CLOSE WINDOW

Q880: rgyal po la gdams pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ན་ཅི་བ་ནད་དྷ་མ་ཧཱ་ཤཱི་ལ་དང་། རྒྱལ་ལ་ཅུ་བ་བན་དེ་ཏོད་ཨ་ཙལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།། ཡང་ཞུས་ཀུན།། རྒྱ་གར་སྐད་དུ། རཱ་ཛ་ད་ཤ་ནཱ་མ་མ་ཧཱ་ཡན ་བོད་སྐད་དུ། རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་པས་སྦྱིན་གྱི་ཀུན་དགའ་ར་བ་ན། ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རབ་དུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཆ་བཅོམ་ལྡན ་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། ། དེ་རིང་རྒྱལ་པོ་གཟུགས་ཅན་སྙིང་པོ་གདུལ་བར་བྱ་བའི་དུས་ལ་བབ་གྱིས།། ཡུལ་མ་ག་དྷར་འགྲོ་བར་བྱའོ་ཞེས་གསུང་ནས། འཁོ་དང་བཅས་པ་དང་བའི་རྒྱལ་པོ་ལྟར་ནམ་མཁ ་ལ་ལྡིངས་ཏེ། གཤེགས་པ་བློན་པོ་ཟླ་བ་བཟང་པོས་མཐོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ལགས་སངས་རྒྱས་འཁོར་དང་བཅས་པའོ་སྐོལ་གྱི་ཡུལ་དུ་བྱོན་པས་གྲོང་ཁྱེར་བརྒྱན་པ་དང་བསྙེན་བཀུར་བྱ་བར་རིགས ་སོ། ། རྒྱལ་པོས་སྨྲས་པ། འཛམ་བུའི་གླིང་ནད་ལས་ཆེ་བ་མེད་པར་སུ་ལ་སྙན་བཀུར་བྱེད་ཅེས་སླར་ཉིད་དུ་དྲེགས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་གི་སྒོར་གདན་བཤམས་པ་ལ ་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་སོ། ། དེ་ལྟར་བཞུགས་པར་ཤེས་ནས་རྒྱལ་པོས་ཀྱང་ཆེན་པོའི་འདེགས་ཞེས་བྱ་བ་རྦད་དེ་རྡོ་ཤིན་དུ་ཆེ་བ་བཅོམ་ལྡན་འདས་ལ་འཕངས་སོ།། རྡོ་ན་མ ་འལྡིང་ཞིང་དེ་ལས་སྒྲ་འདི་སྐད་ཅེས་གྲག་གོ། ཀྱེ་མ་འདུས་བྱས་རྟག་པ་མེད།། ། སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན།། སྐྱེ་བ་ཡོད་ན་འཆི་བ་ཡོད།། འདུ་བ་ཡོད་ན་བྲལ་བ་ཡོད།། བསགས་པ་ཡིནན ་འཛད་པ་ཡོད། ལང་ཚོའི་མདོག་ཀྱང་ནད་ཀྱིས་འཕྲོག། འཚོ་བའི་ཚེ་ཡང་འཆི་བས་འཕྲོག། ཆགས་པར་གྱུར་ན་སྡུག་བསྔལ་འཕེལ།། སྐྱོ་བར་བྱས་ན་ཐར་བར་འགྱུར།། ཞེས་པ་དེ་རྒྱལ་པོ་གཟུགས་ཅན་སྙིང ་བོས་ཐོས་པས་མོས་པར་གྱུར་ཏེ་ཐད་དུ་སོང་ནས་ཐལ་མོ་སྦྱར་ཏེ་འཁོད་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚེས་ལ་མོས་པར་བྱ། ཁོང་དུ་ཆུད་པར་བྱ། སྒོ་བར་བྱ་ཡིད་འབྱུང་བར་བྱའོ།། རྒྱལ་པོས ་གསོལ་པ། བཅོམ་ལྡན་འདས་གང་ལ་སྐྱོ་བར་བགྱི།། ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་ལས་སྐྱོ་ཞིང་ཡིད་འབྱུང་བར་བྱའོ།། རྒྱལ་པོས་གསོལ་པ། ཅིའི་ཕྱིར་འཁོར་བ་ལས ་སྐྱོ་ཞིང་ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་འདི་མི་རྟག་པ་དང་། སྡུག་བསྔལ་བའི་ཕྱིར་རོ།། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཇི་སྐད་མི་རྟག་པ་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་ལ། བཅུད་ཀྱི་སེམས་ཅན་ཡང་མི་རྟག་གོ། རྒྱལ་པོས་གསོལ་པ། སྣོད་ཀྱི་འཇིག་རྟེན་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་རི་རབ་གླིང་ཁམས་ཀྱང་།། འཇིག་པའི་དུས་ཚེ་བསྐལ་པའི་མེ་བྱུང་ནས།། ཐལ་བའི་ལྷག་མ་ཙམ་ཡང་མི་ལུས་སོ།། ཆུ་དང་རླུང་གིས་འཇིག་པ་དེ་བཞིན་ནོ།། གཞན་ཡང་དབྱར ་སྐྱེ་ལ་དགུན་གྲང་སྐམ། ། ལོ་ལེགས་ལོ་ཉེས་ཐ་ན་ཞོད་ངེས་པ་མེད།། ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ།། དེ་ལ་སོགས་ཏེ་མི་རྟག་མངོན་སུམ་ནི།། རྟག་པ་ཡིན་ན་ཅི་ཕྱིར་འགྱུར་ཞིང་འགྲོ།། རྒྱལ་པོས ་གསོལ་པ། བཅུད་ཀྱི་སེམས་ཅན་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུད་ཀྱི་སེམས་ཅན་ཚེ་འདི་ཉིད་ལ་ཡང་།། ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་བྱེད་པས། ཉིན་ཞག ་འདས་ཤིང་འཆི་དང་ཕར་ཕར་ཉེ། ། མི་ཤིར་འདོད་ཀྱང་རང་ལ་རང་དབང་མེད།། སྐྱེ་རྒན་འཆི་རང་ཐག་རི་མོ་འདྲ།། འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ།། འཆི་བའི་རྐྱེན་ནི་བསམ་གྱིས་མི་ཁྱབ་སྟེ།། འཆི་སྐྱེན་མ་སོང ་དངོས་པོ་གང་ཡང་མེད། ། ལུས་འདི་ཟས་ཀྱིས་འཚོ་ཡང་རྣངས་ནས་འཆི།། འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན།། འཆི་བདག་དབང་དུ་མི་འགྱུར་གང་ཡང་མེད།། སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་།། རྟག་ཏུ་ནས་བུ་དང་། ་ནོར་བསགས་ཀྱང་།། བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད།། རང་གི་དགེ་སྡིག་གཉིས་དང་འགྲོགས་ཏེ་འཆི།། ད་ལྟར་རང་རེ་གནས་པའི་རིང་འདི་ལའང་།། དགའ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་།། ན་ཚོང་འཐུན ་དང་རྒན་གཞོན་ཇི་སྙེད་ཅིག། ཤི་བ་མཐོང་ཞིང་ཐོས་པ་མ་ཡིན་ནམ།། ས་སྟེང་གནས་པའི་སེམས་ཅན་འདི་ཀུན་ཡང་།། ལོ་བརྒྱ་ཚུན་ཆད་སྡོད་ཀྱང་མ་ལུས་འཆི།། དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན།། དེང་འཆི་སར ་འཆི་སུ་ཀྱང་མི་ཤེས་ཏེ། ། ཚོད་འཛིན་པ་ཡང་མི་འཇིགས་སྦྱིན་མེད་པས།། སང་ཕོང་དེང་སང་བདག་ཉིད་ཇི་ལྟར་འགྱུར།། འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་།། ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་ཀུན་གྱིང་། བདག་ཉིད་འཆི་བའི་ཕྱིན ་འོད་མེད་པས། ། སྡུག་བསྔལ་སྐལ་ལེན་། གང་ཡང་ཡོད་མ་ཡིན།། དེ་བས་སྐྱེས་ཀྱང་བདག་ཉིད་གཅིག་བུ་སྐྱེས།། ཐ་མ་འཆི་ཡང་བདག་ཉིད་གཅིག་པུ་འཆི།། སྐད་ཅིག་ཆེ་ལས་འཐུན་པ་ཉེ་གཞི་རྣམས།། འགྲོན་པོ་གནས ་འཐུན་ཙམ་སྟེ་སོ་སོར་འགྲོ། ། སྐད་ཅིག་ཙམ་ཡང་འབྲལ་བར་མི་ནུས་པའི།། གཉེན་དང་ནོར་རྫས་ཡུལ་མཁར་ཀུན་བོར་ནས།། བདག་ཉིད་གཅིག་པུ་འཇིགས་པའི་ལམ་དུ་འགྲོ།། ཇི་ཙམ་སྡིག་དང་བསྔོས་ནས་ནོར ་བསགས་ཀྱང་། ། སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར།། བསགས་པའི་ནོར་ནི་ཁོང་དག་པུ་ཚས་འཁྱེར།། དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན།། བདག་ལ་ཤིན་དུ་འཕངས་པའི་ལུས་འདི་ཡང་།། ། ་ཤི་བའི་དུས་སུ་རྫ་ཞིག་བཞིན་དུ་འབོར།། ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ།། དབང་མེད་བདག་ཉིད་གཅིག་པུའི་ཁྱམས་ནས་ནི།། ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན།། དེ་བས་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ།། ་ལུས་འདིས་གཏིང་འགྲོ་སྟེ་ཆོག་མི་ཤེས།། མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན།། ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས།། ཤི་ནས་ལུས་པོར་ས་ཡི་ཕྱོགས་ཙམ་བཙཀ། བྱ་དང་ཁྱི་སྦྱང་ལ་སོགས་རྣམས ་ཀྱིས་ཟ། ། བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག། མཁས་པས་སྨོད་ཅིང་བླུན་པོ་ཆགས་པའི་གནས།། དེ་བས་མཁས་པ་ལུས་ལ་སུ་ཞིག་ཆགས།། ལུས་ཀྱི་ཕྱིར་ནི་ཡ་དར་འཇུག་མི་བྱ།། འདི་ལ་གླ་རྔན ་གོས་ཟས་བྱིན་ནས་སུ། ། ཡུན་གྱི་ཕན་ཕྱིར་བསོད་ནམས་སོགས་ཏུ་གཞུག། བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད།། དེ་ཡང་དགེ་བ་མཐོ་རིས་ཐར་པའི་རྒྱུ།། སྡིག་པ་ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ།། ་མ་ཤི་བར་དུའང་ལུས་ནི་མི་རྟག་སྟེ།། བུ་ཆུང་བྱིས་པ་གཞོན་ནུ་ཉིད་དུ་འགྱུར།། དེ་ནས་དར་ལ་བབ་དང་དར་ཡོལ་དང་།། རྒས་པར་གྱུར་ཏེ་ལུས་འདི་རྟ་ག་ན་ནི།། གནས་སྐབས་དེ་སྐད་ཅིག་ནི་ཅིས་ཏེ་འགྱུར།། ་ལོངས་སྤྱོད་བདེ་སྡུག་རྣམས་ཀྱང་མི་རྟག་སྟེ།། བཙན་ཕྱུག་འཇོམ་པ་སྡུག་ཕོངས་ཅན་དུ་འགྱུར།། སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར།། ལང་ཚོ་ལོངས་སྤྱོད་ན་རྒ་འཆི་བས་འཇོམས།། འཇིག་རྟེན་ཆོས ་འདི་ཐམས་ཅད་མི་རྟག་གོ། རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདིའི་སྡུ་བསྔལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་ལ་ནམ་ཡང ་བདེ་བ་མེད། ། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།། སྡུག་བསྔལ་གཙོ་བོ་སྐྱེ་རྒན་འཆི་བཞི།། དམྱལ་བར་སྐྱེས་ན་སྡུག་བསྔལ་འདི་འདྲའོ།། དམྱལ་སྲུང་ས་དང་ནི་དམྱལ་བའི་མི་མཐོང་ནས། ་ཤིན་ཏུ་སྐྲག་རྫངས་ཚོངས་ཆེར་འདེབས་ཤིང་།། རང་ལ་རྔན་འགྲོད་སྔོན་གྱི་སྡིག་པ་ལ།། ཤིན་དུ་འགྱོད་ཀྱང་ཕན་པ་ཅི་ཡང་མེད།། ལུས་འདི་ཤིན་དུ་ཆེ་ལ་གཞོན་ཤ་ཅན།། ཚོར་བ་ཆེ་ཞིང་དྲག་པོའི་ལུས་ཐོབ་ནས།། ་ཁ་ཅིག་རང་ལུས་མེའི་ཕུང་པོར་འབར།། ཁ་ཅིག་ལྕགས་མཁར་ཁང་པ་སྦྲུམ་མར་རྡུང་།། འགྲེ་ལྡོག་བྱེད་ཅིང་ཕྱོགས་ནི་ཀུན་ནས་སྲེག། ཁ་ཅིག་ལྕགས་ལས་བྱས་པའི་སྣོད་ཆེན་དུ། སྤྱི་ཚུགས་འབྲུ་ཉུངས་ཆུ་འོལ ་ཐུག་བཞིན་འཚེད། ། ཁ་ཅིག་སོག་ལེས་འདྲ་ཞིང་གཏུན་ལ་རྡུང་།། ཁ་ཅིག་གནས་དང་ཁང་པར་སྲུང་ཞིང་སྲེག། མེ་མར་མུར་དང་ཐལ་ཚན་ཆུལ་སོགས།། སྡུག་བསྔལ་མང་པོ་བསམ་གྱིས་མི་ཁྱབ་པོ།། མི་ཡི ་ལོ་ནི་འབུམ་དང་བརྒྱད་ཁྲི་ལ། ། དམྱལ་བ་ཁ་ཅིག་ན་ནི་ཉིན་ཞག་གཅིག། དེ་ལ་སོགས་པ་བསྐལ་པའི་བར་དུ་གནས།། ཤི་བར་དགའ་ཡང་འཆིར་ནི་མི་བཏུབ་པོ།། ལས་མ་ཟད་པ་ཁ་ཅིག་འཇིག་ཆགས་ཆེ། ་འཇིག་རྟེན་བརྒྱུད་ཅིང་འཇིག་ཆགས་མེད་པར་སྐྱེ། ཡི་དགས་སྐྱེས་པ་བཀྲེས་དང་སྐོམ་པས་གདུངས།། མགོ་བོ་རི་ཙམ་ཁ་ནི་ཁབ་མིག་ཙམ།། སྐེ་ཙ་རབ་ཕྲ་གསུས་པ་ཡུལ་ལྗོངས་ཙམ། བཟའ་བཏུང་མཐོང་ཡང ་གཞན་གྱིས་བསྲུངས་པ་དང་། ། རྣག་ཁྲག་ངན་པ་སྐྱུག་པ་བཞིན་དུ་མཐོང་།། ཁ་ཅིག་ཟོས་ཀྱང་ཁྲོ་ཆུ་ཁོལ་མར་འགྲོ།། བྱོལ་སོར་སྐྱེས་ན་གཅིག་ལ་གཅིག་ཟ་དང་།། རང་ལ་དབང་མེད་བཀོལ་བཏག་པ་རྡེག ་འཚོག་དང་། ། གཞན་གྱིས་གསོད་སོགས་གཏི་མུག་རྨོངས་པས་སྡུག། མིར་སྐྱེས་ན་ཡང་མདལ་ན་གནས་པའི་ཚེ།། མ་ནི་འགྲངས་ཚོ་ཟག་པར་བཙིར་བ་འདྲ།། བཀྲེས་པའི་ཚེ་ན་སྤྱད་ལ་བཏང་བ་སྙམ།། དྲག ་ཤུལ་བྱེད་ཚེ་གཏུན་ལ་རྡུང་པ་སྙམ། ། བཙས་པའི་ཚེ་ན་པགས་པ་བཤུས་ནས་ནི།། རྩིག་པའི་ལོགས་ལ་དྲུང་པ་བས་ཀྱང་རྩུབ།། ཚ་འབྲུམ་བཀྲེས་སྐོམ་རྐང་ལག་ན་ནས་སྡུག། ཆེར་སྐྱེས་ན་ཡང་སོ་ནམ ་བྲེལ་ཕོངས་དང་། ། ཉེ་དུ་བྲལ་དང་དགྲ་ས་བཅོམ་བུ་ལོན་དང་།། བཀྲེས་སྐོམ་ཆ་གྲང་དོན་ལ་སོགས་པས་སྡུག། ཕོངས་པ་རྣམས་ནི་བཙལ་ཐབས་མེད་ནས་སྡུག། ཡོད་པ་རྣམས་ཀྱང་འཚོ་སྦྱང་མ་ལ་ཆེབ་སྡུག། ་ཞིང་ཟོ་ཚོང་བྱེད་འདུ་བྱེད་ལས་ཀྱི་སྡུག། དེ་ལ་སོགས་པའི་སྡུག་བསྔལ་བསམ་མི་ཁྱབ།། སྡུག་བསྔལ་གཞི་ནི་ཕལ་ཆེར་ལྷོ་རྒྱབ་གཉིས།། འཇིག་རྟེན་འདི་ཡི་བདེ་བའི་ལོངས་སྤྱོད་ཀྱང་།། ཕལ་ཆར་ཕྱི་མའི་ངན་པ ་སྡུག་བསྔལ་རྒྱུ། ། ལྷ་མིན་སྐྱེས་ན་ང་རྒྱལ་ཕྲག་དོག་དང་།། ཁྲེ་གཏུམ་འཐབ་རྩོད་ལ་སོགས་དབང་གིས་སྡུག། ལྷར་སྐྱེས་ཀྱང་ནི་འཆི་འཕོ་ལྟུང་བ་དང་། འཆི་ལྟ། ས་ལྔ་དང་འདུ་བྱེད་དབང་གིས་སྡུག། རྒས་པ་ཡང ་ནི་འདི་ལྟར་སྡུག་བསྔལ་ཏེ། ། མགོ་དཀར་གཉེར་འདུས་གཞན་གྱིས་མཐོང་མི་མོས།། ཁ་སྣ་ཆུ་འཛག་རྐང་ལག་ཀུན་ཀྱང་འདར་།། སེམས་ཀྱིས་དྲན་ཡང་ལུས་ལ་ཉམ་སྟོབས་མེད།། བུ་ཚ་ཀུན་ཀྱང་ཤིན་རུད་སྙམ ་སེམས། ། ཞལ་ཏ་བྱས་ཀྱང་མི་ཉན་དབང་ཡང་ཤོར།། ཁ་ཅིག་སྲིན་རྒན་ཤི་འབྱིས་ཞེས་ཀྱང་ཟེར།། ཁ་ཅིག་པར་དབྱུག་ཐོགས་ནས་རྡུང་བར་བྱེད།། དེ་ལྟར་མཐོང་ཐོས་ཤིར་འདོད་ཤིང་མ་བཏུབ།། ན་བ་རྣམས་ནི་འདི ་ལྟར་སྡུག་བསྔལ་ཏེ། ། ལུས་ཀྱི་འབྱུང་ཆེན་བཞི་ནི་མ་སྙོམས་པས།། རླུང་མཁྲིས་བད་ཀན་འདུས་པས་ལུས་གདུང་ཏེ།། ལོང་བ་སྤྱོད་མཐོང་ཡང་འདི་ལ་འདོད་པ་མེད།། ལུས་ཀྱི་ཉམས་སྟོབས་ཤོར་བས་ལྡང་མི་ནུས།། ་མཛེས་པའི་གཟི་མདངས་ཤོར་བས་ཡི་རགས་འདྲ།། འཆི་བ་རྣམས་ཀྱང་འདི་ལྟར་སྡུག་སྔལ་ཏེ། གཉེན་པ་ཤེ་ཚོགས་ཀྱིས་ཆོ་དེ་འདེབས་བྱེད་ཀྱང་།། དེ་ལ་ཉན་ལྟ་བསམ་པའི་ཡུལ་མེད་དེ།། གནད་གཅོད་པ་ནི་མཚན ་ཆས་གཏུབ་པ་འདྲ། ། མཛའ་དང་མི་མཛའ་དོན་དུ་སྔར་བྱས་པའི།། དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་།། གཤིན་རྗེའི་ཕོ་ཉ་ཤིན་དུ་འཇིགས་པས་བསྐོར།། བྲེད་ཤ་ཟོན་ནས་ཀུན་དུ་བལྟས་བྱས་ཀྱང་། ་མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་ནས།། ཤིན་དུ་རིགས་བཞིན་ཀུན་དུ་ཡི་མུག་སྟེ།། བདག་ཉིད་གར་འགྲོ་ཏལ་མེད་པར་དུ་འབྱུང་།། མི་རྟག་སྡུག་བསྔལ་མི་ཟད་ཡུན་རིང་འདི།། ཐོག་པ་མེད་ནས ་ལྷའི་བར་དུ་ཡང་། ། འཕགས་ལམ་མ་ཐོབ་པར་དུ་རྟག་ཏུ་གདུང་།། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཤིན་དུ་སྡུག་བསྔལ་བ་ལགས་ནི་བདེ་ལེགས་དང་ལྡན་པ་གང་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། མྱ་ངན་ལས་འདས་པ་ནི་བདེ་ལེགས་ཕུན་སུམ་ཆགས་པ་ཡིན་ནོ།། རྒྱལ་པོས་གསོལ་པ། ཇི་ལྟར་བདེ་ལེགས་ཕྲིན་སུམ་ཚོགས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་འདས ་པ་ཞི་པ་བདེ་བའི་མཆོག། རྣམ་རྟོག་བདག་ཏུ་འཛིན་དང་ཉོན་མོངས་མེད།། ངན་སོང་གསུམ་སོགས་བཀྲེས་སྐོམ་གྲང་དྲོ་དང་།། སྐྱེ་རྒན་འཆི་ལ་སོགས་སྡུག་བསྔལ་མེད།། འཁོར་བ་མི་རྟག་སྡུག་བསྔལ་གཏན་ཟད ་ནས། ལུས་སུ་གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་།། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོས་གཟུགས་ཅན་སྙིང་པོ་འཁོར་བ་ལས་ཡིད་བྱུང་ནས་རྒྱལ་སྲིད་མཆིལ་མའི ་བྲལ་བ་ལྟར་བོར་ཏེ། མྱ་ངན་ལས་འདས་པ་བསྒྲུབ་པ་ལ་གཞོལ་བར་འགྱུར་ཏོ།། དེ་ལྟར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ།། རྗེས་ཐམས་ཅད་ཀྱི་ནང་ན་གླང ་པོ་ཆེའི་རྗེས་མཆོག་གོ། མེ་ཏོག་རྣམས་ཀྱི་ནང་ན་པད་མ་དཀར་པོ་མཆོག་གོ།། འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་མཆོག་གོ། བསམ་པ་རྣམས་ཀྱི་ནང་ན་འཁོར་བ་ལས་ཡིད་བྱུང་བ་མཆོག། ་གོ།། རྒྱལ་པོ་ཆེན་པོ་འཁོར་བ་ལས་ཡིད་བྱུང་བ་ལེགས་སོ།། སྐྱོ་བ་སྐྱེས་པ་ལེགས་སོ།། ཆགས་ན་འཁོར་བ་ཡིན་ནོ།། མ་ཆགས་ན་མྱ་ངན་ལས་འདས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས། ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་ཡི་རང་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ། ། ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་།། ། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་