུམ་བཅུ་རྩ་བ། ཉིས་ཡོད་དོ།། ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་ཞེང་དུ་ནི་དཔག་ཚད་བཅུ་གཉིས་ཡོད་དོ།། མཽད་གལ་གྱི་བུ་གྲོང་ཁྱེར་ཆེན་པོ་བཟང་མཆོག་དེའི་ནང་ན་སེམས་ཅན་ཆེས་མང་བ་དག་གནས་ཀྱི། ཡུལ་ཨང ་ག་དང་། མ་ག་དྷ་དང་། ཀུ་རུ་འདི་དག་ན་ནི་དེ་ལྟ་མ་ཡིན་ནོ།། མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཅན་ནི་གྲོང་ཁྱེར་ཆེན་པོ་བཟང་མཆོག་ན་གནས་ཤིང་བཞུགས་ཏེ། དེའི་ཆོས་བསྟན་པ ་གཅིག་གིས་སེམས་ཅན་ཁྲག་ཁྲིག་ཕྲག་སུམ་བཅུ་ནི་དགྲ་བཅོམ་པ་ཉིད་དུ་བརྟུལ་ཏོ། ། ཁྲག་ཁྲིག་ཕྲག་སུམ་བཅུ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཏུལ་ཏོ།། བྲག་ཁྲིག་ཕྲག་སུམ་བཅུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བའབྲལ་ཏོ།། ་ཁྲག་ཐིག་ཕྲག་སུམ་བཅུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་ཏོ།། ཁྲག་ཁྲིག་ཕྲག་སུམ་བཅུ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། དེའི་ཉིས་འགྱུར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་དུསེམས་བསྐྱེད་དོ། ། གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་སོ།། མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་སྦྲང་རྩི་འབྱུང་ཞེས་བྱ་བའི་ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང ་ལྡན་པ་དང་། རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་དེ། མེ་ཏོག་དང་། འབྲས་བུ་དེ་དག་གི་རོ་ནི་དཔེར་ན་རོ་བརྒྱ་དང་སྦྱར་བའི་འབྲས་ཅན་དང་འདྲ་སྟེ། དེ་ལས་སྐྱེས་པ་འམ། བུད་མེད་དག་གིས་མེ་ཏོག་གཅིག་གམ། འབྲས་བུ་གཅིག་ཟོས་ན ་དེ་ཉིན་མཚན་བདུན་གྱི་བར་དུ་དེས་འཚོ་བར་འགྱུར་ཏེ། སྤྲོ་བ་དང་མདོག་ཀྱང་ཉམས་པར་མི་འགྱུར་ལ། ལུས་གཟི་བྱིན་དང་ཁ་དོག་དང་ལྡན་པར་ཡང་ཉམས་སུ་ཚོར་བར་འགྱུར་བ་དང་། ཟོ་མདོག་ཡང་བར་འགྱུར་རོ།། ཟོས་ནས་ཀྱང ་ཕྱིས་དང་གཅི་བ་མེད་ལ། དར་སྣབས་དང་སྐབས་ཀྱང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ན་ཞིང་མེད་པ་ཡང་མེད། ཚོང་བྱེད་པ་ང་ཡང་མེད། རྩིས་བྱེད་པ་ཡང་མེད།། ལས་སུ་བྱ་བ་ཡང་མེད་དེ། སེམས་ཅན་དེ་དག་ནི་མེ་ཏོག་དང་འབྲས་བུ་ཟའོ།། ་དེ་ན་ཕྱུག་པོ་ཡང་མེད།། དབུལ་པོ་ཡང་མེད་དེ། སེམས་ཅན་དེ་དག་ལོངས་སྤྱོད་མཉམ་མོ།། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཡོད་དོ།། དེ་བཞིན་གཤེགས་པ་དེ་ཡང་མ ་རྟོག་ཀུན་དུ་རྒྱས་པ་ཞེས་བྱ་བའི་བསྐྱེད་མོས་ཚལ་དེ་ན་བཞུགས་ཏེ། བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ནས་གདུགས་ཚོད་ལ་བབ་པ་ན་ཤིང་ལྗོན་པ་རྣམས་དེར་འདུད་པར་འགྱུར་ཏེ། མེ་ཏོག ་དང་འབྲས་བུ་དེ་དག་བཅོམ་ལྡན་འདས་དང་། དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འབྲུལ་བར་འགྱུར་ལ། བཤོས་གསོལ་ཟིན་པར་རིག་ནས་ཤིང་ལྗོན་པ་དེ་དག་ཕྱིར་རངས་ཏེ་སྔ་མོ་བཞིན་དུ་འདུག་གོ།། མཽད་གལ་གྱི་བུ་འཇིག་རྟེན།། ་གྱི་ཁམས་དེའི་ཡོན་ཏན་ནི་དེ་དག་ཡིན་ཏེ། དེ་བས་ཀྱང་ལྷག་པར་ཡོད་དོ།། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་གཞན་ཞིག་ཡིན ་པར་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བའི་མིང་གིས་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང ་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད ་ན་ལྷོ་དང་ནུབ་ཀྱི་ཕྱོགས་འཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བདུན་ཁྲི་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་ཤེས་བྱ་བ་ཞིག་ཡོད་དེ།། དེ་ན་གླིང་གཅིག ་ལ་ཡང་རྒྱལ་པོ་བརྒྱད་ཁྲི་ཡོད་དོ། ། གླིང་གཅིག་ལ་ཡང་གྲོང་ཁྱེར་བརྒྱད་ཁྲི་དང་། ཚོང་འདུས་བརྒྱད་ཁྲི་ཡོད་དོ།། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དེ་དག་ཐམས་ཅད་ན་ཡང་མི་བྱེ་བ ་ཐག་འབུམ་དག་གིས་ཡོངས་སུ་གང་ངོ་། ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་རང་རང་གྱི་རྒྱལ་སྲིད་ཀྱིས་ཆོག་པར་འཛིན་ཏོ།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ་ཆོས་མ་ཡིན་པ་སྤངས་པ་ཤ ་ཟག་གོ། རྒྱལ་པོ་དེ་དག་ཐམས་ཅད་ལ་ཡང་བཙུན་མ་བུད་མེད་བརྒྱ་ཐ་བཞི་སྟང་བརྒྱད་ཁྲི་བ་ནི་སློང་ཡོད་དེ་བུད་མེད་དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་གསུག་གོ།། རྒྱལ་པོའི་རེ ་ཡང་བྲལྔ་བརྒྱལ་བ་རྒྱ་ཡོད་དོ། ། རྒྱལ་པོ་རི་རིལ་ཡང་བུ་མོ་མ་ཉིས་སྟོང་ཉིས་སྟོང་མེདདེ། དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་ག། རྒྱལ་བ་དེ་དག་ཐམས་ཅད་ཀྱང་ཆད་པ་མེད་པ་དང་། མཚན་མ་མེད་པར་རང ་གི་འོག་ཏུ་གཏོགས་པ་འདུལ་བར་བྱེད་དོ། ། མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་འབྱེད་པ་ཞེས་བྱ་བ་ཆོས་སྟོན། ་མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེར་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར ་འཕགས་ནས་སྐྱིལ་མོ་དཀྲུང་བཅས་ཏེ། སྐྱིལ་མོ་དཀྲུང་གཅིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས་འོད་ཟེར་དག་རབ་ཏུ་འགྱེད་པ་དང་། མེ་ཏོག་གི་ཆར་འབེབས་པ་དང་། སིལ་སྙན་བརྒྱ་སྟོང་དག ་དཀྲོལ་བཞིན་དུས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་བཀྱོང་ནས་ཚངས་པའི་སྒྲ་སྐད་ལྟ་བུ་དགེ་བའི་རྩ་བ་འབུམ་ཕྲག་དུ་མས་ཡང་དག་པར་བསྒྲུབས་པའི་གསུང་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཟད། ་བྱ་བའི་ཕྱིར་རྡུལ་མེད་པ་མྱུ་ནསས་དས་པ་པང་ག་པར་གྱུན།། ང་ཆུབ་སེམས་དཔའ་རྣམས་འསུ་བའི་ཕྱིར་ཆོམ་པ་། པི་སྐ་དེ། ཆོས་བསྟན་པས་ཐ~ཾང་བན་རྒྱལ་ལ་བཅད་ཀྱི་ཟན ་ཆུད་མ་དང་བཅས། བུ་མོ་དང་བཅས་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲིམ་དང་བྲལ་བ་རྣམ་པར་དག་གོ། རྒྱལ་བ་དེ་དག་བུ་དང་བཅས། ་ཆུང་མ་དང་བཅས། བྲམ་དང་བཅས་པས་ཀྱང་ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐམས་ཅད་ཀྱིས་ཚིག་འཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་བ་འདེབས་སོ།། དེདག ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་བྱུང་ངོ་། ། དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས་སོ་སོའི་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་ཚོང་འདུས་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་གནས ་པའི་ལོངས་སྤྱོད་ཀྱིས་གནས་སོ། ། མ་རྨོས་མ་བཏབ་པའི་འབྲས་ས་ལུའི་ཡང་བྱུང་ངོ་།། ལྷ་རྣམས་ཀྱང་དེ་དག་ལ་བསྙེན་བཀུར་བྱེད་དོ།། དེ་ནས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཐམས ་ཅད་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་དོ། ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་མི་སྐྱེ་བ་དང་འཐུན་པའི་བཟོད་པ་ལ་འགོད་དོ།། ཆོས་བསྟན་པ་གསུམ་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི། ་ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་མངོན་པར་ཤེས་པ་ལྔ་འཐོབ་བོ།། ཆོས་བསྟན་པ་བཞི་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ལ་འགོད་དོ།། བྱང་ཆུབ ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་པ་མི་སྐྱེ་བར་བཟོད་པ་འཐོབ་བོ། ། རྒྱལ་པོའི་བཙུན་མོ་དེ་དག་དང་སྲས་དེ་དག་དང་། རྒྱལ་པོའི་བུ་མོ་དེ་དག་ནི་ལུས་དེ་ཉིད་ཀྱིས་བུད་མེད་ཀྱི་ལུས་ལས་འགྱུར་ཏེ། སྐྱེས་པའི་ལུས་ཐོབ་པར ་གྱུར་ནས་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་ཏོ། ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱེད་ཀྱིས་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་ངསངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ནུབ་དང་བྱང་གི་ཕྱོགས ་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན་གླེང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ཙན་དན་སྦྲུལ་གྱི་སྙིང་པོ་འབའ་ཞིག་ཡོད་ལ་སྤོས་དེ་སྲང་གཅིག་ལ་ན ་འཛམ་བུ་གླིང་འདི་རིའོ། ། དེ་ན་ཤིང་ལྗོན་པ་སྤོས་ཀྱི་ང་དཀུན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང་ཡོད་དེ་ཤིང་གཅིག་ལས་ཁོར་ཁོར་ཡུག་ཏུ་དཔག་ཚད་བཅུར་སྤོས་ཀྱི་དང་ལྡང་ངོ་།། དེ་ནས་ཆེན་པོ་ལས་པདྨ་མ་ཤིང་རྟའི་བར་ལོ་ཙམ་ལོ་མངས ་མ་འབུམ་ཕྲག་དུ་མ་དང་། ཁ་དོག་འབུམ་ཕྲག་དུ་མ་དང་ལྡན་པ། འཇམ་ཞིང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་འཕང་དུ་ཁྲུ་བཅུ་པ་ཙམ་དག་སྐྱེས་ཏེ། པད་མ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་དྲི་གསུང་ཞིམ་པར་བྱེད་དེ ་གླིང་བཞི་པའི་འཇིག་རྟེན་གྱི་འམས་དེན་ཅན་དན་གྱི་འང་བ་བརྩེགས་པ་དང་། ཙན་དན་གྱི་འཆགས་པད་མ་དང་མེ་ཏོག་གིས་གང་བར་འདུག་གོ། ཁང་པ་བརྩེགས་པ་ཤ་སྟག་འབུམ་ཕྲག་དུམས་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་ཡུ། ་དེ་ན་གྲོང་དང་གྲོང་ཁྱེར་གྱི་ཡོངས་སུ་འཛིན་པ་མེད་དེ།། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཇིལ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེན་མི་དེ་དག་གི་ཉེ་བར་སྤྱང་པ་དང་། ལོང ་སྤྱོ་དང་འདྲའོ། ། མཽ་གལ་ཀྱི་བུ་འཇིག་མས་སྨོས་མད་བཞིན་གཤེགས་པ་བུས་བཀྱད་འདི་ཟེར་ཅན་ཞེས་བྱ་བ་དལྟ་ཚས་སུན་ཏེ། དེ་བཞི་གཤེགས་པ་དེ་ནིནན་ཐོས་དང་། རངསངས་རྒྱས་ཀྱི་གཏམ་ཡས་སུ་སྤ་ས། ་ས་འི་བ་ཞིགགས་ག། ཟླ་ཅན་པ་བཞི་པའི་ན་ཀྱི་མམ་དན་བྱང་ཆུབསམས་དཔའ་སེམས་དང་ཅན་པཐམས་ཅད་ཀྱང་འཕྲུལ་ཐོབཔ་གཟུག་གིས་ཡོངས་སུ་ག་པ། བྱ ་སེམས་ད་པའི་འབར་དེ་ན་བྱང་ཆུབ་སེམས་དཔའ་ཚས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་བགས་བྱས་བསམ་ཀྱིས་མཐག་པའི་འཇུག་པ་དང་ལྡན་པ། བབད་པ་གཉིས་པ་ཐོབ་ག། མངོན་པར་ཤེས་པ་རྣམས་ལ་མ་ས་ག་། ་པས་རྟོགས་པར་ཁོང་དུ་ཆུད་པ། སངས་རྒྱས་འབུམ་ཐག་དུམ་མང་པོ་ལ་བསྙེན་བཀུར་བྱས་པ་འདུག་ཏེ། དགས་ཀྱི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་བསྐུལ་ཏེ། ་སྐབས་བྱེན་ཆོས་སྟོན་ཏེ་བཅོམ་ལྡན་འདས་དེའི་སྤྱན་སྔར་སྟན་ལས་ལངས་ནས་དེ་བཞིན་གཤེགས་པའི་ཞབས་ལ་ཕྲག་འཚལ་ཏེ། དེ་བཞིན་གཤེགས་པ་ལ་ལན་གསམ་སྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་དཀྱིལ ་མོདཀྲུང་གིས་ཁོར་ཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱབ་པར་བྱས་ནས། སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས་ནས་མེ་ཏོག་ཁ་དོག་སྣ་ཚོགས་འབུམ་དང་ལྡན་པ ་ཤིང་རྟའི་པང་ལོ་ཙམ་དག་གིས་ས་ཆེན་པོ་དེ་དག་ལ་མི་འགྲེང་ཙམ་དུ་བཀྲམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞྭ་དང་མའི་སིལ་སྙན་དག་གི་སྒྲ་འབྱིན་ཏེ།། སིལ་སྙན་དེ་དག་ལས་ཀྱང་ཆོས་ཀྱི་ཕྱག་རྒྱའི་སྒྲ་བརྒྱད་བརྒྱ་འབྱུང་ངོ་།། ་ཆོས་ཀྱི་ཕྱག་རྒྱ་རེ་རེ་ལ་ཡང་མདོ་བྱེ་ལ་ཕྲག་བརྒྱད་བཅུ་རྩ་བཞི་བསྡུས་སོ།། མདོ་རེ་རེ་ཡང་ཚིགས་སུ་བཅད་པ་བདུན་ཁྲི་ཉིས་སྟོང་གིས་བརྗོད་དོ།། དེས་དཀྱིལ་མོ་དཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག ་དགུ་བཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕྱིར་མི་ལྡོག་པ་ལ་བཀོད་དེ་ཐམས་ཅད་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཐོབ་པར་བྱས་སོ། ། མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ལྟ་བུའི་བྱང་ཆུབ་སེམས ་དཔའ་དག་གིས་ཡོངས་སུ་གང་ངོ་། ། དེ་ན་སེམས་ཅན་ཞར་བའམ། ཐེང་པོ་འམ། གྱོལ་པོ་འམ། འོན་པ་འམ། དབུལ་པོའམ། མདོག་ངན་པ་འགའ་ཡང་མེད་དོ།། སེམས་ཅན་དེ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ ་བཅུ་རྩ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། སེམས་ཅན་དེ་དག་ནམས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར་གཞན་ཅི་ལ་ཡང་དགའ་བ་མེད་དོ།། བྱང་ཆུབ་སེམས་དཔའ་སེམས་པ ་ཆེན་པོ་དེ་དག་ལ་ནི་བསམ་གཏན་གྱི་དགའ་བའི་ཟས་མ་གཏོགས་པར་ཟས་གཞན་ཅི་ཡང་མེད་དོ། ། དེ་ན་མི་ཁོམ་པར་ལྷུང་ཞིང་སྐྱེ་བ་ཡང་མེད་དོ།། དེ་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར ་འགྲོ་བ་གཞན་དུ་འགྲོ་བ་མེད་དོ། ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་གཞུགས་པའི་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་གཞ་ནི། ཡིན་སྙམ་དུ་སེམས་ན་མཽད་གལ་གྱི་བུ་ཁྱོད་ཀྱིས་དེ ་ལྟར་མི་ལྟའོ། ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱིས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ།། ་དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་བྱེད་དང་ཤར་གྱི་ཕྱོགས་འཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི ་ཁན་ས་བཞི་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་སེམས་ཅན་འཁོད་པ་རྣམས་ནི་འདོད་ཆགས་ཀྱིས་ཆགས་པ་དང་། ཞེ་སྟང ་གས་སྡང་བ་དང་། གཏི་མུག་གིས་རྨོངས་པ་དང་། བསྐམ་པ་མེད་པ་བརླང་བ་དང་། རྒོད་པ་དང་། མུ་ཅོར་སྨྲ་བ་དང་། དབང་པོ་ཞོན་པ་དང་། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཆེ་བ་དང་། ལེ་ལོ་ཅན ་དང་། སྙོམས་ལས་ཅན་དང་། བརྗེད་ངས་པ་དང་། ཤེས་བཞིན་མེད་པ་དང་། བདག་དུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་གང་ཟག་ཏུ་བལྟ་བ་དང་།། ཤེས་རབ་འཆལ་པ་དང་། ་ལུག་ལྟར་ལྐུག་པ་དང་། དོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་། གུས་པ་མེད་པ་དང་། སེམས་འཁྲུལ་བ་ཤ་སྟག་གོ།། སེམས་ཅན་དེ་དག་ནི་ཁ་དོག་ངན་པ་དང་། ཆུང་བར་གྲགས་པ་དང་། བྱང་ངན་པ་དང་། དཀའ་བསལ ་དང་། གཅིག་ལ་གཅིག་འདྲིད་པས་གནས་པ་ཤ་སྟག་གོ།། དེན་ཟླ་བ་དྲུག་དུ་ཆར་མི་འབབ་སྟེ། ལོ་ཏྲོག་ལེགས་པར་མ་སྨིན་ཏོ།། ས་ཆེན་པོ་དེ་ནི་ཆུབ་པ་དང་། མཐ་དང། ཚེ་རམ་སྣ་ཚོགས་ཅན་དང་། གཡངས་དང་། རི་བྲག ་གིས་གང་ངོ་། ། འཇིག་རྟེན་གྱི་ཁམས་དེ་ན། སེམས་ཅན་དེ་དག་གི་ཆུན་གྲུ་མར་གྱི་སྙིགས་མ་དང་དྲིམ་དང་འདྲའོ།། སེམས་ཅན་དེ་དག་ནི་གོས་དང་། ཆོས་གོས་དང་། ལོངས་སྤྱོད་དགགས་དབུལ་བ་དང་། བཀྲེན་པ་དང་། ་གཞན་གྱི་ནོར་འཕྲོག་པ་ཤ་སྟག་གོ། འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་སྔང་ཆགས་ཞེས་བྱ་བ་ཞིག་ཡོད་དེ།། སེམས་ཅན་དེ་དག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ་སེམས་ཅན་དེ་དག་གི་ནོར་དང་འབྲུ་བྱུང་ངོ་ཅོག ་རྒྱལ་པོའི་མཛོད་དུ་འབྲུབ་པར་བྱེད་དོ། ། སེམས་ཅན་དེ་དག་ནི་ཆད་པ་དང་། བརྡེག་པ་འབའ་ཤོག་གིས་གཟིར་བ་ཤ་སྟག་གོ། མཽད་གལ་གྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེ་ན་ཚེ་དེའི་སྡུག་བསྔལ་ཡིན་ནོ།། གང་འཆི ་བ་དེ་དག་ཀྱང་ཤི་ནས་ཕལ་ཆེར་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་རེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་ཀྱིས་ཆོས ་སྟོན་ཏོ། ། དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཅིག་གིས་ཀྱང་ཆོས་མངོན་པར་རྟོགས་པར་མ་གྱུར་ལ། དེ་བཞིན་གཤེགས་པ་དེ་ཡང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏེ། ་མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་གནས་ཤིང་བཞུགས་ལ་སེམས་ཅན་དེ་དག་གིས་སྤྲོས་ཤིང་བརྐྱང་བཀག་སྟེ། སྡོད་ཅིང་གཤུང་བར་བྱེད་ཀྱང་དེང་སེམས་ན། ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས་དེ་དག་བཟོད་པར་མཛད་དོ།། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་པས་ཀྱང་ལྷག་པས་སེམས་ཅན་ཁ་ཅིག་ཡོངས་སུ་སྨིན་པར་མཛད་དེ་ཆོས་བསྟན་པ་ལན་ཅིག། ་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ།། ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ།། ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས། ་ཐོབ་པོ།། ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ།། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་སོ།། སློབ་པ་དང་མི་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག། ་ལུང་བསྟན་པས་ཉི་མ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདས་སོ།། དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ་ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ། བ་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཡོངས་སུ་སྨིན་པར་མཛད ་བའི་ཕྱིར་ང་རུང་ཡང་བཞུགས་སོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས ་རེཤིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། ། བཀའ་སྩལ་པ།། མཽད་གལ་གྱི་ཟེ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རེ་ཤིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ།། བཞི་གང་ཞེ་ན། མོད་གལ་གྱི་བུ་བྱང་ཆུབ ་སེམས་དཔའ་བྱང་ཆུབ་སེམས་དཔའི་མིང་གིས་རྙེད་པས་འཚོ་བར་བྱེད་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང་། མཽད་གལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡལ་བར་འདོར་ཞིང་ཟློག་པར་མི ་བྱེད་པ་དང་། མཽད་གལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་གཞན་དག་གི་རྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་། མཽད་གལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས ་གྱ་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་མ་བསྲུངས་པ་དང་ལྡན་པ་སྟེ། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པ་དེ་དག་དང་ལྡན་ན་རེ་ཤིག་འགྲོ་བ་ངན་པར་འགྲོ་བར་འགྱུར་རོ།། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས ་འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང་། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར ་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང ་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། ། མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། དེ་ལ་ནི་སྟོན་པས་མ ་བསྟན་པའི་བར་དུ་ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུས་སོ། ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས ་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གང་ནང་ཚངས་པའི་གཟུགས་ཀྱིས་ཆོས ་སྟོན་ཏོ། ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ་དང་། གོས་ངུར་སྨྲིག་མི་སྟོན་པ་ཡང་ཡོད་དོ།། དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ།། དེ་བཞི་ནད་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ང་ཆོས་སྟོན་ཏོ།། མཽད་གལ་གྱི་བུ་སྟོང་གསུམ ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ། ། སངས་རྒྱས་ཀྱི་ཞིང་ཚད་མེད་པ་གཞན་དང་གཞན་དག་ཏུ་ཡང་ཆོས་སྟོན་ཏེ།། དེ་ལ་ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མིཆིས་སོ། ། མཽདགལ་གྱི་བ་དཔེར་ན་ཟླ་བའི་ད་ཀྱིལ་འཁོར་རམ། ཉིམ་དཀྱིལ་འཁོར་ནི་གནམ་མེད་འང་ནས་ཀྱང་རིགས་ལ་གྲོང་དང་། གྲོང་བྱ་དང་གོང་རྡལ་དང་། ཡུལ་འབོད ་རྒྱལ་པོ་བཐ་ས་ཅད་ཀྱཡང་དག་པར་ད་ག་ག་ག་ཤེགས་པ་ས་དག་པར་རྫོགས་པའི་ས་ས་ས་གིས་མནས་ཀྱི་པས་ལས་སུརྒྱ་ཞིང་དག། པ་དག་ཏུ་ཡང་དག་པར་སྣང་སྟེ། ་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་གྱུར་བ་རྣམས་ལ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སྲབ་བ ་རྩ་གསུམ་དག་ན་བཞུགས་པ་དང་། འཛམ་བུའི་གླིང་དང་། ལྷའི་གནས་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་ཆོས་སྟོན་ཅིང་བཞུགས ་བལ་དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས། གང་ལ་ཡོན་ཕུལ་ན་ཐུཆེ་པར་འགྱུར་བའི་དེ་བཞིན་གཤེགས་པ་ཡང་དག་པ་ནི་འདི་ལགས་སོ།། སྙམ་དུ་བདག་གིས་ཇི་ལྟར་འཚལ་བར་བརྩི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། མཽད་གལ་གྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱས།། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དྲལ་ན་ཐོབ་ཤིག། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྦྲུམ ་ན་གྱིས་སྤྲུལ་བའི་སྐྱེས་པའམ། བད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡནི།། གསལཔ། བཅོམ་ལྡན་དས་ལ་ན་ཡང་དག་པ་ཙ་སང་མ་མཆིས་སོ།། དེ་ཅིའི་ཕྲེང་དྲཞེན། སྒྱུ་མམཁན་གྱིས་གས་སྔགས་དང་། རིགས་སྔགས ་གྱི་སྟོབས་བསྐྱེད་ཏེ་སྤྲུལ་པ་སྤྲུལ་པར་བྱས་པས་ན་དེ་དག་ལ་ནི་ཁྱད་པར་མ་མཆིས་སོ། ། བཀའ་སྩ་ར་པ། མཽད་གལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བརྒྱད་ལགས་སོ།། བཀའ་སྩ ་མཽད་གལ་གྱི་བདེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི་ཁྱད་པར་རམ་ཐ་དད་པར་བྱེ་བ་མེད་དོ། ། མཽད་གལ་གྱི་བུ་ཇི་ལྟར་སྣུམ་མཁན་གྱི་གསང་སྔགས་དང་། རིགས་སྔགས་ཀྱི་སྟོབས་ཀྱིས་སྤྲུལ་པ་མང་པོ་སྤྲུལ་པ་དེ་དག་ཀྱར་མཉམ ་ཞིང་ཁྱད་པར་མེད་པ་བཞིན་དུ་མོད་གལ་གྱི་བུ་དེ་བཞིན་གཤེགས་པའི་ཤེས་རབ་དང་། རིག་པ་དང་ཡེགས་ཀྱིས་སངས་རྒྱང་ཀྱི་དང་ཐམས་ཅད་དུ་སྟོན་པར་མཇེད་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཟ་ནི་ལས། ་ཀྱི་བྱ་བ་བྱེད་དེ་དེ་ལ་ཡོན་བྲལ་བ་གང་ཡིན་པ་དེ་དག་གི་རྣམ་པར་སྨིན་པ་ཡང་མཉམ་པར་འགྱུར་རོ།། མཽད་གལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཅུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ།། མཽད་གལ་གྱི་བུ་དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ ་དང་། ། སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཁྱད་པརར་མཐ་དད་དུ་དབྱེར་མེད་དོ།། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན ་གཤེགས་པ་དེའི་རང་བཞིན་དང་ཆུ་ཞེང་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པར་མཛད་དེ། དེ་དག་ཀྱང་རྣམ་པ་དྲུག་བཅུ་དང་ལྡན་པའི་ངག་གི་ལས་ཀྱིས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད ་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས ་ཅད་ཀྱིས་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ།། དེ་བཞིན་གཤེགས ་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ། ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས།། དེ་དག་ལ་ཆེས་ཁྱད་པར་དུ་འཕགས་པའམ། ཆེས་གཟུགས་དང་ལྡན་པའམ། ཆེས་ཁ་དོག་དང་ལྡན་པའམཆིས ་སྤོབས་པ་དང་ལྡན་པ་འམ། ཆེས་ཡེ་ཤེས་དང་ལྡན་པ་འམ། ཆེས་རྫུ་འཕྲུལ་དང་ལྡན་པའམ། ཆེས་ཆོས་སྟོན་པ་དང་ལྡན་པའམ། ཆེས་སེམས་ཅན་ཡོངས་སུ་དགྲོལ་བ་དང་ལྡན་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས ་ངས་ཐ་དད་པར་བསྟན་པར་མི་དུས་ལགས་སོ། ། བཀའ་སྩལ་པ། མཽད་གལ་གྱི་ནི་དེ་ས་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་བོ་ཉིད་ད།། ཁྱད་པར་ཡང་མེད། ཐད་དུང་བྱེད་ཡང་མེད་པ་དེ་ལྟར་རིག་པར་བྱག། ང ་གལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཐ་དད་པར་དབྱེ་བར་མི་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀ་ཅི་སྤོས། དེ་ཅིའི་ཕྱིར་ཞེ་ན། མཽ་དགལ་གྱི་བུ་ཆོས་ཐམས་ཅད ་རང་བཞིན་གྱིས་སྟོང་པ། ཀུན་དུ་བརྟགས་པ་དང་། ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ།། མཽད་གལ་གྱི་བུ་ཆོས ་དབྱིངས་དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་འཛམ་བུའི་གླི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིསདུན་དུ ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མཽད་གལ་གྱི་བུ་འཛམ་བུའི་གླིང་ལྟ། ཞོག་གི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན ་ལྒའམ། མ་འམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པས་སྤུའི་ཁྲིང་ཟུགཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གིང་གེ་འདུན་དང་བཅས་པ་ཡང ་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེསོ།། མཽད་གལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། མཽད་གལ་གྱི་བུ་ནན་གྱིས་དཔེར་བྱ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ས་ཕྱི་མེད་པར་མའི་ལུས་ཐོབ་པར་གྱུར་ལ། མཽད་གལ་གྱི་བུ་སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས ་པས་མུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི། མཽད་གལ་གྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་ཀྱི་ཁམས་ནི་ཆེས་མང་གི་སའི་ཁམས་ནི་རེ ་ལྷ་མ་ཡིན་ནོ། ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་། ཕྱོགས་འཚམས་དང་། འོག་དང་སྟེང་གི་ཕྱོགས་བཅུའི་ཁོ་ར་ཁོར་ཡུག་ཏུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། མཽད་གལ་གྱི་བུ་ནན་གྱིས་དཔེར་བྱ་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱིར་མེད་པར་མིའི་ལུས་ཐོབ་པར་གྱུར་ཀྱང་། མཽདགས་ཀྱི་བུ ་ས་ཨེམས་ཅན་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་སེམས་ཅན་དེ་དག་ཀྱང་གཅིག་གིས ་གཅིག་མི་ཤེས་སོ། ། མཽད་གལ་གྱི་བུ་ཕྱོགས་བཅུར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གོ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་ནི་གདན་འདི་ལ་བཞུགས་བཞིན་དུ ་སངས་རྒྱས་ཀྱི་སྤྱན་སྒྲུབ་པ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ། དེ་དག་ནི་ངས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་ཉམས་པས་བསྐལ་པ་འབུམ་དུ་ཡང་དཔེར་བླང་བ་བགྲངས ་པའི་ཚུལ་གྱིས་བསྟན་པ་སྲབ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་དུ་མེད་དེ།། ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང་། དེ་བཞིན་གཤེགས་པས་དཔེར་བླང་བ་འགྲངས་པ་དག་གིས ་བསྟན་པ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་ཤེས་པ་འམ། གཞལ་བ་འམ། བརྟག་པར་སླབ་མ་ཡིན་ན་ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་འབའ་ཤིག ་གིས་སངས་རྒྱས་ཀྱི་ཞིང་དེ་དག་བརྒྱ་ཕྲག་ཇི་སྙེད་ཡོད་པ་དང་། སྟོང་ཕྲག་ཇི་སྙེད་ཡོད་པ་དང་། འབུམ་ཕྲག་ཇི་སྙེད་ཡོད་པ་དང་། བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་། གཏམས་ཕྲག་ཛ་སྙེད་ཡོད་པ་དང་། དཀྲིགས་ཕྲག་ཇི་སྙེད་ཡོད་པ ་དང་། མིའི་ཁྲུགས་ཕྲག་ཇི་སྙེད་ཡོད་པ་དང་། གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། དཔག་ཏུ་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད། ཕྲག་ཇི་སྙེད་ཡོད་པ་དང་། སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཡོངས་སུ་གང ་ཁ་ཇི་སྙེད་ཡོད་པ་མཁྱེན་ཏོ། ། མཽད་གལ་གྱི་བུ་ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་སེམས་ཅན་དུ་བསྡུབས་བསྡུས་ཤིང་སྤྲོས ་པའི་སེམས་ཅན་གྱི་ཁམས་རྣམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་ཐོབ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས ་སྦྱར་བའི་རྒྱལ་པོ་རེ་རེ་ལ་ཡང་དེ་སྙེད་ཀྱིའི་ཁོར་ཡོད་པར་གྱུར་ཀྱང་། མཽད་གལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྤུའི་གླིང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན ་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་གཅིག་གིས་གཅིག་ཀྱང་མི་ཤེས་ཏེ། རང་རང་གི་དེ་བཞིན་གཤེགས་པ་མཐོང་ངོ་།། དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པ་དགེ་སློང་གི ་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཚེ་འཕྲལ་གྱི་བཆེའི་ཆའམ། སྟོང་གི་ཆའམ། འབུམ་གྱི་ཆའམ། བྱེ་བ་ཕྲག་འབུམ་གྱི་ཆའམ། གྲངས་སམ། ཆ་འམ ་བགྲང་བ་འམ། དཔེ་འམ། ཀླུ་ཙམ་ཡང་ཡང་དག་པར་བསྟན་པ་ལ་མི་འགྱུར་ཏེ། མཽད་གལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྫུ་འཕྲུལ་དང་ཡེ་ཤེས་དཔག་ཏུ་མེད་པ ་དང་ལྡན་ནོ། ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ ་མད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ།། བཀའ་སྩལ་པ་མོད་གལ་གྱི་བུ་ཁྱོད་མོས་པར་བྱའོ།། ཁོང་དུ་ཆུད་པར་བྱའོ།། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་བའི་བསོད་ནམས་ཀྱི་ཕུང་པོས་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངས་སུ་འགྲུབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི ་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང་། འདི་ལྟར་ཆེ་བར་གྲགས་པ་དང་འདི་ལྟར་མཐུ་ཆེ་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལེགས་སོ།། དེ་ལྟ་ལག་ས་ཀྱིས ་ཀྱང་བདག་ནི་རྒྱུའི་རྗེས་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་པ་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་ན། གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆེས་ནས་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་འདི ་ལྟ་བུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་སྤོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི ་གནས་ལགས་སོ། ། བཀའ་སྩལ་པ། མཽད་གལ་གྱི་བུ་དེ་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་བཞིན་དུ་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་དོ།། ་དེདག་ནི་ལོག་པར་མི་ལྟུང་བར་དོགས་པ་མེད་པར་ཤེས་པར་བྱའོ།། དེ་ནས་ལྷ་དེ་དག་དང་། ཀླུ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི ་ཆོ་འཕྲུལ་འདི་ཐོས་ནས་ཚིག། འཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལོ།། ཕྱག་འཚལ་ལོ།། སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་འམ། སྐྱེས ་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚལ་ལོ། ། ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་དེ་བཞིན་དུ་དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ། དེ་བས་ན་བདག་ཅག་གིས་འདི་ལ་སོམ་ཉི་འམ། ་ཡིད་གཉིས་སམ། ཐེ་ཚོམ་ཟ་བར་མི་བྱའོ་ཞེས་ཆེད་དུ་བརྗོད་པ། ཆེད་དུ་བརྗོད་དོ།། དེ་ནས་ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ ་བ་དང་། ཆོས་ཀྱི་རྣམ་གྲངས་འདྲིལ་གུས་པར་བྱ་བའི་ཕྱིར་སིལ་སྙན་འབུམ་སྒྲ་ཕྱུང་ངོ་།། ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་པད་མ་དཀར་པོ་དག་གིས་སུམ་བཅུ་རྩ་གསུམ་གྱི་གནས ་ཐམས་ཅད་ལ་མངོན་པར་གཏོར་ཏོ། ། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་ལྷ་ཁྲག། ཁྲིག་ཕྲག་བདུན་བཅུ་རྩ་གཉིས་ཀྱིས་སེམ་ས་བསྐྱེད་དེ། ཚིག ་འདིས་དུ་ལྟ་ད་པ་ན་། གགས་པ་ག་སུནགས་པ་དེ་བཞིན་དུ་བདག་ཅག་ཀྱང་ས་འོངས་པའི་དུས་ན་སྒྲ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ན་མེད་པའི་ས་དགེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་བཙམ ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་། ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བྲི་འམ། རིགས་ཀྱི་བུ་མོགོང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞ ་དགལ་ཡངཿཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་། ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་དག་རིགས ་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆང་ལ་གཞན་དག་ལ་ཡང་སྟོན་པ་དེ་ནི་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་བཞུགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ ་གྲངས་འདི་བོས་ན་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་སྐྱེད་པར་འགྱུར་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྒྱ་ཆེན་པོ་ལ་མོས ་བ་དབང་པོ་རྣོན་པོ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེ་བར་འགྱུར་གྱི། ཆུང་ངུལ་མོས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ།། ལྷའི་བུ་རྣམ་གྲངས་འདིས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི ་འཆང་བ་དང་། ཀློག་པ་རྣམས་ནི་ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་བཅད་པའི་ཕྱིར། གནས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་རྒྱུན་མི་བཅད་པའི་ཕྱིར་གནས་པ ་དེའི་བསྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚད་བསྐལ་པར་ཞུགས་པས་ཀྱང་བསྟན་པ་འམ། བཤད་པར་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་ལ་དེ་ནི་མ་ལགས་སོ།། བཀའ ་སྩལ་པ། ། ལྷའི་བུ་རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་འམ། གཞན་དག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱམས་པ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས ་འདི་སུམ་བཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བར་ཟུང་ཤིག། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འབྲུལ་ཞེས་བྱ་བར་ཡང་ཟུང་ཤིག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་ཊཪྴ་བ་དང་། ཟླ་མཆོག ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚངས་པ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་སུམ་བཅཝ་རྩ་གསམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས ་པས། བསྒྱུར་ཅིང་ཞུས། གཏན་ལ་ཕབའོ།། །། རྒྱ་ག་ག་དང་། ཨརྱ་སྠིར་ཨ་དྷི་ག་ཡ་བ་རབ་རྟ་རྣམས་ཧཱ་ཡཱན་སུ་། བོད་སྐད་དུ། འཕགས་པ་ལྷག་པའི་བསས་པ་བརྟན་པའི་འི་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མད། ་