| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཱ་ཛཱ་དི་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུཏྲ། བོད་སྐད་དུ། རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པ་དུས་གཅིག་ནིན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་བ་ར་ན་སེན་འཁོར་རྣམས་ལ་ཆོས་སྟོན་པ་ན། བང་ས་ལའི་རྒྱལ་པོ་འཆར་བྱེད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འཁོར་དང་བཅས་པ་བང ་ས་ལའི་ཡུལ་དུ་བཤེགས་པ་དང་། བདས་ལའི་རྒྱལ་པོ་འཆར་བྱེད་གྲོང་ཁྱེར་ཆེན་པོ་གསེར་ཅན་ཞེས་བྱ་བ་གཞོམ་པའི་ཕྱིར་དམག་བཞི་དང་ཆས་པ་དང་ཕྲད་པས་རྒྱལ་པོ་འཆར་བྱེད་ཁྲོས་ཏེ། འདི་འདྲ་བའི་བཀྲ ་མི་ཤིས་པ་དང་ཕྲད་པས་གསད་པར་རིགས་སོ་ཞེས་ནས་མདའ་སྟེའུ་ཁ་ཉ་རྔམ་བླངས་ཏེ། བཅོམ་ལྡན་འདས་ལ་འཕངས་སོ།། དེ་ནས་མདའ་དེ་ནམ་མཁའ་ལ་འཁོར་ཞིང་འདི་སྐད་ཅེས་གྲག་གོ། ཞེ་སྡང ་གིས་ནི་སྡུག་བསྔལ་སྐྱེད། ། འདིར་ཡང་ཤ་ཐང་འཐབ་དང་རྩོད།། ཕྱི་མར་དམྱལ་བའི་སྤྲུལ་བསྔལ་འབྱུང་།། དེས་ན་ཞེ་སྡང་འཐབ་རྩོད་སྣང་། ཞེས་བྱ་བའི་ཚིག་དེ་རྒྱལ་པོ་འཆར་བྱེད་ཀྱིས་ཐོས་པར་གྱུར་པད ་བཅོམ་ལྡན་འདས་ལ་མོས་པར་གྱུར་ཏེ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འཐབ་རྩོད་ནི་འདིར་ཤ་ཐད་ལ་ཕྱི་མར་ངན་སོང་དུ་སྐྱེན་ཅིའི་ཕྱིར ་རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད། ། རྒྱལ་པོས་གསོལ་པ། ག་ཏམ་བདག་གིས་གང་དང་འཐབས་ཀྱང་ཕམ་མ་མྱོང་སྟེ་རྒྱལ་བས་བདག་ན་དམག་དང་ལབ་པ་ལ་མོས་པ་ལགས་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཚུང་ངུ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བཞིག་ཡོད་དོ།། རྒྱལ་པོས་གསོལ་པ་དགྲ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བ། ། དགྲ་ཆེན་པོ་ཉོན་མོངས་པ་བདག་དུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ།། རྒྱལ་པོས་གསོལ་པ། དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་བདག ་འཛིན་པའི་དགྲ་ཆེན་པོ། ། འདི་ནི་ཆུ་བཞིན་དངོས་པོ་མེད་བཞིན་དུ།། ཐོག་མ་མེད་ནས་བདག་ལ་གནས་ནས་ནི།། བདག་གི་ཆོས་སུ་ཡིད་བཞིན་རིན་ཆེན་དེ།། གཟོད་མིའི་མུ་ནས་དགྲ་ཡིས་བརྐུས་ནས་སུ།། ་མཚན་མའི་ཆད་ཚིང་གསེབ་ཏུ་སྦས་ནས་བདག། ད་རུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག། འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ།། དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས།། ་དགྲ་འདི་ཞི་བ་དེ་ཐར་པའི་སྲོག་ཀྱང་གཅོད།། ། དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང་།། རྒྱལ་པོས་གསོལ་པ། དགྲ་ཆེན་པོ་དེ་དང་ཇི་ལྟར་འཐབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་རྣམ་ཏོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། ། དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ།། དགེ་བའི་དཔུང་བྱས་བཟོད་པའི་གོས་སོང་ལ།། བརྩོན་འགྲུས་ལྷག་ཐོགས་བསམ་གཏན་བའུ་བརྡུངས་ཏེ།། ་བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད།། རྒྱལ་པོས་གསོལ་པ། བདག་མེད་པ་ཞེས་པ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་བདག་མེད་རྒྱལ་པོ་མཉན་པར་གྱིས ་གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་བྱིར་ན། ། ཐུན་ལས་དང་ཉན་མངས་པས་གང་ནས།། འབྲས་བུ་བྲང་པར་ཟག་སད་ལ་བདག། བདག་ན་སེམས་ཅནས་སོ་གྲོས་འདི་ལ།། ད་དང་བདག་ཏུ་བཟུང་ནས་ཆགས་པ་། ་བདག་ནིན་དང་ཤི་བཀྲེས་གྲང་གི་དོགས།། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ།། དེ་ལ་དམིགས་ནས་མུ་སྟེགས་ལྷ་རྣམས་འཇུག། ངའམ་བདག་ཏེ་ཡོད་པ་མ་ཡིན་ཏེ།། ཕུང་པོ་འདི་ལ་བཏགས་ནས་འཁྲུལ་པ་ཡིན ་མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། ། ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས།། འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ།། སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད།། ཆོས་ལ་བདག་སད་རྒྱལ་པོ་མཉན་པར ་གྱིས། ། ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན།། བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ།། དེ་དག་ལོག་རྟོག་མཚན་མར་བཅས་པ་དང་། ལྷ་མི་མཐུན་པ་ཡིན་ཏེ་དེ་མེད་དོ།། ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ།། ་དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི།། སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར།། གཞིག་བཅོམ་མི་རྟག་ཙམ་ལ་སྣོད་མིང་གདགས།། སྡང་ལ་རང་བཞིན་མེད་པར་ཅིས་མངོན་ན།། ཡོད་མེད་དབུས་དང་གསུམ ་དུ་མི་གནས་ཏེ། ། ཡོད་པར་གྲགས་པར་འཁོར་བ་མྱ་ངན་འདས།། འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། ཡུལ་འདི་དངོས་པོ་མེད་པར་འདི་ལྟར་བརྟག། རང་སྣང་རྡུལ་བཤིག་རྡུལ་ཡང་ཆས ་གཟིགས་མེད། ། དངོས་སྣང་ཐམས་ཅད་སེམས་ཡིན་རྨི་ལམ་བཞིན།། མས་ཀྱང་ཁ་དོག་གཉིས་སོགས་རྣམས་དང་བྲལ།། དེས་ནས་འཁོར་བསྟོང་ཞིང་བདག་མེད་དོ།། འཁོར་བ་མེད་པས་མྱ་ངན་འདས ་པའང་མེད། ། ཡོད་པ་མ་གྲུབ་པས་ན་མེད་པའང་མེད།། མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན།། དེ་ལྟར་རྒྱལ་པོས་བདག་མེད་སྒོམ་བྱས་ན།། བདག་འཛིན་འཁོར་བརྩད་ནས་ཆོད་པར་འགྱུར།། རྒྱལ་པོས ་གསོལ་པ། ། སྔ་གོང་ཡན་ཆད་དགྲ་མ་ཡིན་པ་ལ་དགྲར་བཟུང་སྟེ་བདག་ཞེ་སྡང་གིས་མནར་བར་གྱུར་ཏོ།། ད་ནི་བདག་གིས་ཡང་དག་པའི་དགྲ་དོ་ཤེས་པས་དགྲ་དེ་དང་འཐབ་པའི་ཕྱིར་བདག་མེད་པ་ལ་མོས་པར་གྱུར ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ།། བདག་ཏུ་འཛིན་པའི་དག་ཕྲམ་པར་བྱས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བདས་ལའི་རྒྱལ་པོ་འཆར་བྱེད ་ལ་སོགས་པ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་དཱ་ན་ཤི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་