| Wylie | e-texts produced with BDRC’s OCR application |
རྒྱག་སྐད་དུ། ཤྲཱི་སརྦ་ཏ་ཐཱ་ག་ཏ་གུཧྱ་ཏན་ཏྲ་ཡོ་ག་མ་ཧཱ་རཱ་ཛ་ཨ་དྲ་ཡ་ས་མཧཱ་བིཛི་ཡ་ནཱ་མ་བཛྲ་ཤྲཱི་བ་རམ་ཧཱཀལ། ཨཱ་རི། བོདཀང་དུ། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིགས་བརྣལ་འབྱོར་ཆེན་པོ་རྣམ་པར ་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ང་ལ་མཆོག་ཆེན་པོ་བརྟག་པ་དང་པོའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉེད་དཔ་ལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པ་ཡི། དུས་གཅིག་ཚེན་བཅོམ་ལྡན་འདས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་དང་གསུང་དང་ཐུགས་རྡོརྗེ།། རྡོ་རྗེ་བཙུན་མོ་རྣམས་ཀྱི་ནི།། བྷ་ག་ལ་ནི་སྙོམས་པར་ཞུགས།། གསང་བ་ལས་ཀྱང་ཆེས་གས་དག་གསང་བ་ཆེན ་པོ་འདི་ལྟ་སྟེ། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དེ་བཞིན་གཤེགས་པ་ཀུན་གྱི་བདག། གསང་བ་པ་རྣམས་མ་ལུས་པའི།། སྐུ་དང་གསུང་དང་ཐུགས་རྡོ་རྗེ།། བྱང་ཆུབ་སེམས་ཀྱི་སྙིང་པོ་ཆེ།། ཆོས་ཀུན་མཉམ་པ་ཉིད་དགོངས་པའི།། མཉམ་ཉིད ་གཉིས་སུ་མེད་པའི་གནས། ། སྤྱོད་པ་མཉམ་པ་ཞེས་བྱ་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ།། དེ་ཉིད་ངང་ལ་གནས་པ་ཡིས།། འཁོར་གྱི་དཀྱིལ་འཁོར་དཔག་མེད་ལ།། གཟིགས་ཤིང་མི་བྱེད་རྡོ་རྗེ་ལས།། མ་ག་ཙེ་ས་ལྷ་མེ་ལྷང ་དེར་གནས། ། མི་འགྱུར་གསང་བ་འདུས་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རིག་པའི་ལྷ་མོ་རྫུ་འཕྲུལ་ཅན།། ཚོགས་འཁོར་རྣམས་འདུས་པ་སྟེ།། རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་ལས།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེ། ། ཀུན་དུ་བཟང་པོས་གསོལ་བ་བཏབ།། རང་གི་སྟན་ལས་ལངས་ནས་ནི།། བླ་གོས་ཕྲག་པར་གཟར་གྱུར་པས།། པུས་མོ་ས་ལ་བཙུགས་ནས་ནི།། ཐལ་མོ་སྦྱར་ཏེ་སྤྱིས་བཏུད་ནས།། གསང་བ་ཞེས་ནི་གང་ལ་བྱ།། ཆེས་གསང ་བན་ཛིག་བུ། ། གསང་བ་ཆེན་པོ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། འཁོར་ནམས་ཀུན་ལ་རྗེས་བརྩེ་བས།། རྡོ་རྗེ་གསང་བ་ཀུན་བདག་ཉིད།། རྡོ་རྗེའི་གསུང་གིས་བཀའ་སྩལ་པ། ་ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། ཆོས་ཀྱི་དབྱིངས་ནི་སྣང་བ་ཆེ།། རང་བཞིན་འོད་གསལ་ཡོངས་སུ་དག། དམ་མཁའི་དབྱིངས་བཞིན་དྲི་མ་མེད།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལི།། དྷུ་དང་མི་རྒྱུའི་དངོས་བདག་ཉིད། དཀྱིལ་འཁོར། ་བསྡུས་དང་སྤྲོས་པའི་ཚུལ།། བཀྱེད་དང་གནས་དང་སྡུད་པར་མཛད།། ཉན་ཐོས་རང་རྒྱལ་ལ་སོགས་ལས།། གསང་བ་བྱ་བ་སྤྱོད་པ་སྟེ།། ཕ་རོལ་ཕྱིན་པའི་མདོ་སྡེ་ལས།། གསང་བ་རྣལ་འབྱོར་ཆུང་དུ་གྲགས།། བྱི་རང་གསང་བའི་རིམ ་ཤེས་པས། ། གསང་ཆེན་རྣལ་འབྱོར་བླ་བད་རྒྱུད།། ཐབས་དང་ཤས་རབ་གཉིས་མེད་པ།། སྟོང་པ་སྙིང་རྗེ་དབྱེར་མེད་ཕྱིར།། བདེ་ཆེན་བྱང་ཆུབ་སེམས་མཆོག་གས་།། དེ་ཉིད་དཔལ་ལྡན་འདུས་པ་སྟེ།། ཟབ་དང་རྒྱ་ཆེའི་སྙིང་པོ་ཉིད།། ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། གཉིས་མེད་མཉམ་པ་རོ་གཅིག་པས།། ཕྱག་རྒྱ་ཆེན་པོའི་གནས་འདི་ནི།། ཐུན་མོང་མ་ཡིན་རྒྱལ་པོ་ཆེ།། དམ་ཚིག་སྤྱོད་པའི་གནས་འདི་ཡིན།། ལེགས་སོ་ལེགས་སོ་སེམས་དཔའ་ཆེ།། ཀུན་དུ ་བཟང་པོ་ལེགས་པར་ཉོན། ། རླུད་རྣམས་ཀུན་དུ་མ་བཤད་ཅིང་།། ཁྱད་པར་དངོས་གྲུབ་འབྱུང་བའི་གནས།། རིམ་པ་བླ་ན་མེད་པའི་ཆོས།། སྙིང་པོ་ཁྱོད་ལ་བསྟན་པར་བྱ།། ཨེ་མའོ་སངས་རྒྱས་ཀུན་གྱིགས་།། དེ་བཞིན་གཤེགས་པ ་ཐམས་ཅ་པ། བྱང་ཆུབསམས་མཆོག་ཟན་མེད། རང་བྱུང་མིགས་བདེབ་མཆོག། འདོད་ཆགས་ཅན་གྱི་སྐྱེས་བུ་རྣམས།། རབཏུ་གདུལ་བའི་དིན་ཅད་ཅུ།། གས་པ་རྗོད་པཔ་ཞིག་ཅེག།། གཟུང་ཅུར་རྟོགས་པར་ཐར ་དོན། ། དུས་པ་ཅན་པོ་རྡོ་རྗེའི་ཚིག། རྟོགས་དཀའ་སངས་རྒྱས་སྤྱོད་ཡུལ་བས།། སྡོམ་པ་གསང་བརྒྱས་གངབ་ཕྱིར།། དྲི་མང་ཡེ་ཤེས་འབྱུང་གནས་གཏེར།། ལྷན་ཅིག་སྐྱེས་པ་ང་བོ་ཉིད།། དཔལ་ལྡན་སངས་རྒྱས་ཀུན་གྱི ་བདག། རྡོ་རྗེ་འཆང་བ་ཆེན་པོའི་ཡུལ།། ཐབས་ལས་མ་ལུས་སངས་རྒྱས་འབྱུང་།། འདི་ཉིད་གསང་བའི་ཆོས་ཉིད་ཅན།། སྐུ་ཡི་གསང་བ་མ་སྐྱེས་པ།། སེམས་ཅན་ལུས་དང་སྣང་བ་ཁྱབ།། གསུང་གི་བསང་བ་མ་འགགས ་པཐམས་ས་དང་ས་ནཱ། ། རྨུགས་ཀྱིགས་མྦྷ་། ། ནག་ལ། ན་སསོ།། ། ་རྣམས་། རྣམས་ཁེབས་པའི་ང་བཞིན་གྱིས།། ཐེབ་ལྔམགས་དག་ཞལ་།། གསང་པའི་གེ་དོན་མ་མཛ་།། 3གཿ། ས་ལྡན།། པབ་ཎྜག། ཡངས་ལ།། ཨཿ། ཛན་ལ ་ཁ་ག་མཐའ་ན་དྷའི་མཐའ། ། ད་དྷའི་མཐའ་དང་མ་མཐར་བཅས།། དདེན་པའི་ཡིག་གསུམ།། ཐོག་མཐའ་གས་པ་ལ་དང་བ།། དུས་གསུམ་རྡོ་རྗེའི་ཡི་གའི་གནས།། འབྱུང་དང་འབྱུང་ལས་ཀྱུར་སླར་བཅས་། འདུས་པ་འདི་ནི་སྦས་པའོ།། ་རྣལ་འབྱོར་རྒྱུད་རྡུལས་ཚོགས་རྣམས།། རྩ་བའི་དཀྱིལ་འཁོར་ངེས་པ་ཡིས།། དུམ་ཉིད་དུ་དབང་བསྒྱུར་བས།། ཐབས་དང་ཤེས་རབ་སྤྱོད་པ་ཡི།། ཡེ་ཤེས་འབང་བའི་ཕྲེང་པོ་ཡིན།། ཐབས་དང་ཐབས་ལས་བྱུང་བ་ཡི།། ཁྱད་པར ་རིམ་པ་གང་གིས་ནི། ། མདོ་དོན་མངོན་པར་བསྡུས་པ་ཡིན།། མ་ཡཱ། ཨི་ཨཱཾ། ཨུ་ཨཱ། ར~ཾ་རཱྀ་ལའོ།། ཨ་ཨེ། མ་མམ་།། ཨ་ནི་སྐྱེ་བ་མེད་པའི་ཚུལ།། ཤེས་རབ་པ་རོལ་བྱིན་བྱོར་བ།། དབྱངས་ཀྱི་ཡིག་ཐ་མ་པེར།། སྟོད་ཉིད་ནམ ་མཁའི་ཆོས་རྣམས་ཀྱིས། ། བདེ་བར་གཤེགས་པའི་གསུང་རབ་མཆོག། སྙིང་པོའི་ཡན་ལག་དག་ཏུ་བཤད།། ཐུབ་པ་ཆེན་པས་ཆོས་ཕུང་པོ།། བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས།། དཔལ་ལྡན་འདུས་པའི་སྣོད་ཡིན་ཏེ།། དེ་བས་འཛིན ་ཀླད་ཀྱིཿ། ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་རྡོ་རྗེ་སོགས།། རྣམ་པ་སྣ་ཚོགས་སྟོན་པ་ནི།། སྙིང་པོ་ཀུན་ལས་འདི་བསྡུས་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་དང་། གསུང་དང་ཐུགས་ས་རྣམ ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོའི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པའི་ལེའུ་སྟེ་དང་པོའོ། ། །། དེ་ནས་ཕྱོགས་བཅུ་འདི་བཞིན ་གཤེགས་པ་ཐམས་ཅད་ཡང་དག་པར་ལུས་ཏེ་བཅོམ་པ་འདས་དེ་བཞིན་གཤེགས་པ་ཐམས་ད་ཀྱི་བདག་ཉིད་བྱུང་ཆུབ་བྱས་པས་ངལ་འས་ཀྱིས་གསུལ་མོ་ནས་འབྱུང་བང་ཐུག་པ་ག་ནམས་ཀྱི་། ས་པང ་བགྲོད་པའི་ལམ་ཀུར་པ། ། རྡོ་རྗེའི་གསུང་གིས་བཀའ་སྩལ་དོན།། བསྒྲུབ་བྱ་སྒྲུབ་བྱེད་དོན་བཤད་གསོལ་ཅེས་གསོལ་བ་བཏབ་པས་རྡོ་རྗེ་འཛིན་པ་ཆེན་པོས་ཇི་ལྟ་བར་མཁྱེན་ཅིང་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱི ་ཆོས་ཐམས་ཅད་ཀྱི་སྒོ་ལ་འཇུག་པ་ངོ་བོ་ཉིད་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་དེ་བཞིན་གཤེགས་པའི་འཁོར་འདུས་པ་དེ་དག་ཐམས་ཅད་ལ་འདི་སད་ཅེས་བཀའ་སྩལ་ཏོ། ། རང་བཞིན་དག་ཅིང་བདག་མེད ་པའི། ། ཆོས་ཀྱི་དབྱིངས་ནི་སྤྲོས་དང་བྲལ།། སྣ་ཚོགས་རྒྱུ་མའི་ཆོ་འཕྲུལ་ནི།། རང་འབྱུང་དག་པར་འཆར་བ་ཡིན།། ནལ་འབྱོར་རྣམས་ལ་དངོས་གྲུབ་ཀྱི།། འབྲས་བུ་ཉམས་སྣང་སྣ་ཚོགས་པའོ།། ཁམས་གསུམ་སེམས་ཅན་ཐམས ་ཅང་ལ། ། ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི།། གསང་བ་བསམ་གྱིས་མི་ཁྱབ་པ།། ཕྲིན་ལས་དག་པའི་སྟོབས་སུ་འཆང་།། དེ་ཉིད་གཞན་དུ་མི་རྙེད ་དེ། ། ཞེས་རྒྱུད་གཅིག་གིས་བསླུས་པའི་ཕྱིར།། འབྲེལ་བ་ཅན་དུ་བརྗོད་པར་བྱ།། ཁྱད་པར་ཆོས་ནི་བཏག་དཀའ་བའོ།། སྟོང་གསུམ་ཞིང་འདི་སྤྲུལ་པ་ཡི།། དཀྱིལ་འཁོར་རྒྱ་ཆེ་འཇིག་རྟེན་ཁམས།། གསལ་བ་ཚིམ་མེད་པ་སྟེ།། དག་པརང ་འབྱུང་ངོ་བོ་ཉིད་། ལྔ་ཚོགས་ཆོས་ཉིད་གཅིག་པ་འས།། ཀུན་དུ་གྲུབ་པ་དགའ་བའི་གཟུགས།། རང་བཞིན་སངས་རྒྱས་དོ་རྗེའི་གྲི།། སྔོ་བཅུའི་སྤྲིན་གྱིས་ཀུན་ཁྱབ།། ཕྱོགས་བ་རྒྱད་ཀྱི་ཕྲེང་བ་ཡི།། སྔ་བས་རྒྱས་པ་འགྲོ་ཞིང་འཁྲུགས། ་གསལ་དང་གསལ་མིན་གཉིས་ལྡན་པའི།། རིན་ཆེན་པད་མའི་ཕྲེང་ལྡན་པས།། ཕྱོགས་རྣམས་ཀུན་དུ་དུས་གསུམ་གྱི།། སངས་རྒྱས་རྣམས་ཀྱི་སྤྱོད་ཡུ་ཆེ།། རིགས་ལྔར་འབྱུང་བ་རྣམས་དང་ནི།། ཕྱོགས་ཀྱི་དབྱེ་བས་གནས་པ་ཡི། ་ལྷ་རྣམས་ཐམས་ཅད་འབྱུང་བ་ནི།། ཡང་དག་ཏིང་འཛིན་དབྱེ་བ་ཡིས།། ཞེ་སྡང་གཏི་མུག་འདོད་ཆགས་དང་། ཡིད་བཞིན་ནོར་བུའི་དམ་ཚིག་སྟེ།། རིགས་ལྔར་གྱུར་པ་འདི་དག་གིས།། འདོད་དང་ཐར་པ་རབ་བསྒྲུབས་པས།། ་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར།། དག་དང་མ་དག་གྱུར་པ་རྣམས།། འདིར་ནི་རིགས་ལ་གནས་པ་སྟེ།། རིགས་དང་ཕྲ་བའི་ཆ་བརྟེན་པས།། ལུས་སེམས་ཆོས་ནི་རབ་ཏུ་དབྱེ།། ལུས་ནི་ནམ་མཁའ་ལྟ་བུ་སྟེ།། སེམས་ནི་སྒྱུ་མའི ་རྣམ་པར་འབྱུང་། ། དག་ནི་བྲག་ཆ་ལྟ་བུ་སྟེ།། དབྱེར་མེད་རྡོ་རྗེ་ལྷན་ཅིག་སྐྱེས།། རྟེན་དང་རྟེན་པ་དབྱེར་མེད་པས།། ཐམས་ཅད་ཆོས་ཉིད་སེམས་ལ་གནས།། སེམས་ཅན་སངས་རྒྱས་གཉིས་སུ་བཏགས།། སྣོད་བཅུད་སྣང་བའི་ཡུལ་རྣམས་དང་།། ་བརྟན་གཡོ་ཁམས་གསུམ་རང་རིག་པ།། སྲིད་གསུམ་མ་ལུས་ཆོས་ཉིད་དེའི།། སྣང་བ་གཟུགས་དང་སྒྲ་ལ་སོགས།། དྲི་དང་རོ་དང་རེག་བྱ་དང་།། ཐམས་ཅད་ཆོས་ཉིད་བག་ཆགས་འབྱུང་།། རྒྱུ་ལས་འབྲས་བུ་བསྐྱེད་པའི་ཕྱིར།། གཅིག་ལས ་དུ་མའི་ཆོས་ཀུན་ཤར། ། དུ་མ་ཉིད་དུ་དམིགས་མེད་དེ།། ཐམས་ཅད་སྟོང་ཕྱིར་མ་སྐྱེས་པའོ།། དེ་སྐད་ཅེས་གསུངས་པ་དང་།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ ་ལ་སོགས་པ་རྣམས་རབ་ཏུ་དགའ་ཞིང་ཡིད་རང་སྟེ། ། བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་ཐོབ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལ་རབ་ཏུ་གནས་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མའོ།། རང་ལུས་སྒྱུ་མར ་གྲུབ་པ་དག། ནམ་མཁའ་ལྟ་བུར་སྐྱེ་བ་མེད།། དབང་པོའི་གཞུ་དང་མཚུངས་པ་ཉིད།། སྟོང་པ་ཉིད་ནི་རྡོ་རྗེའི་སུ།། ལུས་ནི་རང་བཞིན་མི་དམིགས་པས།། དག་པ་ཆེན་པོ་ཡེ་ཤེས་ལུས།། ངག་ནི་བྲག་ཆའི་སྒྲ་དང་མཚུངས།། བརྗོད་པའི་དུས་ན་སྟོད་པ ་སྟེ། ། བི་ཝང་སྒྲ་བཞིན་རྟེན་འབྲེལ་གྱིས།། རང་གྲག་བརྗོད་པ་ཐ་སྙད་ཙམ།། སེམས་ནི་རང་འབྱུང་དག་པ་ལ། ཡེ་ཤེས་ཆེན་པོ་རང་གནས་ཉིད།། རྒྱུ་རྐྱེན་ཚེགས་པ་བྲལ་བ་ལས།། སྣང་བ་ཙམ་དུའང་མི་གནས་པའོ།། དེ་ནས་བཅོམ་ལྡན་འདས་དཔལ ་རྡོ་རྗེ་འཛིན་པ་ཆེན་པོས་ཆོས་ཐམས་ཅད་ལ་ཟབ་པའི་ཚུལ་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མུ་གསུང་ཐུགས་རྡོ་རྗེ་བླ་ན་མེད་པའི་དོན་བཀའ་སྩལ་པ། ། མ་སྐྱེས་མི་འགག་རོལ་བར་གང་འབྱུང་བ། བྱང ་ཆུབ་སེམས་ནི་དཔལ་ལྡན་རྡོ་རྗེ་འཆང་། ། ཐབས་དང་ཤེས་རབ་གཉིས་མེད་སྟོན་པའི་སུ།། སྒྲ་འདྲུལ་རྒྱལ་པོ་བང་ཆེན་འདི་ཉིད་དེ།། ཆོས་རྣམས་ཐམས་ཅད་རང་བཞིན་འད་གསལ་བ།། མཚན་མ་མེད་ཅིང་མི་འགྱུར་འཇའ་ཚོན་ལྟར།། གཉིས་མེད་གཉིས ་སུ་མེད་མིན་མཉམ་པའི་ཀླུ། ། ཤིན་དུ་དྲི་མེད་ནམ་མཁའི་ངོ་བོ་ཉིད།། ཧཱུཾ་བཛྲ་དྷྲྀ་ཀདྡྷྲྀ་ཛིན་ཛཀ། ཏཱ་རདྡ་ན་དྷྲྀཀ། ཧྲཱིཿ་རོ་ལ་ཀ། ཁ་པྲཛྙཱ་དྷྲྀ་ཀ། ལ་དྭེ་ཥ་ར་ཏི། མ་མོ་ཧ་ར་ཏི། པེ་རཱ་ག་ར་ཏི། ཏ་བཛྲ་ར་ཏི། ཡ་ཡ་རཱ་ན་ཏ་ཀྲི་ཏ། མ་པྲ་ཛྙཱ་ན་ཏཀྲྀཏ། ཏ་བ ་མཱན་ཏ་ཀྲིཏ། ཀ་བིཀྵཱན་ཏ་ཀྲི་ཏ། རྡོ་རྗེ་རིན་ཆེན་པད་མ་དང་།། འཁོར་ལ་བསྣམས་པའི་འོད་འཕྲོ་བ།། དཀྱིལ་འཁོར་རྫོགས་ཚུལ་ལྷ་རྣམས་ཀུན།། ཡབ་ཡུམ་བདེ་བ་ཉིད་དུ་བཞུགས།། དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ ་པར་རྒྱལ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་རྡོ་རྗེ་གསུམ་བསྟན་པའི་ལེའུ་སྟེ་གཉིས་པའོ། ། །། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ ་དང་། ། ཐུགས་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པར་མཛད་པའི་ཕྱིར་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉིད་ཀྱིས་ཆོས་ཐམས་ཅད་ལས་རྣམ་པར་རྟོགས་པ་མེད་ཅི་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར ་འདུས་པ་རྣམས་ལ་ཡང་དག་པའི་སྣང་བ་སྟོན་པར་མཛད་པའི་ཕྱིར་འདི་གསུངས་སོ། ། ཆོས་རྣམས་མི་འགྱུར་ནམ་མཁའ་བཞིན།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ཐ་མ་ཉིད་དུ་སྟོན་པར ་མཛད། ། སྔགས་ཀྱི་སྤྱོད་པ་སྤྱོད་མཆོག་གིས།། གསང་བའི་ཚུལ་འདི་སྤྱད་པ་ན།། གང་སྤྱོད་དེ་ཡིས་ཡེ་ཤེས་འཐོབ།། ཚུལ་འདི་ཤིན་ཏུ་འདའ་དཀའ་བའོ།། མཁའ་དང་མཚུངས་པ་མཉམ་འགྱུར་བས།། རྣམ་པར་མི་ཏོག་ངོ་བོ་ཉིད། ཚེས་རྣམ ་རང་བཞིན་དག་པ་ལས། ཡང་དག་སུ་ནི་རབ་ཏུ་འབྲུང་།། སེཾས་ཐཱ་བཱ་ཤྭདདྷེ། ཨཿདྷཿསབྷཱ་བ་ཤུ་དྷཿ། ཨ་ལག་ཞུང་དྷཿསརྦརྦཱ་ཐཱ། ལ་ག་ཤད་དྷཿ། ཨོཾཊཎྜཏ་དུན་པ་དྷས་ཐཱ་བ་སྭཱཿ། ཤཱ ་སྔགས་ཀྱིས་སྒྲ་རྣམས་དང་། ། སྔགས་དང་རླུང་དུ་སྦྱར་བ་ཉིད།། རང་བཞིན་དག་པའི་ཡེ་ཤེས་ལྔ།། ཆོས་རྣམས་ཡི་གེ་སྟོང་པར་བརྗོད།། རྡོ་རྗེ་མི་བསྒོང་རྒྱལ་མཆོག་ནི།། ཞེ་སྡང་ཅན་གྱི་གདུལ་བྱལ།། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱིས།། ་གཏུམ་ཞིང་གདུག་པ་ཐམས་ཅད་འདུལ།། དཀོན་མཆོག་དཔལ་གྱི་རྒྱ་ཆེན་གྱིས།། ང་རྒྱལ་ཅན་གྱི་གདུལ་བྱ་རྣམས།། རིན་ཆེན་རིགས་ཀྱི་དཀྱིལ་འཁོར་གྱིས།། སེར་སྣས་འཇུངས་པ་ཐམས་ཅད་གཏུལ།། ཚེ་དཔག་མེད་ཀྱིས་འོད་བྱེད་ཀྱིས། ་འདོད་ཆགས་ཀྱིས་ནི་བཅིངས་པ་རྣམས།། པད་མ་རིགས་ཀྱི་དཀྱིལ་འཁོར་གྱིས།། སྲེད་པ་ཅན་གྱི་གདུག་པ་བཏུལ།། ཐོགས་མེད་གྲུབ་པའི་རྒྱལ་ཆེན་གྱིས།། ཤིན་ཏུ་ཕྲག་དོག་ཆེ་རྣམས་ལ།། ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱིས།། སེམས ་ཅན་མ་རུངས་ལས་ཅན་བཏུལ། ། སངས་རྒྱས་དཀྱིལ་འཁོར་ཡངས་པས་ནི།། མོངས་དང་མ་རུངས་མཆེ་བ་ཅན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཆོག། གཏི་མུག་མུན་པར་ཚུད་རྣམས་བཏུལ།། དཀྱིལ་འཁོར་ལྔ་ཡི་སྦྱོར་བ་བྲི། དེ་ཉི ་རིགས་ནི་ལྔ་བཤད། ཤིན་དུ་བསྡུས་པའི་སྦྱོར་བས་ནི།། ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་མཆོག། ཁྲུནི་བཅུ་གཉིས་ཚད་མཉམ་པ།། ངོས་བཞི་དགལ་མཉམ་པ་ཡིས།། བཅུ་གཉིས་ས་ནི་མངོན་རྫོགས་པས།། བཅུ་གསུམ་པ་ལ ་གནམ་པ་ཡིན། ། གསུང་གི་དཀྱིལ་འཁོར་བླ་མེད།། བློན་ཉི་ཤུ་མཉམ་པ་ཏེ།། ངོས་རེལ་ཡང་ལྔ་ལྔ་བརྗོད།། རླུང་བཅུ་སྔགས་བཅུར་གནས་པ་ནི།། བློམས་ལྡན་པས་ཤེས་བྱསྟེ།། དེ་བརྗོད་པས་ནི་མཆོག་ཏུ་བརྗོད།། བྲལ ་དཀྱིལ་འཁོར་ཁྲུ་བཅུ་དྲུག། ངོས་རེང་བཞི་བཞིར་ལྡན་པ་ལས།། བདེན་པ་བཅུ་དྲུག་རྟོགས་པ་ཡིས།། ཡེ་ཤེས་སྐད་ཅིག་དེ་སྙེད་དོ།། མི་བསྐྱོད་རྡོ་རྗེ་འཛིན་པ་དང་། ཚེ་དཔག་མེད་པའི་གང་བདང་། རྡོ་རྗེ་རྟག་པ་ཆེན་པོ་། སྡུབ ་བསྐུ་གསུང་ཐུགས་རྡོ་རྗེ། ། ལུས་ངག་ཡིད་ནི་རྣམ་དག་ཕྱིར།། ཡང་དག་དོན་དུ་སྣང་བའོ།། གཅིག་ནས་གསུམ་དང་རིགས་ལྔ་སྟེ།། དགུ་དང་བཅུ་གསུམ་ཉི་ཤུ་ཝ།། སུམ་ཅུ་རྩ་གཅིག་པར་དག་ཏུ།། རྩ་བའི་དཀྱིལ་འཁོར་དག་ཏུ ་འགྱུར། ། རིགས་ལྔ་དག་ལས་འབྱུང་བ་ནི།། རེ་རེ་ཉི་ཤུར་དབྱེ་བ་ཡིས།། ཕྱི་དང་ནང་གི་བདག་ཉིད་ལས། ཉི་ཤུ་རྩ་ལྔར་ཡང་དག་པས།། དམ་པའི་རིགས་ནི་བརྒྱ་རུ་འགྱུར།། དེ་བཞིན་གཤེགས་ཚོགས་མཐའ་ཡས་པས།། འདུས ་པ་ཆེན་པོ་འདིར་བརྗོད་བྱས། ། རྣལ་འབྱོར་པ་རྣམས་ཤེས་པར་གྱིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བའི་དཀྱིལ་འཁོར་བླ་ན་མེད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་ཆོས་ནི་སྟོར་བའོ།། གསང་བ་ཆེན་པོ་རྣམ་པར་རྒྱལ།། ཆུང་འདི ་ཡང་དག་སྟོན་པར་མཛད། ། རྡོ་རྗེ་དམ་ཚིག་གསུམ་གྲུབ་མཆོག། སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར།། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི།། ཡིད་བཞིན་ནོར་བུ་རྒྱ་མཚོར་གྱུར།། ཕུང་པོ་ལྔ་རྣམས་སངས་རྒྱས་སྐུ།། དེ་བཞིན ་གཤེགས་པའི་བདག་ཉིད་ཅན། སྲབ་སའི་ཁམས་ཡིན་ཏེ།། ཞུ་བ་ཆུའི་ཁམས་སུ་འདོད།། དྲོ་བ་མེའི་ཁམས་ཡིན་ཏེ།། རྒྱུ་བ་རླུང་དུ་རབ་ཏུ་བསྒྲགས།། མི་ཤིགས་པ་ནི་ཐིག་ལེར་གསུངས།། བདེ་བ་ནམ་མཁའི་ཁམས་ཡིན་ནོ།། ་གཟུགས་ནི་ཐོགས་པར་བཙས་པ་སྟེ།། ཚོར་བ་རྣམ་པ་གསུམ་དུ་འགྱུར།། འདུ་ཤེས་དམིགས་པར་བཅས་པ་སྟེ།། འདུ་བྱེད་ལུས་ངག་ཡིད་སྦྱོར་བ།། རྣམ་ཤེས་སྣུམ་མདོན་སྒྲུབ་བྱེད།། རེག་པ་ལས་ནི་ས་ཡིན་ཏེ།། ལྷ་མོ་སྤྱན ་དུ་ཤེས་པར་བྱ། ། དྲོ་བ་མེ་རུ་རབ་ཏུ་གྲགས།། གོས་དཀར་མོར་ནི་ཤེས་པར་བྱ།། སྡུད་པར་བྱེད་པ་ཆུ་ཡིན་པས།། མཱ་མ་ཀཱི་ཡི་ངོ་བོར་འགྱུར།། འགྲོ་བའི་བྱ་བ་བསྐྱོད་པ་རླུང་།། སྒྲོལ་མའི་ངོ་བོར་བརྗོད་པར་བྱ།། ཐིག་ལེ་སྣང་བྱེད་བ ་དུ་ད་གས། ག་ཅན་ལགས་ན།། སགསས་རྣརྣམས་ཀྱང་བས།། བྲལ་དུ་མ་ནས་ཀྱད་ཡན།། བག་ནགས་སུས་འརྣམས་པག། དེ་ས་ང་མ་མེ་ལག ་བཀག་ས་རྣམ་པར་མིརྟོག་པས། ། བཞལ་པ་སྟོང་ཕྲག་དུ་མ་ཡང་།། གནས་ནས་ཡེ་ཤེས་སྟོ་བར་བྱེད།། དེ་ཡང་ཅུང་ཟད་གོམས་བྱས་པས།། གོང་ནས་གོང་ས་ཁྱད་པར་འགྲོ་ཞེས་གསུངས་པ་དང་། འཁོར་རྣས་པ ་དག་ཐམས་ཅད་ལ་རང་བཞིན་གྱིས་གྱི་ཀྱི་ས་པས་ཡང་དག་པའི་ཡེ་ཤེས་འ་བར་དུ་གྱུར་པ་བླན་མེད་པ་ལས་མངོན་དུ་གྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆེད ་བརྗོད་པའང་མེད་དུ་བརྗོད་དོ། ། གང་དང་གང་གིས་འཚང་བ་རྣམས། དད་ཤེས་པས་གྲོལ་འགྱུར་ཏེ།། འདིལ་ངེས་པར་འཁོར་བ་ཡི། རྒྱ་མཚོ་ནང་ནས་དྲི་མེད་འཐོག། སེམས་ཅན་རྣམས་ཀྱི་སེ་ཤེས་ཀྱིས།། རྒྱུད་ནི་ས་པ་གྲོ ་འགྱུར་བ། ། ཁྱད་པར་ལས་ན་རྟོགས་པས་ན།། ཚེ་འདིར་སངས་རྒྱས་གནས་སུ་འགྲོ།། གང་དུ་ཡང་དག་ཐ་མ་ཡི།། དྲིན་གྱི་ཡེ་ཤེས་ཡན་ལག་བདུན།། ཕྲ་བའི་ཡོན་ཏན་མངོན་དུ་བྱེད།། སྐུ་གསུམ་དབྱེར་མེད་ལ་ཕྱག་འཚལ།། ་འདི་ལྟར་གྱུར་པའི་རྣལ་འབྱོར་པ།། ཚེ་འདིར་འབྲས་བུ་ཐོབ་པས་ན།། མེ་ཏོག་ཏིང་འཛིན་ལ་གནས་པས།། དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས།། རིང་ན་བཞུགས་ཀྱང་གཟིགས་འགྱུར་ཏེ། དོན་ཀུན་སྒྲུབ་པར་བྱེད་པའོ།། དགའ ་དང་དགའ་བྲལ་དག་གི་དབུས། ། མཚན་ཉིད་དམིགས་པ་བརྟན་པར་གྱིས།། ཐུན་ནམ་ཟླ་ཕྱེད་ཟླ་བ་འོ།། བསྐལ་པར་ཡེ་ཤེས་ཆེ་ལ་སྦྱོར།། མི་ཏོག་པ་ཡི་ཏིང་འཛིན་གྱིས།། སྒྲིབ་པ་རང་དག་ལྷུན ་གྱི་གྲུབ། ། བདེ་བ་ཆེན་པོ་མངོན་བྱོས་པས།། སྟོབས་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། དངོས་པོ་ཐམས་ཅད་བརྟག་པར་བྱ།། དེ་ལས་བྱུང་བའི་ཐབས་བསྟན་པས།། བདེ་བའི་ཁྱད་པར ་འབྱུང་བར་འགྱུར། ། རྒྱུ་ཡི་ཡན་ལག་བདུན་འབྱུང་བ།། བླ་མས་བརྟེན་པའི་རྟེན་འབྲེལ་གྱིས།། ཡེ་ཤེས་དབབ་པས་སྦས་པའི་ཚུལ།། ཡེ་ཤེས་མཐོང་བ་ལུས་དང་དག། རྟགས་འཆར་སྒྲིབ་པ་རང་དག་སྟེ།། བྱིན་གྱིས་བརླབས ་ལས་འཆར་བ་ཡིན། ། ཐ་མ་སློབ་མའི་ཁྱད་པར་དག། ཡེ་ཤེས་དབང་དང་ཅུང་ཟད་ཀྱིས།། ཡེ་ཤེས་མཐོང་བའི་སྤྱོད་ཡུལ་ཡིན།། ལོངས་སྤྱོད་རྫོགས་པའི་མཚན་དབེན།། ཐོལ་གསལ་བར་རང་ལུས་ལ།། མཚན་དང་དཔེ་བྱད ་ལྡན་པར་བཞུགས། ། བསྦྱར་ཨེ་བཾ་རྣམ་པ་གཉིས།། ཐབས་དང་ཤེས་རབ་ཅ་ཡི་གནས།། བདེ་བ་ཆེན་པོ་ཐིག་ལེ་ཡིས།། འདུ་འབྲལ་མེད་པའི་ཡེ་ཤེས་ཅན།། སྙིང་རྗེ་ཆེན་པོ་ཚད་མེད་བདུད་ཅིའོས།། རྒྱུན་མི་འཆད་པར ་བའི་བྱང་སེམས་འབབ། ། ཕྲིན་ལས་སྟོབས་ནི་གཞན་དོན་ཐོགས་པ་མེད།། དེ་དག་དོན་དུ་ཡང་དག་རང་བཞིན་མེད།། སྟོང་ཉིད་རྟོགས་པས་དངོས་ལ་ཆགས་མི་འགྱུར།། འདི་ནི་རྒྱུ་ཡི་རུས་ཞེས་བྱ་བ་སྟེ།། ལམ་གྱི་དུས་ན ་དབང་གི་ཡེ་ཤེས་ཏེ། ། མཚན་ལྡན་རིག་མ་ཡོངས་སུ་དག་པ་ལ།། ས་ཕྱོགས་གཙང་ཞིང་རབ་ཏུ་དབེན་པ་འམ།། རྒྱལ་ཉིད་སྐྱེས་གཞི་ཞི་བའི་གནས་རྣམས་སུ།། བཤར་གཅི་ཚུ་ལ་སོགས་པ་བྱུག་པ་འམ།། རྒྱལ་བ ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། ། ནུ་མའི་དབུས་པར་སྤྱི་གཙུག་མཐའ་ཡབར།། ཆོ་ག་ཤེས་པས་ཡང་ན་རྐང་པའི་བར།། ལྟེ་བ་རྐེད་པ་གསང་བར་རྒྱལ་བའི་སྲས།། རིགས་ལྔ་རྣམས་ནི་རབ་ཏུ་དགོད་པར་བྱ།། རབ་ཏུ་དགེ་བའི་ཆོས ་ནི་དྲི་མ་མེད། ། རྣམ་པར་མ་རྟོག་ཡེ་ཤེས་མཚུངས་མེད་པ།། ཐབས་དང་ཤེས་རབ་སྦྱོར་བ་འདི་ཡིས་ནི།། བདེ་ཆེན་མཆོག་ཏུ་དག་པ་འདིར་ཐོབ་བྱེད།། འབྲས་བུའི་ཡན་ལག་བདུན་ནི་ཐ་མར་བརྗོད།། རང་བྱིན་བརླབ་པའི་ལམ ་གྱིས་གང་ཐོབ་པ། ། མཚུངས་མེད་འདྲེན་པ་བླ་མེད་ངོ་བོ་ཉིད།། ནུས་པ་བརྟན་དང་རྫོགས་པ་མངོན་གྱུར་པའོ།། རྡོ་རྗེ་གསུམ་པ་དེ་བཞིན་གཤེགས་པའི་གསང་།། གནས་ནི་གནས་ཀྱི་རྣམ་པར་བསྒོམ་པ་དུག་སྔགས་ཀྱི་མཚན་གྱིས ་གན་གྲུས་པ། ག། ས་བ་ད་བྱ།། རླབ་པའི་འབྲས་བུ་ནུས་པ་བརྟན་པ་ཡིས།། འདིར་གང་ཅིག་གཙིག་གིས་རྫོགས་ཀྱང་ཆུག།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པྲ་དང་གཟང་དང་ཐུགས་ཀྱི ་པོགས་བ་གསང་བ་འདུས་པ་བལ་ནལ་འབྱོང་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་བསྟན་པའི་ལེའུ་སྟེ་བཞིཔའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་གཟིགས་ནས། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་གྱི་ཕྱིར་ཡང་དག་པར ་སྣང་བའི་ཡེ་ཤེས་རྣམ་པར་སྤྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསང་བ་འདི་ལྟ་བུ་གསུངས་སོ། ། འཁོར་བ་དག་ལ་མི་གནས་པའི།། ཡེ་ཤེས་རྡོ་རྗེ་ཁྱོད་ཉོན་ཅིག། དངོས་པོ་དངོས་མིན་དང་བྲལ་བ།། དངོས་པོ་གཉིས་ཀ། སྡོང ་བ་ནི། གཉིས་སུ་མེད་པའི་ཆོས་ཞེས་བྱ།། དག་དང་མངག་སྲང་བྱར་མེད།། གཟུགས་དང་སྟོང་པའི་བར་དུ་ཡང་།། དབུས་སུ་མཉམ་པར་གནས་པ་ཡི།། གཙང་དང་མི་གཙང་དབུས་སུ་ནི།། མ་འདྲེས་པ་དེ་མཉམ་པར་སྦྱོར།། རྟེན་དང་རྟེན་ཅན་དབུས ་སུ་ནི། མཉམ་པ་ཉིད་ཀྱིས་རྒྱལ་བ་འབྱུང་།། ལུས་ནི་མཉམ་པར་གནས་པ་དང་།། ག་ང་སེམས་ཀྱང་མཉམ་གྱུར་པས།། མཉམ་པར་ལྟ་བ་མཐོང་བ་རྣམས།། ཡེ་ཤེས་མཉམ་པར་རྣམ་པར་རྒྱལ་བ་ཞེས་གསུངས་སོ།། ཀུན་དུ་བཟང་པོ་སེམས་དཔའ ་ཆེས། ཇི་ལྟར་མཉམ་པར་ལྟ་བ་དང་།། གཉིས་སུ་མེད་པའི་ཆོས་དག་ནི།། བདག་གིས་ཇི་ལྟར་འཚལ་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡེ་ཤེས་རང་བཞིན་གཉིས་མེད་ཆོས།། དུ་མ་མ་ཡིན་གཅིག་མིན་ཏེ། གསང་བའི་རིམ་པ ་བླ་ན་མེད། དང་པོ་ལས་ཀྱི་རྣལ་འབྱོར་གྱིས།། ལམ་གྱི་རིམ་པ་རབ་སྦྱོར་བས།། ཅིག་ཅར་འཇུག་པ་ཕྱག་རྒྱ་ཆེ།། ཟུང་དུ་འཇུག་པའི་རིམ་པ་ཉིད།། བདེ་བ་ཆེན་པོར་རྟོགས་པར་བྱ།། ཆོས་རྣམས་ཡོངས་སུ་རྫོགས་པ་ནི།། བྱང་ཆུབ་ཕྱོགས་ཆོས་སུམ ་བཅུ་བདུན། ། ཏིང་འཛིན་རོ་མཉམ་རྡོ་རྗེ་ཡིས།། གསང་ཆེན་གཉིས་མེད་རྒྱལ་བ་འདིར།། གནས་བཅུ་དང་གཡོ་བཆུང་།། མི་ཤིགས་ཐིག་ལེའི་ངོ་བོ་ཉིད།། རང་ལུས་རྡོ་རྗེའི་རང་བཞིན་ལ།། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས།། ས་ལམ་རྫོགས་ཚུལ ་ལུགས་འབྱུང་དང་། ། ལུགས་ལས་བཟློག་པ་རིམ་མིན་པས།། ཆུད་དུ་སྦས་པ་རྣམས་གསལ་བ།། དེ་ཉིད་ངེས་པར་བསྟན་པ་ནི།། ཚེ་འདི་ཉིད་ལ་མངོན་སངས་རྒྱས།། ཅེས་གསུངས་པ་དང་། འཁོར་གྱི་དཀྱིལ་འཁོར་དེང་ག་ཤིན་དུ་རྨང་ཏུ་བྱུང་བའི ་ཚུལ་ཟབ་མོ་ལ་ངོ་མཚར་སྐྱེས་ཏེ་སླར་གསོལ་པ། ཡེ་ཤེས་ཐོབ་པའི་ལུས་ཅན་དག། ཚེ་འདི་ཉིད་དུ་སངས་རྒྱས་པ། འདི་ཉིད་རྣལ་འབྱོར་ཇི་ལྟ་བུ།། མི་གཙང་ལུས་ལས་ཇི་ལྟར་འགྱུར།། ནམ་རྟོག་ངན་པའི་བག་ཆགས་ཀྱིས།། དྲི་མས་བསླད ་པས་འདི་མ་མཆིས། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་འཆང་གིས་དེར་བསྟན་པ།། དྲི་མ་བག་ཆགས་བཟློག་བྱའི་ཕྱིར།། ལམ་གཉིས་རང་གི་གསང་བའི་ཆོས།། འདིར་ནི་རྟོག་པ་ངན་པའི་ཚིགས།། རགས་པ་དང་ནི་ཕྲ་བའི་ཆོས།། ནམ་རྟོག་པག། ་ཆགས་ཉེས་པ་ཡིས།། འགྲོ་བ་གསུམ་པོ་རྣམ་རྨོངས་ལ།། བློ་དང་ལྡན་པས་ལེགས་བལྟས་ཏེ།། རྣལ་འབྱོར་རྒྱུད་ཀྱི་སྦྱང་བར་བྱ།། བླ་མའི་མན་ངག་ལམ་གྱིས་ནི།། སློབ་མ་ཡོངས་སུ་སྨིན་བྱས་ཤིང་།། ཡེ་ཤེས་རྒྱུད་ལ་བསྐྱེད་པ་ཡིས།། ་གཅིག་ཆར་ལམ་གྱི་སྟོབས་ཀྱིས་ནི།། འདིར་ནི་ཡང་དག་རྫོགས་སངས་རྒྱས།། གོམས་པ་ཆུང་བའི་སྟོབས་ཀྱིས་ནི།། ཡོན་ཏན་འཐུན་སྣང་མ་གྱུར་ཏེ།། དྲི་ངའི་ལུས་ནི་རྒྱལ་བའི་སྐུ།། སེམས་ནི་དྲི་མེད་པད་མ་ལྟར།། སྐྱོན་གྱི་འདམ་པས་མ ་གོས་སོ། ། ཇི་ལྟར་འདམ་པའི་ལུས་དག་ལས།། ཡེ་ཤེས་ལུས་ནི་རང་དགར་འབྱུང་།། བསྐྱེད་པའི་རིམ་པའི་རྣལ་འབྱོར་ལམ།། རྫོགས་པས་གནས་ལུགས་མངོན་བྱས་ཏེ།། ཡེ་ཤེས་སྤྱོད་པས་རྣམ་སྦྱངས་པས།། ཤིན་དུ་དྲི་མེད་དག་པར་འགྱུར།། ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། ཐབས་ཀྱི་མྱུ་གུ་དག་གིས་ནི།། བན་དྷཱ་ཀ་ནི་རྒྱས་པ་བཞིན།། སྦྲང་རྩི་བདུད་རྩིའི་གནས་ཡིན་ཏེ།། ཡོན་ཏན་དྲི་མེད་དེ་ཉིད་ཀྱི།། མེ་ཏོག་རྒྱས་པའི་ཆུ་སྐྱེས་པའོ།། རྡོ་རྗེ་ཐེག་པར་སྦས་པ་ཡིརྣལ་འབྱོར ་མངོན་པར་སངས་རྒྱས་པ། བདེན་གཉིས་ཟུང་འཇུག་རྟོགས་པ་ལས།། སྤྲོས་བྲལ་མཐའ་དང་བྲལ་བའི་ཆོས།། སྒོམ་པའི་ལམ་ཞེས་ས་རྣམས་བསྐྱོད།། སྐད་ཅིག་ཡེ་ཤེས་འཆར་ཚུལ་ལོ།། གོ་མ་གོམས་པའི་ལམ་གྱུར ་པས། སྐུ་བཞི་འགོ་འཕང་མངོན་བྱེད། ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇམ་པའི་དབྱངས་དང་། སྤྱན་རས་གཟིགས ་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་ལ་སོགས་པ་རྣམས་བདེ་བ་དང་ཡིད་བདེ་བ་དང་དད་པ་ཁྱད་པར་ཅན་ཐོབ་ནས་སྟན་ལས་ལངས་ཏེ། ཕྱག་དང་བསྐོར་བ་དུ་མ་བྱས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ ་བརྗོད་དོ། ། ཨེ་མའོ་རང་འབྱུང་རྒྱལ་བའི་གཞི།། རྡོ་རྗེ་ཐེག་པ་གསང་བ་ལས།། ཕྱི་མའི་དུས་ན་གང་བྱུང་བའི།། རྣལ་འབྱོར་པ་རྣམས་དེ་བཞིན་གཤེགས།། ཤཱཀྱ་ཐུབ་པའི་བསྟན་པ་ལ།། སྙིགས་མ་ལྔ་ལྡན་དུས་དག་ཏུ།། རྡོ་རྗེའི་ཐེག་པ་གང་འདི ་པ། དེ་དག་སངས་རྒྱས་སྲས་ཉིད་འགྱུར།། རྡོ་རྗེ་སྐུ་གསུང་ཐུགས་ལ་ངེས་གནས་པས།། བྱང་ཆུབ་སེམས་མཆོག་རྣམས་ལ་རྟག་མཆོག་བྱེད།། ཅེས་གསུངས་ཏེ། མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་ནས་བཅོམ་ལྡན་འདས་ཀྱི་སྐུ ་ལ་མངོན་པར་གཏོར་ཏོ། ། རབ་ཏུ་གཏོར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས ་ཕྱག་རྒྱ་ཆེན་པོ་ངེས་པར་འབྱེད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་ནམ་མཁའ་མི་འགྱུར་རོ།། གསང་བ་འཛིན་པ་ཐམས་ཅད་ལ།། མཆོག་ནི་སྟོན་ཕྱིར་ཡང་དག་བཞུགས།། ཨེ་མ་འོགས ་བའི་གནས་ཀྱི་མཆོག། ཨེ་མའོ་སྙིང་པོ་ཀུན་བསྡུས་པ།། ཨེ་མའོ་ཆོས་ཀྱི་གནས་ཞི་བ།། ཨེ་མའོ་རྡོ་རྗེ་རྣམ་པར་རྒྱལ།། སྟོན་ཀའི་ནམ་མཁའི་སྤྲིན་མེད་པ།། ཟླ་བའི་འོད་ཟེར་ཀུན་གསལ་ལྟར།། གཟུང་འཛིན་སྤངས་པའི་ཡེ་ཤེས་ནི། ་བདག་གཞན་བཅས་པར་སྣང་བའོ།། སྟོན་དུས་སྤྲིན་མེད་ནམ་མཁའ་ལ།། ཉི་མ་གསལ་བར་ཤར་བ་བཞིན།། ཐབས་ཀྱི་ཡེ་ཤེས་གཉིས་པ་ནི།། དོན་དང་སེམས་བཅས་སྣང་བར་བྱེད།། སྤྲིན་མེད་མཁའ་དང་མུན་ལྟ་བུ།། སྣང་བྱེད ་ཡེ་ཤེས་གོམས་བྱེད་པས། ། རང་རིག་རྩལ་ལས་གྲུབ་པ་ཡི།། སྒྱུ་མའི་ལུས་ནི་ལེན་པར་བྱེད།། དེ་ཡང་ཡིད་ཀྱི་ལུས་ལྡན་པའི།། རྣལ་འབྱོར་པ་ཡིས་ཁམས་གསུམ་དུ།། བདག་དང་གཞན་གྱི་དོན་བྱས་ནས།། མཐར་ནི་རང་གནས ་བདེ་བར་འགྲོ། ། སྒྱུ་མའི་ལུས་ཙམ་ལ་བརྟན་ལ།། རིལ་པོར་འཛིན་དང་རྗེས་ཞིག་གིས།། དངོས་པོ་ཐམས་ཅད་བཅོམ་ནས་ནི།། དེ་ནས་དག་པའི་རང་དུ་གནས།། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས།། སྣང་བ་ཐམས་ཅད་ནུབ་བྱས་ནས།། རང ་འོད་རིག་མ་དབྱིངས་ཀྱི་དང་། ། སྡང་བའི་ཡེ་ཤེས་ཁྱབ་པར་འགྱུར།། བདག་དང་གཞན་དུ་རྟོག་པ་ཡི།། རྣམ་རྟོག་དྲ་བ་བསལ་ནས་ནི།། བདག་མེད་དམིགས་པ་མེད་པ་རུ།། མཉམ་ཉིད་ཡེ་ཤེས་ཁྱབ་པར་བྱེད།། སྣང་བ་མེད་པའི་ཏིང ་ངེ་འཛིན། ། སྣང་བ་ཙམ་ཡང་འཛིན་མེད་པར།། ཡང་དང་ཡང་དུ་དོན་དམ་པའི།། བདེན་པ་མངོན་དུ་བྱེད་པ་ཅན།། འཇའ་ཚོན་ལུས་ཀྱིས་འབད་མེད་པའི།། འདོད་པ་ཐམས་ཅད་ནམ་མཁའ་ལས།། འབད་མེད་པར་ནི་རྩོལ་འགྱུར ་ཏེ། ། བདག་དང་གཞན་རྣམས་བདེ་བར་འཚོ།། རྡོ་རྗེ་འོད་ཀྱི་ལུས་བཟུང་ནས།། བདག་དང་གཞན་དོན་སྒྲུབ་འགྱུར་ལ།། དམིགས་པ་ཐམས་ཅད་ཟད་བྱེད་པས།། བསྐྱོད་མེད་གནས་སུ་བདེ་བར་འགྱུར།། རང་འོད་ཡེ་ཤེས་ལྡན་པའི་སྐུ།། ་འཇའ་ཚེན་བཞིན་དུ་མཐའ་མི་དམིགས།། སྟོང་པ་གསུམ་ལ་འདས་པ་པོ།། ཐོགས་མེད་སྙིང་རྗེ་འབྱུང་བར་འགྱུར།། དང་པོས་ནི་ཚུ་ལ་ཐིམ།། ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ།། མེ་ནི་རླུང་ལ་ཐིམ་གྱུར་ནས།། རླུང་ཡང་རྣམ་པར ་ཞེས་ལ་ཐིམ། ། རྣམ་ཤེས་བཟུང་བ་དེ་ཉིད་ནི།། འོད་གསལ་བར་ཡང་འཇུག་པར་འགྱུར།། དང་པོ་སྒྱུ་མ་ལྟ་བུ་ལ།། དང་པོ་སྨིག་རྒྱུ་དེ་ཉིད་ཀྱང་།། འོད་ཟེར་ལྔ་དང་ལྡན་པར་མཐོང་།། གཉིས་པར་ཟླ་བ་ལྟ་བུ་དང་།། གསུམ་པར་ཉི ་པ་ལྟ་བུ་དང་། བའི་བར་མུན་པ་ལྟ་བུ་ལ།། ལྔ་པ་སྤྲིན་མེད་ནས་མཁའ་ལས།། མེ་ཏོག་མཐའ་བྲས་མེད་པར་འཆར།། སྟོབས་དང་མི་འཇིགས་ལ་སོགས་པའི།། ར་བའི་ཡོན་ཏན་ནམས་བརྒྱད་པ།། བདེན་གཏས ་སྦྱོར་བཟང་འཇུགས། ། བདེ་བ་ཆེན་པོ་དེས་ཐོབ་འཐ། མཁའ་ཕྲུ་ས་སུ་སྟོང་པ་ལས།། ཏོག་མེ་མིགས་མཁའ་འདྲག།། ཚོགས་དང་བློན་ལ་མ་ཐོབས་དག་གིས།། འབང་དང་བྲལ་བར་སྟན་གྱིས་ཐུག ་བྷོད་ཐོགས་པའི་སྐུལས་ན། ། འབད་པ་མེད་པར་སྤྲུལ་པའི་མ།། མཐའ་མེད་དྲལ་བྲལ་ཇི་བཞིན་པས།། སེམས་ཅན་དོན་ཀུན་སྒྲུབ་པར་མཛད།། གང་དག་གང་གིས་འདུལ་གྱུར་པ།། དེ་དེ་བཞིན་དུ་ས་སེར་སྣང་།། མོས་པ་འདབང ་གས་ཐ་དད་པར། ། སེམས་ཅན་རྣམས་ནི་འདུལ་བར་འགྱུར།། ལྷུན་གྲུབ་བདེ་བ་ཆེན་པོའི་སུ།། རང་སྣང་རིག་མས་ཉེར་བརྒྱན་པའི།། འོག་མིན་གནས་སུ་དུས་རྟག་ཏུ།། མཚན་དང་དཔེ་བྱད་འབར་བས་བཞུགས།། ཡིད་བཞིན ་ནོར་བུའི་རྒྱལ་པོ་ལྟར། འབད་མེད་བདག་དང་གཞན་གྱི་དོན།། ཆེ་བའི་ཡོན་ཏན་རྣམས་ཀྱིས་བརྒྱན།། བདེ་བ་ཆེ་ལས་དེ་འབྱུང་འགྱུར།། རིམ་པ་ཐམས་ཅད་ཀུན་རྫོགས་པའི།། མཉམ་པ་ཉིད་དུ་གནས་སེམས་ཀྱིས།། ཁམས་གསུམ་པ ་རྣམས་འཇིག་བྱེད་པ། ། ཐམས་ཅད་ནམ་མཁའ་བཞིན་དུ་གནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོའི་གཉིས་སུ་མེད་པ ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཏིང་ངེ་འཛིན་བླ་ན་མེད་པ་མཆོག་ཏུ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཆེ།། དབྱེར་མེད་བདེ་བ་སྟོན་པ་པོས ་གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། མཉམ་ཉིད་ཡེ་ཤེས་སྟོང་པ་ཡིས།། བདག་ཉིད་གཟུགས་ནི་སྦྱང་བར་བྱ།། མཉམ་ཉིད་གནས་པས་ཐམས་ཅད་དུ།། ཡེ་ཤེས་ཅན་གྱིས་སྒོམ་གྱུར་པ།། འཇིགས་པ་ཀུན་ལས་ཐར ་བར་འགྱུར། ། གསང་བའི་ཡི་གེ་བདེར་གྱུར་པ།། དེ་བཞིན་གཤེགས་པའི་གསང་ཆེན་ནི།། སེམས་ཅན་ཀུན་གྱི་ལུས་ལ་གནས།། དེ་ཉིད་ཡེ་ཤེས་སྣང་བ་བོ།། ཀོ་ཏཀྵ། ཀོ་ཏ་ཝ། ཀོ་ཏཀྵ་ལ་དྷ། ཀོ་ཏ་བ་ཤ། ཀུ་ཏི ་དྷ་རེ། ཀོ་ལ་ཀྵ། ཀོ་ལ་ཝ། ཀོ་ལ་ལོ་ཝ། ཀོ་ལ་ཝ་ཤུ། ཀོ་ལ་ཏཱཥྚ།། གནས་བཅུ་སངས་རྒྱས་ཀུན་གྱི་གསང་བ་ནི།། ཐབས་དང་ལམ་གྱི་ཁྱད་པར་སྐུ་གསུང་ཐུགས།། ལྷ་བསྒྲུབ་པ་སྤྱོད་ཚུལ་བླ་ན་མེད།། འབྲས་པ ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ། སྟོབས་བཅུ་རྫོགས་པ་གང་ཡིན་རྣལ་འབྱོར་ཆེ།། སྙིང་པོ་འདི་ནི་རྒྱུད་རྣམས་ཀུན་དུ་སྦས།། དངོས་པོར་འཛིན་པའི་སེམས་ཅན་རྣམས།། དངོས་པོའི་རྣལ་འབྱོར་འཇིག་འགྱུར ་པའི། ། ཟླ་བིའི་དཀྱིལ་འཁོར་དབུས་གནས་པར།། པད་མའི་གདན་དག་བསམ་པར་བྱ།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། གསལ་བ་ལ་སོགས་དཀྱིལ་འཁོར་ཅན།། བླ་མ་རྡོ་རྗེ་འཛིན་པ་དག། རྒྱལ་པོ་རོལ་པས ་བསམ་པར་བྱ། ། ལུས་དང་ངག་དང་ཡིད་རྣམས་ལ།། ཡེ་ཤེས་ཆེན་པོའི་དངོས་གྲུབ་གསོལ།། འཁོར་ལོ་འདི་ལྟར་བསྒོམས་པ་ཡིས།། ཤེས་རབ་འབར་བའི་ལུས་སུ་འགྱུར།། འོད་ཟེར་འབར་བ་མ་བུ་རུ།། དངོས་པོས་དངོས་པོ ་བསྒོམ་པར་བྱ། ། མཆོད་པའི་མཚན་ཉིད་ཡོངས་ལྡན་པར།། སྟོང་པ་ཉིད་དུ་མཉམ་གནས་པས།། གཉིས་སུ་མེད་པ་རྣམ་རྒྱལ་བ།། ལྷག་པའི་ལྷ་ནི་བསྐྱེད་བྱ་སྟེ།། འཁོར་ལོ་འདི་ནི་བསྒོམ་པར་བྱ།། མཉམ་པར་བཞག་ནས ་བསྒོམས་པ་ཡིས། ། འགྲུབ་པར་འདི་ལ་ཐེ་ཙོམ་མེད།། མཉམ་མེད་སྔགས་ནི་བཟླས་ནས་སུ།། སྒྲུབ་པོ་བདག་ཉིད་ཅན་གྱིས་བསྒྲུབ།། ཟླ་བ་གཅིག་གྲངས་སྔགས་ཀྱིས་ནི།། ཁམས་གསུམ་འགྲུབ་པར་ཐེ་ཙོམ ་མེད། ། རྣམ་ཤེས་ལས་ནི་སྔགས་འབྱུང་བ།། མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང་།། རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས།། ཟླ་བ་ཉལ་དེ་འགྲུབ་འགྱུར།། དེ་ལ་རྡུལ་ཞུགས་སྤྱད་པ་མེད།། སྔགས་མེད་བགྲང་ཕྲེ་འཇན ་བམེད། གཟུང་དང་བྱུང་བདུ་ཚོགས་དག།། ག་གནས་བྱུ་ག་ཏུ་སྲེག་འགྱུར་ཏེ། ས་མངོན་གྱིས་གང་ཡང་དྲུ་།། དངོས་ཐབ་འདོད་པས་ཐབ།། དམ་སོགས་པ་གསུམ་པ་ཉིད།། རམ་ས་། ་དོན་ལ་འཇུག་པ།། མེ་དང་རླུང་དང་བང་ཆེན་དང་།། རྨུགས་པ་དཀྱིལ་འཁོར།། བླན་ན་བྱེད་བྱེད་དུས་ས་ཏེ།། ལས་ནི་གཉིས་གཉིས་གནས་པར་འགྱུར།། བཅོད་ལ་བདོན་པས་མཆོད་པར་འཇུམ། ཟླས ་བས་རྣམ་པར་དག། སེ་ལ་སྦྱིན་བསྲེག་བརྩོན་པས་འབྱོར།། བསམ་གཏན་བརྩོན་པས་ཐར་པ་ཐོག། སྔགས་པས་དེ་ལྟར་ཤེས་ནས་ནི།། བྱིས་པའི་ཚུལ་བཞིན་སྤྱོད་པར་ཨུ0f7f།། སྤྱོད་པའི་ཚུལ་ནི། མེ་དཔས།། ཡང་དག ་ཤེས་རྒྱ་མཚོ་འཐོབ། ། ཆོས་ཀྱི་རང་བཞིན་དག་པ་ནི།། རང་བཞིན་དག་ཅིང་ངོ་བོ་མེད།། དངོས་པོའི་རང་བཞིན་གང་མེད་དེ།། བྱང་ཆུབ་རྫོགས་པའི་རིམ་པ་བསྟན།། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་།། ཡེ་ཤེས་ལྡན་པས་ཞུས ་པའི་དོན། ། དམ་ཚིག་དེ་ཉིད་སྟོན་པ་པོ།། ཐམས་ཅད་མཁྱེན་པས་འདི་སྐད་གསུངས།། སྐུ་གསུམ་མི་བྱེད་དཀྱིལ་འཁོར་དུ།། ཡིད་འོད་ཕྲེང་བ་ཀུན་བསྡུས་པ།། རྡོ་རྗེའི་བཟླས་པ་ཡེ་ཤེས་ཆེ།། བླ་ན་མེད་པའི་ཐབས་མཆོག་ལས།། རྡོ་རྗེ ་ཨུ0f88ུ0f90་ལི་བཟླས་པ་ཡིས། ། སངས་རྒྱས་སྐུར་ནི་བྱིན་གྱིས་རྗོག།། མཉམ་མེད་ཡེ་ཤེས་ཐོབ་པས་ན།། རྡོ་རྗེ་གསུང་གིས་ངག་བྱིན་རྫོག།། ནམ་མཁའི་དང་ལས་རང་ཐུང་བའི།། ཐུགས་ཀྱི་རྡོ་རྗེ་སེམས་ཉིད་ཀྱི།། གཉིས་མེད་ཡེ་ཤེས་རྟོགས་ཐར ་པས། ། ཟབ་དང་རྒྱ་ཆེའི་ཚུལ་གནས་པའོ།། འདིར་ནི་རྟོག་པ་རྣམ་སྤངས་ཏེ།། བརྟན་པ་དང་ནི་མྱུར་འགྲོ་ཉིད།། དེ་བཞིན་ཁྱི་དང་བ་གླང་དང་། སྲོག་སོང་མི་སྟེ་བ་གླང་ཆེན་པོའི་ཤ།། སྣ་ཚོགས་ཤ་ཡི་སྦྱོར་བ་དང་། ཁུ་བ་དང་ནི་རག་ཏར་བཅས། མི ་བསྐྱོད་པ་དང་སྡང་མཛད་དང་། ། གོ་རོ་ཅན་སྙིང་ཁ་ནས།། གང་བྱུང་གྷི་ཧཾ་སྟོབས་ལྡན་པ།། སྒོ་དགུ་ལས་ནི་གང་ཟུང་དང་།། སྲོག་ཆགས་ཡན་ལག་ལུས་ལས་བྱུང་།། རྗེ་ཁ་སྦྱར་རྫས་བཅུ་དང་།། རྡོ་རྗེ་ཅན་གྱིས་མྱོས་བྱེད་ལྡན།། རིམ་པར་གྱུར་བ་ཀྱེ། ་བདུན་ཤ། གང་ལས་རྙེད་པ་སྟོབས་མཆོག་ལས།། རིལ་བུ་ཙན་ཀ་ཡི་ཚད།། སྦྱར་ཏེ་ཟོས་པར་གྱུར་ན་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རྡོ་རྗེ་ཅན་ཀུན་མཉེས་པར་བྱེད།། བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས།། ཐུགས།། ་རྗེས་དགོངས་ཏེ་གཟིགས་འགྱུར་ཏེ།། གཙོ་བོ་གཟི་ཅན་མདངས་ལྡན་པ།། འཛམ་བུའི་ཆུ་བབོ་འོད་འདྲར་འགྱུར།། མི་སྡང་བ་དང་བཅུད་ཀྱིས་ལེན།། རྐང་མགྱོགས་མིག་སླནས་འོག་དང་།། རལ་གྲི་རོ་ལངས་བྲམ་པ་དག། སྦྱོར་བ་འདི་ཡིས་འགྲུབ ་པར་གསུངས། ། དངོས་གྲུབ་ཀུན་གསོལ་དམ་པ་ཡི།། ཡེ་ཤེས་རྒྱ་མཆོ་ངས་འཐོབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པའི་མཉམ་པ ་ཉིད་རྣམ་པར་རྒྱལ་བ་ལས་དངོས་གྲུབ་མཆོག་ཏུ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་ཆོས་ཐམས་ཅད་ཞི་བ་འདམ་ཚིག་གི ་མཆོག་བླན་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཅང་མི་གསུང་བར་བཞུགས་པ་ལས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་འབྱུང་གནས་དང་། དེ་བཞིན་གཤེགས ་པ་འད་དཔག་ཏུ་མེད་པ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་གདོན་མི་ཟ་བ་གྲུབ་པ་ལ་སོགས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་འཁོར་འདུས་པ་ཆེན་པོ་རྣམས་ཀྱིས་གསོལ་བ་བཏབ་པ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད། ཡེ་ཤེས། ་སྙིང་པོ་ནམ་མཁའི་དབྱིངས།། ཆོས་རྣམས་ཀུན་གྱི་སྣང་བ་པོ།། ཟབ་པ་དང་ནི་རྒྱ་ཆེ་བའི།། དཀྱིལ་འཁོར་ཆེན་པོ་བརྟན་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་སྣང་བའི་ཚུལ་ལས་བྱུང་བ་འདི་ཉིད་ཀྱི་སྐུ་དང་། ་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེ་དཀྱིལ་འཁོར་ཡེ་ཤེས་ལས་གྲུབ་པ་ཀུན་དུ་སྣང་བར་བྱེད་པ་མཚུངས་པ་མེད་པའི་འོད་ཀྱིས་ཁྱབ་པ། བཀོད་པ་ཚད་མེད་པའི་ཕྲིན་ལས་ཡོན་ཏན་ཐམས་ཅད་རབ་ཏུ་འབྱུང་བའི་གནས་རིན་པོ་ཆེས ་ཚོགས་འདུས་པ་ལས་རང་བྱུང་བ། གྲཝ་བའི་སྒོ་བཞི་པ། ཏ་བབས་རིམ་པ་དུ་མས་མཛེས་པ། རྡུལ་མེད་ཅིང་རྣམ་པར་དག་པའི་ཡེ་ཤེས་ལས་བྱུང་བ། སྒོ་ཕྱི་དང་ནང་གི་བདག་ཉིད་ཅན། ཕོ་བྲང་ནང་དུ་ནི་དྲི་མ་མེད་པའི་ཡེ ་ཤེས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེའི་ཀ་བས་བཏེག་པ། རྡོ་རྗེ་རིན་པོ་ཆེའི་གདུང་གིས་བཅད་པ། དཀྱིལ་འཁོར་ཉི་ཤུ་རྩ་ལྔ་རབ་ཏུ་གནས་པ། ཁྱམས་ཕྱི་མའི་བར་དུ་ནི་དཀྱིལ་འཁོར་དྲུག་དང་། བར་ཆད་སྲུང་བར་བྱེད་པ་འབྱུང་པོ་ཀུན་འདུལ་དང ་ཡེ་ཤེས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་རོ། ། མཚམས་བཞིར་ནི་འཇིག་རྟེན་སྐྱོང་བ་བཞིའི་དཀྱིལ་འཁོར་སྟེ་བར་བར་དུ་ནི་སངས་རྒྱས་སྟོང་མངོན་པར་བྱང་ཆུབ་པའི་ཚུལ་བླ་ན་མེད་པ་འཐོབ་པའོ།། རིན་པོ་ཆེ་སྣ་ཚོགས་དུ་མའི་དྲི ་བ་དང་དྲ་བ་བྱེད་པ་འཕྱང་བ། ཡེ་ཤེས་ལྔའི་རྩིག་པས་འཁོར་ཡུག་ཏུ་ཀུན་དུ་འཁོར་བ། སྒོ་བཞི་བློ་འབུར་དུ་སྣང་བ། ཕྱི་ནང་མེད་པར་གསལ་བ། སོ་སོའི་བྱེ་བྲག་གི་དཀྱིལ་འཁོར་ནི་རྒྱས་ཤིང་ཡངས་ལ་རྔ་མ་དང་མངའ་ཡབ་དག་གིས ་མཛེས་པ། འདོད་པའི་ལྷ་མོ་རྣམས་ཀྱིས་ནི་བཀྲ་ཤིས་པའི་མཆོད་པ་དང་རོལ་མོ་སྣ་ཚོགས་ཀྱིས་ཁྱབ་པར་བྱེད་པར་ཀུན་རྒྱུ་ཞིང་གར་བྱེད་པས་མཆོད་པའོ།། རི་དགས་དང་། ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། བ་དན་དག་བསྒྲེང་བས་མཚོན་པ། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡོངས་སུ་དག་པའི་བདག་ཉིད་དུ་སྣང་བ་སྟོན་པར་མཛད་དོ།། འོག་མིནི་བདེ་བ་ཅན་གྱི་ཕོ་བྲང་དག་པའི་སྤྱོད་ཡུལ་དུ་གྱུར་པ་དེ་ཉིད་དུ་དཔལ་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་ཆེན་པོ་མཉམ ་པཉིད་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་བོ་བྲང་རང་བྱུང་བར་གྱུར་ཏོ། ། དེ་དག་གི་ནི་སྤྱི་དང་བྱེ་བྲག་ཏུ། དཀྱིལ་འཁོར་སུམ་བཅུ་ཅུ་དྲུག་རབ་ཏུ་འབྱེད།། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དང་།། རྣམ་པར་སྣང་མཛད་རིན་ཆེན་འོད་འབྲོད་པ ་འོད་དཔག་མེད་པ་གདོན་མ་ཟ་བ་རྣམས། ། ཕྱོགས་བཞི་དབུས་དང་རྣམ་པ་ལྔར་བཞུགས་སོ།། མཱ་མ་ཀཱི་དང་སྤྱན་མ་གོས་དཀར་དང་། སྒྲོལ་མ་རྣམས་ནི་མཚམས་ཀྱི་དཀྱིལ་འཁོར་རོ།། བྱམས་པས་ཡི་སྙིང་པོ་ཤར་དུ་སྟེ།། ལྷོར་ནི་ལག་ན ་རྗེམ་པའ་ཤིང་པོ། རབ་འདམ་དབྱངས་འཕགས་པ་སྟན་རཔ་གཟིགས།། བྱང་དུ་སྒྲིབ་པ་རྣམས་ལ་ཀུན་ཏུ་བདང་། མཚམས་ཀྱི་པར་ནི་གཟུགས་སྣ་དྲ་ར་བའོ།། ཕྱོགས་ཀྱིས་སྟོང་མོ་རྒྱལ་ཅན་མོག།། ས་མརྣམས་ཅན་།། ་གཡོ་མགོན་པོ་དང་།། འདོད་པའི་རྒྱལ་པོ་སྟོབས་ཆེན་དབྱུག་སྔོན་ཅན།། སྟེང་ཕྱོགས་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་།། འོག་ཕྱོགས་གནོད་མཛེས་རྒྱལ་པོ་སྟེ།། ལྷོར་ནི་གསང་བའི་བདག་པོ་དང་།། བྱང་དུ་ཚངས་པ་ཆེན་པོའོ།། མཚམས་སུ ་འཇིག་རྟེན་སྐྱོང་རྣམས་ནི། ། ཤར་ལྷོར་ཡུལ་འཁོར་སྐྱོང་བ་ལ།། ལྷ་ཆེན་བརྒྱད་ཀྱིས་བསྐོར་བ་དང་།། ལྷོ་ནུབ་འཕགས་སྐྱེས་པོ་ལ་ཡང་།། གཟའ་ཆེན་བརྒྱད་བཅས་གནས་པའོ།། མིག་མི་བཟང་ནི་ནུབ་བྱང་དུ།། ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའོ།། ་བྱང་ཤར་རྒྱལ་ཆེན་རྣམ་ཐོས་སྲས།། གནོད་སྦྱིན་ཆེན་པོ་བརྒྱད་བཅས་པའོ།། ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱིས་ནི།། ཚངས་པའི་རྒྱལ་པོ་ཡོངས་སུ་བསྐོར།། གསང་བའི་བདག་པོ་ཆེན་པོ་ལ།། ལག་ན་རྡོ་རྗེ་དྲག་པོའི་ཚོགས།། བརྒྱད་བཅས ་འཇིག་རྟེན་གསུམ་འདུལ་ཏེ། ། འདི་དག་རྣམ་པར་བཤད་པའོ།། སངས་རྒྱས་སྟོང་ཕྲག་གཅིག་ནི་ཁྱམས་སུ་བཀོད་པ་དག། ཤར་ཕྱོགས་ཉིས་བརྒྱ་བཞི་བཅུ་རྩ་ལྔ་དང་།། མངོན་དགའ་ཞིང་ཁམས་ཤེལ་གྱི་འོད་དུ་འབར།། ལྷོ་ཕྱོགས་ཉིས་བརྒྱ ་བཞི་བཅུ་རྩ་ལྔ་དང་། ། རྡུལ་དང་བྲལ་བ་བཻ་དཱུརྱ་ཡི་འོད། ནུབ་ཕྱོགས་ཉིས་བརྒྱ་བཞི་བཅུ་རྩ་ལྔ་པོ།། བདེ་བ་ཅན་ཞེས་པད་མ་ར་གའི་འོད།། བྱང་ཕྱོགས་རྔ་སྒྲ་སྒྲོགས་པ་གསེར་གྱི་མདོག། ཉིས་བརྒྱ་བཞི་བཅུ་རྩ་ལྔར་ཡོད་པ་དག། ཉི་ཤུ་དག ་ནི་རྣམ་པ་མཚོན་ཕྱིར་གནས། ། རིམ་པས་ཕྱོགས་སུ་གནས་པ་དག། རྒྱས་པའི་དབྱེ་བས་འདི་བཞུགས་པའོ།། དཀྱིལ་འཁོར་དམ་པ་བླ་མེད་གཞལ་ཡས་ཁང་།། རྟེན་དང་རྟེན་པ་མཉམ་མེད་ཆོས་ཀྱི་དབྱིངས།། དཔལ་ལྡན་གསང་བ་འདུས་པ། ་རྣམ་གསལ་བ་ཞི་རྩ་བའི་ལྷ་ཚེགས་རྣམས་དང་སྤྲོས་པ་དག། འཇིག་རྟེན་འདས་པའི་སངས་རྒྱས་སྟོང་བཞུགས་ཤིང་།། འཇིག་རྟེན་མགོན་པོ་ལག་ན་རྡོ་རྗེ་དང་།། ཚངས་པ་མི་མཇེད་བདག་པོ་ལ་སོགས་ཏེ།། རྒྱུད་འདི་ལ་ནི་སྨིན་པར་བྱེད་པའི་དབང་། ་དཀྱིལ་འབར་ཆེན་པོ་ལྡན་བརྒྱད་ཅུཔར།། ངས་ཤང་ནམ་ཤུར་མཉམ་པར་བརྗོད། བ་དཀྱིལ་ལཁོར་ས་ཚོགས་སུམ་ཅུག་ཅག། དེ་དག་རེ་རམ་ཡང་དེ་ཉིད་ཀྱིས།། རིམ་བཞིན་རྣམ་པར་འགྱུར་བ ་འཁོར་ལ། ། ཐུབ་པའི་དབང་པོས་འདིར་ནི་གསལ་བར་བསྟན།། ལག་ན་རྡོ་རྗེའི་འཁོར་དང་རྡོ་རྗེ་ལེ།། དྲུག་པོའི་རྣམ་པ་ཁྲོ་བོ་བརྒྱད་པའོ།། དེ་རྗེ་གཙུག་ཏོར་རྡོ་རྗེ་གནོད་སྦྱིན་དང་།། རྡོ་རྗེ་དྲག་པོ་རྡོ་རྗེ་སློབས་ཉིད་དེ།། རྡོ་རྗེ་རྣོན་པོ་རྡོ་རྗེ་ཙ ་རྡོརྗེ་མ་ཆེ་བ། ། རྡོ་རྗེ་འཇིགས་བྱེད་ཚོགས་ཀྱིས་བསྐོར་བའོ།། ངས་པའི་རྒྱལ་པོའི་འཁོར་དུ་བསྟན་པ་ནི།། ལྷ་ཡིས་དབང་པོ་བརྒྱ་བྱིན་དོ་ཅན།། གནོད་བྱིན་རྒྱལ་པོར་ཏན་ཀུ་བེར།། སྟོན་པ་རྟ་མགོ་གཙུག་ན་ན་ཆེན་བཅག་ཐགས ་རིས་དང་མཁའ་ལྡིང་རྒྱལ་པོ་དང་། ། སྲིན་པོའི་རྒྱལ་པོ་དྲི་ཟར་བཅས་པའོ།། འདི་དག་གསལ་བར་ངེས་པར་མཚན་པ་སྟེ། སྙིང་པོ་བསྡུས་པའི་དཀྱིལ་འཁོར་འདི་ཉིད་དེ།། ཆོ་ག་ཕྲ་མོ་རིམ་པ་ཇི་བཞིན་དུ།། མདོ་རྒྱུད་རྟོགས་པ་རྣམས་ལས ་རྣམ་པར་རྒྱལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དཀྱིལ་འཁོར་ཆེན་པོ་གསང་བར ་སྟོན་པའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དེ་དག་ཐམས་ཅད་རང་གི་བ་སྤུའི་བུ་གར་ཐིམ་པར་མཛད་ནས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་མཉམ་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བའི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་དཔལ་རྡོ་རྗེ ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པའི་རང་གི་གཟུགས་རྣམས་བུད་མེད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས་དེ་ཉིད་ཀྱི་བ་སྤུའི་བུ་ག་རྣམས་ལ་འཐོན་པར་གྱུར་ཏོ། ། དེའི་ཕྱིར་བཙུན་མོ་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེ ་མཆོང་བ་ཐམས་ཅད་བཀོད་པས་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་མཆོད་པ་ནི་ནམ་མཁའི་ཁམས་ཐམས་ཅད་གང་བར་བྱསྟེ། སླར་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་རྣམས་ལ་གནས་པར་གྱུར་ཏེ། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་ལྷ་མོ་དེ་དག་བདེ་བ་ཆེན་པོའི་ཀུན་དུ་སྤྱོད་པས་ཡང་དག་པར་མཆོད་པ་བྱེད་པར་གྱུར་པ་ནི་ལལ་ནི་སངས་རྒྱས་སྤྱན་ལྟ་བུ་སའི་བདག་མོའོ།། ལ་ལ་ནི་མཱ་མ་ཀཱི་ལྟར་ཆུའི ་བདག་མོ་ཉིད་དོ། ། ལ་ལ་ནི་གོས་དཀར་མོ་ལྟར་མེའི་རྣམ་པའོ།། ལ་ལ་ནི་དམ་ཚིག་སྒྲོལ་མ་སྟེ་རླུང་གི་ཁམས་ལ་ཀུན་དུ་སྤྱོད་དོ།། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྡོ་རྗེ་ལྟ་བུ་སྟེ། དུས་དང་རྣམ་པ་ཐམས ་ཅད་དུ་ཡང་དག་པར་མཆོད་པའི་རྒྱུན་གྱིས་མཆོད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པཐམས་ཅད་ཀྱི་རྗེ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ ་གནས་པ་འདི་ཐམས་ཅད་ཀྱི་སྔགས་དང་། བླ་ན་མེད་པའང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་ཨཱཿབཛྲ་དྷཀཧཱུ~ཾ་སྭཱ་ཧཱ། རྡོ་རྗེ་འཛིན་གྱི་སྔགས་སོ།། ཨོཾ་ཨཱཿབཛྲ་སྥར་ཤེ་ཛྫ་སྭཱ་ཧཱཿརིག་མཐན་མེད་པའི ་སྔགས་སོ། ། ཨོཾ་ཨཱཿཛི་རྗེག་ནཱ་མཱནྟ་མོ་ལྡ་ད་དྷ་བྷུ་ཐཱཿ། ཨོཾ་ཨཱ་ཨཱ་རཿ། ནུ་བྷྱཿ། ས་མྦྷ་ཟ་དྷ་རྐྐ་མྦྷས། གས་བྱེད་ཤིན་གགགས་པའི་སྔགས་སོ།། ཨོཾ་ཨཱཿདྭེ་ཥ་ར་ཎྜི་ནྡ་སཱནྟ། ཨོཾ་ཨཱཿམ་ཧ་རཿཧཱུ~ཾ་སྭཱཀྵ། ཨོཾ་ཨཱཿ ་རཱ་ག་ར་ཏིནྡྲ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རི་ཏི་ནྡུ་སྭཱ་ཧཱ། ལྷ་མོ་སྤྱན་ལསགས་པ་བཞིའི་སྔགས་སོ།། ཨོཾ་ཨཱཿབཛྲ་རཱུ་བེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཤ་པ་ཏ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གན་དྷེ་ཧཱུ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རཱ་ས་ཧཱུ~ཾ་སྭཱ་ཧཱ། གཟུགས ་རྡོ་རྗེ་མ་ལ་སོགས་པའོ། ། ཨོཾ་ཨཱཿབཛྲ་མེ་ཏྲིན་ཐཱ་ཤཱི་ཡཻ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀྵི་ཏི་གརྦྷ་ཡ་ཧཱུ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པཱ་ཎི་ཡ་ཧཱུཾ་སྭཱཏྨ། ཨོཾ་ཨཱཿཱ་ཀཱ་ཤ་ག་དྷཱ་ཡ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཨཱཿཨཱ་རྱཱ་བ་ལོ་ཀི་ཏི་ཤྭ་ར་ཡེ་ཧཱུཾ་ནཱ་ཧཱ། ཨོཾ་ཨཱ་མཉ་ཛྲ་ཤཱམྦྷ ་ཥ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཨཱཿསརྦ་ནི་བ་ར་ཎ་བྷིནི་བི་ནི་ཧཱུཾ་སྭཱ་ཧཱཿོཾ་ཨཱཿས་མུན་ཏ་དྷ་དྲཱ་ཡེ་ཧཱུཾ་སྭཱ་ཧཱ། སེམས་དཔའ་ཆེན་པོ་རྣམས་སོ།། ཨོཾ་ཨཱཿཡ་མཱན་ཏཀྲྀཏི་ཧཱུཾ་ཕཊ། ཨོཾ་ཨཱཿཔྲ་ཛྙཱ་ན་ཏཀྲིཏ་ཧཱུཾ་ཕཊ། ཨོཾ་ཨཱཿ ་མཱན་ཏ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲིཏ་ཧཱུཾ་ཕཊ། ཨོཾ་ཨཱཿཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུཾ་ཕཊ། ཨོཾ་ཨཱཿནཱི་ལྀ་དཎ་ཌ་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུཾ་ཕཊ། ཨོཾ་ཨཱཿུརླྀ་ཥ་ཙཀྲ་བ་ཏི་ཧཱུ~ཾ་ཕཊ། ཨོཾ་ཨཱཿསུཾ་བྷཱ་རཱཿ ་ཧཱུ~ཾ་ཕཊ་ཅེས་ཁྲོ་བོའི་རྒྱལ་པོ་བཅུའི་སྔགས་རབ་ཏུ་གསུངས་སོ། ། སྔགས་འདི་རྣམས་ཀྱི་ནུས་པ་ནི།། ཐོགས་པ་མེད་པ་ཉིད་ཡིན་ཏེ།། འབྱིན་དང་སྡུད་པར་བྱེད་པས་ན། གསང་བའི་སྔགས་འདི་ལེགས་པར་སྦས་ཤེས་གསུངས་སོ།། ་ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧ~ཾ། གསལ་བ་སེམས་ཅན་ཀུན་གྱི་སེམས།། ཞི་བ་ཉིད་ནི་འོད་གསལ་བ།། དངོས་པོ་དུ་མས་མ་གོས་པ།། དེ་ཉིད་ཞེས་བྱ་བདེ་བ་སྒོམ།། སངས་རྒྱས་སྐུ་ཡི་ཆོ་ག་ཤེས།། དེ་བཞིན་ཉིད་ཏུ་ཉེ་བར་སྤྱད།། ་གཞན་དུ་སྔགས་ལ་སོགས་པ་ཀུན་དགེ་བ་འགྲུབ་པར་མི་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐུབ་པ་ཆེན་པོ་ལོངས ་སྤྱོད་རྫོགས། ། གསང་བའི་དབང་ནི་རབ་ཏུ་གསོལ།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཐམས་ཅད་ཆོས་ནི་སྟོན་པ་པོ།། མཆོག་ཏུ་དགའ་བ་བདག་མེད་པ།། རྒྱལ་བས་སྔོན་དུས་བསྟན་པ་ནི།། སེམས་ཅན་མོས་པའི་དོན་དུ་བཤད། བྱ་བ ་སྤྱོད་པ་རྣལ་འབྱོར་མཆོག། རྟོག་པའི་རྣལ་འབྱོར་གསང་མཐའ་རུ།། ཕྱི་ནང་གསང་བའི་དབྱེ་བ་ཡིས།། ངས་ནི་རིམ་པ་གསུམ་དུ་བཤད།། དམན་པ་མཆོག་དང་འབྲིང་རྣམས་ཏེ། ཐ་མ་མོས་སྤྱོད་ཚུལ་དག་ཏུ།། ཐེག་པ་ཆེན་པོའི་ཚུལ ་བསྟན་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། དེ་ནས་དེ་བཞིན་གཞག་པ་ཐད་ཀྱི་ཚུལ་རྡོ་རྗེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཐམས་ཅད་བསྡུས་པའི་ཚུལ་གྱིས་གསང་བ་འདི་གསུངངོསོ།། ་ཐམས་ཅད་ལུས་ལ་གནས་པ་རྡོ་རྗེའི་སྐུ།། མི་ཆོད་མི་ཤིགས་རང་བྱུང་པྲ་བིའི་གནས། རྟོག་པའི་རླུང་ཚོགས་འབྱུང་བའི་ངང་དུ་དག། རང་རིག་སེམས་ནི་གར་ཡང་གཡོ་མི་འགྱུར།། རྩ་ཡི་འཁོར་ལོ་བཅུ་ལ་གནས་འགྱུར་གང་།། ་རླུང་བཅུ་འོད་ཀྱི་སྣང་བ་ཁྱབ་བྱེད་ཅིང་།། མི་ཤིགས་ཐིག་ལ་རབ་ཏུ་དང་བ་ཡི།། བདུད་རྩི་རབ་རྒྱས་སྣང་བ་ཁྱབ་བྱེད་པའོ།། ཡི་གེ་སྒྲ་ཡི་རྣམ་པ་གར་ཡོད་པར།། དྲན་པ་སྐྱེད་བྱེད་སྲོག་གིན་བར་འགྱུར།། ཀུན་ལ་ཁྱབ་བྱེད ་སྙིང་པོ་ཡེ་ཤེས་རླུང་། ། རྟེན་དང་རྟེན་པ་མཉམ་གནས་རིན་ཆེན་སེམས།། གསེར་དང་གསེར་འོད་རབ་འབར་མཐའ་ཡས་བཞིན།། ཇི་ལྟར་རྒྱ་མཚོར་བ་དངོས་རྒྱ་ཆེ་ལ།། ཟླ་ཟེར་འོད་ཀྱིས་ཁྱབ་ཅིང་སྡང་བ་དང་། ཉི་ཤར་མདངས་ཀྱིས ་སྔ་ཕྱི་མེད་པར་འབྱུང་། ། རྟོག་པ་མེད་ཅིང་མུན་པ་རང་སར་དག། བློ་ཡིས་སྣང་བ་རབ་ཏུ་རྒྱས་པར་འགྱུར།། གང་དུ་ལུས་ཅན་རྣམས་ཀྱིས་ནི།། འབྱུང་དང་བྱུང་ལས་གྱུར་པ་ཡི།། དངོས་པོའི་སྣང་བ་བཅིངས་པས་ན།། ཡིད་ཀྱིས་ལུས ་ནི་བརྟག་དཀའ་བས། ། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི།། དེ་ཉིད་ཤེས་པའི་དཀྱིལ་འཁོར་ཏེ།། འདི་ནི་བསྒྲུབ་པའི་དེ་ཉིད་ཡིན།། ཡིད་བཞིན་ནོར་བུ་ལྟ་བུ་སྤྱད།། རྣམ་ཤེས་སྒྱུ་མའི་ཡེ་ཤེས་ལུས།། ཡོངས་སུ་རྫོགས་པརང ་བྱུང་བ། དེ་ཉིད་མི་ཤེས་བྱིས་པ་རྣམས།། སླར་ཡང་འཁོར་བའི་གནས་པའོ།། ཇི་སྲིད་འོད་གསལ་གནས་ཀྱི་ནུས།། འབྱུང་བ་ཐིམ་འགྱུར་རྟོག་པས་སྟོང་།། དེ་སྲིད་སྒྱུ་མ་ཕྲ་བའི་ལུས།། རླུང་དང་རྣམ་ཤེས་ལྡན་པས་ནི།། འབྱུང་དང་འཇུག ་དང་གནས་པར་བྱེད། ། གཟུགས་ནི་དངོས་པོར་མ་གྲུབ་པས།། ཐོགས་མེད་རྒྱུ་ནིང་མཚུངས་པར་ལྡན།། འོན་ཀྱང་བྱིན་རླབས་ནུས་པ་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། བཙུན་མོའི་བྷ་ག་དེར་མི་འཇུག། ཆོས་དང་ཆོས་མིན་ལྡན་པར ་འགྲོ། རང་ལས་ལུས་བྷང་ཡེ་ཤེས་མ་ཐམས་ཅད་ཀུན་ནས་འབར་བ་ནི། མེ་འོད་འབར་བ་མཉམ་པའི་འོད།། ཡེ་ཤེས་འཁོར་ལོ་བསྒོམས་ནས་ནི།། འོག་ནས་སྟེང་དུ་བློ་ཡིས་ནི། རབ་ཏུ་དམིགས་པས་ཁ་བའབབ།། ཐམས་ཅད་དུ་ནི་ཚིག་པར་བསམ ་བྱི་ནང་གསང་བའི་ཡེ་ཤེས་འོད། ། ཉོན་མོངས་ཐམས་ཅད་རབ་བསྲེག་པ།། སངས་རྒྱས་ཉིད་དུ་འབྲས་བུ་སྨིན།། མཉམ་ཉིད་ཡེ་ཤེས་བསྐྱེད་པ་ནི།། བདག་ཉིད་ནམ་མཁའི་ངོ་བོར་འགྱུར།། རྒྱུ་དང་འབྲས་བུའི་དབྱེ་བ་ཡིས།། ་ཐབས་དང་ཐབས་ལྡན་བྱང་ཆུབ་སེམས།། དུ་མ་ཉིད་དུ་མི་དམིགས་ཤིང་།། རྣལ་འབྱོར་དངོས་པོ་ལྡོག་པར་འགྱུར།། རྣལ་འབྱོར་ཞེས་བྱ་རྫོགས་ལྡན་དུས།། རྗེས་སུ་རྣལ་འབྱོར་གསུམ་ལྡན་ཏེ།། ཤིན་དུ་རྣལ་འབྱོར་གཉིས་ལྡན་ཉིད། ཅོད ་ལྡན་དུས་ནི་རྣལ་འབྱོར་ཆེ། ། ཡོན་ཏན་ཐམས་ཅད་རྫོགས་པ་དང་།། རྫུས་ཏེ་སྐྱེས་པ་དང་པོའི་མི།། འོད་ཀྱི་ལུས་ཙམ་གནས་པ་དག། ལྷ་ཡི་བདུད་རྩི་སྤྱོད་པའོ།། དེ་དག་ལུས་ད་སྤངས་ནས་ནི།། ཤིན་དུ་ཕྲ་བའི་ཁམས་ཞུགས་ཤིང་།། སྒྱུ་མའི་ལུས་སུ ་གནས་གྱུར་པས། ། སྲིད་པ་མངོན་པར་ལེན་པར་འདོད།། བག་ཆགས་དྲི་མས་ཀུན་བསླང་བའི།། འདོད་པ་ལོག་པ་མཐོང་བ་ཡིས།། ཆགས་པའི་ཡིད་ཀྱིས་ལུས་ལ་འཇུག། ཚོར་བ་རྣམ་གསུམ་མྱོང་བ་ཡིན།། ས་ཞག་རོ་དང་ཟས་གཞན་གྱིས།། ་ལུས་ཉིད་རགས་པ་ཉེར་ཐོབ་པས།། དང་པོའི་དངོས་པོ་ལོག་གྱུར་ཏེ།། བུག་དགུ་ལྡན་དྲི་ངའི་ལུས། ཉོན་མོངས་ཀྱིས་ནི་དཀྲུགས་གྱུར་ཏེ།། བསོད་ནམས་སྟོབས་ཉམས་དམན་སར་ལྷུང་།། རྫུས་ཏེ་སྐྱེས་དང་དྲོད་གཤར་དང་། སྒོ་ལས་བྱུང་མངལ ་ལས་སྐྱེས། ། འདི་དག་རིམ་པ་རྣལ་འབྱོར་ཅན།། སྙིགས་མའི་དུས་སུ་རབ་ཏུ་འབྱུང་།། ཇི་སྲིད་བར་མའི་སེམས་ཅན་གྱི།། ལུས་ནི་ཤིན་དུ་ཕྲ་བ་སྟེ།། རྣམ་ཤེས་ལས་བྱུང་སྒྱུ་མར་གནས།། རིགས་དང་ལྡན་པས་དུས་གསུམ་ཤེས།། སྟོབས་ལྡན ་དེ་ལ་རྟོག་པ་ཡོད། ། རང་ཉིད་སྒྱུ་མར་མ་ཤེས་པས།། དངོས་འཛིན་བདུད་ཀྱིས་གླགས་རྙེད་འགྱུར།། འདི་དག་རྒྱུན་ལས་བཟློག་པ་ན།། སྲིད་པ་ཉེ་བར་ལེན་མི་བྱེད།། སྐད་ཅིག་གསུམ་གྱིས་ཡེ་ཤེས་ཐོབ།། འཆི་མེད་བདེ་བའི་གནས་ཐོབ་སྟེ། ་དག་པའི་སུས་ནི་འགྲོ་དོན་འབྱུང་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོའི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བན ་ཀླུད་པས་མཆོད་པ་དང་གསང་གྲགས་མངོན་པར་འབྱུང་བ་རྡོན་འཕྲུལ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་དབུཔའོ། ། དེ་ནས་བཅོམ་ལྡན་དངས་དེ་བཞིནི་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་བྱང་ཆུབ་ཀྱིསེམས་དན་འང ་པཆེན་པོའི་གསང་བ་ཆེན་པོའི་ཡེ་ཤེས་བླ་ན་མེད་པའི་དང་ལས་རབ་ཏུ་དགྱེས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣང་དགསུ་དང་བྱུགས་རྡོ་རྗོ་བཞི་ན་གཤེགས་པ་དེ་བཞིནི་གཤེགས ་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་མེད་པས་སྒོམ་པ་མེད།། བསྒོམ་པར་བྱ་བ་བསྒོམ་བྱ་མིན།། དེ་ལྟ་ད་པོ ་དངོས་མེད་པས། སྐོམ་པ་དམིགས་པ་མེད་པའོ།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང ་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ་གཟུངས་དང་འཛིན་པ་རྣམ་སྤངས་པ།། ཆོས་བདག་མེད་པ་མཉམ་ཉིད་པ།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེག་པ་རྡོ་རྗེ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དགས་སྐྱེས ་པས། ཆོས་དང་ཆོས་ཉིད་མེད་པ་སྟེ།། ནམ་མཁའ་ལྟ་བུར་བདག་མེད་པས།། བྱང་ཆུབ་ཚུལ་འདི་བརྟན་པའོ།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེག་པ་མི་བསྐྱོད་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ ་རིན་ཆེན་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་དངོས་མེད་ཅིག་། ཆོ ་མཚན་ཉིད་རྣམ་པར་སྤངས། ། བདག་མེད་ཆོས་ལས་ཀུན་ཏུ་བྱུང།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དཔག་ཏུ་མེད་པ་འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མ་སྐྱེས་པ་ཡི་ཆོས་རྣམས་ལ།། ངོ་བོ་མེད་དེ་སྐོམ་པའང་མེད།། ནམ་མཁའི་གནས་སུ་སྦྱོར་བ་ཡིས ་དེ་ལྟར་དངོས་པོར་རབ་ཏུ་གྲགས། ། ཤེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲའི་རྒྱལ་པོ་གདོན་མི་ཟ་བར་དེ་བཞིན་གཤེགས ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འོད་གསལ་བ།། གདོང་ནས་དག་པ་ནམ་མཁའ་བཞིན།། བྱང་ཆུབ་མེད་ཅིང ་མངོན་རྟོགས་མེད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བས་གསུངས་སོ།། དེ་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོ་སྤྱན་མས་རྡོ་རྗེ་འཛིན་པ་ཐམས་ཅད་མཉེས ་པར་བྱེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྲིད་མེད་མྱ་ངན་འདས་མེད་པ།། འདི་ནི་རྡོ་རྗེ་བདེ་ཆེན་པོ།། སྒོམ་པ་མེད་ཅིང་བསྒོམ་པའང་མེད།། དགོས་པ་མཆོག་ཏུ་བསྒྲུབས་པས་བདེ།། ཞེས་གསུངས་སོ།། ་རྡོ་རྗེ་བཙུན་མོ་མཱ་མ་ཀཱིས་སངས་རྒྱས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྟོང་ཞིང་སྣང་མེད་གནས་ཀྱི་མཆོག། རྨི་ལམ་སྒྱུ་མའི་རང་བཞིན་ཅན། སེམས་ཀྱི ་རང་བཞིན་སྒོམ་པའོ། ། ཇི་བྱེད་ཏུ་ཡང་མེད་པ་ལ་ནས་གསས་སོ།། རྡོརྡོ་བཙུན་མོགོས་ད། དམས་སངས་རྒྱས་ཐམས་ཅད་རྫས་སུ་ཆགས་པར་བྱེད་པ་པོ་རྗེ་ཞེས་བྱབ་ཏིང་ལ་ནི་མ་ཉམས་པར་ཐུགས་ཏེ། ཀྱ་མ་དང་ཅིན ་ནམ་བྲལ་ཏེ། ། དེ་ནི་སེམས་དང་ཐིག་ལེ་མིན།། འདི་ནི་དམ་པའི་བད་ཆེན་ཏེ། བྲི་ཞིང་བསྣན་པ་ཡོད་མ་ཡིན་ཞེས་གསུངས་སོ།། རྡོ་རྗེ་བཙུན་མོ་སྒོས་མས་སངས་རྒྱས་ཐམས་ཅད་སུ་གསུང་ཐུགས་མི་སྲ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྟོབས་པར་ཞུགས་ཏེ། ཆོས་རྣམས་གཟུགས་བརྙན་རང་བཞིན་ཏེ།། དེ་བཞིན་བསྒོམ་བྱའི་དངོས་གང་ཡང་།། སྟོང་ཞིང་སྡང་མེད་གནས་མཆོག་སྟེ།། དེ་ཚེ་སྡིག་དང་བསོད་ནམས་དག། ཅེས་གསུངས་སོ།། དེ་ནས་ལྷ་མོ ་གཟུགས་རྡོ་རྗེ་དམ་ཚིག་མཆོག་གིས་མཆོད་པ་བླ་ན་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཔེར་ན་ཆུ་དང་ཟླ་བ་ནི།། བདེན་མིན་བརྫུན་པའང་མ་ཡིན་པ།། དེ་བཞིན་དཀྱིལ་འཁོར་འཁོར་ལོ་འདི།། དང་ཞིང ་གསལ་བའི་རང་བཞིན་ནོ། ། ཞེས་གསུངས་སོ།། ལྷ་མོ་སྒྲ་རྡོ་རྗེ་ནམ་མཁའི་འོད་ཀྱི་སྤྲིན་རྡོ་རྗེས་ཚིམ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྟོང་ཞིང་སྣར་མེད་གནས་གྱུར་པ།། རྨི་ལམ་སྒྱུ་མའི་རང ་བཞིན་ཏེ། ། སེམས་ཀྱི་ངོ་བོ་སྒོམ་པ་སྟེ།། ཇི་སྲིད་ཡང་དག་བདག་མེད་པའོ།། རྗེ་གསུངས་སོ།། ལྷ་མོ་དྲི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ཀུན་དུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོས་འགྲོ་ཁྱབ་པ།། ་བདེ་བ་སྤངས་ན་རིག་པ་མེད།། བདེ་བ་འབར་བས་སྲིད་པ་འཆིང་།། བདེ་བ་སུས་ཀྱང་བཟློག་མི་ནུས།། ཞེས་གསུངས་སོ།། ལྷ་མོ་རོ་རྡོ་རྗེ་དམ་ཚིག་ཆེན་པོས་མཆོད་པ་ཀུན་དུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས། ་རྣམས་བདེན་པ་མ་ཡིན་ཞིང་།། བརྫུན་པའང་མ་ཡིན་པ་ཡི་དོན།། བླང་དང་དོར་བར་བྱར་མེད་པ།། དེ་ཉིད་ཡེ་ཤེས་མཆོག་ཏུ་བསྟན།། ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་རྡོ་རྗེ་སྤྲོ་བའི ་སྨིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསམ་གཏན་མེད་ཅིང་དངོས་པོ་མེད།། སྔགས་མེད་ལྷ་ཡང་མེད་པ་ཉིད།། རྡོ་རྗེ་སེམས་དཔའ་དང་བྱུང་བ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་ཞི་བའི་དམ་ཚིག་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཡེ་ཤེས་ལྔ་ཡི་རབ་སྦྱོར་བས།། བསོད་ནམས་མེད་ཅིང་སྡིག་པའང ་མེད། ། བྱང་ཆུབ་སེམས་འདི་བསྟན་པ་ཉིད།། དུ་མ་ཉིད་དུ་མི་དམིགས་སོ།། ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དངོས་པོ་དང་དངོས་པོ་མེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འདྲེན་ལ ་སྙོམས་པར་ཞུགས་ཏེ། སྔགས་མེད་བཟླས་པའང་མེད་པ་སྟེ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས།། འགྲོ་བ་གསུམ་ཀུན་ཡོད་པ་སྟེ།། སྒོམ་པ་མེད་ཅིང་མངོན་རྟོགས་མེད་ཅེས་གསུངས་སོ།། བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་རྡོ་རྗེ་ནམ་མཁའི་སྙིང་པོ་ཏིང་ངེ་འཛིན་རྡོ་རྗེ་མཆིག་ལ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད།། དཔྱད་པས་འཇིག་རྟེན་གང་ནའང་མེད།། རྟག་ཏུ ་འཇིག་རྟེན་ལྡན་པར་འཇུག། དག་པ་དང་ནི་གནས་དག་པའོ།། ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་ཡེ་ཤེས་མཆོག་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་སྐྱེབ་མེད་ཅིང་མིགས་པ་མེད། བྱེང་ནམ་མཁའ་འབྱུང་གནས་ཏེ།། ཐབ་ཅིང་རྩའི་རང་བའི་དུརྒྱན། བྱང་ཆུབ་ཚུལ་འདི་བསྟན་པའོ།། ས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་མ ་ཅད་ཀྱི་ཚུལ་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་དམ་ཀུན་རྫོབ་རྟེན་འབྲེལ་ཙམ།། ཡང་དག་ཏུ་ནི་གནས་པ་མེད།། ཆོས་རྣམས་དག་པ་ཡེ་ཤེས་ཆེ།། གནས་མེད་དམིགས་པ་མེད་པའོ།། ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་ཆོས་ཐམས་ཅད་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱུ་དང་འབྲས་བུ་དག་པའི་ཆོས།། འགྲོ་ཞིང་ལྡོག་པའི་ཁྱད་པར་གྱིས། ་རྟོག་པ་ཡང་དག་མི་དམིགས་པས། སྤྲོས་མེད་གོས་པ་མེད་པའོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཐམས་ཅད་མཉམ་པ་རྡོ་རྗེ་མི་ཕྱེད་པ་སྒྱུ་མར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ། ཆོས་དབྱིངས་ཡེ་ཤེས་ཁྱབ་པའི་སྐུ།། རྟོག་པ་མེད་ཅིང་དྲི་མ་མེད།། ཀུན་དུ་འབྱུང་ཞིང་དུས་གསུམ་དུ།། ཕྲ་ཞིང་བདག་མེད་ཚུལ་མཆོག་གོ།། ཞེས་གསུང་སོ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། རྡོ་རྗེའི་འཁོར་ལོའི་ཏིང་ངེ་འཛིན་ཐམས ་ཅད་ཆོས་ཉིད་དག་པ་ལས། ། མེ་རྟོག་ནམ་མཁའ་དྲི་མ་མེད།། སྣང་བ་སྣ་ཚོགས་རང་གྲོལ་བ།། སེམས་ཀྱི་མཚན་ཉིད་རྟག་ཏུ་མེད།། ཅེས་གསུངས་སོ།། གཞན་གྱིས་མི་ཐུ་རྡོ་རྗེ་ཡིས།། མངོན་པར་བྱང་ཆུབ་ལ་ཞུགས་ཏེ། སྒྱུ་མར་སྣང་བ་མི ་ལམ་ཚུལ། ། རྟོག་དང་ནམ་མཁའ་དབྱེར་མེད་མཚན།། འདུ་འབྲལ་མེད་པའི་ཡེ་ཤེས་མཆོག། ཕྱག་རྒྱ་ཆེན་པོ་ཡང་དག་པའོ།། ཞེས་གསུངས་སོ།། ཁྲོ་བོ་པད་མའི་དམ་ཚིག་མཆོག། རིན་ཆེན་འབྱུང་གནས་ལ་བརྟེན་ཏེ།། ་ཆགས་པ་མེད་པའི་ཚུལ་མཆོག་གོས།། སྐྱེ་མེད་རྟེན་འབྲེལ་རང་དག་པ།། ཆུ་རླབས་གཡོ་བ་རང་བཞིན་མེད།། གནས་པ་མེད་དེ་སྟོན་པའོ།། ཞེས་གསུངས་སོ།། ཁྲོ་བོ་བདུད་ཅི་འཁྱིལ་པ་དེས།། བྱིན་གྱིས་རློབ་པའི་ཡེ་ཤེས་རྒྱལ། ་འགྲོ་མས་བྱ་ཆུ་བ་སེམས་དང་ཞིན།། འདས་རྣམས་སྟོབས་ས་གྱུར་པ་དག་། དག་པ་བདེ་བའི་འབྱུ་གས་ཏེ། ཤེས་བརྟེན་པ་ལས་འབྱུང་ཞེས་གསུམ་པོ་ཁྲི་རྣམ་ཐམ་གསོ་མགོང་། མ་ལ་བྱས ་ཏིང་འཛིན་ལ་ཞུགས་ཏེ། ། རྟོག་པ་ཐམས་ཅད་དག་པའི་དབྱིངས།། ཆོས་རྣམས་ཐམས་ཅད་རྐྱེན་ལ་བརྟེན།། རང་བྱུང་ཡེ་ཤེས་ཐོབ་བྱེད་པ།། གནས་པ་མེད་པ་ཉིད་དུ་འགྱུར།། ཞེས་གསུངས་སོ།། ཁྲོ་བོཊོ་ཀི་རཱ་ཛ་རྒྱལ།། བསམ་གཏན ་རྡོ་རྗེས་རྟེན་པ་ཉིད། ། ཡང་དག་ཡེ་ཤེས་དགའ་བས་བརྒྱན།། ལུས་དང་ལུས་མེད་བརྟན་པ་མེད།། ཡེ་ཤེས་ལུས་མི་དྲིམ་མེད།། རྟོག་པ་མེད་ཅིང་འགག་པ་མེད། ཅེས་གསུངས་སོ།། ཁྲོ་བོ་རྡོ་རྗེ་དབྱུག་པ་འཛིན་འཇིམ ་པར་མཛད་པ་ཁྲོས་པའི་སྒྲ། ། སྙིང་རྗེ་ཆེན་པོས་གདུག་པ་འདུལ། ཡེ་ཤེས་ཆེན་པོ་འབྱུང་བའི་རྒྱུ།། བྱམས་པའི་ཐུགས་ཀྱིས་ཁྱབ་པ་པོ།། སེམས་ཅན་མགོན་པོ་དག་པའོ་ཞེས་གསུངས་སོ།། གཙུག་ཏོར་དུམ་ཚིག་ཁྲོ་བ་ནི། ་རིག་པའི་སྟོབས་མཆོག་ལ་གནས་པས།། བཀའ་ཡི་འཁོར་ལོ་རྒྱས་པ་པོ།། བསྟན་པའི་དོན་ནི་ཐོབ་པ་སྟེ།། ཉོན་མོངས་ཟད་བྱེད་ཡེ་ཤེས་མཆོག། གནས་པ་མེད་པས་སྟོན་པར་མཛད།། ཅེས་གསུངས་སོ།། རྡོ་རྗེ་གནོད ་མཛེད་ཁྲོ་བ་ཆེ། ། རབ་ཏུ་འབྱུང་གནས་ལ་བརྟེན་ནས།། ཡང་དག་སྟོབས་ནི་དག་པ་ཆེ།། ཆོས་ཀྱི་འབྱུང་གནས་འགག་པ་མེད།། རོལ་པའི་སྒྱུ་མ་སྟོན་པར་བྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། རྡོ་རྗེ་ཚེ ་སྟོབས་པོ་ཆེ། ། སྐུ་གསུམ་མི་བྱེད་ལ་གནས་པས།། རྟོག་པས་མི་ཤིགས་བདུད་ནམས་འཇོམས།། ཀུན་དུ་སྤྱོད་པ་ཀུན་དུ་སྦྱད། ལོག་རྟོག་ཐམས་ཅད་གནས་སུ་དག། ཡེ་ཤེས་འབྱུང་གནས་ཆེན་པོའོ།། ཞེས་གསུངས་སོ།། ་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པ་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་སུ་སྟོན་པ་རང་འབྱུང་བའི་རྒྱུད་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ཉིད་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསང་བ་གས ་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབྱུང་བ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ། ། ། དེ་ནས་དེ་བཞིན་གཤེགས ་པ་ཐམས་ཅད་ཡང་དག་པར་འདུས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་མོ་རྣམས་དང་། རིག་པའི་རྒྱལ་པོ་དང་། ཁྲོ་བོའི་ཚིགས་ཐམས་ཅད་ལ་ཡང་དག་པར་བསྟོད་པ། མི་བསྐྱོད་བ་ནི་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས ་ནི་མཁའ་ཆེར་པོ། ། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། གསང་བའི་དབྱངས་ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་དག་པ་ནི།། རྡོ་རྗེཞི་བ་དགའ་བ་ཆེ།། རང་བཞིན་འོད་གསལ་མཆོག་གི་སུ།། རྟག་པའི་རྡོ་རྗེ་ཕྱག ་འཚལ་ལོ། ། རིན་ཆེན་རྒྱལ་པོ་རབ་ཏུ་ཟག། རྡོ་རྗེ་ནམ་མཁའ་དྲི་མ་མེད།། མཉམ་མེད་དག་པ་མཆོག་གི་མཆོག། རྡོ་རྗེ་སྲུལ་ཕྱག་འཚལ་ལོ།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ།། ཡེ་ཤེས་དགཔས ་ཡང་དག་འབྱུང་། ། རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ།། དོན་གྲུབ་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་ཡོངས་རྫོགས་པ།། གོས་པ་མེད་པའི་ཡེ་ཤེས་ཅན།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། མོ་ཧ་ར་ཏིའི་སྔགས ་ལས་སྐྱེས། ། ས་ཡི་ཁམས་ནི་རྣམ་དག་ཅིང་།། དེ་བཞིན་གཤེགས་པའི་ཡུམ་གྱུར་པ།། ལྷ་མོ་སྤྱན་ལ་ཕྱག་འཚལ་ལོ།། དྭེ་ཥཱ་ར་ཏིའི་སྔགས་ལས་སྐྱེས།། ཆུ་ཡི་ཁམས་ནི་རྣམ་དག་པ།། རྡོ་རྗེ་རིགས་ཀྱི་ཡུམ་གྱུར་ཅིང་།། མཱ་མ་ཀཱི་ལ ་ཕྱག་འཚལ་ལོ། ། རཱ་ག་ར་ཏིའི་སྔགས་ལས་བྱུང་།། མེ་ཡི་ཁམས་ནི་རྣམ་དག་ཅིང་།། པད་མའི་རིགས་ཀྱི་ཡུམ་གྱུར་པ།། གོས་དཀར་ལྷ་མོ་ཕྱག་འཚལ་ལོ།། བཛྲ་ར་ཏིའི་སྔགས་ལས་སྐྱེས།། རླུང་གི་ཁམས་ནི་རྣམ་དག་པ། ལ་ཀྱི ་རིགས་ཀྱི་ཡུམ་གྱུར་པ། སྣ་ཚོགས་སྒྲོལ་མ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ།། རྩ་རྒྱུས་ཁམས་ནི་དག་པའི་སྐུ།། ཉོན་མོངས་རྣམ་དག་བྱམས་པ་ནི།། རྒྱལ་བའི་རྡོ་རྗེ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ ་སེམས་ཆེན་པོ། ། མིག་གི་སྐྱེ་མཆེད་སྤྱོད་མཛད་ཅིང་།། ས་ཡི་སྙིང་པོ་དེ་བཞིན་གཤེགས།། སྐུ་ཡི་རྡོ་རྗེ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ནི།། རྣ་བའི་སྐྱེ་མཆེད་རྣམ་དག་པ།། ཕྱག་ན་རྡོ་རྗེ་མཐུ་སྟོབས་ཅན།། ཐུགས་ཀྱི་རྡོ་རྗེ ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་ནི།། སྣ་ཡི་སྐྱེ་མཆེད་སྤྱོད་གྱུར་པའི།། ནམ་མཁའི་སྙིང་པོའི་མཆོག་གྱུར་པ།། ཏིང་འཛིན་རྡོ་རྗེ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན། ཁྲེ་ཡི་སྐྱེ་མཆེད་དག་བྱེད་པ།། འཇིག ་རྟེན་དབང་ཕྱུག་བླ་ན་མེད། ། གསུང་གི་རྡོ་རྗེ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཞི་བ་ཆེ།། ཡིད་ཀྱི་སྐྱེ་མཆེད་རྣམ་དག་ཅིང་།། དག་པའི་སེམས་མཆོག་འཇམ་དབྱངས་སུ།། ནམ་མཁའི་རྡོ་རྗེ་ཕྱག་འཚལ་ལོ།། ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེ།། ལུས་ཀྱི་སྐྱེ་མཆེད་དག་པའོ།། སྒྲིབ་པ་ཐམས་ཅད་རྣམ་སེལ་མཛད།། དམ་ཚིག་རྡོ་རྗེ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་རྒྱལ་དབང་པོ།། འགྲོ་བའི་སེམས་རྒྱད་སྟོང་མཛ་དག་ཀུན་དུ་བཟང་པོ ་ཡེ་ཤེས་རོའོལ། ། ཆོས་དབྱིངས་རྡོ་རྗེ་ཕྱག་འཚལ་ལོ།། རྡོ་རྗེའི་གཟུགས་ནི་ཡིད་དུ་འོང་།། སྣང་སྟོང་ཀུན་དུ་རོལ་པ་ཡིས།། ཆོས་རྣམས་སྒྱུ་མའི་ཆོ་འཕྲུལ་སྟོན།། གཟུགས་ཀྱི་ལྷ་མོ་ཕྱག་འཚལ་ལོ།། རྡོ་རྗེའི་སྒྲ་ནི་ཡིད་དུའོང།། སྒྲ་དང་གཱ་མིན ་ལས་གྲོལ་བ། ། སྟོང་ཉིད་རང་སྒྲ་འབྱུང་བ་པོ།། སྒྲ་ཡི་ལྷ་མོ་ཕྱག་འཚལ་ལོ།། རྡོ་རྗེའི་དྲི་ནི་ཡིད་འོང་མཆོག། སངས་རྒྱས་ཐུགས་མཆོད་བདེ་བ་ཆེ།། ལག་པ་སང་བར་བྱེད་པ་པོ།། དྲི་ཡི་ལྷ་མོ་ཕྱག་འཚལ་ལོ།། རྡོ་རྗེ་རོ་ནི་དགའ་བའི་སྐུ།། དྲི་མེད་བདུད ་ཅིའི་ཐོབ་བྱེད་ཅིང་། ། དཀྱིལ་འཁོར་མ་ལུས་མཆོད་བྱེད་པ།། རོ་ཡི་ལྷ་མོ་ཕྱག་འཚལ་ལོ།། ཡ་མཱན་ཏ་ཀྲིད་སྔགས་ལས་སྐྱེས།། སྐུ་ཡི་གསང་བ་ཁྲོ་བོ་ཆེ།། དབང་པོ་མནན་ཅིང་ཤར་ཕྱོགས་བཞུགས།། གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ།། ་པྲཛྙཱན་ཏ་ཀྲི་སྔགས་ལས་སྐྱེས།། ཐུགས་ལས་སྐྱེས་པའི་ཁྲོ་རྒྱལ་ནི།། གཤིན་རྗེ་མནན་ཅིང་ལྷོ་ཕྱོགས་བཞུགས།། རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ།། པད་མཱན་ཏ་ཀྲིང་སྔགས་ལས་སྐྱེས།། གསུང་མཆོག་པད་མ་རང་འབྱུང་བ།། ཆུ་བདག། ་མནན་ཅིང་ནུབ་ཕྱོགས་བཞུགས།། གསུང་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད།། བིགྷྣཱན་ཏ་ཀྲིཏ་སྔགས་ལས་སྐྱེས།། ཕྲིན་ལས་སྣ་ཚོགས་མཛད་པ་པོ།། གནོད་སྦྱིན་མནན་ཅིང་བྱུང་ཕྱོགས་བཞུགས།། བདུད་ཅི་འཁྱིལ་ལ་ཕྱག་འཚལ ་བསྟོད། ། རྣམ་པར་རྟོག་པས་མེ་གཡོ་ཞིང་།། ཡེ་ཤེས་གསང་བའི་དོན་ལྡན་པའི།། ཁྲོ་བོ་བྱིན་ཟའི་སྟེང་བཞུགས་པ།། མི་གཡོ་མགོན་ལ་ཕྱག་འཚལ་ལོ།། བཏུལ་ཞུགས་ཆེན་པོ་མི་ཟད་པས།། ལོག་འདྲེན་དཔུང་རྣམས་འཇོམས་མཛད་པ ་ཁྲོ་རྩལ་བདེན་བྲལ་སྟེང་ན་བཞུགས། ། འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ།། གཏུམ་པོ་སྲིད་གསུམ་འཇོམས་མཛད་ཅིང་།། སྙིང་རྗེ་སྟོབས་དང་ལྡན་པའི་སུ།། རླུང་བདག་སྟེང་གནས་ཁྲོ་བོ་ན།། དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ།། ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། ཡེ་ཤེས་མཆོག་གིས་དབང་བསྐུར་བ།། ཁྲོ་རྒྱལ་དབང་ལྡན་སྟེང་བཞུགས་པ།། སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ།། གགསུམ་ག་གཙན་ལྔ་ཚོགས་སྒྱུ་མར་གར་མཛད་པ།། ཚངས་པའི་སྟེར། ་བཞུགས་ལྷ་ཡི་ག་ཙོ།། འཁོར་ལོས་སྒྱུར་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ཀྱི་རང་བཞིན་སུ།། སྤྲོས་མེད་དེ་བཞིན་ཉིད་ལས་བྱུང་།། ཀཱ་ལ་ཀྲོ་དྷ་གནོན་མཛད་པ།། བྲོ་རྒྱལ་གནོད་མཛེས་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ལས་རང ་བྱུང་བ། ། སངས་རྒྱས་ཀུན་གྱི་དེ་བཞིན་ཉིད།། སྒྱུ་མ་དག་ལ་སྤྲོས་མེད་སུ།། འོད་གསལ་བདེ་བའི་བསམ་གཏན་ཉིད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས།། རླུང་སྔགས་ལས་བྱུང་རང་དག་ཅིང་།། ་ཐམས་ཅད་ཆོས་ནི་ཡོངས་རྫོགས་པར།། སྣང་བ་ཡེ་ཤེས་རང་བཞིན་ཚོགས།། སྤྲོ་དང་བསྡུ་བ་ཉིད་གྱུར་པ།། ཟུང་འཇུག་ཏིང་འཛིན་ལ་འཇུག་གང་།། དབྱེ་བས་ཡེ་ཤེས་དག་པའི་གནས།། མཆོད་པས་ཡང་དག་ཐོབ་པར་འགྱུར།། དེ་ཉིད་ཐ་མའི་སྐུ ་ཉིད་དེ། ། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བ་ཆེན་པོ ་རབ་ཏུ་རྒྱས་པའི་མཆོད་ཅིང་བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ། ། རྡོ་རྗེ་མི་འགྱུར་བ་ཞེས་བྱ་པའི་ཏག་ཀྱི་པོ་དང་པོ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་དང་གསུང་དང་ཐུགས་རྡོརྗེ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་བཀོད་པ་དུ་མར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་མཐག་ཏུ། དེ་བཞིན་གཤེགས་པ་དུ་མིའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་གསང་བ་བླ་ན་མེད་པའི་རྡོ་རྗེ་མངོན་པར་རྫོགས་པའི་ཚུལ་མི་ཟད་པ་རྡོ་རྗེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས ་ཅན་ནམ་མཁའི་མཐས་ཀླས་པར་གྱུར་པའི་ཁམས་བརྗོད་དུ་མེད་པའི་གནས་ཀྱི་ཆོས་ཉིད་དང་གཉིས་སུ་མེད་པ་མཉམ་པ་ཉིད་དུ་རབ་ཏུ་སྟོན་པ། ། རབ་བྱམས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་དང་རྒྱ་ཡོངས་སུ་ཆད་པ་མེད ་པ་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཞིང་ཁམས། ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གནས། འགྱུར་བ་མེད་པར་གསང་བའི་འབྲུག་སྒྲ་སྒྲོགས་པའི་སྤྱོད་ཡུལ།། རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ། ་མངོན་པར་བསྔགས་པ་དང་། རྣལ་འབྱོར་མ་བསྐུལ་བྱེད་མ་དང་། འོད་ཟེར་ཅན་དང་། རལ་པ་གཅིག་མ་དང་། རི་ཁྲོད་ལོ་མ་ཅན་དང་། ཀུ་རུ་ཀུལླེ་དང་། རྡོ་རྗེ་དབྱངས་ཅན་མ་དང་། དྲི་མ་མེད་པའི་རྣམ་པར་རྒྱལ་མིའི་གཙུག་ཏོར་དང་། གཙུག་ཏོར་མི ་ཟད་པ་བསྔགས་པ་རྡོ་རྗེ་དང་། གཙུག་ཏོར་གདུགས་དཀར་མོ་ཅན་རྡོ་རྗེ་ལ་སོགས་པ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་དང་མཉམ་པའི་རྣལ་འབྱོར་མའི་ཚོགས་རྣམས་དང་ལྷན་ཅིག་ཏུ། གསང་བའི་སྤྱོད་པ་རྨད་དུ་བྱུང་བ་ཡེ་ཤེས་བདེ་བ་ཆེན ་པོའི་རོལ་པ་ལ་ཡོངས་སུ་སྤྱོད་དེ། དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་བདེ་བའི་རོས་ཁྱབ་པར་བྱེད་ཅིང་རང་རང་གི་རིགས་ཀྱི་བདག་པོ་མཆོད་པར་བྱེད་དོ།། དེ་བཞིན་གཤེགས་པ་བསྐལ་པ་གང ་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་འདུས་པ་དཔལ་མཆོག་ཆེན་པོ་སྙིང་པོའི་དཀྱིལ་འཁོར་འདི་རྟོགས་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་སྟོང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས ་ཁ་ནས་འོད་ཟེར་གྱི་རྩེ་མོ་དུ་མ་ལས་ཕྱུང་སྟེ་གསང་བ་ཆེན་པོའི་ཆོས་གནས་ཀྱི་དོན་མངོན་པར་བརྗོད་པ་རྒྱ་མཚོ་དང་མཚུངས་པ་སྟོན་པར་བྱེད་དེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལོག་པར་དང་སེལ་གྱིས་དེ་བཞིན ་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་དམིགས་མེད་པར། སྤུ་མ་ལྟ་བུར་བསྟན་པ་གང་། གསང་། ་བའི་ཡེ་ཤེས་རང་འབྱུང་བ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་རྣམ་པར་ཐར་པའི་རྡོ་རྗེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་བསམ་གྱིས་མི་ཁྱབ་པས། བཅིངས་པ་མེད་ཅིང་གྲོལ་བ་མེད།། ཐམས་ཅད་རྣམ་པར་དག་པའི་དབྱིངས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱིས་རྡོ་རྗེ་མི་ཟད་པ་བྱམས་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རྨི་ལམ་མཚུངས་པ་ལས།། ནམ ་མཁའི་ལྟ་བུར་བདག་མེད་པས། ། དམིགས་པ་རྣམས་ལས་ཡོངས་གྲོལ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྣུ་མ་ལྟ་བུ་དམིགས་པ་མེད་པའི། ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རང་བཞིན་གྱིས་ནི་དག་པའི་བདག། སྲིད་གསུམ་མིག་འཕྲུལ་མཚུངས་མེད་པར།། སྟོང་པ་ཉིད་ནི་དག་པའི་དངོས།། བྱང་ཆུབ་ཚུལ་འདི་བསྟན། ་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པས་གསང་བའི་ཡི་གེ་རྣམ་པར་དག་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་གང་དུ་ཆོས་དང་ཆོས་ཉིད་མེད།། ཐམས་ཅད་རྣམ་པར་མི་རྟོག་པས།། བརྗོད་པ་ཀུན་ལས་འདས་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེས་ཡེ་ཤེས་སྡོང ་བོས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། །། འདི་ལ་རྟོག་པར་གྱུར་པ་མེད། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། དངོས་པོ་ཉིད་དུ་རྣམ ་པར་གྲོལ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རབ་རྩལ་གྱིས།། དྲི་མ་མེད་པའི་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སརྦ ་འདི་གསུངས་སོ། ། གསང་བ་བྱང་ཆུབ་སེམས་ཀྱི་གསང་།། ཆོས་ཀུན་སྙིང་པོ་རྡོ་རྗེའི་སྐུ།། ལྷུན་གྱིས་གྲུབ་པ་ཡེ་ཤེས་དབྱིངས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་མེ་ཏོག་ཀུན་ནས་གསལ་བའི་སྙིང་པོས་ཡེ་ཤེས་རྡོ་རྗེ་འབར་བ་མི་ཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་མི་འགྱུར་སྣང་བ་མེད། དག་པའི་ངོ་བོར ་མཉམ་པ། ། ཕུང་པོ་ལྔ་ལྡན་ཉིད་ཀྱི་དང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་གཉིས་པ་ཀུན་དུ་སྣང་བའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རང་གི་སེམས་རྟོགས་བྱ།། དེ་ཉིད་ཆོས་ཀུན་རྩ་བ་སྟེ།། སྙིང་པོ་འདི་ཉིད་སྦས་པར་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ། ་ཞེས་གསུངས་སོ།། ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་ལེགས་སྣང་བས་ཡང་དག་པར་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གསང་བ་གང་འགྱུར་དབྱིངས་ཉིད ་ལ། ། ཡེ་ཤེས་རྒྱལ་བ་ཀུན་གྱི་ཐུགས།། དམ་པ་འདི་ནི་འདུས་པར་གསུངས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འགྲོ་བའི་དེད་དཔོན་རྒྱལ་པོས་འགྲོ་བ་སེམས་ཅན ་ཐམས་ཅད་ཡང་དག་པར་སྒྲོལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཇི་ལྟར་པ་ད་པོ་ཆུ་ཀླུང་ལས། རབ་ཏུ་སྐྱེ་བཟལ་འབྲོབ། དེ་ཉྀད་སྡོང་བུ་འདིར་རྟོགས་བྱ། བྱང་ཆུབ་ཅུལ ་འདི་བསྟན་པའོ་ཞེས་གསུངས་སོ། ། ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལག་ཆེན་རྒྱལ་པོས་འགྲོ་བ་ཐམས་ཅད་ཡང་དག་པར་འདུལ་བའི་ཏིང་དེ་འཛིན་མ་ཟད་པའི་ཚུལ་ཞེས་བྱབ་ལ་སྙོམས་པར་ཤུགས་ཀྱང ་སེམས་འདི་གསུངས་སོ། ། མཉམ་མེད་ནམ་མཁའ་ཡངས་པ་ནི།། ཀུན་ལ་གནས་ཤིང་མི་འགྱུར་བ།། དྲི་མ་མེད་ཅིང་འབར་བའི་འོད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་སྟོབས་མི་ཟད་པའི་དཔལ་གྱིས་རི་རབ་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མི་བྱེད་རྡོ་རྗེ་ནི།། སྟོང་ཉིད་བྱང་ཆུབ་སེམས་རྡོ་རྗེ།། སྙིང་རྗེའི་སྙིང་པོ་དྲན་པར ་བརྗོད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོས་དྲན་པའི་སྙིང་པོ་རིན་པོ་ཆེའི་སྣང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་ཆོས་རྣམས་སྟོང་པ་ཉིད།། ཆུ་དང་ཟླ་བ་མཚུངས་པ་སྟེ།། སྒྱུ་མ་ཉིད་དུ་འགག་མེད་འཆར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་རྩི་སྨན་མི་ཟད་པའི་ཡེ་ཤེས་སྟོབས་ཀྱི་རྒྱལ་པོས་ཕུན་སུམ་ཚོགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྣང་ལ་རང་བཞིན་མེད།། སྟོང་པ ་མཁའ་དང་མཚུངས་པ་སྟེ། ། རོལ་པ་རང་འབྱུང་མཉམ་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟར་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྙན་པའི་ཏོག་ཆེན་པོས་འོད་མི་ཟད་པའི་འབྱུང་གནས་འབྱུང ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་ཉིད་རྒྱལ་བའི་འབྱུང་གནས་ཏེ།། རྟོག་པའི་དྲ་བ་རྣམ་གཅོད་པ།། རང་ལས་འཆར་གྱི་གཞན་ལས་མིན།། བྱང་ཆུབ་ཚུལ། ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཆེན་པོ་མི་ཟད་པའི་དཔལ་གྱིས་ཟླ་བ་ཀུན་ཏུ་སྟོན་པར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། འགྲོ་ཀུན་བརྟན་དང་གཡོ་བ་ཡི།། དངོས་པོ་མཉམ་ཉིད་རྫོགས་སངས་རྒྱས།། གཅིག་དང་དུ་མར་དམིགས་སུ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་རྣམ་པར་གྲོལ་བའི་ཕུང་པོས་ཡེ་ཤེས་ཀྱི་སྤྲིན་རྣམ་པར་བཀོད་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཉམ་པ་ཉིད་ལ་ཀུན་རྟོག་བྲང། དུས་གསུམ་མཁྱེན་པ ་ངས་མི་དམིགས། ། ཡང་དག་ཉིད་ཏུ་ཀུན་གྲོལ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཀྱི་རྒྱལ་པོ་མི་ཟད་པའི་སྣང་བས་ཆོས་ཐམས་ཅད་ཡང་དག་པར་ཁྱབ་པ་མི ་འབྱུར་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྡང་བ་ནམ་བྲལ་མུན་པ་མེད།། གང་དུ་ཏོག་ལས་ནམ་གྲོལ་ཞིང་།། གྲོལ་བའི་རྒྱུ་བདེན་པས་སྟོང།། བྱང་ཆུབ་ཚུལ་འདི་བསྟན ་པའོ་འས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོས་ཀུན་དུ་ཁྱབ་པར་བྱེད་པ་ཞེས་བྱ་བའི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་རྩེ་མོ་ཞེས་བྷ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདིགས ་སོ། ། འབྱུང་དང་འབྱུང་ལ་གྱུར་པ་གང་།། དེ་ཉིད་སྲོག་ཆགས་སྲོག་གྱུར་པ།། སེམས་ཅན་བྱང་ཆུབ་སྙིང་པོ་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་འཕྲོ་བ ་རྒྱལ་མཚན་གྱིས་སྙིང་པོ་ཀུན་དུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདུད་ཀྱི་ཚོགས་ཀུན་ཡང་།། རང་གི་སེམས་ལས་བྱུང་བས་ན།། ཕྱི་རོལ་ཉེ་བར་དམིགས ་སུ་མེད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་འདོད་པ་ན་སྤྱོད་པའི་སྐུའི་བྲལ་འདི་ལྟ་སྟེ། ས་ཐའི་ལྷ་དང་། རྒྱལ་ཆེན་རིས་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། འཐབ་བྲལ་གྱི་ལྷ་དང་། གཞན ་འཕྲུལ་དབང་བྱེད་ཀྱི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། གཟུགས་ནི་སྤྱོད་པའི་འོག་མིན་གྱི་ལྷའི་བར་གྱི་མེ་ཏོག་གི་རྣམ་པ་ལ་འདི་ལྟ་སྟེ། པད་མ་དང་། ཀུ་ཏ་པ་ལ་དང་། ཀུ་མུ་ཏ་དང་། པུན་དྷ་རི་ཀ་དང་། པད་མ་གེ་སར་དང་། ཛམ་བ་ཀ་དང་། ན་ཏི་གེ་ས ་དང་། མཉ་འཛུ་ཤ་ཀ་དང་། མཉ་འཛུ་ཤ་ཀ་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ལ་སོགས་པ་སྟེ། འདབ་མ་ལྔ་པ་དང་། བདུན་པ་དང་། བརྒྱད་པ་དང་། བཅུ་པ་ནས་འདབ་མ་སྟོང་དང་ལྡན་པའི་བར་དུ་མེ་ཏོག་གིས་མངོན་པར་གཏོར། ་རབ་དུ་གཏོར།། མངོན་པར་རབ་ཏུ་གཏོར་ཅིང་ལྷའི་བུ་དང་བུ་མོ་རྣམས་མངོན་པར་རབ་ཏུ་དགའ་བའི་ཡིད་ཀྱིས་ཡོངས་སུ་མཆོད་པར་བྱེད་དོ།། ཀུན་དུ་མཆོད་པར་བྱེད་དོ།། ལེགས་པར་རབ་ཏུ་མཆོད་ཅིང་སྒྲའི་དབྱངས་ཀྱིས་ལེགས་སོ་ཞེས་བརྗོད། ་པར་བྱེད་དོ།། དེ་ནས་ལྷ་མ་སྲིནི་སྡེ་བརྒྱད་ཀྱིས་མཆོད་པ་ལ་འདི་ལྟ་སྟེ་ལྷའི་རྒྱལ་པོ་མི་མཛོད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་བཟངས་ལྡན་དང་། སྲིན་པོའི་རྒྱལ་པོ་ལང་མགྲིན་བཅུ་དང་། ་མི་འམ་ཅིའི་རྒྱལ་པོ་ལྡན་པ་རྟ་མགོ་ཅན་གྱི་བུ་མོ་ཡིད་འཕྲོག་མ་དང་བཅས་པ་དང་། གནོད་སྦྱིན་གྱི་རྒྱལ་པོར་ཏ་ན་ཀུ་བེ་ར་དང་། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་འཁོར་དང་བཅས་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་ལུས་སྟོབས་ལྡན ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུང་ལྔ་པ་འཁོར་དང་བཅས་པ་དང་རྒྱལ་པཔོ་རི་པོ་བཞི་འཁོར་དང་བཅས་པས་སོ་སོ་ནས་མཆོད་ཅིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་མགོ་བོས་ཕྱག་བྱས་ཤིང་ལན་བརྒྱ་སྟོང་དུ ་མར་བསྐོར་བ་བྱས་ཤིང་ནམ་མཁའ་ལས་སོང་སྟེ་མི་སྡང་བར་གྱུར་ནས། ། སྐད་ཅིག་ཙམ་གྱིས་སོ་སོར་གཞལ་ཡས་ཁང་དུ་སྨན་ལ་གནས་པར་གྱུར་ཏོ། ནས་ས་གསུམ་དུ་ཁྱབ་པའི་འོད་ཀྱི་སྣང་བ་ཆེན་པོ་མཟད་པ་བྱུང་སྟེ། ་སེམས་ཅན་ཐམས་ཅད་བདེ་བ་དང་རེག་པར་གནས་པས་ཁྱབ་པར་བྱས་ཏེ་སླར་ལོག་ནས་བདག་ཉིད་ཀྱི་སྐུ་ལུས་ཀྱི་བ་སྤུའི་བུ་གར་མངོན་པར་ཞུགས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང ་བགསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་འདུས་པ་ཆེན་པོ་གསང་བའི་མཆོད་པ་ཐོག་མར་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ། ། །། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་འོད་བཟངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འཁོར་ལོའི་རྡོ་རྗེ་ཀུན་དུ་ཁྱབ་པར་བསྐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཉིས་མེད་ཡེ ་ཤེས་རང་བཞིན་ཅན། ། ཡེ་ཤེས་སྣང་བ་མི་ཟད་པའི།། འོད་གསལ་བརྗོད་ཏུ་མེད་པོ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་སྙིང་པོས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་པད་མོ་རིན་པོ་ཆེ་འབྱུང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐམས་ཅད་བྱང་ཆུབ་དམ་པའི་གཞི།། ལུགས་འབྱུང་ཆོས་ཀྱི་རང་བཞིན་དབྱིངས།། ལུགས་ལྡོག ་གསང་བ་ཉེར་བསྟན་པ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་རྒྱལ་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོ་ཡེ་ཤེས་ཀྱི་འབྱུང་གནས་ཤེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་བ་མེད་ཅིང་དཔེ་མེད་པ།། མཚོན་པ་ཙམ་གྱིས་ཏོགས་དཀའ་བ།། འཛུབ་ཀྱིས་ཟླ་མཚོན་བཞིན་དུ་སྣང།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས།། ་དས་བ་མ་ལྡན་འདས་བཞན་གགགས་པར་ཅལ་ཟླ་བར་འང་བྱབ་དབཞིན་གཤེགས་པ་ཐམས་ཅ་གྲོད་པ་ར་བཤེས་ཐས་ཀྱང་ང་ན་ལ་གམས་པར་པ་བྱུང་ན་ཐསམས་འདག་སུས་ག། མང་དུ ་བསྐྱེད་པ་ཡི། ས་བོན་འདས་ནི་ཀན་ཁྱབ་པ། ཆོས་དབྱིང་བ་མངོན་པར་བྱང་ཆུབ་བཔ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུའི་ཕྲེང་བ་འཛིན་གྱིས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དོན་ལ་རབ་ཏུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་བ་འདི་ནི་རིགས་པའི་ལམ།། མཆོད་པ་འདིན་ཕྲ་བ་སྟེ།། ཐོབ་པ་མཆོག་ཏུ་ཁུར་པ་ཉིད།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་འོད་ཀྱིས་དེ་བཞིན་གཤེགས་པ་ཐས་ཡང་ཀྱི་མི་ཤེས་ཀྱི་འོང་ཟེརབ་ཏུ་སྤྲུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་པ་དངོས་པོ་ཡུལ་གྱིས་བྲལ།། ལུས་ཀྱིས་སྟོང་པ་རྟེན་འབྲེལ་འབྱུང་། ཤིན་དུ་སྟོང་པ་ཕྱི་ནང་མེད། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དོན་ཡོད་པར་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྱུ་མའི་སྤྲུལ་པ་དུ་མར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆུ་འཐུན་གང་ཡིན་པ་སྟེ། འབྲས་བུ་དབང ་སྦྱར་ནམ་པར་སྡོམ། དྲི་མ་མེད་པ་ལྷན་ཅིག་སྐྱེས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་སྣང་བའི་འོད་མིག་ཡོ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ ་ཟེར་གྱི་སྤྲིན་འཕྲོ་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུ་རྐྱེན་ཉེ་བར་ལེན་པ་དང་།། ལྷན་ཅིག་བྱེད་པའི་སྤྱོད་པ་ཅན།། མཚན་ཉིད་མེད་པའི་ངོ་བོ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐུ་དཔུང་ཡང་དག་ལྡན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་རྣམ་པར་འཕྲུལ་བསྟོན་པ་ཞེས་བྱབའི་ཏིང་འཛིན་ལ་སྙོམས་པར་ཐུགས་ང་། ་ཆུབ་ཀྱི་སེམས་འདིགས་སོ།། ཀུན་དུ་བརྟགས་པའི་རྣམ་པ་ཅན།། དེ་ཡི་དྲི་མ་རྣམ་སྦྱངས་ཏེ།། འཇུག་པ་དང་ནི་ལྡོག་པ་ཡིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་པའི ་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀུན་དུ་སྣང་བ་དམ་པའི་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས་འདི་གཞན་གྱི་དབང་དུ་བརྗོད།། སྤྱི་དང་ཁྱད་པར་དབྱེ ་བ་མེད། ། སྐྱེ་བ་མེད་ཕྱིར་བརྗོད་པར་བྱ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་བདེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་སྙིང་པོ་གློག་གི་འོད་ཟེར་གྱི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཉིད་ཡོངས་སུ་གྲུབ་པ་ལས།། ངོ་བོ་བདེན་པར་འགྱུར་བ་མེད།། ཕ་རོལ་ཕྱིན་པའི་ཚུལ་མཆོག་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་བ་ཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨིན་མཚམས་ཀྱི་མཛོད་སྤུ་རབ་ཏུ་རྒྱས་པའི་དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་པས་ནི་ཀུན་དུ་སྟོན། འདས་པའི་ཡེ་ཤེས་དག་པའི་ལམ།། མི་འགྱུར་བ་ནི་ཕྱག་རྒྱ་ཆེ་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྟན ་ལྡན་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗོན་ཤང་རྒྱས་པའི་བསིལ་གྲིབ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདོད་ཁམས་སྒྲ་དང་དངོས་པོས་སྟོང།། གཟུགས་ཀྱི ་ཁམས་ནི་ལུས་ཀྱིས་སྟོང་། ། གཟུགས་མེད་ཁམས་ནི་ཡིད་ཀྱིས་ཏེ། བྱང་ཆུབ་ཚུལ་འདི་བསྣུན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷའི་དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བྱམས་པ་ཆེན་པོའི་གདུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པ་ཀུན་དུ་འབྱུང་བ་དག། ཡེ་ཤེས་རིག་ལ་རྣམ་དབྱེ་བས།། དམན་པ་མཆོག་དང་བར་མ་སྟེ།། རིགས་ནི་ཆོས ་ཀྱི་དབྱིངས་ལ་གནས། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུལ་དཀའ་བ་བོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་གྲུ་ལྡན་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐམས་ཅད་ཆོས་ཉིད་གཅིག་པའི་ཕྱིར།། འདི་ནི་ཐེག་མཆོག་ཡངས་པའི་ལམ།། གྲུབ་པ་ཀུན་དུ་སྤྱོད་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བ་ཆེན་པོ་ཡང་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས ་སྐང་བཞིན་ཉིད་ཡིན་ཏེ། ། ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་བརྗོད།། སྤྲུལ་སྐུ་སྣ་ཚོགས་འགྲོ་དོན་བྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲ་ཅན་ཡེ་ཤེས་ཀྱི་སྙིང་པོས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཏང་སྙོམས་ཚད་མེད་པ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐུ་གསུམ་གཅིག་ཏུ་བསྡུས་པ་ནི།། ཐ་དད་རྟོག་པ་སྤང་བའི་ཕྱིར། ་སྙིང་པོ་ཡེ་ཤེས་གྱུར་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚོགས་ཅན་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ལྟ་བུའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་ཐ་མེད་ཁྱད་པར་ག། ཟུང་འཇུག་འབྲས་བུར་རབགྱུར་བས།། རིམ་གཉིས་གཅིག་ཏུ་སྦྱོར་བ་ཉིད། བྱང་ཆུབ་ཚུལ་འདི་བསྟན་པའི་ཞེས་གསུངས་། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཁང་བཟངས་བཀོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམ་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་སྙིང་པོ་ཀུན་དུ་བསྐུལ་བ་ནི། ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་པས།། མྱུར་དུ་མངོན་པར་འཚང་རྒྱའི་ལམ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚིག་བསྟན་གྱིས་དེ་བཞིན་གཤེས། ་པ་ཐམས་ཅད་ཀྱི་དྲན་པ་ཡང་དག་པར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། བྱང་ཆུབ་སེམས་ཀྱི་ཡི་གེ་གསུམ།། སྤྲོ་དང་བསྡུ་བ་མི་བྱེད་པས།། བསྐུལ་བ་ཕྲིན་ལས་སྤྱད་པ་མིན།། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི།། དེ་ཉིད་ཤེས་པའི་གནས་ཡིན་ཏེ།། འདི་ནི་སྒྲུབ་པའི་དེ་ཉིད་ཡིན།། ཡིད་བཞིན་ནོར་བུ་ལྟ་བུར་སྤྱོད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་དེ་བཞིན་གཤེགས་པའི་ཀུན་དུ་སྤྱོད་པའི་སྣང་བ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འགྱིང་བ་དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླང་པོའི་སྟོབས་མཆོག་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ་བརྟན་པ་དང་ནི་གཡོ་བ་ཡི།། སྲོག་ནི་རླུང་ལ་བརྟན་པ་ཡིན།། ཁྱབ་ཅིང་སྙིང་པོར་ལྡན་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དྲན་པ་མི་འཁྲུག་པས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཞིང་ཁམས་རབ་ཏུ་སྣང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རིག་མ་ལྷ་མོ་ཁྲོ་ཚོགས་བཅས།། ཐུགས་ཁ། ་ནས་ནི་བསྐུ་བ་ཤིས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་ཆེན་འབར་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་གྲོལ་སྙིང་པོ་དུ་མའི་ཕུང་པོ་དག། བཅིངས་པ་མེད་ཅིང་རྣམ་པར་འཐོར་མེད་པ།། ཚུལ་འདི་ཐམས་ཅད་རྒྱུ་དང་འབྲས་བུར་འབྱུང་།། བྱང་ཆུབ་ཚུལ ་འདི་ངེས་པར་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བཟང་པོ་ཡོངས་སུ ་རྒྱས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་རྣམས་ནི་ཡེ་ཤེས་སྐུ།། བཀྲ་ཤིས་དགེ་བའི་མཚན་གྱིས་སྤྲས།། དེ་ཉིད་ཀུན་གྱི་རྣམ་པར་སྟོང། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྡོམ་པ་རབ་ལྡན་དགྱེས་པས་སངས་རྒྱས་ཐམས་ཅད་ཀྱི་དཔེ་བྱད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། སྡོམ་པ་ཐམས་ཅད་སྙིང་པོ་ནི།། འདིར་ནི་ཐབས་དང་ཤེས་རབ་ཉིད། གཉིས་མེད་དེ་བཞིན་གཤེགས་པ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྙེམས ་པས། སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྲིད་གསུམ་བརྟན་དང་གཡོ་བ་ཡི།། དངོས་པོ་མི་དམིགས་སྣང་བ་མེད།། ཆོས་ཉིད་མཉམ་པ་ཉིད་བུར ་ཕྱིར། བྱང་ཆུབ་ཚུལ་འདི་བསྟན་པའི་ནས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེག་པ་རིན་ཆེན་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ལམ་དུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་བ།། དེ་ཉིད་རོ་མཉམ་གཅིག་པའི་བདག། རྒྱུ་དང་འབྲས་བུར་བསྟན་པ་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་པད་མའི་སྤྱན་རྒྱས་པ་ཞེས་བྱ་བས་སངས་རྒྱས་དུ་མའི་རྗེས་སུ་འགྲོ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྤྱན་ལྔ་ཡེ་ཤེས་སྤྱོད་ཡུལ་དུ།། གཉིས་སྡང་ཐམས་ཅད་ནུབ་ནས་ནི་ཟུང ་འཇུག་ཡེ་ཤེས་མི་གནས་པ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་ཀྱི་སྡེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདུད་ཀྱི་དཔུང་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་བ་མེད་ཅིང་གནས་མེད་པ།། རང་འབྱུང་རང་བཞིན་རང་གནས་པ།། གཉུག་མ་རྒྱུན་ཆད་མེད་པའི་དང་། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་མེ་ཏོག་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་འབར་བའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཡེ་ཤེས་འོད་ཟེར་གྱིས།། སྙིང་གི་པད་མོསད ་མཛད་པ། དེ་ཉིད་མི་འགྱུར་བདེ་བ་ཐོབ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་དགྱེས་པར་སྤྱོད་པས་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་མངོན་པར་རྒྱས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས་གསུམ་མ་ལུས་སངས་རྒྱས་ཞིང་། དབྱེར་མེད་ཡེ་ཤེས་རྒྱས་པའི་ཐུགས།། འགྲོ་བའི་མཚན་མ་དམིགས་སུ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའི་ནས་གསུ ་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཚོགས་དྲུག་རང ་སྡང་རྟོག་པ་མེད། ། རྣམ་ཤེས་བརྟགས་པ་རྣམ་བྲལ་བ།། གཟུང་འཛིན་ཀུན་ལས་རྣམ་གྲོལ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པ་སྣང་བས་སངས་རྒྱས་ཐམས་ཅད་ཀྱི ་ཡུལ་ལ་འཇུག་པ་ཀུན་ནས་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དོན་དམ་རྣམ་པར་མི་དམིགས་པ།། ཡོད་མེད་མཐའ་ལས་འདས་པ་སྟེ།། གཟིགས་བྱར་མེད་ཅིང་རྟག་ཏུ་སྟོང་།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མི་ཟད་པས་བདེ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྣང་ལ་རང་བཞིན་མ་གྲུབ་པས། ་མི་རྟག་གཡོ་བ་དངོས་ལ་ནི། བདེན་པ་དམིགས་སུ་མེད་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་སྦྱིན་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེས་བསྙེལ་བ་མེད་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ནི་དྲི་མར་བཅས་པ་དག། བག་ཆགས་རྟོག་པས་རབ་དཀྲུགས་པ།། ས་ལེར་གཞག་པས་རང་དངས་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྟན་པར་གཤེགས་པས་འགྲོ་བའི་བློ་རང་ཆགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རང་འབྱུང་ཡེ་ཤེས་ནམ་མཁའ ་ནི། ཐ་སྙད་རྣམས་ལས་ཡོངས་གྲོལ་བ། འཆར་བ་མེད་ཅིང་ནུབ་པ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་མཐོང་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་རྒྱས ་པའི་ཉོ་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོབས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ད་དང་ལྡན་པའི་སྐྱེ་བོ་ནི།། ཤེས་རབ་སྣང་བར་རབ་བསྐུལ་ནི།། མུན་པ་ལ་ནི་སྣང་བབཞིན། བྱང་ཆུབ་ཚུམ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་སྦྱིན་པས་སངས་རྒྱས་ཐམས་ཅད་ཀྱི་རི་རབ་བཅིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། རྣམ་ཏོག་དྲི་མ་སྤངས་ཞིང་གསལ་བ་ཡི།། ཀུན་ནས་ཀུན་དུ་འཇུག་པའི་ཡིད་དག་ཀྱང་།། རྒྱུན་ལས་བཟློག་ན་རང་བཞིན་མེད་པར་འགྲོ།། ངེས་པར་གསང་བ་བྱང་ཆུབ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་བཟང་སྐྱོང་གིས་འགྲོ་བ་ཐམས་ཅད་ཀྱི་མུན་པ་སེལ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་མི་དམིགས་མཚན་མ་མེད། བསམ ་གཏན་ཏིང་འཛིན་གནས་མེད་པར། ། མཉམ་རྗེས་མི་དེ་མིགས་གྲོལ་བའི་མཐའ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བོས་སངས་རྒྱས་ཐམས་ཅད་ཀྱི་ཟབ་མོ་སྟོད ་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་གནས་ནི་སྒྱུ་མ་སྟེ།། སྒྱུ་མ་ཙམ་དུའང་མི་གནས་པ།། ཡེ་ཤེས་མངོན་པར་འབྱུང་བས་ན།། ངོ་བོ་ཉིད་ཀྱི ་ཚུལ་བསྟན་པའོ་ཞེས་གསུངས་སོ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། དུས་གསུལ་སངས་རྒྱས་གང་འདས་དང་།། མ་བྱོན་ད་ལྟར་བཞུགས་པ་དག། ཕྱོགས་བཅུ་ཆོས་ཀྱི་དབྱིངས་བཅས་པ།། ག་དྲུག་པ་ད་གས་ས་སྐྱེ ་ཤིན་ཏུ་གཏུམ་པ་དང་། ། ཆགས་དང་སེར་སྣས་འཇུངས་པ་དང་།། རྨོངས་དང་མ་རུངས་ལས་བརྩོན་རྣམས།། རྒྱུད་ལྔའི་འཁོར་བའི་འཁོར་ལོ་ལས།། སྒྲོལ་མཛད་དཀྱིལ་འཁོར་ཆེན་པོ་ལྔ།། ཐུན་མའི་ཆད་པར་དོན་སྤྱོད་ཅིང་། སྭ ་ཚོགས་ཐབས་ཀྱིས་འདུལ་མཛད་པ། དེ་དང་དེ་ཡི་སྐུར་བསྟན་ནས།། རིས་འཐུན་ལམ་དུ་སྟོན་མཛད་དེ།། ཐམས་ཅད་དབྱེར་མེད་དག་པར་འགྱུར།། འདི་ཉིད་བསྡུས་པའི་བདུད་རྩི་སྟེ།། རྡོ་རྗེ་ཕྲེང་བར་གྱུར་པ་དང་།། དགོངས་པ་ལུང ་སྟོན་གསང་བའི་རྒྱུད། ། ཡེ་ཤེས་རྡོ་རྗེས་བསྡུས་པ་ནི།། ཁྱད་པར་སྟོན་པ་འཕགས་པའི་ཆོས།། བཞིས་བསྡུས་ལྷ་མོའི་གསང་ཆེན་དང་།། ཐུན་མོང་མ་ཡིན་སྟོན་པ་ཡི།། གསང་བ་བླ་མེད་རྒྱུད་འདིར་ངེས།། སངས་རྒྱས་ཐམས་ཅད་ཀྱི ་དཀྱིལ་འཁོར་བསྟན་པ་མཆོག་གི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་པ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བསྟན་པ་མི་ཕྱེད་པའི་ལེའུ་སྟེ་བཅུ་བཞི་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཆི་མེད་བདུད་རྩི་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་བདུད་རྩི་འབར་བ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན།། རང་གི་སེམས་ལས་གཞན་མེད་དེ། སྣང་ཞིང་གསལ་བར ་གྱུར་པ་ཉིད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེ་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྣམ་པར་སྤྲོ་བ། ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་རང་རིག་ཉམས་མྱོང་ལྟར།། གལ་ཏེ་སེམས་ཉིད་མ་ཡིན་ནོ།། འབྲེལ་བ་མེད་ཕྱིར་སྣང་མེད་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བས་སངས་རྒྱས་ཐམས་ཅད་ཀྱི་བཀོད་པ་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཉིད་དང་ནི་སེམས་ཉིད་དག། གང་དུ་རྟོག ་པས་དཔུང་གྱུར་ཀྱང་། ། གཅིག་དང་དུ་མར་མི་དམིགས་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པཆས་ཀྱི་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱིམ་ཁྱེན ་པ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྤྱོད་ཡུལ་ཤིན་ཏུ་ཟབ་པས་ན།། རང་སེམས་བྱང་ཆུབ་སྙིང་པོ་ཅན།། གདོད་ནས་དག་པ་དེ་ཉིད་དེ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཆོག་ཏུ་དགའ་བའི་རྒྱལ་པོས་སངས་རྒྱས་ཀྱི་གདུལ་བྱ་སྣ་ཚོགས་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། ཟ་བ་དང་རྒྱ་ཆེན་དབྱེར་མེད་པས།། སྣང་སྟོང་ཐ་དད་མེད་པར་འདྲེས།། སངས་རྒྱས་ཞེས་ནི་དེ་ལ་གསུངས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མིའི་ཁ་ལོ ་སྐུར་བས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དྲི་བཅས་རང་རིག་ལྟོས་མེད་ཕྱིར།། རང་འབྱུང་ཡེ་ཤེས་དེ་ཉིད་དེ།། རིག་པའི ་ཕྱིར་ན་གསལ་བ་ཉིད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པར་གཤེགས་པས་སངས་རྒྱས་ཀྱི་ཟབ་པའི་སྤྱོད་ཡུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་རིག་ཡིན་ཕྱིར་མི་རྟོག་པ།། རྐྱེན་སྐྱེས་གཞན་དབང་ཡིན་པའི་ཕྱིར།། མི་རྟོག་རྟོག་པ་བྱེད་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་ལྷའི་ལྷས་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཉིད་རྣམ་པར་མི་རྟོག་པས།། གསལ་ལ་རྟོག་མེད་ཡེ་ཤེས ་ཉིད། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཅན། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ལག་གིས་སངས་རྒྱས་ཐམས་ཅད་ཀྱི་བདུད་ཀྱི་བ་དན་རྣམ་པར་གནོན ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་རིག་འོད་གསལ་ནམ་མཁའ་འདི།། གདོང་ནས་མ་བཅོས་པར་རྟོགས་གང་།། སངས་རྒྱས་གཞན་དུ་བཙལ་མི་དགོས། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་ལག་པས་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། བློ་བུར་དྲི་མ་བྱུང་གྱུར་ཀྱང་།། རང་བཞིན་དག་པའི་ངོ་བོ་ལ།། གོས་དང་མ་གོས་མེད་པར་གསལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར ་མཁྱེན་པས་སངས་རྒྱས་ཐམས་ཅད་ཀྱི་གླང་པོའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡོད་མེད་གཉི་ཀ་ལས་འདས་པས།། ཕན་ཚུན་ལྟོས་པ་མ་གྲུབ་ཕྱིར།། ཚུ་རོལ ་མ་གྲུབ་ཕ་རོལ་བཞིན། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། བདེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་སྣང་བ་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡོད་མེད་ཐ་དད་མ་གྲུབ་སྟེ།། གཉིས་ཙམ་དུའང་མེད་པའི་ཕྱིར།། རྣམ་པར་བརྗོད་མེད་དམིགས་པ་བྲལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་པའི་སེང་གེས་སྲིད་གསུམ་ཐམས་ཅད་ལྷུང་ངེར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མེ་ཧོ་སེམས་ཉིད་དྲི་མེད་ཀྱི་རྣམ ་འཕྲུལ་གཟུགས་སྐུས་བསྡུས་པ་ཡི། ། ནིང་ཁམས་རྣམ་པར་དག་པར་སྣང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡིད་བཟངས་ཀྱིས་ཆོས་ཐམས ་ཅད་སྒྲ་བརྙན་། བུར་སྣང་བའི་ཏོང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དཀྱིལ་འཁོར་རྣམ་འཕྲུལ་སྣ་ཚོགས་པ།། ངོ་མཚར་པ་ཡི་རྣམ་འཕྲུལ་དག། ནམ་མཁའ་མཐས་ཀླས་ཁྱབ་པར་འགྱུར། ་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་ཞིག་སྒྲུབ་པ་གང་བསྒྲུབ་པ།། དེ་སྒྲུབ་པ་ལ་གནས་མེད་པ།། བསྒྲུབ་པར་བྱ་བ་སྒྲུབ་མ་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ། ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཟླ་བའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་འོད་ཟེར་རབ་ཏུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་མི་ཟད་མོས་ཀྱི་དབྱིངས།། ཡེ་ཤེས་རྡོ་རྗེ་རོལ་པར་བསྟན།། ་ཐ་མེད་གནས་ནི་ཚུལ་ཐོབ་པ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲགས་ཆེན་གྱིས་པད་མའི་སྙིང་པོ་ཀུན་དུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་།། ་ཆུབ་ཀྱི་སེམས་འདི་གསུངས་སོ།། འཁོར་བའི་འདམ་ལས་སྐྱེས་པ་ཡི།། རང་སེམས་པད་མའི་སྡོང་བུ་ནི།། ཟིལ་པར་ལྡན་པ་དྲི་མ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་གཙུག་ན་ནོར་བུས་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་རབ་ཏུ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ནས་ཀུན་དུ་སངས་རྒྱས་ཀྱི།། ནིང་འདིའི་སྙིང་པོ་དང་པ་སྟེ། མོས་དང ་བརྩོན་འགྲུས་སྟོབས་དེ་བཞིན། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲག་ཤུལ་ཅན་ཞེས་བྱ་བཟབ་པའི་སྙིང་པོ་གནས་མེད་ལང་རྣམ་པ་དུ་མར་སྟོན་པ་ཞེས་བྱ་བ་ང། ་རེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ས་འདི་ཀུན་གྱི་བརྟེན་པ་བཞིན།། བྱང་ཆུབ་སེམས་ལ་ཀུན་བརྟེན་ཀྱང་།། གནས་པ་མེད་ཅིང་འགྲོ་འདི་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ས་གསུངས་སོ། ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཐའ་ཡས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ནམཁའ ་ཀུན་དུ་གནས་མེད་པ། དེ་བཞིན་རྟོག་བྲལ་དྲི་མི་སེམས། སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ཤེས་བཞིན་སྨོན་ལམ་དབང་གིས་ནི། མངལ་འབྱུང་རིམ་པ་གང་ཡིན་དང་། ཞིང་དང་ཤིང་དུ་སོ་སོངས་། ་དེ་བཞིན་གཤེགས་པ་ཐམས་ཅད་ནི།། འདིར་ནི་ཡང་དག་བལ་ཐུགས་འཛིན།། གཞན་ནུའི་རིལ་པ་ཐམས་ཅད་དང་།། དེ་བཞིན་གཅི་གནས་ཡང་དག་སྟན། ་ཐམས་ཅད་རྡོ་རྗེའི་རེང་བཞིན་ལས།། རྣལ་འབྱོར་བས་ན་རྟག་ཏུ་སྨོས།། འདིར་ནི་སྡོན་ཆད་མ་བྱུང་མེད།། སྔོན་གནས་པ་ནི་སླར་མེ་བྱ།། དེ་བཞིན་གཤེགས་ཀུན་མཛད་པ་ནི།། ཐམས་ཅད་རྗེ་རྗེའི་དངས་གཞིལ།། དུས་གསུམ་ལམ་གྱི་མཐར། ་པས་ཐམས་ཅད་འདི་བཞིན་བལྟ་བར་བྱ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སྐུ་གསུང་ཐུགས་ཀྱི་གས་པགསང་པ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་བྱ་ས ་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་རོས་པསྟན་པའི་ལེ་སྐྱེ་བཅུ་ལྔ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྡན་པ་དྲིམ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐབས་བཅུ་མངོན་པར་འབྱུང་བ་ཞེས་བྱ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་མ་རྟོག་མི་དམིགས་པ།། རང་འབྱུང་ལྷན་ཅིག་སྐྱེས་པ་ཡིས། སྙིང་པོ་སྒྱུ་མའི་སྡང་བ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡང་དག་ཀུན་རྫོབ་དག་པ། ་ལ།། བརྟན་གཡོར་བཅས་པའི་སྣང་བ་ནི།། རང་བཞིན་མེད་པ་ཉིད་དུ་སྣང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤེས་རབ་རྣམ་པར་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི ་སྙིང་པོ་ཡང་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ཉིད་རྒྱུ་མའི་རྣམ་པ་དངོས།། དེ་ཉིད་ཀུན་རྫོབ་སྟོང་ཉིད་དོ།། བྱང་ཆུབ་ཚུལ ་འདི་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་པའི་གནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མར་སྟོན་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་ཡས ་འདི་གསུངས་སོ། ། སྣ་ཚོགས་སྒྱུ་མ་འཁོར་འདས་དག། སེམས་ཉིད་དག་དང་མ་དག་པའི།། སྣང་བ་བག་ཆགས་ཁྱད་པར་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐོ ་གྲོས་རྒྱ་མཚོས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡིད་བཞིན་ནོར་བུ་རང་ལས་རྙེད།། དེ་ཉིད་སངས་རྒྱས་ཀུན་གྱི་གསཔ།། བླ་མ ་སངས་རྒྱས་དྲིན་གྱིས་རྙེད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡན་ལག་སྐྱེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་གྲོལ་བའི་ཡེ་ཤེས་ལ།། ཡོད་མེད་མཐའ་ལས་འདས་པ་སྟེ། མི་རྟོག་ཡེ་ཤེས་ཀུན་རྫོབ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་མཐའ་ཡས་པ་སངས་རྒྱས་ཀྱི་མི་འཇིགས་པ་བཞི་འབྱུང་བའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མ་ཧོ་སྐུ ་གསུམ་འདུལ་བའི་ཞིང་། ། མ་ལུས་ལུས་པ་མེད་པ་རྣམས།། ཐམས་ཅད་བྱང་ཆུབ་སེམས་ཀྱི་རྒྱན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་དམ་པས་བཀྲ་ཤིས་དགའ ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མ་ཧོ་སྟོང་གསུམ་མ་ལུས་རྒྱལ་བའི་ཞིང་།། རྡོ་རྗེ་སེམས་དཔའ་སྐུ་ལ་རྫོགས།། ཐམས་ཅད་བསྤུའི་ཚོགས་ལས་ཀྱང་།། སྤྲོས ་ནས་བྱང་ཆུབ་ཀྱི་སེ་འདི་གསུངས་སོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཁྱེན་ལྡན་སངས་རྒྱས་ཐམས་ཅད་དགྱེས་པ་ཆེན་པོས་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། གསང་བ་བདེ་ཆེན་བྱང་ཆུབ་སེམས།། དེ་བཞིན་གཤེགས་པའི་ཚུལ་མཆོག་སྟེ།། སྙིང་པོའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་འོད་ཟེར་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་མཐའ་ཡས་པ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་གྱི་ཚུལ་འདི་གསུངས་སོ། ། ཨེ་མ་ཧོ་སངས ་རྒྱས་ཀུན་གྱི་གསཔ། ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་ཙམ་ཉིད་ནའང་སྐྱེ་བ་མེད།། གསང་བའི་ཚུལ་ཆེན་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་པ་སངས ་རྒྱས་ཐབས་འཐོབ་མ་མས་པའི་དབྱིངས་ལ་ཡ་དག་པ་དང་བས་པའི་རྗེལ་ཞེ་བྱབ་ཏིང་འཛིན་པ་སྙོམས་པར་ཐུབས་ཏེ་བྱུང་ཆུ་ཀྱིསེམས་འདིགསས་སོ། ། མཉོས་ས་རྒྱས་ཅན་གྱིགསངས ་གནས་པ་མེད་ལས་གནས་པ་འཆོས། ། གནས་ཙམ་ཉིད་ན་གནས་པ་མེད།། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀྲ་ཤིས་འབྱུང་བས་སངས་རྒྱས་ཐམས་ཅད་ཀྱ ་ནམ་མཁའ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མ་ཧེ་རྫོགས་སངས་རྒྱས་ཀྱི་གསུང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། དམིགས་ཙམ་ཉིད་ན ་དམིགས་པ་མེད། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྲིད་པའི་ཆུ་ཀླུང་སྐེམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མ་ཧེ་ངོ་མཚར་རྨད་ཀྱི་ཆོས།། འགྲོ་འོད་མེད་ལས་འགྲོ་དང་འོད།། འགྲོ་ཉིད་ནའང་འགྲོ་བ་མེད།། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་བ་པད་མའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མ་ཧེ་རྟོག་པ་རང་འབྱུང་བ།། རྟོག་ཙམ་ཉིད་ནའང་རྟོག ་མི་གནས། ། ཐ་དད་མེད་པའི་ཚུལ་མཆོག་གིས།། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུས་རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རོལ ་པ་ལྡིང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བཅིངས་པ་མེད་ཅིང་གྲོལ་དུའང་མེད།། ལྷན་ཅིག་སྐྱེས་པ་ན་མ་རོལ་པ།། ཡེ་ཤེས་བརྗོད་པ་དང་བྲལ་བ། བྱང་ཆུབ་ཚུལ་འདི་བསྟན ་བུའོ། ། ས་གསུངས་སོ།། ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལག་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱིས་ནོར་དུན་ཆུ་མོའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྒོམས་པར་ཐུགས་ཏེ་བྱང་ཆུབ ་བྱས་པཔ་འདི་གསུངས་སོ། ། ཆོས་ཀུན་ཡོད་མེད་། ས་བཟབ་པའི་གནས་ཉིད་ལ། བརྗོད་པམ་ཉིད་ན་བརྗོད་དུ་མེད། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནམས་པས ་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཁོར་ལོས་སྦྱར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དོན་དམ་རྟོག་པའི་ཡུལ་མིན་ཕྱིར།། ཆོས་སུ་ཡེ་ཤེས་ངོ་བོ་ཉིད།། རང་རིག་ཡེ་ཤེས་སྨྲ་མའི། ་དངོས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཡོན་ཏན་བདེ་སྤྲོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྔ་སྒྲ་ཀུན་དུ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། རྒྱལ་པོ་དཔུང་བཅས་ཡན་ལག་ལྡན།། ཕ་རོལ་རྒོལ་བ་བཟློག་པ་བཞིན།། ཡེ་ཤེས་རྒྱལ་པོ་སྟོབས་ཆེན་ལྡན།། དྲི་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཚངས་པས་བྱིན ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་གཎ་ཌི་ཕྱོགས་བཅུར་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐེག་པ་སྣ་ཚོགས་དྲང་བའི་ཕྱིར།། ལམ་འདི་རིམ་པར་བསྟན་པ་ཡི་ན་གས ་བའི་ཐེག་པ་གཅིག་པ་ཉིད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དུང་འབུ་དང་རྒྱལ་བ་ཞེས་བྱ་བའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མ་ཧོ་རྨད་ཏུ་བྱུང་བའི་ཆོས།། གསར་ཆེན་ཐེག་པ་མཆོག་གཅིག་པུ།། མ་ལུས་དུས་གསུམ་རྒྱལ་བའི་ལམ།། སངས་རྒྱས་ཀུན་གྱི་ཐུགས་རྗེའི་རྒྱན ་གཟིགས་པའི་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དང་། སྤྱོད་ཡུལ་དང་། ཟབ་པ་དང་། རྒྱ་ཆེ་བའི་དེ་ཁོ་ན་ཉིད་ཆོས ་ཉིད་ནམ་མཁའ་ཡོངས་སུ་དག་པའི་དང་ལས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟན་ལས་ལངས་ཏེ། བླ་གོས་ཟག ་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་ཕྲག་དགུ་བཅུ་རྩ་དགུ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྨྲས་པ། གང་དུ་དཔལ་རྡོ་རྗེ་འཛིན་པས་གསུངས་པའི ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་མེད་པའོ།། རྟེན་འབྲེལ་ལས་སྐྱེས་པའི་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་འགགས་པ། དམིགས་སུ་མེད ་པ་སྟེ། གནས་པ་མེད་ཅིང་རང་བཞིན་མེད་པ་སྟོང་པ་ཉིད་དེ་དེ་ཡང་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་དབྱེར་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སྨྲས་པ་དང་། བྱང་ཆུབ་སེམས ་དཔའི་ཚོགས་འདུས་པ་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཡོངས་སུ་ཆོད་ནས་ལེགས་སོ་ལེགས་སོ་ཞེས་བརྗོད་ནས་ཅང་མི་སྨྲ་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང ་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཐུན་མོང་མ་ཡིན་པའི་གསང་བ་རབ་ཏུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། ། དེ་ནས་བཅོམ་ལྡན་འདས་ལྷའི་མེ་ཏོག་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཚངས་པའི་གནས་བཞི་ཡོངས་སུ་དག་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། རང་སེམས་དྲི ་མ་བཀྲ་བར་བྱ། དག་པའི་ཐུགས་ནི་ཡེ་ཤེས་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དོན་ལེགས་སེམས་པའི་དེ་བཞིན་གཤེགས་པ་ཕ་རོལ་དུ་ཕྱིན་པའི་ཚུལ་དག་པའི་གསང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕ་རོལ་ཕྱིན་ནམ་དག་པའི་གནས།། བརྟུལ་ཞུགས་སྤྱོད་པའི་ཐུན་མོང་ཡུལ།། སྙིང་པོ་དགྱེས་པའི་རྩ་བ་སྟེ།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྲིནི་སྤྲོབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། གསང་བ་ཆོས་ཉིད་དག་པ་ཉིད།། ཕྱག་རྒྱ་ཆེན་པོའི་ཚུལ་མཆོག་གིས།། འགྲོ་བའི་བློ་ཡིས་མུན་སེལ་བ།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་བློ་གྲགས་པའི་དཔལ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱི་དང་ནང་དུ་དངོས་པོའི་ཆོས།། དུ་མ་ཉིད་ཏུ་མི་རྟོག་སྟེ།། ཐམས་ཅད་བརྟེན་པའི་ཚུལ ་འབྱུང་བ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྤོབས་པ་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བཞིན་རྟོག་པའི་ཚོགས་འབྱུང་བ།། རྣམ་པར་བརྟགས་པ་རང་བྱུང་གང་། སེམས་གསུམ་སྣང་བའི་དང་དུ་དག། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་རྡོ་རྗེ་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་རབ་ཏུ་འཛིན་པ་ཡི།། རྣལ་འབྱོར་པ་ནི་བྱང་ཆུབ་མཆོག། ་སྨོས་བཅས་སྤྲོས་མེད་ན་བ་དག་གིས།། གས་བ་སྤྱོད་པའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཕན་པར་བཞེད་པ་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཁྱབ་པའི་ཡེ་ཤེས་ཀུན་དུ་འཕྲུལ ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་གང་དུ་རྣམ་ཤེས་དང་།། ཡེ་ཤེས་གཉིས་སུ་མེད་པ་སྟེ།། ཀུན་གཞི་རྟོག་པ་མེད་པར་གས་ལ།། བྱང་ཆུབ་རྟེན་འབྲེལ་ཚུལ་བསྟན། ་བའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་རོལ་པར་ལྡན་པའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནམ་མཁའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཇི་སྲིད་ནམ་མཁའ་སྟོང་པ་མིན།། རང་སེམས་སྟོང་ཉིད་ནམ་མཁའ་ལས།། རྟོགས་པའི་ཡེ་ཤེས་སྟོང་ཉིད་དེ།། ཀུན་སྟོན་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་མུན་པ་དང་བྲལ་བའི་རྡོ་རྗེ་སངས་རྒྱས་ཐམས ་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་དྲབས་ཡོངས་སུ་འགྲེལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་མེད་ཅིང་རང་སྟོང་པ།། བདེ་ཆེན་ཕྱི་ནང་དམིགས་མེད་པ།། རོ་གཅིག་ཡེ་ཤེས་སྣུམ ་རྨགཞེན་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་སྙིང་པོ་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་ཟག་དང་ནི་ཆོས་དག་ལ།། བདག་མེད་རྟོགས་ཕྱི་སེམས་དཔའ་ཆེ།། ས་ལ་གནས་དང་རིགས་ཀྱི་དང་། ལོགས་སྤྱོང་དུལ་དི་བསྟན་པའོ། ནས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཚེ་སྦྱིན་དཔ་ལས ་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་བུམ་པ་བཟང་པོའི་བརྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆོས་དོན་སྙིང་པོ་ནི།། རྒྱུ་དང་འབྲས་བུར་འབྱུང་བ་ཡི། ཟབ་མོ་གཏེར ་འདྲ་རང་ལ་དང་། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ན་བུའི་འ་བྱུང་གནས་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་རྐྱེན་དུ་མང་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྣལ་འབྱོར་དབང་ཕྱུག་དུ་མ་ཡིས།། གསང་བའི་སྤྱོད་པའི་ཚུལ་ཀུན་ལ།། རང་གཞན་ཁྱད་པར་དེན་འབྱུང་བས།། སྤྱོད་པའི་ཚུལ་མཆོག་ལྡན་པ་སྟེ།། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་སྐྱེ་དབང་མཚུངས་པ་སངས་རྒྱས་ཐམས་ཅད་ཀྱི་རང་འབྱུང་བ་སྣརེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རབ་རིབ་མེད་པའི་ཚུལ་ཅན་གྱིས།། དྲང་སྲོང་སྐྱོབ་པའི་སྤྱོད ་གནས་ཏེ། ། ཐུབ་པ་མངོན་པར་ངེས་འབྱུང་བའི།། ཡོན་ཏན་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་སྟོབས་ཀྱིས་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་འབྱུང་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོག་མ་མེད་ཅིང་ཐ་མ་མེད།། དབུས་སུ་འབྱུང་བ་ཡང་དག་སྤངས།། ཡེ་ཤེས་ཉེ་བར་བརྒྱན་པ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཐོག་ནས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་རོལ་པ་ཀུན་དུ་བཟང་པོ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རི་བོ་སྣ་ཚོགས་འདུས་པ་ལ།། རི་རྒྱལ་བརྟན་པར་འགྱུར་བ་གང་། རྟོག ་མེད་ལྡན་པོའི་གནསས་སོ། ། ཉིད་བྱང་ཆུབ་ཚུལ་བསྟན་པའི་ནི་ག་གསུངས་སོ།། དེནས་བཅོམ་ལྡན་འདས་གདུགས་མཛེས་པ་རྡོ་ང་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར ་དུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཡེ་ཤེས་ནམ་མཁའི་དབྱིངས།། ཀུན་དུ་རྟོག་མེད་ལྷམ་མེར་གནས།། དེ་ཉིད་རབ་ཏུ་མི་གནས་པ།། བྱང་ཆུབ་ཚུལ་འདི་བསྟན་པའིའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་གཙོ་བོ་མཆོག་སངས་རྒྱས་ཐམས་ཅད་ཀྱི་དབང་ཕྱུག་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཤིང་དབང་དྲུང་ནི་རྡོ་རྗེ་ཅན།། མི་འགྱུར་ཡེ་ཤེས་ཨེ་དང་བཾ།། པད་མ་དྷ ་གའི་དབྱིངས་ཅན་ཏེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཤིན་ཏུ་འཕགས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གཅིག་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། རྫོགས་སངས་རྒྱས་ཀྱི་ཡུལ་གྱུར་པ།། ཆོས་ཀུན་བདག་མེད་མཉམ་པ་ཉིད།། ཟབ་མོའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་དཔལ་སང་གེའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདག་གཞན་ཐ་དད་མེད། ་བྱམས་པ་ཆེན་པོའི་སྣང་བ་ཡིས།། མི་བྱེད་ཆོས་ནི་དོན་གྲུབ་རྒྱུ།། སེམས་ཀྱི་སྤྱོད་ཚུལ་འདི་བསྟན་ནོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་གྲོལ་ལྡན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་མར་མེ་ཏོག་རྒྱས་པ་ཆེར ་བའི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་ཡེ་ཤེས་བཟང་པོ་ཉིད།། རྫུ་འཕྲུལ་འབྱུང་བའི་བློ་ཡི་ནོར།། བདུད་རྩིའི་སྙིང་པོ་རང་ལས་རྙེད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། སངས་རྒྱས་ཡེ་ཤེས་སྙུན་གྲུབ་པས།། འདི་ཉིད་རྟོག་མེད་རབ་གསལ་བ།། བསམ་པའི་དངོས་པོ་འཇུག་མི་འགྱུར།། སེམས་ཀྱི་ཀུན་ཏོག་རབ་ཞི་བའོ།། ཞེས་གསུངས་སོ།། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་རབ་ཏུ་མི་གནས་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། ། དེ་ནས་བཅོམ་ལྡན་འདས་ཀླུའི་འོད་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་གདུག་པ་ཅན་མ་ལུས་པ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤིན་ཏུ་རྒྱལ་བ་དྲི་མ་མེད།། སེམས་ཀྱི་གླང་པོ་བཅིང་མི་བྱ།། རང་གྲོལ་གསལ ་བདག་པའི་ལམ། ། རྒྱལ་བས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པ་བསྐྱེད་པ་སྣང་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ།། ཆོས་ཀྱི་ཕུང་པོ་དེ་སྙེད་ལས།། རྟོག་པའི་ཡེ་ཤེས་གྱུར་པ་ན།། ཚུལ་འདི་གཅིག་པུ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་མེ་ཏོག་གི་རིབ ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོག་མ་བར་དང་ཐ་མར་ཡང་།། བྱང་ཆུབ་མཆོག་ཏུ་གནས་པ ་ཉིད། ། ངེས་པ་བསྐྱེད་པ་འབྱུང་བ་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀླུ་དགའ་ཡེ་ཤེས་འོད་སངས་རྒྱས་ཐམས་ཅད་ཀྱི་གླང་པོ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། བདེ་གཤེགས་ཡེ་ཤེས་གདུང་རྒྱུད་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཛིན།། འབྱུང་པོ་དུ་མ་ལམ་ལ་འཛུད།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཤིན་ཏུ ་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་ཁྲུ་མཆོག་རླབས་པོ་ཆེའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་སེམས་རྒྱལ་པོ་རང་འབྱུང་གནས།། ཤར་ནུབ་མེད་པའི་ཉིམ ་ལས། ། ཏེག་མེད་ཅིང་ཡང་གསལ་བ་ཉིད།། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྟོབས་ཀྱི་ལྷ་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་ཉིད་ཀྱིས་དབང་བསྐུང་བ།། ཐོབ་པའི་ཁྱད་བཔར་སེམས་ལས་བྱུང་།། འདི་ནི་དུས་གསུམ་ཀུན་དུ་བྱུང་བྱང་ཆུབ་ཟབ ་ངའི་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཟེང་ལྡན་ཡོན་ཏན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དཔལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། དཀྱིལ་འཁོར་དུ་མ་གསལ་བ་ཡི།། ཡོན་ཏན་རིན་ཆེན་ཚོགས་སྤོ་བ།། ཕྱི་དང་ནང་དུ་རྣམ་བྱེ་བས།། ཡེ་ཤེས་ཟབ་པའི་ཚུལ་བརྗོད་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀུའི་ལགསངས ་རྒྱས་ཐམས་ཅད་ཀྱི་མཆོད་པའི་གནས་ཀྱིས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་སྡང་བ་བླང་མེད་པ།། རྒྱུན་དུ་རང་སེམས་ཆོས་ཀྱི་ཀློངད།། རྒྱུན་མི་འཆད་པཆོས ་ཀྱི་ཕྲ། སྙིང་པོའི་ཚུལ་འདི་བསྟན་པ་ཞིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྤྱན་བརྒྱད་པའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དག་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། དེ་བཞིན་ཉིད་འདི་མི་རྟོག་པ།། གསལ་བ་བརྗོད་བྲལ་ཐམས་ཅད་མཁྱེན།། འོད་གསལ་སྙིང་པོ་ཡེ་ཤེས་སུ། སྤྲོས་པ་མེད་པའི་ཚུལ་བསྟན་པའི་ཞེས་གསུངས་ས།། དེ་ནས་བཅོམ་ལྡན་འདས་ལེགས་པར་སྤངས ་བའི་བློ་སངས་རྒྱས་ཐམས་ཅད་ཀྱི་སོ་སོར་མ་འདྲེས་པ་དྲི་མ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁྱབ་དང་རྡོརྡོའི་སྐུ་ཉིད་དང་། མི་འགྱུར་དུས་ནི་ཐམས་ཅད་དུ། བཏན ་པ་མེད་པར་རང་འབྱུང་གནས། ། ཟླ་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཟིལ་གནོན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཐབས་ལ་མཁས་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཟབ་དང་རྒྱ་ཆེ་གཉིས་མེད་པ།། སྤྱོད་ཡུལ་ཐབས་ལ་མཁས་པ་ཡིས།། རྣམ་པར་གྲོལ་བའི་འབྲས་ཐོབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ ་ནས་བཅོམ་ལྡན་འདས་ཡེ་ཤེས་ལ་རོལ་པ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་བདེ་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་རོ་གཅིག་རྡོརྗེ་འཆང།། གསང་བ ་གསུམ་ནི་བུ་གསུང་ཐུགས། ། དེ་ཉིད་སྔར་ནི་རབ་བཀླགས་པ།། དམ་པའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་མཐའ་ཡས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྣམ་པར་དབེན་པའི་རྡོ་རྗེ་ཞེས ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལུས་དང་ངག་དང་ཡིད་རྣམས་ནི།། རྡོ་རྗེ་གསུམ་དུ་རྣམ་དག་པས།། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས།། རྡོ་རྗེའི་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་བདེན་པར་གསུང་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་འོད་ཀྱི་དྲ་བར་འཆར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས ་རྫས་ཀྱུ་ནི་ཀུན་ཁྱབ་པས། ། དེ་ཉིད་སུ་ལ་རབ་སྣང་བ།། ཞིང་ཁམས་རྡུལ་བྲན་གྲུར་འདུས་པ།། མི་ཟད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དག་པ་ཡོངས ་སུ་འཛིན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་གསུང་ནི་ཀུན་སྒྲོགས་པ།། དེ་ནི་གསུང་དུ་རབ་བརྗོད་པ། སྣ་ཚོགས་སྒྲ་ནི་གསུང་གྱུར་པ།། དེ་ནི་གསུང ་གཅིག་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངེས་པའི་བློ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གནས་པ་མེད་པའི་ཡེ་ཤེས་འཐུང་བ་རྡོ་ཇོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་6། པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས་ཐུགས་ནི་བསམ་མི་ཁྱབ།། ཡེ་ཤེས་མཁྱེན་པ་གཅིག་པའི་ཐུགས།། དྲི་མེད་མཉམ་པ་ཉིད་གང་ཡིན།། རྟོག་མེད་ཚུལ་འདི་བསྟན་པའོ། ཞེས་གསུངས།། ་སོ།། དེ་ནས་བཅོམ་ལྡན་འདས་མཐའ་ཡས་གཟུགས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་རྡོ་རྗེ་མཆོག་ཏུ་བསྟན་པ་ཞེས་བྱ་བའི་ཏིངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མཉམ་ཉིད ་གནས་པས་བླང་དོར་མེད། ། དུས་གསུམ་ཐ་དད་གཟིགས་པ་མེད།། སྐད་ཅིག་ཡེ་ཤེས་བདེ་བའི་དངོས།། ཆོས་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་འོད་མི་ཟད་པས་སངས་རྒྱས་ཐམས་ཅད ་ཀྱིས་ཕས་ཀྱི་རྒོལ་བ་ཟློག་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔའ་བོ་སེང་གེའི་ལྟ་སྟངས་ཀྱིས།། མུ་སྟེགས་བདུད་ཚོགས་ལས་རྒྱལ་བའི།། ཚད་མེད ་སྙིང་རྗེས་བསྐུལ་བར་བྱ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་རྟོག་གིས་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། རྡོ་རྗེ་འབར་བ་འོད་འཕྲོ་བ།། ཡེ་ཤེས་ཟླ་བ་ལ་གནས་པ།། བྱང་ཆུབ་སེམས་ནི་འཛིན་པ་ཡིས།། དྲི་མེད་ཆུ་རྒྱུན་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་སངས་རྒྱས་ཐེ་ཙོམ་རྣམ་པར་སྤངས་པས་སངས ་རྒྱས་ཐམས་ཅད་ཀྱི་མེ་ཏོག་གི་སྙེ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཅིག་ཏུ་མཆོག་གནས་མི་འགྱུར་བ།། ཚིག་དོན་དབྱེ་བ་དམ་པའི་ཆོས།། བསྟན་པའི་སྙིང་པོ་བླ་མེད ་ལམ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དུས་གསུམ་རྒྱལ་བ་མ་ལུས་ལ།། རབ་འབྱམས་མཆོད་པའི་སྤྲིན་གྱིས་ནི།། ཀུན་དུ་ཁྱབ་ཅིང་སྟོན་པ་པོ།། འདི་ནི་ཡེ་ཤེས་ཀུན་གྱི་གཏེར།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་འབྱུང་འཇུག་གནས་པར་དག་པ་ཀུན་དུ་ཡེ་ཤེས་སྟོན་པའི་ལེའུ་སྟེ་བཅཝ་བརྒྱད་པའོ། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་མཚན་རྣམས་རྫོགས་པ་ཡེ་ཤེས་སུ།། དངོས་པོ་མེད་ཅིང་སྣང་བའི་དངོས།། རྟོག་པ་མེད་པ་མི་གནས་པ།། ཁྱད་པར་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དོན་ཡོད་རྣམ་པར་མཐོང་བསངས་རྒྱས ་ཐམས་ཅད་ཀྱི་སྐྱེ་བའི་ཆོ་འཕྲུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་གྲོལ་བ་ཞི་བའི་ལམ།། བཅིང་མེད་ཡེ་ཤེས་བཀོད་མའི་ཆུ།། དམ་ཚིག་གསང་བ་སྡོམ ་བ་ལས། ། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟོགས་པར་མཛད་པ་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟོག་མེད་འབྲས་བུ་དག་པའི་དང་།། ཆོས་རྣམས་སྟོང་ཉིད་སྙིང་རྗེར་གཅིག། ཐ་དད་སྤངས་པ་ལམ་གྱི་མཆོག། ཟབ་པའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ ་ལྡན་འདས་མེ་ཏོག་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བླ་མའི་བྱིན་བརླབས་བདུད་རྩི་ལས།། འཐུང ་བ་ཡེ་ཤེས་བཅུད་ཀྱིས་རྒྱས། ། ཚེ་འདིར་གྲུབ་པ་མཆོག་སྟེར་བ།། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རི་དབང་གི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དམ་ཚིག་འདི་ནི་མང་པོ་ཆེ། དུས་གསུམ་འབྱུང་བ་རྟག་པ་གང་། ཐམས་ཅད་བདག་ཉིད་བདེ་བར་གཤེགས། སྙིང་པོའི་ཚུལ་འདི་བསྟན ་པའོ་ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གཅིག་པ་སྤྱོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། རྣམ་པ་ཀུན་དུ་སྡོམ་པ་གང་།། རིགས་ཀྱི་གནས་སུ་གང་གྱུར་པ།། སྐུ་གསུང་ཐུགས་ནི་ཡེ་ཤེས་ཅན།། དྲ་བ་མ་ལུས་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་མཛད ་གཟིགས་པས་སངས་རྒྱས་ཐམས་ཅད་ཀྱི་ཁམས་མ་ལུས་པ་ལ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐམས་ཅད་ཡེ་ཤེས་གཅིག་པར་སྡོམ།། དེ་ཉིད་འགྱུར་མེད་ཟག ་པ་བྲལ། ། སྙིང་པོ་རོལ་པ་རང་བྱུང་གི་སངས་རྒྱས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་གྲགས་པ་མཐའ་ཡས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་མི་ལོང་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མེད་ཡེ་ཤེས་སྒྱུ་མའི་ང་།། ཕུང་པོ་ལ་སོགས་རྟོག་བྲལ་བ།། འདི་ནི་ཀུན་རྫོབ་རྣམ་ཐར་སོ།། རྡོ་རྗེའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ ་ལྡན་འདས་སྒྲ་གཅན་ལྷས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ནས་ཡེ་ཤེས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལས་དང་ལས་ཀྱི་འབྲས་བུ་ནི།། ཀུན་ནས་བཀྲེས་པ་སྣ ་ཚོགས་པ། ། སྟོང་ཉིད་ཡེ་ཤེས་མེས་བསྲེགས་པ།། རྡོ་རྗེའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་གྱིས་འཁོར་བ་སྣ་ཚོགས་པའི་མུན་པ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་གྲོལ་བ་བདེ་བ་ཡི།། འཇིག་རྟེན་ལྷ་ལས་འདས་ནས་ནི།། སྣང་བ་མེད་པའི་དབྱིངས་སུ་འགྲོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ། ་ལྡན་འདས་རིན་ཆེན་སྙིང་པོས་སྲིད་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འགྲོ་བའི་མཚན་མའི་དངོས་པོ་རྣམས།། སྲིད་གསུམ་རང་བཞིན་མེད་མཐོང ་པས། ། ཡེ་ཤེས་འོད་གསལ་མི་བྱེད་པའི།། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཤིན་དུ་མཐོང་གཤེགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་པའི་ལམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་བ་དང་ནནོ་མུན་པ་དག།། རྟོག་པའི་ཆོས་ཉིད་གཟིགས་མེད་བྱེར།། ཐ་དད་སྣང་བ་ནུབ་པའི་དངོས།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གང་སསོསོ། དེ་ནས་བཅོམ་ལྡན་འདས་སྣར ་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཆོས་ཀྱི་ལམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་སྒྲིབ་པ་མེད་པའི་ལམ།། སྡུག་པ་རབཞི་བརྩེ་བ་ཅན།། བྱང་ཆུབ་སེམས་ཀྱི་སྙིང་པོ་ཉིད། ་དྲི་མེད་ཚུལ་འདི་བསྟན་པ་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་གཙུག་རིངས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་མགོ་འཕྲུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐམས ་ཅད་ཡེ་ཤེས་སྣང་བའི་དངོས། ། སེམས་ཅན་རྟོག་པ་ཡུལ་མེད་ཕྱིར།། གཉིས་སྡང་མ་ལུས་བཅོམ་ནས་ནི།། གཉིས་མེད་ཚུལ་འདི་བསྟན་པལ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས ་དབྱིངས་སུ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣོད་བཅུད་མ་ལུས་རིན་ཆེན་གཞི།། ལྷ་མའི་སྣང་བ་སྟོན་པ་ཆེ།། ཐུབ་པ་འགྲོ་བའི་དོན་སྤྱོད་པའི་ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུས ་སོ། ། དེ་ནས་བཅོམ་ལྡན་འདས་ཉི་ཟླའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཕྲོ་བ་མེད་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལུས་ལ་འཕོ་བའི་ཡེ་ཤེས ་གང་། རྣམ་པར་ཤེས་པའི་གཟུགས་བརྟེན་ནས།། གཅིག་པུ་མི་འགྱུར་དངོས་མེད་སེམས།། རྡོ་རྗེའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཉི་མའི་འོད་ལྡན་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་བཀོ་པ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དང་པོའི་ལུས་ནི་ལྷ་ཡི་དངོས།། ལུས་དབེན་སྣང་བ་རྟེན་འབྲེལ་ཏེ། སེམས་ཉིད་ཡེ་ཤེས་སྟོང་ཉིད་དེ།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་སྐར་མཁན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སྣང་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་ཀུན་རྟོག་ཡེ་ཤེས་ཆེ།། བདེ་བ་ཆོས་ཀྱི་དབྱིངས་ཉིད་ལས།། ཟུག་རྔུ་ཐལ་བ་བྱང་ཆུབ ་སེམས། ། རྡོ་རྗེའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སེང་གེའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྟོབས་མི་ཟད་པའི་ཡེ་ཤེས་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། གང་དུ་གཉིས་མེད་མཉམ་པའི་དངོས།། འབར་བའི་ཕྲེང་བ་འཁྲིགས་པའི་འོད།། མི་ཟད་ཕུན་སུམ་ཚོགས་པའི་གཞི།། དབྱེར་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དུས་མཁྱེན་རྒྱལ་པོས་སངས ་རྒྱས་ཐམས་ས་ཀྱི་ཅན་ཏུ་མཆོ་པར་ས་དཔ་ཞེ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདག་གཞན་དབྱེར་མེད་བྱང་ཆུབ་སེམས།། བདེ་བ་ཆེན་པོ་སེམས་ལ་རྙེད།། ངལ་སོ་རིགནས་ནི་བླ་ན་མེད།། ་དབྱེར་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱིས།། སུ་གསུང་ཐུགས་ནི་གཅིག་སྦྱོར་བ།། བྱང་ཆུབ་སེམས་དཔ་ཆེན་རྣམས་ཀྱིས།། རྗེས་སུ་བསྔགས་པ་བརྗོད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉེ་བར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ། ། ་དེ་ནས་ཡང་བཅོམ་ལྡན་འདས་དཔལ་གྱི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རོལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་སྲོག་དང་སྙིང་པོ་མེད། ་གནས་པ་མེད་ཅིང་ཀུན་འབྱུང་བ།། བར་མདོ་ཡི་རྣམ་ཤེས་ལྟར།། འབྱུང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྲིད་མཐའ་གཟིགས་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དབང་པོ་ཡུལ་ལ་རྣམ་སྤྲོ་བ།། དེ་ཉིད་བཟློ་ག་ཏེ་སེམས་གནས་པ།། ལམ་དུ་བྱེད་པའི་ངོ་བོ་ཉིད།། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ ་ལྡན་འདས་གློག་གི་འོང་སངས་རྒྱས་ཐམས་ཅད་ཀྱི་བསྲུང་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་ཡེ་ཤེས་འོད་ཀྱིས་ནི།། རྟོག་པའི་དྲིམ་ནམ་སེལ་བ།། དེ་ཉིད་ནམ་གྲོལ ་བསྟན་པ་གང་། གཉིས་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་གསེར་གྱི་རི་བོས་སངས་རྒྱས་ཐམས་ཅད་ཀྱི་འོད་ཆོས་མ་ལུས་པ་རྣམ་པར་འབྱོར་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས ་ཏེབྱང་རྒྱ་ཅེས་མས་འདིག་ཀྱངས་སོ། ། དེ་མེང་ཀུན་གྲུབ་ལེགས་རང་འཐུང་བ། འོ་གས་ལ་ཙེས་དཀྱི་ས་སྙིང་པོ་བླན་མེད།། ཆོས་ཉིད་ཆོས་ནནཱ་བྱེར་མེད་པ་དེ་བཆེ། མཉས་ཅི་གནས་པ་ཚུལ་འདི་བ་སྟན་པའོ་ཞེས་གས་ས་སོ། ་བཅོམ་ལྡན་འདབ་དེ་བཞིན་གཤེགས་པས་སིང་གས་བྱིན་པསངས་མས་ཀྱི་ཀུན་སུ་མཚོགས་པའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིསེམས་འདིག་སུངས་སོ།། མཉས་ཉིད་པ ་པའི་ངོ་བོ་ཉིད། ། དག་པའི་ས་ཡི་དབང་ཕྱུག་གང་།། རྫོགས་པའི་གཙུག་ཏོར་དམ་ཚིག་ཆེ།། གསང་བའི་ཚུལ་འདི་བསྟན་པའོ།། ས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་སངས ་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་རྒྱ་མཚོ་ཀུན་གྱི་རང་བཞིན་ཐུགས།། དུས་གསུམ་སངས་རྒྱས་སྐྱེ་མེད ་ངོ་བོར་མཉམ། ། རྣལ་འབྱོར་རང་སེམས་གཅིག་པུར་གཉིས་སུ་མེད།། ཁྱད་པར་མེད་པའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་སངས་རྒྱས་མཆོག་དགའ་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཆོག་ཏུ་གསང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྙིང་པོ་སྒྱུ་མའི་རང་བཞིན་ཉིད།། ཆོས་ཉིད་ཡོངས་སུ་དག་པ་གག། སངས་རྒྱས་ངོ་བོ་ཉིད་ཀྱིས་འགྲུབ།། འདི་ནི་བྱང་ཆུབ་ཚུལ་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་བསྟན་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་སྤྱོད་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་སངས་རྒྱས་གསང་བ་གཉིས་པོ་ནི།། ཕྱོགས་བཅུལ་ཞིང་ཁམས་རང་ལ་གནས།། ང་ཉིད་ཏོག་མེད་ཡེ་ཤེས་སྨྲ།། འདི་ན་བྱང་ཆུབ་ཚུལ་བསྟན་པའོ། ས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་གྲགས་པ་རྫོགས་པས་སངས་རྒྱས་ཐམས ་ད་ཀྱི་གདུམ་བྱའི་སྟེང་བ་དྲིས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལུས་མེ་དབང་པོ་ཕྲག་གནས་ཤིང། རིང་དུ་འགྲོ་ཞིང་གཅིག་བུར་དྷ།། གདུལ་པར་དཀའ་བའི ་སེམས་འདུལ་བྱེད། ། འདི་ནི་བྱང་ཆུབ་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་བསྙེམས་པ་དང་བྲལ་བས་འདུལ་བ་སྣ་ཚོགས་པའི་ཏོང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ ་ལྡན་ས་གསུམ་འགྲུབ་པའི་གཞི། ། ཡོན་ཏན་འབྱུང་གནས་རིན་ཆེན་སེམས།། བསམ་པའི་དགོས་འདོད་སྐོང་བྱེད་ལ།། ཁྱད་པར་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་མཆོད་འོས་ལྷས་སངས་རྒྱས་ཐམ ་ཅད་ཀྱི་རྗེས་སུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁྱབ་བདག་དཔལ་ལྡན་རྡོ་རྗེའི་སྒྲ།། འདི་ཉིད་ལུས་ནི་དྲི་མ་མེད།། ཆོས་ཅན་མགྲུབ་རང་སར་དག། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་མ་སྒྲོལ་མ་ཆེན་པོ་ཞེས་བྱ་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་གཡོ་བའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། ཕུང་པོ་ལ་སོགས་དངོས་མེད་པ།། གང་ཟག་བདག་མེད་སྟོང་པ་ཉིད།། ཆེས་ལ་དམིགས་པ་རྟོག་པ་བྲལ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་འོད་སངས ་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིལ་པོར་འཛིན་པ་བསྡུ་བ་དང་།། རྗེས་སུ་གཞིག་པ་སྤྲོ་བ་ཉིད།། གཉིས་མེད་བསམ་གཏན་ལ ་གནས་པ། ། གཅིག་པོ་བྱེད་པའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྤོས་དྲི་ཞིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་བདེ་བ་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་བདེ་བ་ཆེན་པོའི་དང་།། རྟག་ཏུ་བཞུགས་པའི་ངོ་བོ་ཉིད།། རང་འབྱུང་འགྱུར་མེད་སྙིང་པོ་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཡོན་ཏན་མཆོག་འཛིན ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མེད་སྒྱུ་མའི་ཆོས་ཉིད་ནི།། ཡོད་མེད་ཐ་དད་ལས་འདས་པ།། སྣང་ལ་རང་བཞིན་མེད་པ ་ཉིད། ། འགག་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་མུན་པ་དང་རྣམ་པར་བྲལ་བས་འགྲོ་བ་ཐམས་ཅད་ཀྱི་བློའི་མུན་པ་སེལ་བ་ཡེ་ཤེས་ཀྱི་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ཉིད་རང་བཞིན་མི་དམིགས་པས།། ཡོངས་སུ་དག་པར་ཤེས་པར་བྱ།། ཟུང་འཇུག་དེ་བཞིན་ཉིད་ལས་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན ་འདས་སེང་གེའི་འགྲམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཏོག་མེད་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཉམ་པ་ཉིད་ལས་གང་འབྱུང་བའི།། ་བདེ་ཆེན་རང་འབྱུང་རང་ཉིད་ནི།། མི་ཟད་རྒྱལ་གྱི་འཁོར་ལོ་སྟེ།། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་གཉིས་མེད་མཉམ་པ་རང་བྱུང་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་རང་འབྱུང་བརྟན་གཡོ་བཅས།། ཐམས་ཅད་རང་ཉིད་དཀྱིལ་འཁོར་དང་།། བདེ་ཆེན་ཟབ་པའི་ཚུལ་རྡོ་རྗེ་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་བཅོམ་ལྡན་འདས་སྐྱོན་རབ་ཞི་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྟག་ཏུ་དམིགས་པར་བཅས་པ་ཡི།། ཕྱག་རྒྱ་ཆེན་པོ་དངོས། ་མེད་དེ།། དངོས་མེང་ངོ་བོ་ཉིད་ཏུ་དག། རིན་ཆེན་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་བདུད་རྩི་འཆང་བས་སངས་རྒྱས་ཐམས་ཅད་ཀྱི་མིག་འཕྲུལ་སྟོན་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་དགོངས་པ་ནི།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། ཀུར ་དུ་བཟང་པོས་སླར་གསོལ་པ། ། དྲི་མེད་མཉམ་པ་ཡེ་ཤེས་སྐུ།། སངས་རྒྱས་ཐམས་ཅད་བདག་ཉིད་དེ།། གནས་དང་སྟོན་པ་རང་བྱུང་བ།། ཆེ་བའི་བདག་ཉིད་སླར་གནས་པ།། དཔལ་མཆོག་གསང་བ་འདི་ཉིད་ཏུ།། སྐལ་ལྡན་རྒྱལ་བ ་བླ་ན་མེད་ཅེས་གསུངས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་རང་འབྱུང་དུ་བསྟན་པའི་བདག་ཉིད་རྣལ་འབྱོར་ཆེན་པོ་གཉིས ་བུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ལེའུ་ཉི་ཤུ་པའོ། ། །། དེ་ནས་ཕྱོགས་བཅུའི་སངས་ཅས་བཅོམ་ལྡན་འདས།། དེ་བཞིན་གཤེགས་པའི་ཚོགས་བཅས་དཔག་མེད་དང་།། རྣལ་འབྱོར་དབང་ཕྱུག་བྱང་ཆུབ་སེམས་དཔའ ་ཚོགས། ། རིག་དང་ལྷ་མོར་བཅས་པ་དཔག་མེད་དང་།། ཁྲོ་བོའི་རྒྱལ་པོ་དུ་མར་བཅས་པ་དག། གསང་བའི་དཀྱིལ་འཁོར་གཅིག་ཏུ་འདུས་བྱས་ནས།། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན་གྱི་གནོ།། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་བདག ་པོ་ལ། ། ཚོགས་པ་འདུས་པ་བརྗོད་ཀྱིས་མི་ལང་བའི།། འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་དཔག་མེད་ལྡན།། མཆོད་པའི་རིམ་པ་ཕྱི་ནང་གསང་བ་དང་།། དེ་ཁོ་ན་ཉིད་རྣམ་པ་མཐའ་ཡས་པས།། ཡེ་ཤེས་རྒྱལ་བ་མི་ཟད་དམ་ཚིག་གི། ་རིན་ཆེན་སྤྲིན་གྱིས་ཡང་དག་པར་མཆོད་དེ།། མགོ་བོས་ཕྱག་འཚལ་ནས་ནི་འདི་སྐད་གསོལ།། ཕྱོགས་བཅུ་དུས་གསུམ་དེ་བཞིན་གཤེགས་པའི་ཚོགས།། མ་ལུས་འདུས་པ་ཀུན་གྱི་གསང་བའི་དོན།། ཐོག་མ་དབུས་མཐར ་གནས་པ་ཡེ་ཤེས་སོ། ། གསང་བ་རྡོ་རྗེ་སྙིང་པོ་ལྷན་ཅིག་སྐྱེས།། བརྗོད་བྱ་བླ་མེད་གྱུར་པས་འདུས་པའི་ཆོས།། སྙིང་པོའི་འབྲས་བུ་ཀུན་གྱི་རྩ་བ་གང་།། ཐབས་དང་བསྟན་པ་དེ་ཡི་ཁྱད་པར་མེད།། བཅོམ་ལྡན་དྲི་མེད་གསང་བ་བཤད་ཏུ ་གསོལ། ། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། དཔལ་ལྡན་བྱང་ཆུབ་སེམས་རྡོ་རྗེས།། དེ་བཞིན་གཤེགས་པའི་ཚོགས་རྣམས་ལ།། གསང་བ་བྱང་ཆུབ་བཀའ་སྩལ་ཏོ།། ཕུན་སུམ་ཚོགས་པའི་འཁོར་རྣམས་ལ། རབ་ཏུ་གཟིགས་ནས ་དགྱེས་གྱུར་པས། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས་གནས་འདི་ཞུས་པ་ཤིན་ཏུ་ལེགས།། ལེགས་སོ་ལེགས་སོ་སེམས་དཔའ་ཆེ།། ཟབ་ཅིང་རྒྱ་ཆེ་མཆོག་གི་ཡུལ།། འོན་ཀྱང་འདིར་ནི་བདེ་གཤེགས་ཀྱང་། ཐེ་ཙོམ་འཇུག་པའི ་གནས་ཡིན་ན། ། དེ་ལས་གཞན་པར་གྱུར་པ་ཡི།། བྱང་ཆུབ་སེམས་དཔར་གྱུར་པའི་ཚོགས།། དེ་ལས་སྤྱོད་ཡུལ་ལྟ་ཅི་སྨོས།། དེ་ནས་བཅོམ་ལྡན་འདས་ཐམས་ཅད།། མཆོག་དོན་ངོ་མཚར་སྤྱོད་པ་དང་།། ཐུན་མོང་གནས་ལ་སྨད་གྱུར་པ།། ཟབ་པ་དང་ནི་ནྱ་ཆེ ་ལ། ། ཐེ་ཙོམ་ཐམས་ཅད་གཅོད་མཛད་པ།། དཀྱིལ་འཁོར་ས་ཡི་བདག་པོ་ལ།། འདི་སྐད་ཅེས་ནི་ཞུས་པར་གྱུར།། གནས་དང་དུས་དང་ཕྱག་རྒྱ་དང་།། འདུས་པ་ཁྱད་པར་གྱུར་པ་ལའང་།། གསང་བ་དབྱིངས་ཀྱི་དཀྱིལ་འཁོར་དུ།། ཚད་མེད་ཡེ་ཤེས་ཞིང་ཁམས་ཀྱི།། ་སྣང་བ་རབ་ཏུ་རྒྱས་པ་ལ།། རྒྱུ་ཐབས་ཁྱད་པར་གྱུར་པ་ཡི།། གསང་ཆེན་སྐུ་གསུང་ཐུགས་ཀྱི་གསང་།། དེ་ཉིད་འདུས་པ་འདི་མཆོག་ཏུ།། སྟོན་པ་འགྲོ་བར་མ་གྱུར་པ།། དེ་སྲིད་དུ་ནི་ཀུན་མཁྱེན་གྱིས།། ལྷན་ཅིག་སྐྱེས་པའི་འདུས་པ་ལས།། ལུས་ངག ་ཡིད་ནི་བྱིན་བརླབ་ཅིང་། ། ཁྱད་པར་མཆོག་དབང་བསྐུར་མཛད་དེ།། ཕྱི་ནང་གསང་བའི་རིམ་བྱེ་བས།། བུམ་པ་དང་ནི་གསང་བ་དང་།། ཤེས་རབ་ཡེ་ཤེས་དེ་བཞིན་དུ།། རབ་ཏུ་བསྐུར་བས་སྨིན་བྱས་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གསང་བ ་བྱང་ཆུབ་སེམས་རྡོ་རྗེ། ། རྟོགས་དཀའ་མི་བྱེད་དམ་ཚིག་གིས།། གང་ཕྱིར་དགོངས་ཏེ་བཤད་པ་དང་། དགོངས་མིན་དྲང་བའི་དེན་གྱུར་དང་།། དེས་དོན་ཇི་བཞིན་པ་དང་ནི།། ཇི་བཞིན་མ་ཡིན་ནམ་བྱེ་བས།། ཡི་གེའི་དོན་དང་སྤྱི་ཡི་དོན།། སྲས་པ་གསུམ ་དང་མཐར་ཐུག་གཉིས། ། དང་པོ་གཅིག་དང་ཚུལ་གཉིས་ལྡན།། དཔག་མེད་རྡོ་རྗེའི་ཚིག་གི་རྒྱ།། དེས་ཕྱིར་རབ་ཏུ་སྟོན་པ་ཉིད།། འཇུག་པ་དེ་དག་ལུས་ངག་ཡིད་། རིམ་པ་གཉིས་ཀྱིས་བདེ་བ་དང་།། ཡིད་བདེ་རབ་ཏུ་མྱོང་བགྱིད་པ།། ཐབས་ཟབ་རྒྱ་ཆེ་ཅུར ་བའི་ལམ། ། ཡན་ལག་དམ་ཚིག་ལྡན་པ་ཡི།། ཐོབ་བྱ་ཐོབ་བྱེད་ཁྱད་པར་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། མཁྱེན་པའི་ཡེ་ཤེས་ཐ་མེད་པ།། མངོན་པར་བྱང་ཆུབ་གནས་གྱུར་པའི།། འབྲས་བུ་ཡང་དག་ཐོབ་གྱུར་ནས།། གསང་བའི་རྒྱུད ་སན་མ་། དེས་གལ་བ་ག་ཟུ་ས།། དེ་ས་པ་མ་ས།། གགས་རྙན་ཞ་ག། གས་ང་ན་པ་། ག། ས་པ་བ་དཔས། ནང། ་དཔག་མེད་ཟིལ་གནོན་རྡོ་རྗེ་ཞེས།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། དེ་ནས་གསང་བའི་བདག་པོ་དེ།། འོད་གསལ་དྲི་མེད་དབྱིངས་ཉིད་ལ།། ཡེ་ཤེས་འཇུག་པའི་ངོ་བོ་ཡྀས།། དབྱེར་མེད་གནས་པར་གྱུར་མ་ཐག། རྡོ་རྗེའི་ལུས་ཀྱི་རྩ་གནས ་ནི། ། སྟོང་ཕྲག་བདུན་བཅུ་ལ་སོགས་པ།། རྩ་ཡི་བུག་ཁོང་སྟོང་དག། ཐིག་ལེ་ཞུ་བའི་གཟུགས་ཀྱིས་ནི།། བྱང་ཆུབ་རྡོ་རྗེའི་རྣམ་པར་ནི།། ཞུ་ཞིང་ཡང་དག་གནས་པར་གྱུར།། དེ་ཉིད་ཆོས་བུའི་ང་བོ་ཉིད།། བདེ་དང་སྟོང་བར་དབྱེར་མེད་པ།། སྙིང་རྗེ་ཚད ་མེད་རྣམ་པ་ལས། ། དེ་ནས་བཅོམ་ལྡན་འདས་དེ་ཉིད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་དང་གསུང་དང་ཐུགས་རྡོ་རྗེ།། རྣམ་པར་དབེན་དོན་ཉིད་དུ་གནས།། སྒྱུ་མ་སྦྱོང་བའི་དམ་ཚིག་དང་།། མངོན་པར་བྱང་ཆུབ་འོད་གསལ་བའི།། སྟོང་ཉིད་རྡོ་རྗེ ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། རིག་པ་ཐབས་དང་ཤེས་རབ་དག། དབྱེར་མེད་བདེ་བ་ཆེན་པོའི་སྐུ།། སྐྱེས་བུའི་རྣམ་པར་གྱུར་པ་དག། གནས་པའི་དང་ལས་ལྡང་བ་སྟེ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ཡུལ་དང་དངོས་པོ ་རྣམ་དག་པའི། ། སྐུ་གསུང་ཐུགས་ནི་བྱིན་བརླབས་པ།། ཡེ་ཤེས་ཆེན་པོའི་དང་གནས་པ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། སྟོན་ཀའི་འདམ་བུའི་མདོག་འདྲ་བ།། སྤྲིན་དཀར་དག་པའི་ཚུལ་ཅན་ཉིད།། དེ་མ ་ཐག་ཏུ་སྣང་བར་མཛད། ། བྱིན་གྱིས་བརླབས་པའི་རྗེས་ཞུགས་པ།། མཚན་དང་དཔེ་བྱད་འབར་བ་དང་།། རང་འབྱུང་ཡེ་ཤེས་ལྷག་པའི་ལྷ།། ཐམས་ཅད་བདག་པོ་རྡོ་རྗེ་འཛིན།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། སྣ་ཚོགས་རིན་ཆེན་གྱི ་བརྒྱན་ཅིང་། ། ཨིན་དྲ་ནི་ལ་འབར་བ་དང་།། དང་པོ་མགོན་པོ་རྣམ་པར་སྤྲུལ།། དུང་དང་ཀུན་དྷ་ལྟར་དཀར་བ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དཀྱིལ་འཁོར་གནས་པའི་རང་བཞིན་གྱིས།། རྣམ་པ་གསལ་བ་ཉིད་ཏུ་གཟིགས། དེ ་ནས་སངས་རྒྱས་རྡོ་རྗེ་འཛིན། ། རྣམ་པར་སྣད་བཛང་ཆེན་པོ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། འདོད་ཆགས་ཀྱིས་འདུལ་འགྲོ་གཟིགས་ནས།། འདོད་ཆགས་གས་པའི་ཚུལ་ཞེས་པའི། ཏིང་ངེ་འཛིནས ་སྙོམས་ཞུགས་ནས། ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི།། བཀོད་པ་རབ་ཏུ་མི་བཟད་པ།། དེ་དག་ཐམས་ཅད་བསྡུས་ནས་ནི།། ཉིད་ཀྱི་སྐུ་ལ་ཐིམ་པར་མཛད།། དེ་ནས་འདུས་པའི་ལྷ་ཚོགས་ཀྱིས།། དབྱེར་མེད་གནས་པའངང་ལས་ནི།། ་རྡོ་རྗེ་འཛིན་པ་གསང་བའི་བདག། ཡོངས་སུ་མཉེས་པའི་དོན་དུ་ནི།། ཉིད་ཀྱི་སྐུ་ལས་སྤྲོས་པ་ཡི།། བ་སྤུའི་བུ་གའི་འོད་ཟེར་གྱིས།། རྩེ་མོ་རྣམས་ལས་སྤྲོས་གྱུར་པ།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། སངས་རྒྱས་སྤྱན་དང་མཱམ་རྨིནས། ་པ། ར་མོ་དང་སྒྲོལ་མ་དང་། གཟུགས་དང་བླ་དང་དྲི་དང་རོ།། ། རེག་བྱ་རྡོ་རྗེར་གྱུར་པ་ཡིས།། ས་དང་ཆུ་དང་མེ་དང་རླུང་།། ཚད་མེད་ཡུལ་དང་སྤྱོད་པ་ཡིས།། ཆགས་པ་ཆེན་པོས་རྗེས་ཆགས་ནས།། བདེ་བའི་རོལ་བ་སྟོན་པར་མཛད།། རྣམ་པར ་སྣང་མཛད་ཡེ་ཤེས་ཆེ། ། དེ་ཉིད་མེ་ལོང་སོགས་བདག་ཉིད།། གསང་བ་འཛིན་པ་ཐུབ་པའི་རྒྱལ།། རྡོ་རྗེ་མི་བསྐྱོད་རྒྱལ་པོ་ཉིད།། གསང་བ་འཛིན་པ་མ་ལུས་པའི།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱལ།། སྙིང་པོ་རྡོ་རྗེ་ཡེ་ཤེས་སོ།། དེ་ཉིད་རྡོ་རྗེ་བཙུན་མོ ་རྣམས། ། གཅིག་ཏུ་གྱུར་པའི་མཁའ་དབྱིངས་ནི།། དམ་ཚིག་ཆེན་པོའི་མཁའ་དབྱིངས་ཏེ། རྙོག་པ་མེད་ཅིང་རྡུལ་མེད་པའི།། དཀྱིལ་འཁོར་གྲུ་བཞིར་བྱིན་བརླབས་པ།། ཕྱོགས་མཚམས་མཉམ་པར་ལྡན་པ་ལ།། གྲུབ་པའི་གནས་བརྒྱད་ཡོངས ་བསྐོར་བ། ། ཞིང་ཁམས་ཡོངས་སུ་དག་པ་ཡི།། འཛམ་གླིང་པད་མའི་ལྟེ་བ་ལ།། སྣ་ཚོགས་མི་ཤིགས་ཨེ་དང་བཾ།། གསལ་བ་དེ་ཡི་ངོ་བོ་ཉིད།། སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས།། སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ།། འོད་ཟེར་འཕྲོ ་བམང་པོ་འཁྲུག། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། དེ་ནས་སངས་རྒྱས་ཀུན་གྱི་བདག། གསང་བ་རབ་ཏུ་འཛིན་པ་པོ།། དཀྱིལ་འཁོར་ཉི་ཤུཿ་ལྔ་ག། སུམ་བཅུ་གསུམ་པར་ལྡན་པ་ཡིས།། ་ཕོ་བྲང་ཡངས་པའི་གཞལ་ཡས་དེར།། དེ་བཞིན་གཤེགས་པ་སྟོང་དང་ནི།། གཉིས་དང་བྱང་ཆུབ་སེམས་དཔར་བཅས།། ཕྱི་རོལ་འཇིག་རྟེན་སྐྱོང་བ་བཞི།། སྣ་ཚོགས་དཀྱིལ་འཁོར་ཆེན་པོ་ཡི།། དབུས་སུ་ཡང་དག་བཞུགས ་གྱུར་པའོ། ། དེ་ནས་དེ་བཞིན་གཤེགས་པའི་ཚོགས།། མི་བསྐྱོད་པ་དང་དཀོན་མཆོག་དཔལ།། ཚེ་དཔག་མེད་དང་གདོན་མིཟ།། དཔལ་ལྡན་རྣམ་པར་སྣང་མཛད་སྩོགས།། དེ་བཞིན་གཤེགས་པ་ཐུབ་པའི་རྒྱལ།། དེ་ཉིད་སྐུ་གསུང ་ཐུགས་ཡེ་ཤེས། ། ཕྲིན་ལས་ལྡན་པར་བཞུགས་པའོ།། དེ་ནས་རང་བཞིན་དག་པ་ཡི།། ཆོས་ཀྱི་དབྱིངས་ན་གནས་འགྱུར་བ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི།། སེམས་ཅན་ཁམས་ཀྱི་སྣོད་བཅུད་དང་།། ཡུལ་དང་དབང་པོ་ཐམས ་ཙདཀུན། ། རྡོ་རྗེ་སེམས་དཔས་བྱིན་བརླབས་ཤིང་།། དབང་བསྐུར་སྔགས་དང་ཕྱག་རྒྱ་དང་། ཡེ་ཤེས་ཀྱིས་ནི་དབང་བསྒྱུར་བས།། དེ་དག་ཐོབ་པའི་ཁྱབ་པར་ནི།། ཐ་མ་འབྲིང་དང་མཆོག་རྣམས་ལ། བདེ་བ་དང་ནི་ཡིད་བདེ་བས།། གསང ་བ་ཡེ་ཤེས་སྤྱོད་ཡུལ་ཐོབ། ། དེ་ལས་སྤྲུལ་པའི་སྐུ་བྱུང་བ།། བཅོམ་ལྡན་དེ་ཉིད་ཐུགས་ཁ་ནས།། སྤྲུལ་པའི་དཀྱིལ་འཁོར་དཔག་མེད་པ།། བྱེ་བ་གྲངས་མེད་དཀྱེ་ནས་ནི།། གདུལ་བྱ་གདུལ་ཕྱིར་དབང་བསྐུར་ཞིང་།། སྤྱི་དང་ཁྱད་པར ་གྱིས་འདུལ་འགྱུར། ། དེ་ནས་སངས་རྒྱས་ཚོགས་དག་གིས།། བསྐུལ་བས་ཆེད་དུ་བརྗོད་པ་གསུངས།། ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང།། བྱང་ཆུབ་སེམས་ནི་རང་བྱུང་བ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། རབ་ཏུ་རྟོག་མེད། ་མི་གནས་པའོ།། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས།། སྒྲ་བཞི་ཡེ་ཤེས་རོ་གཅིག་པས། མཛད་པ་ཐམས་ཅད་རྫོགས་བྱེད་པ།། རབ་འབྱམ་ཚོ་འཕྲུལ་སྟོན་པའོ།། དཀྱིལ་འཁོར་གྱི་འཁོར་ལོ་ངེས་པར་སྤྲུལ་པས་རྒྱུད་ངེས་པར ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཕྱི་རོལ་ཡུལ་སྣང་རྫས་སུ་འདོད།། གཡག་རྔ་ནེའུ་སིང་ལྟ་བུ་ལ།། བར་དུ་སྣང་མུན་ཤོད་པ་ཙམ།། སེམས་ལས་ཐ་དད་པར་གནས་པ།། སྐད་ཅིག་མི་རྟག་པར་འདོད་པས།། ཡུལ་སེམས་ཐ་དད་བྱེ ་བྲག་སྭ། ། ཕྱི་རོལ་ཡུལ་དག་ཕྲ་བ་རྣམས།། འདུས་ནས་རིགས་པ་འབྱུང་བ་ལྟར།། ཡུལ་དུས་རྣམ་པར་ངེས་པ་ལས།། རིགས་པ་འདྲ་བའི་རྣམ་པར་བཞག། ཡུལ་འགག་པ་ཡི་ཐ་མ་དང་།། ཤེས་པ་སྐྱེ་བའི་ཐོག་མར་ཟད ་བར་འདོད་པ་གྲུབ་པའི་མཐའ། ། མདོ་སྡེ་པ་ཡི་དགོངས་པ་སྨྲ།། ཆོས་རྣམས་ཐམས་ཅད་རང་གི་སེམས།། རྣམ་པར་རིག་ཙམ་སྐད་ཅིག་མ།། རང་གསལ་རྒྱུན་གནས་སྤྲོས་བྲལ་འདོད།། རང་རིག་སྐད་ཅིག་གསལ་བ་དང་། མི ་གསལ་སྣ་ཚོགས་ཏོག་བྲལ་དུ། ། རྣམ་མེད་རྣལ་འབྱོར་སྤྱོད་པ་སྨྲ།། དངོས་རྣམས་སྟོང་པ་སྒྱུ་མ་བཞིན།། སྣང་ཡང་བདག་ལས་རང་སྟོང་པ།། སེམས་ཀྱི་རྟོག་པ་རྣམ་བཟློག་སྟེ།། མཁའ་དབྱིངས་དྲི་མེད་རྟོག་རྒྱུན་འཆང།། ་འདི་ལྟར་སྲིད་པ་ཞི་བ་ལས།། རྣམ་གྲོལ་སྟོང་ཉིད་སྙིང་རྗེ་དང་། དབྱེར་མེད་བྱང་ཆུབ་སེམས་ཀྱི་མཆོག། ཟུང་འཇུག་རབ་ཏུ་མི་གནས་པ།། དཔལ་ལྡན་འདུས་འདིར་གྲུབ་མཐའ་ཀུན།། བློ་ཡི་རིམ་པས་འདིར་འདུས་ཏེ།། དེ་བས ་འདིར་ནི་ཆོས་ཀུན་གྱི། ། སྙིང་པོ་འདུས་པའི་རྩ་བར་གསུངས།། གསང་བ་བླ་ན་མེད་པའི་དོན།། ཡེ་ཤེས་རྣམ་གསུམ་རིམ་འཇུག་ཅིང་།། སྒྲོན་མེ་འོད་གསལ་སྣང་བ་ལས།། ཟུང་འཇུག་རྡོ་རྗེ་མི་བྱེད་པ།། ལྷ་ཡི་འཁོར་ལོ་སྤྲུལ ་ནས་ནི། ། དབྱེར་མེད་མི་གཡོ་ཏིང་ངེ་འཛིན།། མཆོག་ནི་དྲི་མེད་རང་སྣང་ལས།། གཉིས་མེད་དང་དུ་རབ་ཞུགས་པའོ།། བྱང་ཆུབ་སེམས་ཀྱི་དང་ཉིད་ལས།། རྟག་ཏུ་འོད་གསལ་བར་གནས་ཀྱང་།། འགྲོ་བའི་དོན་ལས་མི་འདའ་བས།། ་དམ་ཚིག་འབྱུང་བའི་ཏིང་ངེ་འཛིན།། བྱང་ཆུབ་སེམས་ཀྱི་ཟ་མ་ཏོག། བདེ་བ་ཅན་ནི་མི་ཤིགས་པ།། རིན་ཆེན་འབྱུང་བའི་ཏིང་ངེ་འཛིན།། བདེ་བ་ཆེན་པོའི་བྱང་ཆུབ་སེམས།། འགྲོ་བ་ཀུན་ལ་སྟེར་བ་ནི།། མ་ཆགས་པ་ཡི་ཡེ་ཤེས་ཀྱིས།། ་འདོད་ཆགས་འབྱུང་བའི་ཏིང་ངེ་འཛིན།། རྣམ་པ་སྣ་ཚོགས་སྒྱུ་མ་ལས། གདོན་མི་ཟ་བ་གནས་མེད་པ།། འོད་གསལ་འབྲས་བུ་མངོན་ཕྱོགས་པ། དམ་ཚིག་འབྱུང་བི་ར་ཏིང་ངེ་འཛིན།། ཟག་པ་མེད་པའི་དགའ་བ་ཡིས།། ཡེ་ཤེས་ཆེན།། ་ར་ས་ཁྱབ་པས།། རྡོ་རྗེ་འཛིན་པ་མཉེས་གྱུར་པའི།། དམ་ཚིག་བླ་མེད་ཏིང་ངེ་འཛིན། ཡང་དག་ཡེ་ཤེས་ནོར་བུ་ལྟར།། རིན་ཅན་འདའ་གྲོ་སྤྲིན་ཚོགས་ཀྱིས།། སངས་རྒྱས་ཐམས་ཅད་རྗེས་སུ་ཡང་། ཉེས་བྱེད་རྡོ་རྗེའི ་འདིན། ཟག་པ་བསྡུས་བྱས་བདེ་བ.ལས།། བཅུ་དྲུག་འགྱུར་རྗེས་ལྡང་འཕགས་པ།། དོད་ཆགས་རྗེས་སུ་འཛིན་བྱེད་པ།། ཆགས་པར་བྱེད་པའི་འཛིན།། ག་སུ་ཐུགས་ནི་རྡོ་རྗེལས།། མི་བྱེད་འོད་ག་ལ་བ་ཐིམ་པ། ་བྷྲ་མྲ་སྲུ་བ་རྡོ་རྗེ་ཉིད། སྣང་བ་བིམ་པས་ཏིང་ངེ་འཛིན།། ཡེ་ཤེས་མེ་ལོང་ལྟ་བུ་ལས།། སྲིད་གསུམ་སྣང་བར་མཛད་པ་སྟེ།། སྣང་མཛད་རྡོ་རྗེ་འཁོར་ལོ་ནི།། མིཟེང་སྐུ་ཡི་ཏིང་ངེ་འཛིན།། སྣང་བ་གསུམ་ལས་འདས་པ་ཡི་རང ་བཞིན་མངོན་པར་བྱང་ཆུབ་པ། ། རྣམ་པར་དག་པ་རྡོ་རྗེ་ཡི།། འོད་གསལ་བ་ཡི་ཏིང་ངེ་འཛིན།། སྲིད་ཞི་མཉམ་ཉིད་མཉམ་པའི་སྐུ།། ཆོས་རྣམས་གཉིས་མེད་རོ་གཅིག་པས།། རིན་པོ་ཆེ་ལྟར་བྱུང་བའི་གནས།། ཡོན་ཏན་གཏེར ་གྱུར་ཏིང་ངེ་འཛིན། ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི།། གང་ལས་འོད་གསལ་ཆོས་ཀྱི་སྐུ།། མངོན་པར་བྱང་ཆུབ་པ་ཡི་ཚུལ།། མི་ཕྱེད་རྡོ་རྗེའི་ཏིང་ངེ་འཛིན།། བླ་མེད་མངོན་པར་བྱང་ཆུབ་པ།། གསང་བལྷན་ཅིག ་སྐྱེས་པ་ཡི། ། ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན།། རྟོགས་པའི་ཡེ་ཤེས་མཆོག་ཏུ་འགྱུར།། ཆོས་ཉིད་མི་ཟད་དབྱིངས་ཀྱི་དང་།། སྡང་སྟོང་ཐ་དད་མེད་པ་སྟེ།། རོ་གཅིག་འདུ་འབྲལ་མེད་པ་ཉིད།། སྟོང་དང་སྙིང་རྗེའི་ཏིང་ངེ་འཛིན།། ཆོས་རྣམས ་ཐམས་ཅད་བདག་མེད་པས། ། ཀུན་དུ་སྟོང་ཞིང་མ་བཅོས་པ།། ལྷུན་གྲུབ་རྡོ་རྗེའི་ངང་གནས་པ།། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན།། རྣམ་པར་མི་རྟོག་ཡེ་ཤེས་ཀྱི།། འོད་ཆེན་རྣམ་པར་སྣང་བར་བྱེད།། འོད་གསལ་འབར་བ་རྡོ་རྗེ་ཡིས།། ་དཔག་མེད་པའི་ཏིང་ངེ་འཛིན།། སྣང་བའི་དངོས་པོ་སྣ་ཚོགས་པ། སྒྱུ་མ་རྐྱེན་སྐྱེས་ཟིལ་གནོན་པ།། རྡོ་རྗེ་འོད་གསལ་ཏིང་ངེ་འཛིན།། དམིགས་པ་མེད་པའི་སྙིང་རྗེ་ཅན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པའི་ཚོགས་དེ་དག་དང་།། ་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་བས་ཁྱབ་ཅིང་དགྱེས་པ་ཆེན་པོ་ཡོངས་སུ་སྤྱོད་པར་འགྱུར་རོ།། དེ་ནས་གསང་བ་གསུམ་གྱི་དངོས།། དེ་རྗེ་འཛིན་པས་འདི་གསུངས་སོ།། དཀའ་ཐུབ་སྡོམ་པ་མི་བཟང་བས།། ་ལུས་སྐམས་གྱུར་ཅིང་སྡུག་བསྔལ་གྱུར།། སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ།། དེ་ལས་དངོས་གྲུབ་གཞན་དུ་གྱུར།། བརྗོད་པ་ཐམས་ཅད་ཡི་གེ་སྟེ།། ཀུན་གྱི་རྩ་བ་ཨ་ལས་བྱུང་།། དེ་ལས་ཆོས་ཀྱི་ཕུང་པོ་ནི།། བརྒྱད་ཁྲི་བཞི ་སྟོང་དག་ཏུ་སྣང་། ། དབྱངས་དང་གསལ་བྱེད་ངག་ཡིན་ཏེ།། ངག་ནི་རླུང་གི་རྩ་བ་ཅན།། སླར་སྣང་ཙམ་ཉིད་ཀུན་རྫོབ་སྟེ།། ཐིམ་པ་དོན་དམ་བརྗོད་པའོ།། ཡང་གནས་འདི་ལ་སངས་རྒྱས་ཀུན་གྱི་རང་བཞིན་ནི་འདོད་པའི་ཡོན་ཏན་ལྔའི ་ཡུལ་ལ་རང་གི་བསོད་ནམས་དང་ཡེ་ཤེས་གཉིས་སུ་མེད་པར་སྤྱད་པ་སྤྱོད་པར་བྱེད་དེ། ། རང་རིག་པའི་ཡེ་ཤེས་སྒྱུ་མ་དང་མཚུངས་པས་སྤྱད་པ་སྤྱོད་པར་བྱེད་དོ།། འདི་ལྟར་ཆོས་རྣམས་ཐམས་ཅད་གཟུགས་བརྙན་དང་། སྤྲུལ་པ་དང་།། ་བརྙན་དང་།། བྲག་ཆ་དང་།། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་དང་།། སྨིག་རྒྱུ་དང་། རྨི་ལམ་དང་། དབང་པོའི་གཞུ་དང་། སྤྲིན་དང་། མིག་ཡོར་དང་། ཀློག་དང་། ཆུའི་ཆུ་བུར་དང་། སྒྱུ་མའི་རྣམ་པར་བལྟ་སྟེ། དེ་ལྟ་ན་ཡང་དོན་དམ་པ་ནི་རྣམ་པར་དམིགས་སུ ་མེད་དོ། ། ཆོས་ཐམས་ཅད་ནི་རང་བཞིན་མེད་པའི་ཕྱིར་རྟེན་འབྲེལ་ཚོགས་པའི་སྣང་བ་དགག་ཏུ་མེད་དོ།། དེ་ཡང་དག་པར་བདེན་པས་སྟོང་པའི་ཕྱིར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས ་འདུས་པ་རྣམས་ཀྱིས་མངོན་པར་དགའ་བའི་ཡིད་ཀྱིས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ལེགས་སོ་ལེགས་སོ། ། གསང་བའི་གནས་ཀྱི་སྤྱོད་པ་ངོ་མཚར་ཞིང་རྨད་ཏུ་རང་ཟུང་བ.རབ་ཏུ་བསྟན་པ་གས་འི་སྤྱོད་ཡུལ་ལ་དགོངས་ཏེ་རང་རང་གི་སྟན ་ལ་གནས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་བ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་དམན་པའི་སྤྱོད་པ་ལས་རིང་ཤིང་ལམ ་བདེ་བ་ཆེན་པོས་ཡེ་ཤེས་ལ་རོལ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། རྡོ་རྗེ་འཛིན་པ་ཀུན་གྱི་གས། གསང་བ་གསུམ་དུ་གནས་པ་གང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར།། གསང་བ་རབ་ཏུ་གྱུར་པ་གསུངས།། གསང ་བའི་ཡི་ག་ཏོགས་དཀའག་ལ་འོངས་སྐྱེ་བ་གདུལ་སྲད་དུ། དཀྱིལ་འཁོར་ལྷརྣམས་ཐམས་ཅད་ཀྱི།། བྱིན་ཀླས་པ་རིམ་པས་བསྟན།། མེ་ཡི་རྣམ་པས་རྒྱ་མོ་སྦྱན།། བ་གིནམ་པ་བདག་མར་བརྗོད། པ་ནི་མོགས་དཀང་། ་ཡི་རྣམ་པ་སྒྲོལ་མར་བརྗོད།། ཤཱ་ནི་བྱང་ཆུབ་སེམས་རྗེ་རྗེ།། ཏཱ་ནི་ཤེས་རབ་པ་རོལ་ཕྱིན།། མེ་ལོང་ཡེ་ཤེས་ཨེ་ཞེས་བརྗོད།། ཀ་ནི་མི་བསྐྱོད་རྡོ་རྗེ་སྟེ།། སྤྲིན་ཞེས་དོན་ཡོད་གྲུབ་པ་ཉིད།། རིན་ཆེན་འབྱུང་བས་ཞེས་བྱ། འོད་དཔག་མེད་པ ་མ་ཞེས་བརྗོད། ། རྟག་པའི་རྡོ་རྗེ་ཡེ་ཤེས་པའོ།། བྷ་ནི་དྲི་ཡི་རྡོ་རྗེ་མའོ།། ཡི་གེ་ག་ནི་རེ་རྡོ་རྗེ།། བཱན་ནི་གཟུགས་ཀྱི་རྡོ་རྗེ་མའོ།། ས་ཡི་རྣམ་པ་རེག་རྡོ་རྗེ།། རྦ་ནི་སྒྲ་ཡི་རྡོ་རྗེ་མ།། ཏ་ནི་ཆོས་དབྱིངས་རྡོ་རྗེ་ཡི།། ཐཱ་ནི་སྒྲིབ་པ་རྣམ་པར་སེལ།། ག་ནི་འཇིག ་རྟེན་དབང་ཕྱུག་བརྗོད། ། ཡི་གེ་ཏ་ནི་ས་སྙིང་པོའོ།། ཀཱ་ནི་ནམ་མཁའི་སྙིང་པོ་སྟེ།། ཡ་ནི་ཕྱག་ན་རྡོ་རྗེར་གནས།། བཱཀ་ནི་ཀུན་དུ་བཟང་པོའོ།། ཙི་ཏ་ནི་བྱམས་པར་བརྗོད་པར་བྱ།། ཏ་ནི་འདོད་པའི་རྒྱལ་པོ་སྟེ།། ཧྲི་ད་ཡ་ནི་སྙིང་པོ་ཉིད།། བ་ནི་དབྱུག ་སྔོན་ཅན་དུ་གྲགས། ། ཛ་ནི་སྟོབས་ཆེན་འབར་བ་སྟེ།། ཡོ་ནི་མི་གཡོ་གཏུམ་པོའོ།། ཤིང་ནི་བྱ་བ་ནན་ཏན་ཏེ།། བྷ་ནི་གནོད་མཛེས་རྒྱལ་པོའོ།། གེ་ནི་གཙུག་ཏོར་འ་བོར་ལོས་སྒྱུར།། ཤཱ་ནི་བགེགས་མཐར་བྱེད་པ་སྟེ།། བི་ནི་ཤེས་རབ་མཐར་བྱེད་དོ།། ་ཛནི་གཤིན་རྗེ་མཐར་བྱེད་ནི། ཧ་ནི་མཐར་བྱེད་པད་མ་འཛིན།། ར་ནི་སོ་སོར་རྟོག་པ་ཉིད།། ཐབས་དང་ཤེས་རབ་མཉམ་སྦྱོར་བ།། ཕུང་པོ་ལྔ་ནི་སངས་རྒྱས་ལྔ།། འབྱུང་བཞི་ལྷ་མོ་བཞི་རུ་བརྗོད།། ཡུལ་ལྔ་འདོད་ཡོན་ལྷ་མོ་ལྔ།། རྣམ་ཤེས་བརྒྱད་ནི ་བྱང་ཆུབ་སེམས། ། ལུས་ཚིགས་ལ་གནས་ཁྲོ་རྒྱལ་བཅུ།། བསྡུས་པ་ཡེ་ཤེས་ལྔར་སྦྱོར་བ།། བདེ་བ་ཆེན་པོའི་ཡེ་ཤེས་ནི།། དཔལ་ལྡན་རྡོ་རྗེ་འཆང་གི་དངོས།། མིག་དང་མི་ཡིས་གནས་པ་ལས།། དེ་ཉིད་ཀྱིས་ནི་སྦྱོར་བ་ཡིས།། དེ་ལས ་གྱུར་པའི་གྲངས་རྣམས་ཀྱི། ། དཀྱིལ་འཁོར་དེ་སྙེད་རྣམས་སུ་གྱུར།། ཕྱོགས་དང་གདེངས་ཀ་གདོང་བ་དང་།། རིས་བྱེད་རིགས་ཀྱིས་བྱེ་བ་གང་།། རྩ་བའི་དཀྱིལ་འཁོར་གྱུར་པ་སྟེ།། གཞན་དུ་འབྲོས་པའི་དཀྱིལ་འཁོར་ཡིན།། ་གནས་བཟུང་སྟེ། རིམ་བཞིན་དུ།། དེ་བཞིན་ཧ་ཡི་བར་དག་གྲ།། དེ་དག་སྣ་ཚོགས་སྤྱད་གྱུར་པ།། སྟོང་ཕྲག་སུམ་བཅུའི་བདག་ཉིད་དོ།། ཐབས་དང་ཤེས་རབ་ངོ་བོ་ཉིད།། རྗོང་ཟག་སུམ་བཅུ་རྩ་བར་འགྱུར།། རྦ་བའི་དྷད་དང་བཤད ་དང་། ། ཆ་འཐུན་ཡན་ལག་རྒྱུད་གྱུར་པས།། དེ་དག་སྡེ་དང་བཅས་པ་ཡིས།། གསང་ཆེན་རྒྱུད་སྡེར་བརྗོད་པར་བྱ།། རྣལ་འབྱོར་རྒྱུད་ནི་ཐམས་ཅད་ཏུ།། ལྷ་འདི་རྣམས་ནི་ཐོག་མར་བཞུགས།། འདི་མིན་ཀྱད་རྣམས་གསང་ཆེན་ཀུན། ་རྣལ་འབྱོར་རྒྱུད་ཅེས་རྒྱས་བཏབ་པའོ།། མདོ་སྡེ་རྣམས་ལ་གནས་སོགས་པ།། ཐུན་མོང་དབྱེ་བས་བྱེ་བ་ཉིད།། ཡི་གེ་བཞི་ནི་ཐུན་མོང་དུ།། བསྡུས་པས་ཆོས་ཀྱི་བདག་ཉིད་ཅན།། མདོ་ཀུན་ཡུལ་དུ་གྱུར་པའོ།། གསང་བའི་གནས ་ཀྱི་མཚན་ཉིད་ནི། ། ཉན་ཐོས་རང་རྒྱལ་ལ་སོགས་པས།། རྣམ་པ་ཀུན་དུ་མ་བཤད་དེ།། འདི་སྐད་བདག་ཅེས་དང་པོར་བརྗོད།། དུས་གཅིག་དུས་གསུམ་སྐད་ཅིག་སྟེ།། སྟོན་པ་རང་འབྱུང་ཆེ་བའི་སྐུ།། དེ་བཞིན་གཤེགས་པ་བདེ ་བར་གཤེགས། དེ་བཞིན་དུ་ནི་རྟག་གཤེགས་ལ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས།། པད་མའི་མིང་ཅན་བཙུན་མོའི་གནས།། དར་ནི་མངོན་པར་བཞུགས་པར་མཛད།། བཙུན་མོ་རྡོ་རྗེ་སེམས་དཔའ་དང་།། རིན་ཆེན་ཆོས་དང་བཅས།། ་པ་ཡི།། རྡོ་རྗེ་ལས་ཀྱི་སེམས་མར་བརྗོད།། དེ་དག་ཀུན་གྱི་བདེ་བའི་གནས།། བསྐྱེད་དང་སྡུད་པར་མཛད་པ་པོ།། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ཡུལ་རྣམས་ཐམས་ཅད་རྟེན་པའི ་གཞི། ། ཡང་དག་བཙུན་མོའི་བྷ་ག་དེར།། ཕྱོགས་བཅུ་རུས་གསུམ་སངས་རྒྱས་རྣམས།། མངོན་པར་རབ་ཏུ་ཞུགས་མཛད་དེ།། སྤྲོ་དང་བསྡུ་བའི་ངོ་བོ་ཉིད།། རབ་ཏུ་མི་གནས་དབྱེར་མེད་བཞུགས།། མདོ་དང་གསང་བར་སྤྱོད ་བའི་ཚུལ། ། དོན་གཅིག་ན་ཡང་མརྨོངས་དང་།། ཐབས་མར་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོས་དབང་བྱས་ཕྱིར།། གསང་སྔགས་ཐེག་པ་ཁྱད་པར་འཕགས།། གསང་བ་བྱ་བ་སྤྱོད་པའི་རྒྱུད།། ཤིན་ཏུ་ཆས་གསང་རྣལ ་འབྱོར་རྒྱུད། ། རྣལ་འབྱོར་བླ་མེད་གསང་ཆེན་ནོ།། འདི་ནི་སྐུ་གསུང་ཐུགས་གསང་བ།། མཚན་དང་དཔེ་བྱད་རྣམས་དང་ནི།། བརྗོད་བྱེད་རང་གི་མཚད་ཉིད་དེ།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། གསང་བའི་དཀྱིལ་འཁོར་ལ ་ཞུགས་ཉིད་དང་རྟེན་པར་བཅས་པ་ནི། ། མཁས་པ་རྣམས་ལ་བསྔགས་པ་ཡིན།། རྨོངས་པ་དེ་ལྟར་འདོད་པ་རྣམས།། ཀྱེ་དང་འཇིག་དང་གནས་པ་དང་།། རྒྱུ་གཞན་རྣམས་ལ་དེས་བསྟན་པ།། རྟག་ཏུ་རྟེན་འབྲེལ་ཚུལ་དེ ་བརྗོད། འབྲས་བུ་རྒྱུས་ནི་རྒྱས་བཏབ་ཅིང་།། རྒྱལ་འབྲས་བུས་རྒྱས་གདབ་པར།། བསམ་གྱི་གཞལ་དུ་དངོས་གྲུབ་ནི།། བསྐལ་བ་བྱེ་བར་ཡང་མི་འགྱུར།། རྒྱུ་དཀུན་ལ་ནི་གསང་ཆེན་གྱི།། སྙིང་པོ་ཕྱག་རྒྱས་རྒྱས་གདབ་བྱིར། ་ཉིད་གསང་བ་ཡོངས་དག་པར།། མི་བྱེད་པར་ནི་བསྟན་པ་ཡིན།། སེམས་ཅན་ཀུན་གྱི་ལུས་གནས་པ།། སྐུ་ཡི་གསང་བ་རྟག་པ་ཉིད།། སེམས་ཅན་ཀུན་གྱི་དག་ལ་ནི།། གསུང་གི་གསང་བ་རང་བྱུང་རུ།། སེམས་ཅན་ཀུན་གྱི ་སྙིང་ལ་ནི། ། ཐུགས་ཀྱི་གསང་བ་སྙིང་པོ་བཞུགས།། དེ་ཉིད་སྙིང་པོ་གསུམ་ལྡན་པ།། བདེ་གཤེགས་སྙིང་པོ་འཇུག་པ་ཉིད།། སེམས་ཅན་སངས་རྒྱས་སྒྲས་བཏགས་སོ།། སྐུ་ཡི་དངོས་གྲུབ་སྣང་བའི་དངོས།། མི་ཟད་སྤྲུལ་པས་འགྲེ་དོན ་སྤྱོད། ། གསུང་གི་དངོས་གྲུབ་བྲག་ཆ་ལྟར།། བརྗོད་པ་དུ་མའི་སྒྲ་རུ་སྟོན།། ཐུགས་ཀྱི་དངོས་གྲུབ་རྟོག་པའི་ཚོགས།། ཡེ་ཤེས་བདེ་ཆེན་བསམ་མི་ཁྱབ།། ཏིང་འཛིན་སེམས་ཀྱི་སྤྱོད་པ་ནི།། སྟོང་ཉིད་ཡེ་ཤེས་དངོས་གྲུབ་བོ།། དེ་ཉིད ་བྱང་ཆུབ་སེམས་རྡོརྗེ། ། བླ་མ་ཉིད་ཏུ་བསྡུས་པ་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འཛིན་པས་དུག་ཏུ་འགྱུར་བ་ཡིན།། དུག་ཉིད་ཉེ་བར་ཞི་གྱུར་ན།། དག་པས་དུག་མེད་བྱས་པ་ཡིན།། བདུད་རྩི་རིམ་གྱིས་བརྟེན་ན ་ནི། ། བདུད་རྩིཉི་ཏུ་ངེས་འགྱུར་ཡིན།། དེཉི་ད་བ་ཡོངས་ཤེས་པས།། རྒྱུད་འདིར་ལམ་དུ་གྱུར་པ་ཡིན།། སྔགས་འདུན་ཐབས་དང་ཤེས་རབ་སྟེ།། དབྱེར་མེད་དེ་བཞིན་གཤེགས་པའི་ཐུགས།། ཤེས་རབ་ཟླགའི།། ་བརྡར་བརྟགས་པས།། དབྱངས་སུ་བརྗོད་པ་གསང་བའི་ཚུལ།། ཨ་ལི་བཅུ་གཉིས་རྟེན་འབྲེལ་ཏེ།། མ་རིག་ལ་སོགས་འགག་པར་བསྟན།། རོ་ཧ་ཏི་ལ་སོགས་པ་དང་།། ཁྱིམ་ནི་བཅུ་གཉིས་རླུང་དག་སྟེ།། དུས་སྦྱོར་བ་དང་མཚུངས་པས། ་ན།། ལུགས་འབྱུང་དེ་ཉིད་ལུགས་བཟློག་པར།། དེ་ཉིད་ཡང་དག་རིམ་པས་བསྟན།། ཀ་ལི་སུམ་བཅུ་རྩ་བཞི་པོ།། ཐབས་ཀྱི་ཡི་གེ་ཕ་ཞེས་བརྗོད།། མི་གཙང་རྫས་ནི་སུམ་བཅུ་བཞི།། དག་པ་བྱང་སེམས་རང་བཞིན་ཏེ།། ཁམས་ནི ་རང་བཞིན་གྱིས་དག་པའོ། ། དེ་དག་པས་ནི་ཡེ་ཤེས་ཆེ།། དག་པའི་དུས་ནི་དཔེའ་བྱད་དག། ཉིས་འགྱུར་དག་གིས་བསྟན་པ་སྟེ།། ཐབས་དང་ཤེས་རབ་ཕྲག་གཉིས་བསྟན།། ཨ་ལི་ཤེས་རབ་མ་ནིང་བཅས།། འདི་དག་མཚན་མཆོག ་སུམ་བཅུ་གཉིས། ། ཆ་གཉིས་རབ་ཏུ་དབྱེ་བ་ཡིས།། སེམས་ཅན་ཀུན་གྱི་ལུས་གནས་པ།། ཀླ་ཞེས་བྱ་བ་ཆུ་ཡིན་ཏེ།། སྲ་ཞེས་བྱ་བས་ཡིན་ནོ།། ཝ་ཞེས་བྱ་བ་མེ་ཡིན་ཏེ། ཤྭ་ཞེས་བྱ་བ་རླུང་ཡིན་ཏེ།། འབྱུང་བཞིའི་དབྱེ་བ་མ་ནིང་སྟེ། ་ཤེས་དག་པ་ཆེན་པོ་ཉིད། དདག་ལ་མགས་ལ་ཕྱོགས་ཙམ་དང་།། མི་གསལ་བ་ཉིད་རྒྱུད་ལས་འབྱུང་།། རྐྱེན་ཉིད་ཚོགས་གཉིས་རྫོགས་བྱེད་པ།། བསོད་ནམས་བླ་མེད་འབྲས་བུར་འགྱུར།། གཞི་ནི་ཁོང་ན་གནས་པའི་དོན།། སེམས ་ཅན་ཀུན་གྱི་ལུས་ལ་གནས། ། དེ་ཡོད་པས་ན་འགྲོ་ཀུན་ཀྱང་།། ཡེ་ཤེས་སྙིང་པོ་ཅན་གྱུར་པས།། དེ་བཞིན་གཤེགས་པའི་རྒྱུ་རུ་བཤད།། མ་ནིང་ཡེ་ཤེས་དག་པ་ཉིད།། གཉིས་མེད་ཡེ་ཤེས་འབར་བ་ཡི། ཨ་ལ་སྣང་བ་ཐབས་ཀྱི་ཆ།། ་མཆོད་པ་ཀ་སོགས་ཤེས་རབ་ཆེ།། མ་ནིང་ཐོབ་པ་གཉིས་མེད་པའོ།། སྦྱོར་བ་དོན་གྱི་ཡི་གེ་བཞི།། སྦས་པའི་ཚུལ་དུ་བསྟན་པའོ།། ཆ་ནི་སྟོང་པ་ཚེག་དྲག་དང་།། ཐིག་ལེས་བརྒྱན་པ་བདེ་བ་ཆེ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཀུན ་དུ་བཟང་པོ་སེམས་དཔའ་ཆེས། ། གསང་བ་ཟབ་དང་རྒྱ་ཆེ་བའོ།། ལྷག་པའི་གསང་ཆེན་རྨད་ཀྱི་དོན།། བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས།། ཁྱད་པར་ངེས་ཤེས་བསྐྱེད་དོན་དུ།། དཔལ་ལྡན་འདས་པ་རེས་གསལ ་བའི། ། བླ་མེད་དགོངས་རྒྱུད་བཤད་དུ་གསོལ།། དེ་ནས་གས་བ་འཛིན་པ་པོ།། རྡོ་རྗེ་འཆང་བ་ཚུལ་འདི་དག། རྣལ་འབྱོར་རྒྱུད་ཀྱི་སྦས་པའི་དོན།། གསང་བ་རིན་ཆེན་སྙིང་པོ་གསུངས།། གསང་ཆེན་གླིང་བཞིའི་ཁྱད་པར་དང་། རིམ། ་པ་གླེང་སློང་གྱུར་པ་དང་།། གསང་བར་བྱ་བའི་གཞི་གང་དང་།། གསང་བའི་དམ་ཚིག་ངེས་པ་དང་།། གསང་བ་སྒྲུབ་པའི་ཆོ་ག་དང་།། འཇུག་པའི་རྣལ་འབྱོར་ཇི་ལྟར་བསྟན།། གསང་ཆེན་རྣམ་བཤད་ཐབས་དང་ནི།། དེ་ཉིད་དང་འབྲེལ ་བརྗོད་བྱ་གང་། ། བརྗོད་བྱེད་ཐུན་མོང་བསྟན་པའི་ཚུལ།། ལམ་ལ་འཇུག་པའི་དབྱེ་བ་དང་།། གསང་བ་གྲུབ་པའི་འབྲས་བུ་དང་།། གསང་བ་ལྷག་པའི་ལམ་དང་ནི།། གསང་བ་མཆོག་གི་སྤྱོད་པ་དང་།། གསང་ཆེན་རྣམ་པར་བསྡུ་བའི ་དོན། མི་འགྱུར་རྐྱེན་གྱིས་ལྡོག་བྱ་དང་།། དགག་སྒྲུབ་གསང་ཆེན་འབྱུང་བའི་ཚུལ།། ཕྱོགས་དང་ཐུབ་པའི་རྣམ་དབྱེ་བའི།། གསང་བ་འདི་དག་གནས་ཞེས་བྱ།། འདི་ཉིད་འཇུག་པའི་ཚུལ་ཤེས་ནས།། གྲུབ་པ་སྒྲུབ་པའི་ཚུལ་སྤྱོད་དོ།། ་གསང་བ་རྣམ་པར་དག་པ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བསྟན་པ་ཞེས་བྱ་བའོ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། དང་པོའི་མགོན་པོ་བཅོམ་ལྡན་འདས།། དཔལ་མཆོག་གསང་བ་འཛིན་པ་ཡིས།། འདུས་པའི་འཁོར་ལ་བཀའ ་སྩལ་པ། ། གསང་བཟབ་པའི་རྒྱུད་འདི་རུ།། སྤྱོད་པའི་ཚུལ་འདི་ཤེས་པར་བྱ།། དང་པོའི་ས་ནི་པད་མ་ལྟར།། གེ་སར་ཁ་དབྱེའི་འོད་འབར་བའོ།། གཉིས་པ་ཆུ་རྒྱུན་ལྟ་བུ་སྟེ། དྲི་མ་སྦྱོང་ཞིང་འབྱེད་པར་འགྱུར།། གསུམ་པར ་ཏུ་གསལ་བ་ཡི། ། འགྲོ་བའི་སྣང་བ་ཡེ་ཤེས་སྒྲོན།། བཞི་པ་ཡེ་ཤེས་འོད་འཕྲོ་བ།། ཉི་མའི་སྙིང་པོ་ལྟར་འཆར་བའོ།། ལྔ་པ་ཟླ་བའི་དཀྱིལ་འཁོར་ལྟར།། འཛག་དང་སྨིན་ཅིང་སྡུད་པས་སྦྱོར།། དྲུག་པ་སྒྱུ་མའི་གཟུགས་བརྙན ་ལྟར། ། ཆོས་རྣམས་རང་བཞིན་ཤེས་པའོ།། བདུན་པ་ལྟ་ངན་ཕྱོགས་ལས་ནི།། རྒྱལ་གྱུར་སང་གེའི་རྒྱལ་པོ་བཞིན།། ར་བོ་མཆོག་ལྟར་ཏང་འཛིན་རྒྱལ།། ད་སྲད་རླུང་ན་མརྒྷ་དང་།། སྣང་བ་མ་གཡོ་བར་གྱུར་པས།། ་བདག་གི་དངོས་པོར་རབ་ཏུ་བརྟག། ཐབས་ལྡན་བྱང་ཆུབ་སེམས་མཆོག་གིས།། དོན་མཛད་འཁོར་ལོས་སྦྱར་བའི་སྟོབས།། ལགས་ཐོབ་ཕྱིར་མི་ལྡོག་པའི་ལམ།། སེམས་དཔའ་ཆེན་པོ་བླ་མ་ཉིད།། ཇི་སྲིད་སྤེན་ནི་སྣ་ཚོགས ་པ། ཁ་དོག་དབྱིབས་ནི་ཐ་དད་པ།། མཁའ་དབྱིངས་དག་ཏུ་འབྱུང་འགྱུར་ཞིང་།། དེ་ཉིད་དུ་ནི་ལྡོག་པར་འགྱུར།། དེ་བཞིན་རང་བཞིན་ཐམས་ཅ་ཅི།། སྣང་བ་གསུམ་གྱི་རྒྱུན་ཆད་དངོས།། མ་ལུས་ཡུལ་ལ་ཞུགས་ནས་ནི།། དེ་ཉིད་དུ་ནི་རང ་ཐིམ་འགྱུར། ། སྣང་བ་གསུམ་པོ་དག་པའི་ལམ།། རིན་ཆེན་སྤྲིན་གྱིས་འགྲེ་དོན་དུ།། བསམ་པའི་ཚུལ་གྱིས་ཆར་བ་འབེབས།། འདོད་ཆགས་རྣམ་པར་དག་པའི་དངོས།། དེ་ཉིད་བྱང་ཆུབ་སེམས་དཔའི་ཡུལ།། འདི་ལྟར་ཞེ་སྡང་རྣམ ་པར་དག། དེ་ཉིད་བྱང་ཆུབ་སེམས་དཔའི་གནས། གང་དུ་གཏི་མུག་དག་པའི་ངང་།། དེ་ནི་བྱང་ཆུབ་སེམས་དཔའ་ཡི།། སྣང་བ་དག་པའི་ཡུལ་གྱུར་པ།། ཐམས་ཅད་འོད་གསལ་དང་གནས་པའོ།། སངས་རྒྱས་ཐམས་ཅད་མངོན ་འདུས་པའི། ། འོད་ཟེར་སྣང་བ་བསམ་གཏན་མེས།། དྲི་མ་མ་ལུས་སྦྱངས་གྱུར་པས།། མངོན་པར་བྱང་ཆུབ་དག་པའོ།། ཡེ་ཤེས་ཆེན་པོ་དྲི་མ་མེད།། སྣང་བ་མེད་ཅིང་དངོས་མེད་པའི།། མ་འདྲེས་འོད་ཀྱི་སྣང་བ་འགྱེད།། པད་མོ་རིན་ཆེན་གེ ་སར་ལས། ། ནོར་བུ་སྣ་ཚོགས་སྡོང་པོས་བརྒྱན།། མ་རིག་མུན་སེལ་ཆུ་བོའི་རྒྱུན།། ཐབས་དང་ཤེས་རབ་དབྱེར་མེད་པ།། བདེ་ཆེན་ས་ནི་བཅུ་གཉིས་པ།། ནམ་མཁའ་ལྟ་བུར་བདག་མེད་པས།། རབ་ཏུ་མི་གནས་དངོས་མེད་པའོ།། ་ཟུང་འཇུག་ཆེན་པོ་དག་པའི་སྐུ།། ཐམས་ཅད་མཁྱེན་པ་རྟོག་མེད་པ།། སྐུ་གསུམ་རྡོ་རྗེར་གཅིག་པའི་བདག། སར་གྱུར་པ་ནི་བཅུ་གསུམ་པ།། བཙུན་མོའི་བྷ་ག་བདེ་ཅན་དུ།། རང་འབྱུང་འགྱུར་བ་མེད་པར་བཞུགས།། འཕགས ་ལམ་ཡན་ལག་བརྒྱད་པ་གང་། ། དབང་ཕྱུག་བརྒྱད་ནི་དག་པའི་དངོས།། སྒོམ་པའི་ལམ་ནི་འདི་ཉིད་དུ།། ལམ་གྱི་ཁྱད་པར་བསྟན་པའོ།། མཐོང་ལམ་ཡན་ལག་བདུན་ལྡན་པ།། སུ་གསུམ་རྟོགས་བྱེར་ཡན་ལག་བརྗོད།། ་ཚོགས་ལམ་དང་པོ་དག་ལ་ནི།། དྲན་པ་ཉེ་བར་གཞག་པ་གང་།། སྨིན་བྱེད་དབང་གིས་གཞི་བཟུང་བས།། བུམ་དབང་ལུས་ནི་ལྷ་རུ་སྟེ།། གསང་དབང་ཚེར་བ་བདེ་བ་ཉིད།། གསུམ་པ་ཆོས་ནི་ཡེ་ཤེས་དྲན།། ན་པ་སེམས་ནི་དོགས ་དྲན་པ་ཉེ་བར་གཞག་ཕྱིར་བརྗོད། ། ཚོགས་ལམ་བར་པ་ཉིད་ལ་ནི།། ཏིང་འཛིན་མ་སྐྱེས་བསྐྱེད་པ་དང་།། སྐྱེས་པ་བརྟན་ཕྱིར་བོགས་དབྱུང་དང་།། ཡང་དག་སྤོང་བ་བཞི་པོ་དག། དེ་ཉིད་གོམས་པར་བྱེད་པ་ལ།། དགག་དང་བསྒྲུབ་པའི ་ཕྱོགས་གྱུར་པ། ། སྤངས་ཐོབ་རིམ་པར་ལྡན་པར་བརྗོད།། ཚོགས་ལམ་ཆེན་པོར་གྱུར་པ་དག། རྫུ་འཕྲུལ་རྐང་པ་བཞིར་ངེས་པ།། ཆུ་རླུང་རྡོ་རྗེ་མགོན་པོ་ཡེ།། མཱ་མ་ཀཱི་ཡི་རྫུ་འཕྲུལ་གྱིས།། སྙིང་ཁའི་གནས་སུ་ཡང་དག་ལྡན།། མེ་རླུང་པད ་མ་མགོན་པོ་ཡི། ། གོས་དཀར་མོ་ཡི་རྫུ་འཕྲུལ་གྱིས།། གྱེན་རྒྱུ་མགྲིན་པར་བརྗོད་པར་བྱེ།། ས་རླུང་རིན་ཆེན་མགོན་པོ་ཡི།། སངས་རྒྱས་སྤྱན་མའི་རྫུ་འཕྲུལ་གྱིས།། ཐུར་སེལ་གསང་བར་བརྗོད་པ་ཉིད།། རླུང་གི་དཀྱིལ་འཁོར་ལྕི་བར ་ནི། ལས་ཀྱི་མགོན་པོའི་རིགས་དག་པའི།། ལྷ་མོ་སྒྲོལ་མའི་རྫུ་འཕྲུལ་གྱིས།། མེ་དང་མཉམ་པའི་ལས་ཤེས་བྱ།། རེ་རེའང་ལྷ་མོ་བཞི་བཞི་སྟེ།། དཀྱིལ་འཁོར་བཞི་དང་ལྡན་པ་ཡི།། ལམ་དུ་རྫུ་འཕྲུལ་སྟོབས་ཀྱིས་བརྗོད།། གནད་ནི་ནམ ་པ་བའི་དག་སྟེ། ལུས་དང་དུས་དང་ཡུལ་དང་ནི། རླུང་གི་གནད་དུ་ཤེས་པར་བྱ། དང་པོའི་ཡེ་ཤེས་བླ་ན་མེད།། པད་མ་ལྟར་གསལ་རབ་འབར་བ།། ས་ནི་ཐོག་མར་མངོན་པར་བདེ།། རྒྱ་ལ་མ་ཡན་ལག་བདུན་ལྡན་པ།། འཇུག་གནས་རྒྱལ་ས ་རང་བཞིན་བཅས། ། དབང་གིས་འཇུག་དང་རང་བྱིན་བརླབ།། ཕྱི་ནང་གསང་བ་མཆོག་ཏུ་གྱུར།། འབྲུ་གསུམ་ཨེ་བཾ་མ་ཡར་བཅས།། འབྲས་བུ་སྙིང་པོ་ཕྱག་རྒྱ་ཆེ།། རང་བཞིན་མེད་པ་དག་པའི་དབྱིངས།། འོད་གསལ་མངོན་པར་བྱང་ཆུབ་པ། ་ཚད་མེད་སྙིང་རྗེ་བསྡུ་དངོས་ཀྱིས།། ངེས་པར་རབ་གང་མི་དམིགས་པའོ།། སེམས་ཅན་སྣ་ཚོགས་འདུལ་དོན་དུ།། སངས་རྒྱས་རྣམས་ནི་ཡང་དང་ཡང་།། སེམས་བསྐྱེད་གྱུར་པས་ལམ་སྦྱངས་ཏེ། མཛད་པ་དུ་མའི་ཚེ ་འཕྲུལ་རྣམས། རྒྱུན་མི་འཆད་ཕྱིར་སེམས་བསྐྱེད་པའོ།། དྲི་མེད་སེམས་ནི་རྣམ་ཀུན་དུ།། རང་རིག་ཡེ་ཤེས་ཐོགས་མེད་པས།། འགག་པ་མེད་ཅིང་སྐྱེ་མེད་ཀྱང་།། སེམས་ཅན་དོན་དུ་ལབར་ཞིང་ལྡིང་།། བྱང་ཆུབ་སེམས་ནི་མི་ཟད་པ།། དེ་བྱིར། ་ཕྲིན་ལས་རྒྱུན་མི་འཆད། རྣམ་པར་མི་རྟོག་མི་དམིགས་པས།། ཀུན་མཁྱེན་ཡེ་ཤེས་ནམ་མཁའི་དབྱིངས།། གདུལ་བྱའི་ཁམས་དང་འཐུན་པར་འཇུག། སངས་རྒྱས་རྣམས་ཀྱི་སྒྱུ་འཕྲུལ་གར།། དེ་ནི་སྤྲུལ་པའི་སྐུ་ཞེས་བརྗོད། རྒྱལ་བ ་ལོངས་སྤྱོད་རྫོགས་པའི་སུ། ཡོན་ཏན་དུ་མས་རབ་བརྒྱན་ཅིང་།། མཚན་དང་དཔེ་བྱད་དབར་བ་དང་།། ཡེ་ཤེས་སྐུ་ནི་གཞན་དོན་ཕྱིར།། སྡང་བའི་འོད་འགྱེད་དག་པའི་དོན།། རྟག་ཏུ་བདེ་བ་ཅན་དུ་བཞུགས།། བདེ་བ་ཆེན་པོ་དབྱེར་མེད་ཅིང་། ཐབས ་དང་ཤེས་རབ་མི་ཕྱེད་པའི། ། རྣལ་འབྱོར་དབང་ཕྱུག་བཅོམ་ལྡན་འདས།། ཁ་སྦྱར་སྦྱོར་བ་གསང་བ་ཆེ།། རྡོ་རྗེ་པད་མ་མཉམ་སྦྱོར་བ།། མེ་ཏོག་དང་ནི་དེ་ཡི་དྲི།། དབྱེར་མེད་རྟེན་དང་རྟེན་པར་གནས།། མཆོག་ཏུ་དག་པ་བདག་མེད་པ། སྐུ་གསུམ་ཐ ་དང་བསྟན་པ་ནི། གདུལ་བྱའི་དབང་ལ་གྱུར་པ་ཡིན།། ཁྱད་པར་ཡན་ལག་ངེས་པར་ནི།། སྐུ་གསུམ་གཅིག་ཏུ་བསྡུས་པའི་དོན།། སངས་རྒྱས་རྣམས་ཀྱི་གསང་ཆེན་མཆོག། འབྲས་བུ་རྡོ་རྗེའི་ཐིག་པ་ཞེས།། ཐམས་ཅད་མཁྱེན་པས་བཤད ་པ་ཡིན། སྦྱོར་བའི་ལམ་ལས་ཡན་ལག་བཅུ།། རླུང་གི་གནས་སུ་བརྗོད་པར་བྱ།། རྩ་བའི་རླུང་ལྔ་དབང་པོ་ལྔ།། སྟོབས་ལྔ་དེ་ཡི་ཁྱད་པར་ཏེ།། ཡན་ལག་རླུང་གི་གནས་པ་ཡིན།། སྔ་མའི་གོ་རིམ་པ་ལྟོས་ནས།། ཁྱད་པར་གོང་དུ་འཕེལ ་བསྟེ། དང་པ་ལ་སོགས་ཆོས་རྣམས་ཡིན།། འབྲས་བུའི་དུས་སུ་སངས་རྒྱས་ཀྱི།། གསང་བ་ཡེ་ཤེས་སྟོབས་བཅུར་ནི།། གནས་དང་གནས་མིན་མཁྱེན་པ་སོགས།། ཁྱད་པར་ཐོབ་པ་བསྟན་པའོ།། མཐར་ཕྱིན་ལམ་ནི་རྣམ་གཉིས་ཏེ། ་ཐོབ་བ་ང་བ་ཐ་ཡིན། དང་གཏུབས་པ་མེད། པ་དང་མེད་པ་བད་པ་སཔ། འང་བཞིན་དག་པ་གཟུགས་ཅ།། ང་བ་རྣམ་པས་པག། བཉས་དེས་ཅང་པ་དུ་ག། དོག་པ་སྣང་བསཔས ་མངོན་གྱུར། འདིར་ནིང་བོ་ཉིད་མེད་པ།། དེ་ཉིད་ཆོས་རྣམས་ཆོས་ཉིད་དེ།། དེ་ནི་ཡང་དག་མི་སླུ་བ། དེ་ཏོགས་སངས་རྒྱས་ཡིན་ཞེས་བརྗོད།། དུས་གསུམ་རྒྱལ་བའི་ཡེ་ཤེས་ལམ།། སངས་རྒྱས་སྙིང་པོ་བྱང་ཆུབ་སེམས།། སྟོང་ཉིད་སེར ་གེ་རིང་རོ་ཡིས། ། ལོག་པར་ལྟ་བའི་ཚོགས་སྔ་མ་དང་།། དེ་ལས་སྣང་བ་མེད་པའི་དབྱིངས།། སྐུ་གསུམ་ཡོངས་སུ་འབྱུང་དང་པོ།། མ་སྤོ་བ་ཟུང་འཇུག་གཉིས་པ་སྟེ།། དབྱེར་མེད་རིག་པའི་སྐྱེས་བུར་བཅས།། རྒྱས་བཏབ་དྲུག་ལྡན་བདེ་བ་ཆེ་ལྡན ་ཅིག་སྐྱེས་པའི་རོལ་པར་འཆར། ། ངོ་བོ་ཉིད་ཀྱིས་དག་པ་སྟེ།། སེམས་ཉིད་འོད་གསལ་སྙིང་པོ་ཉིད།། ཆོས་སུ་དྲི་མ་མེད་པ་ལས།། ལུས་སྦྱངས་ཡེ་ཤེས་རོ་གཅིག་པ།། རྡུལ་བྲལ་བ་ཅིང་གྲོལ་མེད་པ་ཉིད།། ཏིང་འཛིན་མཉམ་ཉིད་ཐ་དད ་མེད། བྱང་ཆུབ་མཆོག་ཅེས་བསྟན་པ་ཡིན།། འོད་གསལ་དེ་ཉིད་དུས་ཀུན་དུ།། ཆོས་ཉིད་དང་ནི་བསམ་གཏན་དང་།། ལམ་དུ་བྱེད་པའི་ཏིང་འཛིན་ལས།། བརྒྱལ་དང་གཉིད་དང་སྙོམས་འཇུག་ཏེ།། ཐམས་ཅད་ཏུ་ནི་འགྱུར་བ་མེད། 8 ་གིས་འཕྲོག་ཅིང་རང་གིས་སྟེར། ས་བོན་རྐྱེན་དང་ཕྲད་པ་བཞིན།། མྱུ་གུ་རྟེན་འབྲེལ་ཚོགས་ལས་འབྱུང་།། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་དང་ལམ་རྣམ་པར་ངེས་པས་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འདི་ནི་གསང་བ་ཐམས ་ཅད་ཀྱི། ཡི་ག་གནས་ཀྱི་སྟོན་པའོ།། ཤྲཱི་གཉིས་མེད་ཡེ་ཤེས་མཆོག་གྲུབ་པ།། བདེ་ལགས་ཀུན་གྱི་གཞིར་གྱུར་པའི།། དཔལ་ལྡན་རྣམ་པར་ཐར་པའི་འོ།། ཤེས་རབ་སྙིང་རྗེ་དབྱེར་མེད་པའོ།། གསང་བའི་སྙིང་པོ་བླན་མེད།། མཐར ་ཐུག་ཆོས་རྣམས་རབ་འཇུག་པ། ། ཨུ་མའི་རོལ་པ་བསམ་མི་ཁྱབ།། བྱང་ཆུབ་སེམས་ལས་ཀུན་ཏུ་འབྱུང་། བདེ་བ་མཆོག་ལས་མཆོག་གྲུབ་བ། འཁོར་འདས་ཕྲེང་ཐོབ་མེད་པ་ཉིད།། སྲིད་གིཉམ་པ་ཉིད་རྟོགས་པ།། བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ ་ཅན། ། རྒྱལ་པ་རྣམས་ཀྱིས་བསྟན་པའི་ལམ།། བདེ་དོན་སྤོས་མེད་དང་དུ་འདུས།། ཁམས་གསུམ་རླུང་ལས་སྤྲུལ་པ་ནི། རྣམ་པར་ཤེས་པ་ཡུལ་ལ་འཇུག། དེ་ལས་བདག་དང་གཞན་དུ་རྟོག། རྟེན་བཅས་རང་སྟོང་གཡོ ་ཡིན་འདིར་ནི་རླུང་སེམས་འདྲེས་པ་ལས། ། སྤང་བ་གསུམ་ཀྱི་རང་བཞིན་འཆང།། རྡུལ་འབྱོར་བླད་ཀྱིས་བདག་ང་གཞན། དང་མ་ཏོག་སུང་བཿ།། ཀན་གྱིས་པར་གྱུར་པ་ནི།། མཆོག་གི་བྷགས་ཆེན་པའི་གནས། ཀུན་རྫོ་བསྣང་བ ་ཚོགས་པ། ། ངོ་བོ་ཉིད་ཀྱིས་རང་སྟོང་པ།། གནས་གསུམ་ཚུལ་ནི་རྒྱུད་གཞན་ལས།། སྙིང་པོ་འོད་གསལ་མངོན་བྱང་ཆུབ།། སྒྱུ་མ་ལྟ་བུའི་ཡུལ་ལས་གཞན།། ཏིང་འཛིན་ངེས་པར་འདིར་བསྟན་པའོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ་གསང་ཆེན་རྒྱལ་པོ་ཟུང་འཇུག་ལམ།། སུ་གསུམ་དབྱེར་མེད་ནམ་མཁའི་དང་།། ཡེ་ཤེས་ཐ་སྙད་ལས་འདས་པའོ།། ཡོན་ཏན་རྫོགས་ཤིང་ཀུན་དབང་སྐུར།། མཆོག་ལྡན་རྒྱལ་པོ་མཛེས་ཤིང་འབར།། ཟབ་དང་རྒྱ་ཆེ་གཉིས་སུ་མེད།། ང་གི ་གཉིས་མེད་ཆེན་པོ་ཡིན། ། རྩ་བའི་རྒྱུད་ཀྱི་དགོངས་པ་ནི།། ཡང་དག་ཉིད་ཏུ་རྣམ་བཤད་པ།། ལྷ་མོ་རྣམས་དང་སྐྱེས་བུ་ཡི།། གསང་བའི་རྒྱུད་འདིར་གཉིས་མེད་བརྗོད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུག ་ཀ་ཡི་གསང་བ་གསང་བ་འདུས་པ་ལས་གཉིས་སུ་མེད་པར་སྟོན་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་གྱི་གནས་ངེས་པར་བསྟན་པ་མཆོག་ཏུ་མི་འགྱུར་བའི་ཡེ ་ཤེས་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་ཉེར་གཉིས་པའོ། ། །། བརྟག་པ་གཉིས་པ་རྣམ་པར་ངེས་པ་གསལ་བ་ཞེས་བྱ་བ་སྟེ་གསང་བའི་དཔལ་མཆོག་ཆེན་པོ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྗོད་པའོ།། དེ་ནས་རྒྱལ་པོ་རྡོ་རྗེ ་འཛིན། ། སྐུ་གསུམ་མཆོག་ཏུ་བརྟག་པ་ཉིད།། མི་འགྱུར་རྡོ་རྗེ་གསུམ་གྱི་དང་།། བརྟན་ཞིང་མཆོག་ཏུ་བཟང་པོ་ཆེ།། སྙིང་པོ་བྱང་ཆུབ་བླ་མེད་པས།། གསང་བ་དམ་པ་བཀའ་སྩལ་ཏོ།། གསང་བ་ཆེན་པོའི་དཀྱིལ་འཁོར་ར།། རྣམ་པ ་རྨྨ་ས་དུ་དགུ་རྒྱུ་། 5། ་ཡ་མ་བྱམས་ས་ད། ས་མ ་མཁའ་ང་ག། འཇིག་རྟེན་དཔང་ཕྱུག་འདས་པའི་བྱངས། བས་ཀུན་དུ་ཟུང་བསྟེ།། སེམས་དཔའ་བརྙ་ན་མྦྷ་མས།། རྒྱལ་བ་ཞིང་ལྡན་ས། ལནང་དྲི་ཤོ། བྱ་ཨཱ་དསས་འོམ་།། ་སྲན་རྒྱབཅིག་གིས།། བ་ཀྱིལ་འཁོར་བསྡུས་པ་ཡིན།། ཕྱག་ན་རྡོ་རྗེ་དེ་བ་བཅུར་ག། ཚངས་སཚས་ཀྱི་ཁོ་ས་སྷོ།། སུམ་བཅུགསམ་པར་གནས་པའོ།། ས་སཿས་རྣམས་ཅད་ཀྱིས་ང ་ང་པ་ཤེས་སྤྱོན་པཞེས་བྱ་བ་ཏིང་ངེ་འཛིན་ཉིད་སུ་མངོན་པར་བརྗོད་པའོ། ། དེ་ནས་དེཔཞིན་གཤེགས་པ་མའི་ཟླ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་གསུང་དང་ཐུགས་དེ་རྗེ་མི་མིགས་པའི་ཡེ་ཤེས་འཐུང་། ་ཤེས་ཟླ་བའི་ཏིང་ངེ་འཛིན་ལ་སྙོམས་པར་གྲགས་ནས་བྱང་ཆུབ་ཀྱི་སེམས་འད་གསུངས་སོ།། ཆོས་རྣམས་དུ་མར་སྣང་བའི་དངས།། སྔོན་ཤིང་འབྲས་བུ་ལྡན་པ་བཞིན།། ཟླ་བའི་དབྱེ་བ་ཤེས་པར་བྱ། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཤིན་དུ་གཟིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྤྱོད་ཚུལ་ཀུན་དུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འཛགས་ནམ་མེད་ན་མའི་མཁའ་ལྟ་བུར། ། མི་རྟོག་པ་བླང་འོད་གསལ་པ།། དོན་དམ་དམིགས་མདང་བ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཤེས་འབར་བས་རབ་ཏུ་བརྒྱན་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་དག་པར་སྡོམ་པའི་དི་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ག་རུ ་ཆོས་རྣམས་དངོས་མེད་ཅིང། ། དེ་བ་ཉིད་དག་ཡེ་ཤེས་ཏེ།། བདེན་པ་འདིས་ན་ཁྱབ་པར་བྱེད། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་འོད་ཀྱི་རྒྱལ་པོ་སངས་རྒྱས་ཐམས་ཅད ་ཀྱི་མཉམ་པ་ཉིད་ཡེ་ཤེས་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བ་སྐྱུག་བྲོ་རྨོངས་པ་ཅན།། རབ་རིབ་ལྡན་པའི་རྟོག་པ་ཉིད།། དེ་བཞིན་གཤེགས་པའི་ཡེ ་ཤེས་མཆོག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རི་རབ་བརྩེགས་པའི་རྩེ་མོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལྟར་མི་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔག་མེད་ཡེ་ཤེས་རྒྱལ་མཚན་ཏོག། ཡི་དེ་བཞིན་ནོར་བུའི་སྙིང་པོ་ལས།། རང་གཞན་བདེ་ཆེན་གནས་མཆོག་འགྲུབ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ལྷའི་ལྷ་སངས་རྒྱས་ཐམས་ཅད་ཀྱི་གཟི་བརྗིད་མཐའ་ཡས་པའི་འོད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྒྱལ ་བ་མ་ལུས་ཀུན་གྱི་གསང་། ། ཡེ་ཤེས་རོལ་པ་བདེ་བ་ཆེ།། ཐ་དད་སྤངས་པའི་ཏིང་ངེ་འཛིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་གནས་གཟིགས་པ་དག་པའི་དབྱིངས་ཀུན་ནས་སྤྲིན ་གྱི་སྣང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བླ་ན་མེད་པའི་བྱང་ཆུབ་སེམས།། ཚད་མེད་བདེ་བའི་ཆར་འབེབས་པ།། རང་འབྱུང་ཡེ་ཤེས་རྒྱལ་པོ་ཉིད།། བྱང་ཆུབ་ཚུལ ་འདི་བ་རྟན་པོའོ་། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསས་པ་རྫོགས་པ་དཔལ་རྒྱལ་པོ་བདེན་པ་གཉིས་སུ་མེད་པའི་བོ་ཀུན་དུ་འབྱུང་བདྲོ་ཞེས་བྱ་བའི་ང་འཛིན་ལ་གོབས་པར་ཐུགས་ཀྱང་ན ་སེམས་འདི་གསུངས་སོ། ། དིན་རྒྱལ་བ་མ་ལུས་པའི།། ཡེ་ཤེས་སུ་སྟེ་སྔོན་མེད་པ།། བསམ་པ་ཅཝོ་ལ་ཡུལ་ལས་སྡང་།། བྱང་ཆུབ་ཚུལ་འདི་བཞིན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད ་དཔལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ས་ཡེ་ཤེས་ཅིར་མི་ཏོག། ནམ་མཁའཛི་མེད ་མཐའ་ཁྱབ་སོང། ནས་ཏོག་ཡེ་ཤེས་མེ་འབར་སུ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་རྟོག་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་དབྱིངས་སངས་རྒྱས་ཐམས་ཅད་ཅི་ན ་ཁམས་རིན་པོ་ཆེའི་སྤྲིན་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མ་མེད་པ་དག་པའི་ཞིང་།། པད་མོ་རྒྱས་པ་སྣང་བའི་དབྱིངས།། རིན་ཆེན་འོད་འཕྲོ་མི ་ཟད་དང་། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྲ་བའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་རོལ་པ་སྟོན་པའི་དཔལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་འོད་ཀྱི་ཕྲེང ་བ་དམ་པའི་དཀྱིལ་འཁོར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཀྱིལ་འཁོར་ཐམས་ཅད་སེམས་སུ་གཅིག། དེ་ཉིད་ཡེ་ཤེས་དག་པའི་དང་།། དབྱེར་མེད། ་རྟག་པའི་ཚུལ་མཆོག་སྟེ།། བདེ་གཤེགས་གསང་བ་འབྱུང་བའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྤྱན་ཡངས་སངས་རྒྱས་ཐམས་ཅད་ཀྱི་མངའ་དབང་དམ་པ་རྣམ་པར་འཕྲུལ་པ་དྲི་མ་མེད་པའི ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་ཀུན་གྱི་ཡེ་ཤེས་དབྱིངས།། གསང་བ་འགྲོ་སྙིང་རྣམ་དག་པས།། བྲང་དོར་མེད་པའི་བདེ་བ་ཐོབ། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་དབྱེས་པའི་སྐུའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་དབྱངས་ཀུན་དུ་སྒྲོག་པའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། གཟུང་འཛིན་རྟོག་པའི་དཔའ་རླབས་ཀུན།། དབུ་མར་གཅིག་ཏུ་ཐིམ་གྱུར་པས།། ཡེ་ཤེས་རྒྱས་པའི་སྙིང་པོ་དབྱེ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད ་པཆོས་ཀྱི་འོད་ཟེར་འབྱུང་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་ཡེ་ཤེས་འབྱུང་བ་དམ་པ་ཞེས་བྱ་བའི་ཏིང་འཛི་ལ་སྙོམས་པར་ཞུག་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ཏུ་སེང་གེའི་རྩལ་གྱིས་ནི།། ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས ་ཡོངས་སུ་བསྡུ་བའི་ཏིང་ངེ་འཛི། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་གསལ་བའི་ཡོན་ཏན་འབྱུང་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པའི་ཡོན་ཏན་དུ་མ་སོན་པ་མི་ག་ནས ་བཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ནས་སྣང་བ་མེད་པའི་ང་།། རྟོག་པས་བསྐྱེད་པར་མི་འགྱུར་བ།། མཉམ་ཉིད་ཡེ་ཤེས་ལྷུང་དེ་བཞུགས།། བྱང་ཆུབ་ཆུལ་འ ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཟླ་བའི་རྣམ་མཔའ་བརྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྨྲ་བའི་རོལ་པ་སྣ་ཚོགས་སུ་སྟོན་པ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུ ་ཀྱིསེམས་འཇིགསུང་སོ། ། འབྱུང་བ་རྣམས་དང་སྲོག་བཅས་དང་། མཐང་ཏུ་ལྕགས་སུམ་ཐན། ད་བཞིན་ལས་སྣང་བ་ཡིན། བྱ་ཆུབ་རྒྱལ་འདི་བསྟན་པའོ་གས་གསུངསསོ། དེན་ས་དེ་བཞིན་གགགས་བཀུན་དུའི ་མེ་མེད་པའི་དེད་ཆེན་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་བགནས་པར་སྤོང་བ་ནི་ཞེས་བྱ་བ་ཏིང་ལན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་བ་སེམས་འདི་གསུངས་སོ། གང་དུལུས་ཅན་རྣམས་ཅད། ་དུས་ལ་བ་འགྱུར་ན། ནམ་མཁའ་ལས་ཀྱང་སྨྲ་བྱུང་ནས།། ཆོས་ཀྱི་འབྱུང་གནས་དེར་སྟོན་མཛད།། ས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དེན་ཆེན་དཀོ་པའི་ཏེག་རང་འབྱུང་དུ་འཆར་བའི་ཡེ་ཤེས་རོལ་པ་རྡོ་རྗེནསཿ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་རང་འབྱུང་སྟོན་པའོ།། ཡེ་ཤེས་འཇུག་པ་འབད་མེད་པར་ཐོབ་བྱ་བྱང་ཆུབ་སེམས་དཔའ་རྣམས།། རང་རིག་དང་ལས་རྙེད་པར་འགྱུརཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམ་པན་པར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཀུན་དུ་སྟོན་ཅིང་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དུས ་གསུམ་པ་ཡི་སངས་རྒྱས་རྣམས། ། དཀྱིལ་འཁོར་བསྡུས་པའི་འཁོར་ལོ་དག། གདུལ་བྱའི་བློ་ཡིས་མཐོང་བར་བྱེད།། དེ་ཉིད་བསམ་པའི་ཚུལ་གྱིས་འབྱུང་།། ཞེས་གསུངས་སོ།། སངས་རྒྱས་བྱང་ཆུབ་རྡོ་རྗེ་འཛིན།། ཚེ་འདིས་འགྲུབ ་གྱི་གཞན་དུ་མིན། ལུས་ངག་ཡིད་ནི་ལེགས་གནས་པ།། མེད་པར་འགྲུབ་པར་མི་འགྱུར་གསུངས།། གསུངས་ཅིག་རྡོ་རྗེ་འཛིན་པ་ཆེ།། ཐུབ་པ་ཆེན་པོ་རྣམ་པར་རྒྱལ།། གཉིས་མེད་མཉམ་པའི་རྒྱལ་པོ་ཆེ།། འདོད་པའི་ལོངས་སྤྱོད ་རྒྱུན་མི་འཆད། ། འདི་མེད་རོལ་པ་རྒྱུ་མེད་འགྱུར།། ཇི་ལྟར་འདོད་པ་ཉེར་བསྟེན་པ།། ཞེན་མེད་ཡེ་ཤེས་ལོངས་སྤྱོད་པ།། བདེ་བར་བསྟན་པས་སངས་རྒྱས་འཐོབ།། ཅེས་གསུངས་ཏེ།། ཡང་དག་པའི་ལོངས་སྤྱོད་པའི་ཏིང་ངེ་འཛིན་ཏོ།། དུས་གསུམ། ་ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་པ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཤིན་ཏུ་བདེ་བ་ཆེན་པོའི་གནས་མངོན་པར་སྟོན་པའི་བ་སྐྱེ་ཏོར ་གསུམ་པའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མི་ཟད་པའི་ཡེ་ཤེས་རབ་ཏུ་འབྱེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའི་གནས་མི ་འབྲར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དྲ་དམིགས་པ་ཀུན་བྲལ་བའི།། སྙིང་རྗེ་ཆེན་པོའི་འོད་ཟེར་གྱིས།། ཡུལ་རྣམས་སྒྱུ་མར་སྤྱང་བར་བྱ། བྱང་ཆུབ་ཚུལ་འདི་བསྟན་པ། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་གཟི་བརྗིད་མཚུངས་པ་མེད་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས། ་འདི་གསུངས་སོ།། གང་དུ་སྟོང་ཉིང་ཆོས་ཀྱིས།། དེ་ཉིད་སྙིང་རྗེ་དབྱེར་མི་ཕྱེད།། འབྲས་བུ་སྙིང་པོ་བྱང་ཆུབ་སེམས།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དུས་མཁྱེན་དཔལ་སངས་རྒྱས་ཐམས་ཅད ་ཀྱིས་གདུགས་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྲོ་བ་མ་ལུས་ཀུན་གྱི་སྙིང་།། མི་ཤིགས་ཡེ་ཤེས་གཅིག་པར་བཞུགས། འགྲེ་འོང་མེད་ཅིང་ཁྱབ་པར་འབྱུང་། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་སྟོབས་མཆོག་སེང་གེའི་སྐུ་ཅན་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བ་ཀུན་ལ་རང་བཞིན་གྱིས་དབང་བསྐུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ངོ་བོ་ཉིད་ཀྱིས་དུས་གསུམ་དུ། ཕྱོགས་བཅུའི་སེམས་ཅན་མ་ལུས་པ།། རྒྱལ་བ་ཀུན་གྱིས་དབང་བསྐུར་མཛད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རྣམ་པར་སྦྱང་བའི་མཁས་པའི་བློ་ཅན་སངས་རྒྱས་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས ་གསུམ་སྐྱེས་འགྱུར་ལུས་ཅན་གྱི། ལུས་ངག་སེམས་ནི་མི་དམིགས་པར།། བྱང་ཆུབ་སྙིང་པོར་དབང་བསྐུར་མཛད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་བར་དཀའ་བའི་བློ་ཅན ་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བ་རྣམས་ལ་ཡང་དག་པར་རྟོགས་པའི་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱིས་ཡེ་ཤེས་དང་།། རྟག་ཅིང་ཁྱབ་པའི ་ཚུལ་དུ་བསྲུད། དེ་ཉིད་རྣམ་དག་དབང་བསྐུར་མཆོག། བྱང་ཆུབ་ཆུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་མི་ཟད་པ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་འཚེ་བ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གླང་ཆེན་མྱོས་འདྲའི་སྤྱོད་སྤངས་ནས།། བར་སྣང་བྱ་བཞིན་རྗེས་ཆགས་མེད།། ཐམས་ཅད་དུས་སུ་སྙོམས་པར་སྤྱད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཏོག་གི་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་བསོད་སྙོམས་སྤྱོད་པ་དྲན་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་གྲོང་ཁྱེར་རྒྱུབ་སོགས།། སྣ་ཚོག ་སྤྱོད་ལམ་བག་ཡོད་པས། དྲན་པས་མ་ཡེངས་གཞན་དོན་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་ཆེན་ཐོབ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ལམ་རྣམ་པར་དག་པའི་དཔལ་ཞེས་བྱ་བའི ་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་འགྲོ་དང་འཆག་པ་དང་། ཉལ་དང་ཟས་ཀྱི་དྲིས་ལ་སོགས།། བྱང་ཆུབ་སེམས་ཀྱི་དང་ལས་ནི། མ་ཡོངས་ཚུལ་བཞིན་སྤྱད་པར་བྱ།། ནས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་མཐའ་ཡས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས།། རྡུལ་བཞིན་མ་ཡིན་ནམ ་སྤངས་ནས། ག་མེད་གནས་ལས་བཟློག་པར་བྱ། འདིན་ཡེ་ཤེས་བདུད་ཅི་ཡིན།། བྱང་ཆུབ་ཆུལ་འདི་བསྟན་པའོ། ས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་རྣམ་པར་དག་པའི་དང་ལ་སང་ས་རྒྱས ་ཐམས་ཅད་ཀྱི་སྟོང་བདག་པའི་རྗེང་པ་དེ་རྗེ་ཞེས་བྱབ་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུལས་སེམས་པདག་ནས་ཤིང་།། ལྡོག་པ་མེད་པའི་བཅོན་འགྲུས་ཀྱིས། ཤཱ་བའི ་ལས་སྤེལ་བར་བྱ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་དེ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ལྟ་བ་རྣམ་པར་དག་པའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྒྱུ་དང་འབྲས་བུའི་ཆོས།། ཆུད་མི་ཟ་བ་ངེས་འབྱུང་ཕྱིར།། ཤིན་ཏུ་དག་ཚེ་སྡུག་བསྔལ་འགྱུར།། དེ་ཉིད་ཕྲ་བ་རྟོགས་པར་དཀའ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་མཐུ་སྟོབས་མཐའ་ཡས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཚུལ་བཞིན་མ་ཡིན་རྣམ་སྤངས་ནས།། བག ་མེད་གནས་ལས་བཟློག་པར་བྱ། ། འདི་ནི་ཡེ་ཤེས་བདུད་རྩི་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོ་ཆེན་པོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ལྟ་བ་ཡང ་དག་པ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དག་པའི་འབྲས་བུ་བདེ་བ་སྟེ།། མ་དག་པ་ལས་སྲིད་པར་ལྟུང་།། རྣམ་པར་ངེས་པས་ཡེ་ཤེས་ཆེ།། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ལམ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས། ་ས་རྣམས་ཀྱིངས་འབྱུང་ལ་ས། དེནི་ཐར་པའི་རྒྱལ་མཚན་ཏེ། རང་སེམས་དག་བརྟུལ་ཁྲིམས་མཆོག་ཏུ་ནུ་ཅུལ་འདི་ན་པ་པ་ནས་གསུང་ག་དེ་ན་དེ་བཞིན་གཤེནས་པ་དན་ས་གཏསས་སརྒྱས་ཐས་ཅ་ཀྱི་མེད་ནས ་མ་ཟད་པའི་གཏེར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བླ་ན་མེད་པའི་ནོར་བུ་ནི།། ཞེན་མེད་ཡེ་ཤེས་རྒྱ་མཚོ་ཆེ།། ཀུན་དུ་ལོངས་སྤྱོད་རང་ལས་འབྱུང་། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འབར་བའི་འོད། སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བ་སྐྱོབ་པ་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། བྱང་ཆུབ་ཡེ་ཤེས་ནམ་མཁའ་ལྟར།། བདག་མེད་ཕུང་པོ་ལ་སོགས་སྟོང་།། སྟོང་ཉིད་སྒྱུ་མས་སྙིང་རྗེར་གནས།། དེ་ཉིད་ཚུལ་འདི་བསྟན་པའི་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྙིང་པོ་ཐུགས ་ཡངས་སངས་རྒྱས་ཐམས་ཅད་ཀྱིས་གནས་པ་མེད་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཐུགས་ནི་ཆོས་ཀྱི་དབྱིངས།། འགྱུར་བ་མེད་ཅིང་ཀུན ་ཏོག་བྲལ། ། མི་གཡོ་མཚན་མ་མེད་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་སྐེས་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་གདུང་བ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་ཤེས་ཉོན་མོངས་ནད་ཀྱིས་གཟིར།། དེ་སེལ་དམ་པའི་བདུད་རྩི་བསྟེན།། བླ་མེད་ཐུགས་རྗེའི་སྨན་གྱིས་གསོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ་དེ་ན་པ་དེ་བཞིན་གཤེགས་པ་ལྷ་ཆེན་པོ་ནོར་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རོལ་པ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་སེམས་འདི་གསུངས་སོ།། འཕགས་པ་རྣམས་ཀྱིས་སྦྱངས་པའི ་ལག། ནང་ལས་འབྲང་གི་ཕྱེ་ལས་མིན། དེ་ཉིད་འབྲས་བུ་མཆོག་ལས་སྐྱེས།། བྱང་ཆུབ་ཚུལ་འདི་བསྟན་པའོ། ཞེས་གསུངས་སོ། དེ་ནས་དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་སངས་རྒྱས་ཐམས་ཅད་དཀྱིགས ་སྔགས་ཀྱི་ཚུལ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་འདིར་ནི་ཁྱབ་པར་བྱིན་རྫོབ་ཅིང་། དཔག་མེད་བདེ་བར་གཤེགས་པ་ཡིས། དུས་དྲུག་ཏུ་ནི་བྱིན་གྱིས་རློ། བྱང་ཆུབ་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། གཉིས་མེད་ཡེ་ཤེས་དག་པ་ལས།། ཅིསྟེ་མིན་ན་ལོག་པ་ལྟར།། དེ་བས་སྡུག་བསྔལ་བ་རྒྱུད་མ་ལས།། མཐར་ཕྱིན་སྔགས་ཀྱིས་བྱིན་རླབས་པའི།། མཁས་པ་དག་ནི་ཡེ་ཤེས་སྤྱོད།། ཇི་ལྟར་ཆུའི ་ཐིགས་པ་ནི། ། རྒྱ་མཚོ་བབ་ན་ལན་ཚྭར་གྱུར།། ལན་ཚྭ་འོ་མའི་མཚོར་ཞུགས་པས།། དེ་ཉིད་སླར་ཡང་བདུད་རྩིར་འགྱུར།། ག་པས་དྲུག་མེད་བྱས་ནས་ནི།། ཡེ་ཤེས་བདུད་རྩི་ལོངས་སྤྱོད་པའོ།། རྡོ་རྗེ་བདུད་རྩི་འབྱུང་བཞིས ་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཀུན་གྱི ་ཡེ་ཤེས་ཀྱི་བདུད་རྩི་བསྟན་པའི་ལེའུ་ས་ཉེར་བུཞི་པའོ། ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དཔག་མེད་སྟོབས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། བདག་པོ་དེ་ཉིད་ཀུན་འདུས་པ།། རིག་པའི་རྒྱལ་པོས་བྱིན་གྱིས་རློག། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ། ་བཞིན་གཤེགས་པ་མཆོག་ཏུ་སྲེད་པ་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱིས་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྒྱལ་བ ་ཀུན་གྱི་དགོངས་པ་རྣམས། ། སོ་སོའི་རིག་པའི་རྩལ་གྱིས་ནི།། སྙིང་པོ་གཅིག་པར་ཤེས་པར་བྱ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཅོམ་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་རྔ་སྒྲའི ་དབྱངས་ཀྱིས་འགྲོ་བ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཞིང་ཁམས་སྦྱོང་བ་དང་།། གང་དུ་འགྲོ་བ་འདུལ་བ་དག། ནམ་མཁའི་དབྱིངས་ཀྱིས་ཀུན་དུ ་བརྔུ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། ཆོས་རྣམས་རང་བྱུང་སྟོང་ཉིད་སྒྲ།། གདུལ་བྱ་མོས་པའི་སྣང་བ་ལ།། སངས་རྒྱས་རྣམས་ཀྱིས་ཀུན་དུ་བསྒྲགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེ་གནས ་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་ཟབ་པའི་གནས་མི་ཕྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཟག་མེད་འོད་གསལ་བ།། སྐྱེ་བ་མེད་ཅིང་ཤིན་དུ་པྲ། ་མཚན་ཉིད་དངོས་པོས་སྟོང་པའི་ཆོས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་གཙ་བོ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མི་ཟད་པ་འབྱུང་བ་རྡོརྗེ་རྗེ་ཞེས་བྱ་བའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་སེམས་ཅན་སེམས་རྒྱུད་ནི།། དེ་བོ་ཉིད་ཀྱིས་རང་སྟོང་པས།། མི་བྱེད་ཡེ་ཤེས་གནས་པ་འོ།། བྱང་ཆུབ་ཆུལ་འདི་བསྟན་པའོ་ཞེས་གསུངས་སོ། དེ་ནས་དེ་བཞིན། ་གཤེགས་པ་འགྲོ་བར་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་འབྱུང་བ་དེརྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིསེམས་འདགེ་སུངས་སོ།། ཀུན་དུམ་སྨིན་སྨིན་བྱེད་དང་། སྨན་པ་སྒོམ ་ཕྱིར་འབད་པ་སྟེ། ། ཡེ་ཤེས་སྤྱོད་པ་བྱང་ཆུབ་ཆེ།། གསང་བ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཕལ་ཆེན་རྒྱལ་བ་ཀུན་ཏུ་རྟོག་པ་ངེས་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་མི་རྟག་སྐད་ཅིག་མ།། དེ་ཉིད་སླུ་བའི་ཆོས་ཅན་ཕྱིར།། འཛིན་པ་མེད་པའི་གནས་ཤེས་བྱ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་མཐའ ་ཡས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ངོས ་ཉིད་ཀྱིས་དག་པའི་དངོས། ། དབུ་མ་ཡེ་ཤེས་རྟོག་བྲལ་བས། མཐའ་ལས་འདས་པ་ཟུང་དུ་འཇུག། གསང་བ་གཉིས་མེད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་དོན་གྱི་བློ ་གྲོས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་སྐྱེ ་པ་མེད། ། ཆོས་གང་འགག་པར་འགྱུར་བ་མེད།། རྣམ་པར་རྟོག་པ་རབ་ཞི་པ།། དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བླ་མེད་སྨན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས ་རྟོག་པའི་དྲ་བ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོག་མ་ཐ་མ་མེད་པའི་བདག། རྟོག་པ་མེད་ཅིང་དམིགས་མེད་པས།། མཐའ་ཡས་དྲི་མ་མེད་པའི་སྐུ་སྙིང་ས ་བྱང་ཆུབ་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྲིད་པའི་གདུལ་དཀའ་བ་སྤངས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྲུག་སྒྲའི་དབྱངས་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྙིང་པོ་རྡོ་རྗེ་སྟོང་ཉིད་དང་།། དབྱེར་མེད་ལྷན་ཅིག་སྐྱེས་པའི་བདག། རྟོག་པ་མེད་ཅིང་དམིགས་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པ་དག་པའི་སྟོབ་རིམས་ནད་མེད་པ་སངས་རྒྱས་ཐམས་ཅད་ཀྱི་སེང་གེའི་སྒྲ་སྒྲོགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ནད་རྣམས་བྱ་བའི་གཞི།། ལས་དང་ཉོན ་མོངས་ཏོག་ལས་སྤྱད། དེ་ཉིད་གནས་ལས་དག་པར་བྱ།། ཐམས་ཅད་ཡེ་ཤེས་སྤྱོད་པས་སྦྱང་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་པར་སྣང་བའི་དཔལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལྗོན་ཤིང་དག་པའི་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག། གསང་བ་ཟབ་དང་རྒྱ་ཆེའི་དབྱིངས།། སྤང་བླང་མེད་པར་གྲོལ་བ་ཉིད།། གཉུག་མ་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ། ་དེ་ནས་དེ་བཞིན་གཤེགས་པ་གྲགས་པས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་དོན་སྒྱུ་འཕྲུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྒྱུ་འཕྲུལ་ཆེན་པོ་ལྷག་པའི ་ལྷ། ། གཅིག་ལས་དུ་མར་སྣང་བྱེད་ཅིང་དེ་ཉིད་དུ་མང་ཡོས་གྱུལག་འཕྲུལ་བྱང་ཆུབ་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་འཛིན་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འབྱུང་བ་རྣམས་དང་ཁམས་གསུམ་དང་།། རྣམ་ཤེས་ཡེ་ཤེས་ཁམས་འདུས་པ།། རྟེན་དང་རྟེན་པ་བྱུང་བར་བྱ།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དནསར་བནན་གཤེགས་པ་སྐྱེས་བུས་བྱིན་སངས་རྒྱས་ཐམས་ཅད་བྱས་ཤེས་སུ་བྱས་སྤང་བ་བན་སྟོན་པ་དརྗེཞེས་བྱ་བ་ཏུང་དེ་འཛིན་པ་སྙོམས་པར་ཟུགས་ཏེ་ཀྱང་ཆུབ་ཀྱིསེམས་འདགསུངས་སོ།། ཁྲིང་བདག ་པས་སྣང་བ་དག། རང་ལུས་དག་པས་རྣམ་ཤེས་དག། ཡེ་ཤེས་སྤྱོད་པས་རྣམ་པར་སྦྱང་།། འདི་ནི་རྡོ་རྗེའི་ཚུལ་མཆོག་ཡིན། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྔ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཟླ་བའི་སྣང་བ་སྟོན་པ་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྨི་ལམ་དག་པར་ནི།། རྡོ་རྗེ་བློ་ཡིས་རྣམ་པར་སྦྱང་།། དེ་ཉིད་ཡེ་ཤེས་རྒྱལ་བ་ཡིས།། བདུད་ལས་རྣམ་པར་རྒྱལ་བར་བྱ།། ཞེས་གསུངས་སོ།། དེ ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་ཕལ་ཆེར་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་གསང་བ་པད་མོ་རྣམ་པར་རོལ་པ་ཡི་འོད་ཟེར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཞིང་ཁམས ་ཀུན་གྱི་སྣང་བའི་གནས། ། རིན་ཆེན་འོད་ཀྱིས་རྣམ་པར་སྤྲས།། སྒྱུ་མ་ཙམ་དུ་སྟོན་པ་ཉིད།། སྙིང་པོ་ཡེ་ཤེས་གཞིར་གྱུར་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ཞིང་མ་ལུས་པར་བཀོད། ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྒྱལ་བ་རྒྱ་མཚོ་སྤྲིན་ཚོགས་ལས།། དུས་གསུམ་ཀུན་ཏུ་དགེ་བ་ཡི།། ཞིང་ཁམས་ཡེ་ཤེས་འོད་ཀྱི་སྐུ།། ཆོས་རྣམས་སེམས་ཀྱི་སྣང་ལས་འབྱུང་།། ཞེས ་གསུངས་སོ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། གསང་བའི་དབང་ཕྱུག་བཅོམ་ལྡན་གྱིས།། ཡེ་ཤེས་སྤྱོད་པས་བསྒྲུབ་པ་ཡི།། ལྷན་ཅིག་སྤྱོད་པ་བཀའ་སྩལ་ཏོ།། ཇི་ལྟར་མི་གནས་ནམ་མཁའ་ནི།། ཁྱབ་ཅིང་མཚན་ཉིད་མེད་པ་ཉིད།། དོན་མ་དེ་ཉིད་དམིགས་མེད་དེ།། ་བརྗོད་པ་སྤངས་པ་སྟོང་པ་ཆེ།། མི་ཤིགས་གསང་བ་བླ་ན་མེད།། ཀུན་དུ་བཟང་པོ་ཞེས་གྲགས་པ།། རྣལ་འབྱོར་དབང་ཕྱུག་ཕྱག་རྒྱ་ཆེ།། ཡེ་ཤེས་རྟག་པས་ཆོས་ཀྱི་སྐུ།། མེ་ལོང་ནང་གི་གཟུགས་བརྙན་གང་།། རྣམ་པ་གསལ་བར་འཆར་བ ་ལྟར། ། ཇི་ལྟར་སངས་རྒྱས་ཡེ་ཤེས་ནི། སྣང་བ་མེ་ལོང་ལྟ་བུར་བརྗོད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཡེ་ཤེས་རང་རིག་གཞན་རིག་པ།། ཐ་དད་མེད་པར་ཐུགས་ཆུང་པས།། དེ་ཉིད་མཉམ་ཉིད་ཡེ་ཤེས་བརྗོད། གདོང ་ནས་དག་ཅིང་སྐྱེ་བ་མེད། ། རང་བཞིན་གྱིས་ནི་འོད་གསལ་བ།། ཕན་ཚུན་ཁྱབ་པའི་ཡེ་ཤེས་ལ།། སོ་སོར་རྟོག་པ་ཞེས་བརྗོད་དོ།། ཀུན་ནས་མ་ལུས་སངས་རྒྱས་ཀྱི།། མཛད་པ་སྣ་ཚོགས་ལ་སྤྱོད་པས།། བདེ་བར་གཤེགས ་གནས་ཅིག་མཛད་པས། ། ཁྱབ་པ་ནན་ཏན་ཡེ་ཤེས་བརྗོད།། གང་ཆེ་ཉོན་མོངས་ཤེས་བྱའི་སྒྲིབ།། ཐམས་ཅད་ལས་གྲོལ་དེ་ཡི་ཚེ།། རྣལ་འབྱོར་མཆོག་ཐོབ་རྡོ་རྗེ་འཛིན།། ཤིན་ཏུ་རྣམ་དག་ཡེ་ཤེས་བརྗོད།། མཆོག་གྱུར་རྒྱལ་བའི ་འབྱུང་གནས་ནི། ། ཆོས་རྣམས་ངོ་བོ་ཉིད་མེད་པས།། རབ་ཏུ་མི་གནས་ཡེ་ཤེས་གཞི།། དམ་ཚིག་ཤིན་དུ་འདའ་དཀའ་བའོ།། རང་བྱུང་དྲི་མ་མེད་པ་ནི།། རྟོག་པ་ཐམས་ཅད་ཡང་དག་སྤངས།། དངོས་དང་དངོས་མེད་རང་བཞིན ་གྱིས། ། གཉིས་ཀྱི་བག་ཆགས་འཆིང་བ་ཉིད།། མི་རྟོག་པ་ཡི་རང་བཞིན་གྱིས།། བསམ་མི་ཁྱབ་པ་ཉིད་ཀྱིས་གཅོད།། རྟོག་པའི་དྲི་མའི་དྲ་བ་ཡིས།། རིན་ཆེན་སེམས་ནི་དྲི་མར་བྱས།། གཉིས་སུ་མེད་པའི་ཡེ་ཤེས་ཉིད།། དྲི་མ་བྲལ ་ཕྱིར་སངས་རྒྱས་བརྗོད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མའི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་གསང་ཆེན་གྱིས་གནས་ཡོངས་སུ་བརྗོད་པ་ལ་རབ་ཏུ་དགའ་བའི་དོན་ཆེད་ཏུ་བརྗོད་དོ། ། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཀྱི་གསང་བ་གསང་བ་འདྲས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས ་མངོན་པར་རོལ་པ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་སྟོང་པ་མི་འགྱུར་ཆེ།། ཡེ་ཤེས་དམ་པ་སྟོན་པ་པོས།། ཀུན་དུ་གསང་བ་བཀའ་སྩལ་ཏོ།། དམ་ཆོས་སྙིང་པོ་བཅུད། ་ལས་བྱུང་། སངས་རྒྱས་མཆོད་པ་བླ་མེད་པ།། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ།། ཤེས་རབ་ཐབས་ནི་ཚུལ་ཐོབ་བྱེད།། ཇི་ལྟར་གདུལ་བྱའི་ཆོས་རྣམས་དང་།། འདོད་ཡོན་ཀུན་ལ་སངས་རྒྱས་རྣམས།། ཐམས་ཅད ་ལོངས་སྤྱོད་ཚུལ་གཅིག་པས། ། ལོངས་སྤྱོད་རྫོགས་སྐུ་ཞེས་བཤད་དོ།། མཚན་རྣམས་ཀུན་དང་ཡང་དག་ལྡན།། སྣ་ཚོགས་སུ་སྟེ་མཚན་ཉིད་མེད།། སངས་རྒྱས་རྣམས་ཀྱིས་སྤྲུལ་པས་ན།། སྤྲུལ་པའི་སྐུ་ཞེས་འདིར་བཤད་ཡིན།། ་ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ཕྱིར།། ཤེས་ནས་རྣལ་འབྱོར་དབང་ཕྱུག་སྒོབ།། ཀུན་ཏོག་ཐམས་ཅད་ནམ་སྤངས་པས།། རྒྱལ་བ་ཆོས་སུ་ཡེ་ཤེས་ཉིད།། བླ་མའི་བྱིན་རླབས་སྐད་ཅིག་གིས།། ཡེ་ཤེས་མ་ཟད་རྒྱ་མཚན།། ཚེ་འདི ་ཉིད་ལ་འགྲུབ་པར་འགྱུར། ། མི་ཕྱེད་རྡོ་རྗེ་དབང་ཕྱུག་ཉིད།། གཉིས་མེད་མཉམ་པར་རོ་གཅིག་པས།། རྡོ་རྗེ་འཆང་ཆེན་རང་བྱུང་དུ།། གྲུབ་པ་བདེ་ཆེན་ངོ་བོ་ཉིད།། ཐོབ་མེད་ཐོབ་པས་གཅིག་ཆར་གྲོལ།། སྤངས་ཐོབ་མེད་པ་མཉམ་ཉིད ་ཆེ། ། དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གནས་འབྱུང་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཟབ་པའི་རྡོ་རྗེ་ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི།། སྙིང་པོ་ཡེ་ཤེས་བདེ་ཆེན་པོ།། བྱང་ཆུབ་སྟེན་ཅིང་འབྲེལ་འབྱུང་བའི།། གསང་བའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་སྟོབས་མི་ཟད་པ་སྲེད་མེད་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབྱངས་ཀུན་དུ་སྩལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདག་མེད་དངོས་པོ་མེད་པ་ར། ་བསྐྱེས་ཟག་པ་མེད་པའི་དང་།། སྤྲོས་པ་ཀུན་ལས་རྣམ་གྲོལ་བའི།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོ་བ་སྐྱོབ་དབུལ་པོ་ངེས་པ་སངས་རྒྱས་ཐམས་ཅད་ཀྱི་གླང་པོའི་རྩལ་ཐོགས ་པ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྡོ་རྗེ་སེམས་དཔའ་རང་ཉིད་དེ།། རང་སེམས་ཟླ་བ་ཀུན་དྷ་ལྟར། ས ་བོན་གནས་ཏེ་རྒྱུ་ཡི་ཆ། ། གསང་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་ཚུགས་པ་ཡེ་ཤེས་མཚུངས་པ་མེད་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཟབ་པའི་མཛོད་རྡོ་རྗེ་དབྱིངས་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས།། རབ་ཏུ་མི་གནས་བརྗོད་མེད་པ།། བྱང་ཆུབ་སེམས་སུ་གཅིག་བས་ན།། ཐམས་ཅད་དབྱེར་མེད་དག ་པར་བརྗོད་ཅེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཉི་ཟླ་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་ནོར་བུའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ ་ཀུན་གྱི་བདག་ཉིད་གང་། ། སྟོང་གསུམ་འཇིག་རྟེན་རང་གི་ལུས།། ཕྱི་ནང་གཉིས་མེད་ཡེ་ཤེས་ཆེ།། གསང་བ་ཟབ་པའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཏོག་གི་འོད་ཟེར་སངས་རྒྱས ་ཐམས་ཅད་ཀྱི་སྙིང་པོ་འོད་ཟེར་ཀུན་ནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྲོ་བ་སྐྱོབ་པའི་དོན་དུ་ནི།། སྣ་ཚོགས་གཟུགས་ཅན་ཆོ་འཕྲུལ་གྱིས།། གདུལ་བྱ། ་ཡེ་ཤེས་ལམ་ལ་བཀོད། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོག་གི་མཆོད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཁའ་ལྡིང་རོལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བྱམས་པའི་འོད་ཀྱིས་ནི།། འགྲོ་བ་ཀུན་ལ་ཁྱབ་པར་བྱ།། དེས་ནི་དཔག་མེད་གཞན་དོན་དུ།། མཚུངས་མེད་ཡེ་ཤེས་གནས་ཐོབ་པའོ།། ཞེས་གསུངས་སོ།། དེ་ནས ་ད་ཨེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་སྦས་པ་སངས་རྒྱས་ཐམས་ཅད་ཀྱི་བདུད་ཐམས་ཅད་རྣམ་པར་འཇིག་པར་མཛད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། བྱམས་པས་བདུད་དཔུང་འཇོམས་མཛད་ཅིང་།། སྙིང་རྗེ་གཡུལ་ལས་རྒྱལ་བར་འགྱུར།། བྱང་ཆུབ་སེམས་ཀྱིས་ཕྱིར་མི་ལོག། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཏོག ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡེ་ཤེས་རྡོ་རྗེའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིན་ཆེན་འབར་བ་གློག་གིའོ།། དྲི་མེད་ཆུ་ཤེལ་ཟེར་འབབ་པས།། ཐ་མལ ་ལུས་ནི་རྒྱལ་བར་བསྐུར། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དོན་གྲུབ་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རིགས་སྣ་ཚོགས་སུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ལྷ་མོ་བྱེ་བ་དང་།། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཚོགས།། དེ་བཞིན་གཤེགས་པའི་རིགས་བརྒྱ་དང་།། བདེ་གཤེགས་སྟོང་སོགས་ཚུལ་འདིར་བསྟན།། ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་པ་རི་རབ་ལྷུན་པོ་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་སྒྱུ་མའི་རོལ་པ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ ་རྒྱུདང་འབྲས་བུའི་ཆོས། ངོ་བོ་ཉིད་དག་རང་བྱུང་བ།། བདག་མེད་ཡེ་ཤེས་གནས་མེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གདུལ་དཀའ་འདུལ་བ་སངས་རྒྱས་ཐམས་ཅད་ཀྱི་གནས་བསྤྱོད་པ་། ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མཆོག་ཏུ་ས་ཡི་མཐར་ཐུག་པ།། བཅུ་གསུམ་ཡེ་ཤེས་རྡོ་རྗེ་འཛིན།། བདེ་བའི་འབྱུང་གནས་བླ་ན་མེད།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས ་སོ། ། དེ་ནས་བཅོམ་ལྡན་འདས་པད་མོའི་འོད་ཟེར་རྣམ་པར་རོལ་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་མི་ཟད་པ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ ་མཉམ་ཉིད་ཡེ་ཤེས་དང་། ། འགྲོ་བའི་ཐ་མ་ཆོས་དོན་གྱིས།། ཚད་མེད་ཐུགས་རྗེས་ཡོངས་སུ་བསྡུ།། དེ་ཉིད་མི་རྟོག་གསང་བའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པའི་འོད་ཟེར་སངས་རྒྱས་ཐམས ་ཅད་ཀྱི་ཀུན་ནས་ཆོས་ཀྱི་སྒྲ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྡུད་ཅིང་སྤྲོ་བ་དང་།། མཚན་བཅས་དམིགས་པ་མེད་པ་རུ།། ཡེ་ཤེས་རྒྱལ་ལ་ཕྱག་རྒྱས་བཏབ།། ་འདི་ནི་དགེ་བའི་དོན་སྟོན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གྲོགས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ངེས་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས།། ཡོངས་སུ་གང་བ་ཏིལ་འབྲུ་བཞིན།། སེམས་ཅན་སྨིན་ཅིང་གྲོལ་བྱེད་པས།། ཡེ་ཤེས་མངོན་པར་བསྡུས་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ ་ཤེས་ཉོན་མོངས་པ་སངས་རྒྱས་ཐམས་ཅད་ཀྱི་འཕྲོ་བའི་སྤྲིན་བཀོད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་དངོས་དང་དངོས་མེད་པས།། མི་ཕྱེད་ཡེ་ཤེས་བདེ་བ་ཆེ། ་སྣ་ཚོགས་འདུ་འབྲལ་མེད་པའི་དང་།། ཡེ་ཤེས་ཕྱག་རྒྱ་ཆེན་པོར་བསྟན་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འདམ་བུའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་པའི་རྒྱལ་པོ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ནམ་མཁའི་ཁམས་ཀྱི་སྤྱོད་ཡུལ་བས།། རང་བཞིན་གྱིས་ནི་མི་དམིགས་བཞིན།། དོན་དམ་ཐོབ་ཏུ་མེད་པའི་དོན།། གཞི་མེད་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སྤོས་བཟང་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་འོད་ཟེར་ཀུན་ནས་རྒྱས་པས་ལྷུ་ངན་སྲེག་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མཚན་ཉིད་དང་ནི་མཚན་གཞི་མེད།། གང་དུ་རོ་མཉམ་ཟུང་འཇུག་པས།། དབྱེར་མེད་རྟོགས་པ་རྒྱལ་པོ་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པ་ཡུལ་འཁོར་རངས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་པ་དང་བྱོན་པ་རྗེས་སུ་འགྲོ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་གཡོ་འགྱུར་བ་མེད་པ་ལས།། དེ ་བཞིན་ཉིད་དུ་བསྟན་པ་ཡིས། ། འཇུག་ཅིང་འབྱུང་བ་གས་པ་ཆེ།། སྙིང་པོ་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེ་གྲགས་དཔལ་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་གནས་པ་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་གྲུབ་སྙིང་པོ་བདུད་རྩིའི་བཅུད།། གྲུབ་པའི་བླ་མའི་གདམས་པ་ལས།། ཐོབ་འགྱུར་དེ་བས་གཞན་དུ་མིན།། གསང་བ་ཚུལ་འདི་བསྟན་པའོ་ཞེས་གསུང ་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། མཛད་པས་སྣ་ཚོགས་གདུལ་དོན་དུ།། ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར།། ཕྱི་ནང་གསང་བའི་ཚུལ་དག་གིས།། ཐེག་པ་མཆོག་ཏུ་ཡོངས་གྲགས་པའི།། རྡོ་རྗེ་ཐེག་པའི་ལམ་གྱུར་འདི།། ་རྒྱལ་བ་རྒྱ་མཚོ་མ་ལུས་པའི།། ཐུགས་ཀྱི་སྙིང་པོ་གསང་བ་ཡིན།། སྐུ་དང་གསུང་གི་རྡོ་རྗེ་འདིར།། སྙིང་པོ་ཀུན་དུ་འདུས་པའི་ཕྱིར།། རྣལ་འབྱོར་པས་ནི་རྟག་ཏུ་སྤྲོས།། འདིར་ནི་སྔོན་ཆད་བསྟན་པའང་མེད།། མ་འོངས་པ་ནའང་འབྱུང ་བར་དཀའ། ། དེ་བས་གསང་ཆེན་རྙེད་དཀའ་བས།། སངས་རྒྱས་རྣམས་ནི་འཇིག་རྟེན་དུ།། འབྱུང་བར་འགྱུར་རམ་མ་བྱོན་ཡང་།། གསང་བའི་ཡི་གེ་རྣམ་དག་པ།། འཕེལ་འགྲིབ་སྤངས་པས་གནས་པ་ཡིན།། སངས་རྒྱས་ཀུན་གྱི་གསང ་པའི་གནས། ། གསང་ཆེན་རང་འབྱུང་མཉམ་པ་ཉིད།། དཔལ་མཆོག་འདི་ནི་བསྡུས་པའི་ཚུལ།། ཡེ་ཤེས་ཆེན་པོའི་ཚུལ་བསྟན་པའོ།། ཞེས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནས ་ལ་གསང་བ་འཇིག་རྟེན་དུ་འབྱུང་བར་དཀའ་བར་གདམས་ཤིང་བསྟན་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་པགསང་པ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར། ་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། དེ་ནས་དེ་བཞིན་གཤེགས་པ་སྲིད་མཐའ་གཟིགས་སངས་རྒྱས་ཐམས་ཅད་ཀྱིས་སྲིད་པའི་ཆུ་ཀླུང་སྐེམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་སྲིད་པའི་དྲ་བ་དག། རྣམ་པར་གཅོད་ཅིང་ཡེ་ཤེས་མེས།། སྡུག་བསྔལ་གནས་འདི་བསྲེག་པར་བྱ།། དེ་ཉིད་བདེ་བ་ཀུན་གྱི་གནས།། ཞེས་གསུངས་སོ།། དེ ་ནས་དེ་བཞིན་གཤེགས་པ་ཟླ་བསྒྲ་ཅན་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་རི་བོ་འཇོམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟོག་པ་སྣ་ཚོགས་ལས་བཅས་པ། གཡེང ་བས་སྡུག་བསྔལ་ཕུང་པོར་གྱུར། ། དེ་བསལ་ཡེ་ཤེས་བྱང་ཆུབ་སེམས།། ཟང་དོར་མེད་པའི་དང་དུ་གནས་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སངས་རྒྱས་ཐམས་ཅད་ཐམས་ཅད་ཀྱི་ཕྱག་རྒྱའི་གནས་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་དུ་ཕྱག་རྒྱས་རྒྱས་ཏ་བབས། མི་བྱེད་ཡེ་ཤེས་བདག་ཉིད་གྱུར།། དེ་ཉིད་ཕྱག་རྒྱ་བཞི་ལྡན་པས།། ཐམས་ཅད་སྡོམ་པར་ཤེས་པར་བྱ། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་རྒྱལ་མཚན་སེང་གེའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་རྒྱུད་སྣ་ཚོགས་ཆོས་ཉིད ་གཅིག་པར་གྱུར། དེ་ཉིད་དངལ་དག་པའི་རྒྱལ་མཚན་མཆོག། དབྱེར་མེད་བྱང་ཆུབ་སེམས་ཀྱི་སྣང་བ་ལས།། གསང་བ་བླ་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསམ་གཏན་བྱེས ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་རྣམ་རྟོག་གི་རི་བོ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྟོག་ལས་རྣམ་བྱུང་བ།། དེ་ཉིད་འཇོམས་པའི་རྡོ་རྗེ་ནི།། སྟོང ་ཉིད་བདེ་ཆེན་བྱང་ཆུབ་སེམས། ། དེ་ཉིད་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྫོགས་ལྡན་སངས་རྒྱས་ཐམས་ཅད་ཀྱི་གྲུབ་པ་རྡོ་རྗེ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བྱམས་པའི་ཏིང་འཛིན་གྱིས།། འགྲོ་བ་འདུལ་བའི་དོན་གང་སྤྱོད།། སྣ་ཚོགས་ངོ་བོ་ཉིད་མེད་པས།། དེ་ཉིད་མི་དམིགས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར ་རོལ་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་ལ་རོལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྒྱུ་མའི་དངོས་པོ་སྣང་མེད་པ།། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན།། གནས ་མེད་བདེན་གཉིས་དབྱེར་མེད་པ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་རིན་པོ་ཆེ་མངའ་བསངས་རྒྱས་ཐམས་ཅད་ཀྱི་བཀོད་པ་མི་འགྱུར་བ་དབྱངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་གསང་བ་དབྱིངས།། ཐོས་བསམ་བསྒོམ་པས་རྟོགས་དཀའ་བ།། གསང་བའི་ཡེ་ཤེས་དག་པ་ཆེ།། དྲི་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་དགྲ་བཅོམ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གསང་བ་རྡོ་རྗེ་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་དག་འོད་གསལ་དྲི་མ་མེད། ་སྐྱེས་ནམ་མཁའི་བདག་ཉིད་ཀྱིས།། སྒྱུ་མ་དངོས་ལས་རྣམ་གྲོལ་བྱེད།། དེ་ཉིད་ཚུལ་འདི་བཤད་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མའི་འོད་ཟེར་སྣང་བའི་དེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གྲཝའི་དབྱངས་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ནམ་མཁའི་དབྱིངས་ཀྱི་བདག་ཉིད་ཅན།། འདུས་བྱས་རྟོག་ལས་རྣམ་གྲོལ་བ།། འདུས་མ་བྱས་པ་རྡོ་རྗེའི་དང་།། དེ་ཉིད་དག་པའི་ཚུལ་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཛོད་སྤུ་ལྡན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས་ཀུན་གྱི་སྡོམ་པ ་ནི། ཐབས་དང་ཤེས་རབ་དབྱེར་མེད་པ།། དུས་གསུམ་དེ་བཞིན་གཤེགས་པའི་ཐུགས།། འདུ་འབྲལ་མེད་པའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོབས་པ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ ་གདུལ་བྱ་ལ་སྟེར་བར་མཛད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་སོ་སོ་རང་རིག་པ།། ཡེ་ཤེས་རྒྱུན་ཆད་མེད་པའི་ལམ།། དེ་ཉིད་ལམ་དུ་བསྒོམ་པའི་མཆོག། བསམ་གཏན་ཡེ ་ཤེས་ཚུལ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་སངས་རྒྱས་ཐམས་ཅད་ཀྱི་ནི་བཟའ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ནོར་བུའི་སྙིང་པོ ་བསམ་འཕེལ་བཞིན། ། རྟོག་མེད་བསམ་པ་རྫོགས་བྱེད་པ།། རང་བྱུང་ཆོས་ཀྱི་སྒྲ་སྟོན་པས།། མི་གནས་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག ་རྡོ་རྗེའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྲིད་དང་ཞི་བར་མི་གནས་པ།། རྡོ་རྗེ་གསུམ་མཆོག་དམ་པའི་དབྱིངས།། སྐུ་གསུམ་ལམ་གྱི་ཡེ་ཤེས་བཅས།། ས་གསུམ་དག་པས་དབང་ཕྱུག ་ཐོག། ། ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུ་བཀོད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་སྣ་ཚོགས་པའི་མདངས་བཀོད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྗེས་སུ་དྲན་པའི་གནས་ནི་མཐོང་བའི་ལམ།། ཡེ་ཤེས་སྐད་ཅིག་དགའ་བ་བཅུ་དྲུག་ལས།། ཕྱི་ནང་གནས་པས་འོད་གསལ་དོན་རྟོགས་པ།། སྟོང་ཉིད་རང་བྱུང་རྣམ་དག་ཚུལ་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་དབང་ཆེན་སེང་གེའི་ང་རོ་སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་རྒྱ་མཚོ་མཆོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྣ་ཚོགས་སྣང་བ་དུ་མར་འཆར ་བ་ཉིད། ། ཡུལ་ནི་སྒྱུ་མ་དངོས་པོ་གདོད་ནས་དག་། དགག་རི་ངོ་བོ་ཆོས་དབྱིངས་ནམ་མཁའ་ཆེ།། སེམས་སྣང་རོལ་པ་གསང་བ་འདིར་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་གསང ་བཟང་ཏུ་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མ་བཙལ་མ་སྤངས་དང་གིས་དག་པའི་སྐུ།། རྙེད་པར་མི་འགྱུར་རབ་འཇམ་བདེབ་ཆེ།། བགྲོད་པ་ཅིག་པའི་ལམ་ནི་ལྷུན་དྲུ ་པ། ། བྱང་ཆུབ་སེམས་ཆེན་གསང་བ་ཐེག་པའི་མཆོག་ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷུན་པོ་གྲགས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མཚན་དཔེ་འབར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས།། སེམས་ཅན་ཀུན་གྱི་ལུས་ལ་ངེས་པར་བཞུགས།། དབྲི་བསྟན་མེད་པར་འཆར་བས་གསལ་བར་བྱེད།། དེ་ཉིད་སྦས་པའི་དོན་དུ་ཚུལ་འདི་བསྟན།། ཞེས་གསུང་ངོ་སོ།། ་དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་བཅུ་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་གཞལ་ཡས་ཁང་ཉེ་བར་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དཀྱིལ་འཁོར་འཁོར་ལོའི་གཞལ་ཡས་ཁ། ་ཚད་མེད་བཀོད་པས་རབཟླས་པ།། རྒྱན་རྣམས་བྱེ་བྲག་མཐའ་ཡས་ཚོགས།། སྡང་བ་དེ་ཉིད་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མ་སྤོད་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྒྱུ་མའི་ཆོས་རྣམས་མཁའ་ལྟ་བུར།། དག་པའི་ཡེ་ཤེས་རང་སྲོག་གི། སྙིང་གི་པད་མ་སད་པར་བྱ།། དེ་ལས་ཡེ་ཤེས་བློ་རྒྱས་པའོ་ཞེས་གསུངས་སོ།། དེ་ནས་དེ་དག་ཀུན ་གྱི་གསང་། ། ཡེ་ཤེས་དམ་པ་མཆོག་གྲུབ་པ།། གསང་ཆེན་ཡེ་ཤེས་ལམ་འདི་ཡིས།། འདོད་དང་ཐར་པ་རབ་སྒྲུབ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད ་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། ། གསང་བ་ཆེན་པོའི་ཡེ་ཤེས་ཀྱི་དོན་གཏན་ལ་ཕབ་པའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་གླང་པོའི་འགྲོས་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པའི་ཡེ་ཤེས་ལ་དམིགས་པ ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་མཆོག་ཏུ་གསང་བ་གང་།། དེ་ཉིད་བསྡུས་པར་གྱུར་པ་སྟེ།། རྟོག་པའི་དྲ་བ་གཅོད་མཛད་ཡིན།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུང ་སོ། ། དེ་ནས་དེ་བཞིན་གཤེགས་པ་ཡིད་འཐད་དཔལ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཀུན་ནས་རྒྱས་པའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་སངས་རྒྱས ་འོད་ཟེར་སྣང་བས་ཁྱབ། དེ་ཉིད་འདོམ་གང་འོད་ནི་རྦ་རླབས་གཉིས།། གཉིས་མེད་གཅིག་ཏུ་དག་པས་དབུ་མ་ཉིད།། དབྱེར་མེད་ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སངས་རྒྱས་ཐམས ་ཅད་ཀྱི་བྱང་ཆུབ་ཀྱི་ཤིང་མཆོག་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིན་ཆེན་བརྟན་པའི་ལྗོན་པའི་ཤིང་།། དེ་ཉིད་བྱང་ཆུབ་སེམས་ལས་བྱུང་། སྐྱེས་པ་སེམས ་བསྐྱེད་རྟེན་གྱུར་པས། ། རང་བྱུང་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞི་པ་སངས་རྒྱས་ཐམས་ཅད་ཀྱི་ཉན་ཐོས་ཆེན་པོ་རྣམས་ཀྱིས་དཔག་པར་དཀའ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཟབ་པ་ཤིན་དུ་ཞི་བའི་གནས།། རྡུལ་མེད་རྙོག་པ་མེད་པའི་ཐུགས།། བསམ་གཏན་རྡོ་རྗེ་ཆད་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་རབ་གསལ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཉན་ཐོས་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་བཏག་པར་དཀའ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གནས་པ་མེད ་པའི་གནས་གྱུར་པ། ། ཁྱུ་མཆོག་ཆེན་པོ་བྱང་ཆུབ་སེམས།། རང་གཞན་མི་ཕྱེད་མི་དམིགས་པས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཁ་ལོ་སྒྱུར་བ་སངས་རྒྱས་ཐམས་ཅད་ཀྱི་གནས ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་རྒྱུན་འདི་མྱ་ངན་འདས།། དེ་ཉིད་སྲིང་དུ་མེད་པས་ན།། ཡེ་ཤེས་ཤེས་རབརྫུན། ་གནས་པས།། དག་པ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགེ་བའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཕྱིར་མི་འོང་བ་རྣམས་ཀྱིས་རྟོགས་པར་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་ཕྱིར་ལྡོག་པ་མེད་པའི་སེམས།། འདི་ནི་ཡེ་ཤེས་ཆེན་པོའི་དང་།། བླ་ན་མེད་པའི་སྙིང་པོའི་སྐུ།། དེ་བཞིན་ཉིད་ཀྱི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་གཙུག་ན་རིན་པོ་ཆེ་འོད་སངས་རྒྱས་ཐམས་ཅད་ཀྱིས་ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས་གསུམ ་སྣང་བ་སེམས་ཡིན་ཕྱིར། སེམས་དེ་སྟོང་ཉིད་རྒྱུ་མེད་པས།། གང་དུ་དྲི་མེད་གཞན་དོན་འབྱུང་།། འདི་ནི་ཚུལ་ཆེན་གསང་བ་ཡིན་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་སྙེམས་བྲལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཟག ་བཟད་པ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཟག་མེད་འབྱུང་བ་མེད།། ཁམས་དང་དབང་པོ་ཡུལ་མེད་པར།། ཤིན་དུ་དྲི་མེད་ནམ་མཁའ་བཞིན།། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རང་རྒྱལ་བ་ཐམས་ཅད་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར། ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ལུས་ཀྱི་ཀུན་དུ་སྤྱོད་པ་ཡི།། རྫུ་འཕྲུལ་སྣང་བ་བསྟན་ནས་འདུལ་བྱེད་པ།། རང་འབྱུང་བསམ་གཏན་ཐོབ་སྟེ་ལྟོས་མེད་པ།། གསང་བ་འདིར་གནས་ཡེ་ཤེས་ཚུལ་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཚངས་པས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐོག་མ་མེད་ཅིང་མཐའ ་མེད་པས། ། སྲིད་རྩེར་མི་གནས་དབང་ཕྱུག་ཆེ།། དངོས་པོ་མེད་ཅིང་རྟག་པ་ཆེ།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་གནས་བརྒྱ་བྱིན་གྱིས།། ་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་མི་འཁྲུག་རྟོག་པ་མེད།། ཡེ་ཤེས་རྒྱལ་བ་ཀུན་གྱི་ཡུལ།། གཟུགས་སོགས་ཡུལ་ནི་རྟོག་ཏུ་མེད།། ཐམས་ཅད་དག་པའི ་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞི་བའི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལྷ་དྲག་པོས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང ་5སོ། ། ཉོན་མོངས་འཆིང་བ་དག་པ་ཡི།། སྲེད་ལེན་རྐྱེན་གྲོལ་ལོག་པས་ན།། དམིགས་མེད་ཡེ་ཤེས་གསང་བ་ཉིད།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དགའ་བའི་རྟོག་སངས་རྒྱས་ཐམས་ཅད་ཀྱི་གསང་པས ་ཁྱབ་འཇུག་གིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་ནས་གང་དུ་ཁྱབ་བྱ་ངོ་བོས་སྟོང་།། ཐམས་ཅད་བདག་མེད་སྟོང་བཞི་པའི་ཕྱིར།། སེམས་ཅན་ཁམས་མེ་འཇུག ་པང་མི་གནས་པས། ། ཡེ་ཤེས་ཆེན་པོའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲ་ཅན་ཀའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བལྟ་མ་ཡིན་རྣམས་ཀྱི་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ས་འོག་ས་སྟེང་དང་། ས་བླ་རྣམས་སུ་བསྟེན་པ་ཡི།། དངོས་གྲུབ་བདུད་རྩི་ཐོབ་བྱེད་པས།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་ན་ཆོད ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ཀླུ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སུ།། དུག་མེད ་གདུག་པ་རྣམ་བྲལ་བས། ། སྐྱོན་མེད་གཙང་བའི་རང་བཞིན་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྟ་དགའི་རྒྱལ་པོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མངོན་པར་རོལ་པ་སྲིན་མོ ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདག་མེད་མཉམ་པ་ཉིད་ཐོབ་པས།། གྲུབ་པ་མེད་པའི་གནས་ལ་ནི།། འཆི་མེད་ཡེ་ཤེས ་ཚུལ་མཆོག་གིས། ། གསང་བ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱིས་སྦས་པ་ཡེ་ཤེས་ནམ་མཁའི་བུ་མོ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་པ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མཁའ་ལ་སྤྱོད་འགྲོ་བའི།། མ་གྱུར་སྤྱོད་པའི་ཡེ་ཤེས་ཅན།། དེ་ཉིད་དེ་ཞེས་རྣམ་བརྟགས་པས།། གསང་བ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་ལ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གནོད་སྦྱིན་རྣམས་ཀྱིས་རྟོགས་པ་དཀའ་བ་ཐམས་ཅད་ཀྱི་གནས་པ་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིན་ཆེན་ཆང་ཛེད ་ཆེ། ནོར་གྱི་རྒྱ་མཚོ་མཐའ་ཡས་པས།། དེ་ཉིད་ས་དབང་བ་དེ་གཤེགས་རྒྱལ།། གསང་བ་དམ་པ་བཀའ་སྩལ་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་གནས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཀླས་པ་འཇིག་རྟེན་པཐས ་ཅད་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྐྱེས་དགུའི་ཆོས་ལས་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི།། ཡེ་ཤེས་གནས་ནི་མཉམ་མེད ་པས། རང་གཞན་མི་ཕྱེད་བྱང་ཆུབ་ཆེ།། སེམས་དཔའ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། གང་དུ་འགྲོ་ལ་གནས་བྱུར་བའི།། གསང་ཆེན་འདིར་ནི་གནས་མྱུར་ན།། གང་ལའང་དྲི་མར་མི་འགྱུར་ཞིང་།། དགག་པར་བྱ་བ་ཅི་ཡང་མེད།། ལས་རྣམས ་ཐམས་ཅད་བྱས་ཀྱང་ནི། ། དང་བྱུང་སྲུར་ནི་རྣམ་པར་གྲོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ནལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས ་དག་པའི་སྐྱེས་བུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ། ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་མཐོང་གཤེགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོད་རྟེན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཐུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མེད་ཡེ་ཤེས་དག་པའི་གནས།། རིན་ཆེན་ཕུང་པོ་གསལ་བ་ཡི།། དང་ཞིང་ཡིད་འཕྲོག་འབྱུང་བའི་གཞི།། ས་ལེ་སྲིབ་མེད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ ་པར་བྱེ་བའི་བང་པོ་སངས་རྒྱ་ས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མངོན་པར་འབྱུང་བ་འཕགས་པའི་ལམ་ཉེས་བ་སངས་པའི ་ཚུལ་མཆོག་གིས། ། རྣམ་པར་མཐོར་གཤེགས་འོག་མིན་ཏེ།། ཟབ་པ་བརྗོད་མེད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་བཟང་པོ་མཐོང་བ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱལ་བའི་གནས ་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་ཀུན་གྱི་རང་བཞིན་མཆོག། ཆོས་ཀུན་མཉམ་དང་མི་མཉམ་པ་ཀུན་མཁྱེན་ཀུན་འགྲོ་ཐམས་ཅད་པ།། དྲི་མེད་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་འཇིག་རྟེན་འོད་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་གནས་པ་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ཆེས ་རྣམས་ཀུན་གྱི་རང་བཞིན་འཛིན། ། མི་གནས་མྱ་ངན་འདས་པ་པོ།། མཉམ་ཉིད་འགྲོ་བའི་དོན་མཛདཔ། བྱང་ཆུབ་ཚུལ་འདི་བསྟན་འོ།། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གཟི་བརྗིད་སངས་རྒྱ་ཐམས་ཅད་ཀྱི་ཀུན་དུ་རྟོག་པ ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཅིག་དང་དུ་མའི་རང་བཞིན་གནས།། ཆེར་མི་གཡོ་བ་རང་བཞིན་མེད།། རྩོལ་མེད་འབྱུང་བ་དག་པ་ཡི།། གསང་བ་ཚུལ་འདི་བསྟན ་བའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པསྔལ་ལྡན་ཤིང་རྟ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དཔེ་བྱད་ལས་འདས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། བཅོམ་ལྡན་ས ་རང་རིག་པ། གཙོ་བོ་དཔེ་བྲལ་ཡེ་ཤེས་ཏེ། བདག་པོ་ཀུན་འགྲོ་ཀུན་ཁྱབ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་རྒྱལ་བ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མི་དམིགས་པ་རྡོ་རྗེ་སངས་རྒྱས་ཐམས ་ཅད་ཀྱི་འབྱུང་གནས་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱེད་པ་པོ་དང་འཕྲོག་པའང་མེད།། འདི་ནི་དཔལ་ལྡན་རང་འབྱུང་སེམས།། དངོས་པོ་གསལ་དང་མི་གསལ་མཛད་ཡེ་ཤེས་སྣང་བའི ་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགའ་བ་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་བླན་མེད་པ་བདེ་བའི་ཉིད་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་གོ། གཉིས་མེད ་གཉིས་ལས་གྲོལ་བ་ཡི། ། ཡེ་ཤེས་རང་ལས་སྐྱེ་བར་འགྱུར།། དེ་ཉིད་མངོན་རྒྱུ་སྤོང་བྱེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གདེགས་པར་མཛད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྣང་བ ་ཡང་དག་པ་རྡོ་རྗེ་གཉིས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་མེད་པ་སྒོམ་པ་མིན།། དངོས་པོར་ཡང་དག་བསྒོམ་དུ་མེད།། གང་དུ་རོ་མཉམ་མཆོག་གི་དངོས།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོབས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། སེམས་ཅན་ཀུན་གྱི་བསམ་པ་འདི། འཇིགས་པ་མེད་པའི་རང་གནས་ན།། བསམ་གྱིས་མི་ཁྱབ་གཉིས་མེད་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་འོད་འཕྲོའི་དཔལ་སངས་རྒྱས ་ཐམས་ཅད་ཀྱི་ཡེ་ཤེས་བློ་གྲོས་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤེས་རབ་མཁའ་ལ་རྣམ་པར་གནས།། སྙིང་རྗེས་སད་པའི་མདའ་ཡིས་ནི་བདེ་བ་ཆེན་པོའི་རྣམ་པར་འབིགས་བྱང ་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་རྣམ་པར་གྲོལ་བའི་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སེམས་དང་ཤེས་རབ་ཏིང་ངེ་འཛིན། རྣམ ་ཐལ་མཐའ་ལ་མ་གནས་པས། དགས་པ་ཀུན་གྱི་འཚང་བབྲལ་ཁུང་ན་བརྒྱལ་འང་བསྟན་པ་གཞས་གསུངས་སོ།། དེ་ནས་བཞིན་གཤེགས་པརན་ཅན་སྨོས་པང་ས་སངས་རྒྱས་ཐམས་ཅད་ཏུས་ཤེས་རྡོ་རྗེམ་ད་པ་ནས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཉིས་མེད་བདེ་བ་མཆོག་ཏུ་ཞི།། མཁའ་མཉམ་རྟོག་པ་ལས་གྲོལ་བ།། གཉིས་མེད་རྣམ་དག་ཆོས་ཀྱི་དབྱིངས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་པ་ཆོས་བསྟན་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱག་པའི་དབྱིངས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་ཉིད་བསམ་གྱིས། ་མེ་ཁྱབ་པའི།། རྣལ་འབྱོར་དབང་ཕྱུག་གནས་པ་ཆེ།། བརྟན་གཡོ་དག་པའི་ཚུལ་མཆོག་གིས།། དབྱེར་མེད་ཚུལ་འདི་དག་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སངས་རྒྱས་ཐམས་ཅད་ཀྱི ་བདུད་དཔུང་ཐམས་ཅད་ཕམ་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟོག་པ་ངན་པས་བརྟགས་པ་ཡི།། ཕྱི་རོལ་ཡུལ་ནི་རྫས་སྟོང་པས། ཐབས་དང་ཤེས་རབ་རྣམ ་དག་ཉིད། ། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་ནོར་བུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དྲ་བ་གཅོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། བདེ་བ་ཆེན་པོ་གཅིག་ཉིད་ཀྱི། ནང་དུ་སྣོད་བཅུད་དངོས་པོའི་ཆོས།། ཀུན་རྫོབ་བདེན་པས་སྟོང་པའི་ཕྱིར།། འདུས་པ་དེར་གནས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཟང་པོས་བྱིན་པས་སངས་རྒྱས་ཐམ ་ཅད་ཀྱི་འཁོར་བའི་འདམ་རྫབ་སྐེམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། གང་དུ་གཉིས་མེད་དང་གནས་པ།། རང་བཞིན་བརྟག་ཚོགས་རབ་ཞི་པས། སྣད་གསུམ་ཡེ་ཤེས་དག་གྱུར་པའི།། ་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་བླ་མ་སངས་རྒྱས་སྲིད་པའི་ཚད་ཆིད་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། ཕྱི་རོལ་ང་རྒྱལ ་ལོག་བཅོམ་སྟེ། ཡེ་ཤེས་གཅིག་པུ་བདག་དག་པས།། རང་བྱུང་བསམ་པ་རྣམ་པར་དག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱིས་ལོག་རྟོག་འཇོམས་པའི ་རི་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་དུ་རྟོག་པ་རབ་སྤངས་ནས།། འདོད་ཆགས་ཆགས་བྲལ་ཡེ་ཤེས་ལས།། དབུ་མར་དམིགས་པར་མི་འགྱུར་ཏེ།། གསང་བ་ཚུལ་འདི་བསྟན་པའོ་རྗེ ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རང ་རིག་ནས་ནི་བྱང་ཆུབ་འགྱུར། ། འདི་ཉིད་ཐ་དད་རྟོག་མིན་ཞིང་།། གཟུགས་དང་རྣམ་ཐར་སྒོ། ཐིམ་པས།། ཆོས་རྒྱུན་ཐོབ་ཕྱིར་བསྟན་པའོ་ཞེས་གསུངས་སོ།། འགྲོ་བ་རྣམས་ཀྱི་བདེ་བརྟགས་དང་བཅས་འབྱུང་བ།། གང་ཡིན་མཚན་མ་སྤངས་པར ་གྱུར་པའི་ཕྱིར། ། རང་བྱུང་ངོ་བོ་ཡེ་ཤེས་བདག་ཉིད་དེ།། རྟོག་པས་སྟོང་པའི་བདེ་བ་མི་ཟད་ཡིན།། རླུང་གི་རྟོག་པའི་རྗེས་སུ་འཇུག་པ་ན།། བདེ་བ་རང་སེམས་ངོ་བོ་དམ་པས་ནི།། ཆེ་མ་འགྱུར་དེ་ལས་གཞན་དུ་གཡོ་མི་འགྱུར་ཞབས་དང ་ཤེས་རབ་བདག་ཉིད་གནས་པ་ཡིན། ། སངས་རྒྱས་ཐམས་ཅད་ཀྱིས་དམ་པའི་མཛོད་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བསྟན་པའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་བདེ་བ་མི་འགྱུར་པའི་དོན་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། ། ། ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚུངས་པ་མེད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་གསང་བ་དྲི་མ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་གཤེགས་ཀུན་འདུས་པ་ཡི། སངས་རྒྱས་སྤྲོ་བསྡུའི་འཁོར་ལོ་ཡིས།། རྩེ་མོ་གྱུར་པའི ་ཕྱག་རྒྱ་ཡིས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལགས་པར་སྐྱེས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ཆོས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བྱུང་ཡེ་ཤེས་ཞི་བའི་དངོས།། དག་པ་རྣམ་དབེན་མངོན་པར་འབྱུང་།། ཕུན་སུམ་ཚོགས་པ་ལམ་གྱུར་གནས།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དཔེ་མེད་པའི་ཚོགས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རིགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ལྷ་དང་ལྷ་མོ་དང་།། བྱང་ཆུབ་སེམས་དཔའ་དཔག་མེད་པ།། ཡེ་ཤེས་ལས་སྐྱེས་མཚུངས་མེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་གྲགས་པའི་བཤེས་གཉེན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་རིགས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གདུག་པ་ཅན ་རྣམས་གདུལ་བྱའི་ཕྱིར། ། སྙིང་རྗེས་གཏུམ་པའི་ང་རོ་ཡིས།། ཚར་གཅོད་པ་ཉིད་བླ་མེད་བསྒྲལ།། དེ་ཉིད་གསང་བའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེན་པའི་རྒྱལ་པོ ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལྷ་དང་ལྷ་མིན་ལྟོ་འཕྱེ་དང་། གྲུལ་བྲམ་ལ ་སོགས་སྣ་ཚོགས་པས། ། བསྟོད་ཅིང་མཆོད་པའི་ཡེ་ཤེས་གནས།། རིན་ཆེན་འཁོར་ལོར་བརྗོད་པ་ཡིན་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཀའ་ཐུབ་ཆེན་པོ་སངས་རྒྱས་ཐམས་ཀྱི་ཡེ་ཤེས་རིན་པོ ་ཆེའི་ནོར་བུ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་ནས་ཡེ་ཤེས་ནོར་བུ་ནི།། སྣ་ཚོགས་འདོད་པ་དོན་བྱེད་པ།། དཔག་མེད་ཡོན་ཏན་འབྱུང་བའི་དབྱིངས ་བྱང་ཆུབ་ཚུལ་འདི་སྙན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷུན་པོའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་པད་མའི་ཕྲེང་བ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། གང་དུ་འདམ་སྐྱེས་མེ་ཏོག་དང་། ཆུ་སྐྱེས་པད་མ་གསལ་བ་ཡང་།། འབར་བ་ཁ་ཕྱེ་འོད་ཁྱབ་པས།། དག་པ་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན ་ཏན་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་ལས་ཀྱི་རལ་གྲི་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྟོག་པ་གཅོད་པ་དག། རྣམ་པར་བདུད་ཚོགས་རབ་འཇོམ ་བས། ། ཡེ་ཤེས་མེ་འོང་རྒྱས་པ་ཡིས།། ཀུན་དུ་རྒྱས་པའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོད་པར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྣ་ཚོགས་འདུལ་བ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་དྲུང་།། གསང་བ་མི་ཟད་མཆོད་པའི་གཞི།། དེ་ཉིད་ཀུན་དུ་ཁྱབ་བྱེད་པས།། གསང་བ་དག་པའི་མཆོད་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། གང་དུ་དེ་བཞིན་གཤེགས་པ་ཡི།། སྐུའི་འདུལ་བ་མཐའ་ཡས་པ།། སྣ་ཚོགས་ཞིང་ཁམས་སྐྱོང་མཛད་པ།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྦྱིན་པའི ་འོད་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་བརྗོད་པ་ཀུན་གྱི་གཞི།། ཐབས་དང་ཤེས་རབ་སྔ་རྣམས་ལས། སྭ ་ཚོགས་སྐད་དུ་ཆོས་སྟོན་པ། ། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གློག་འབྱིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དག་པར་བྱེད་པ་ཁྲུས་ཡིན་ཏེ།། སྒྲིབ་པའི་ཕྱག་བྱེད་སྤྱོད་ལམ་དུ།། ཐལ་སྦྱར་འདུད་པས་བག་ཡོད་ལམ།། དྲན་ལྡན་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བདེན་པར་གསུངས་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྡོ་རྗེ་རྗེས་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིན་ཆེན་སྣ་བདུན་རང་བྱུང་བའི།། ཡོན ་ཏན་རྒྱུ་རྩལ་སྣ་ཚོགས་པ། ། ཐམས་ཅད་བསམ་པའི་སྟོབས་ཡིན་པས།། དེ་ཉིད་གསང་བའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཚོ་བྱེད་གསུང་བ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས ་རྡོ་རྗེ་རྗེས་སུ་དྲན་པ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་བཟང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྣ་ཚོགས་དབང་པོའི་རིམ།། དེ་ཉིད་ཐབས་ཚུལ་ཐ་དད་པས། ་ལྡོག་པའི་དབྱེ་བ་དུ་མར་བསྟན།། བྱང་ཆུབ་ཚུལ་འདི་བསན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཚན་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་འཇུག་པ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིགས་ཅན་སྣ་ཚོགས་དྲུ་མའི་སྣང་བ་ལ།། ཡེ་ཤེས་རང་འབྱུང་འགག་པ་མེད་པར་ནི།། ཐུགས་རྗེ་ཆེན་པོ་མི་ཟང་སྟོབས་ལས་འབྱུང་། ་སངས་རྒྱས་ཀུན་གྱི་འཕྲིན་ལས་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་པའི་ཚོགས་ཅན་སངས་རྒྱས་ཐམས་ཅད་ཀྱི་ཁྲོ་བ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཤུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་གདུག་པ་འདུལ་བྱེད་པ།། འབྱུང་པོ་མ་ལུས་ཚར་གཅད་ཅིང་།། རྗེས་སུ་གཟུང་ཕྱིར་ཁྲོ་བར་བསྟན།། ང་ཉིད་ཐུགས་རྗེའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་རྣམ་པར་ངེས་པའི་བློ་གྲོས་སངས་རྒྱས་ཐམ་ཅད་ཀྱིས་སེམས་ཅན་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་དམིགས་པས་འཇུག་མེད ་པར། ། སྣ་ཚོགས་ཁམས་གསུམ་སྐྱེ་གནས་བུ། མི་གཡོ་ངང་ལས་སྣང་མེད་པར།། ཆོས་དབྱིངས་གཅིག་བར་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས།། སངས ་རྒྱས་ཐམས་ཅད་ཀྱི་མ་སྐྱེས་པ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་གི་སྐབས་བསྡུས་པའི་དངོས།། སྟོང་ཉིད་གཅིག་ཏུ་མ་སྐྱེས་པས།། སྐྱེ་བ ་མེད་པའི་ཚུལ་ཅན་ཏེ། ། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་བ་དགྱེས་པ་སངས་རྒྱས་ཐ་མད་ཀྱི་རིག་པ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་བར་ཞུགས་ཏེ། ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ངོ་མཚར་སྣ་ཆགས་འཕྲུལ་བ་ཡི།། གཟོལ་གནས་དང་གྲོས་སྤྱང་སོགས།། མཁྱེན་པས་ཐབས་ལ་མ་ཁས་པར་བྱ།། དེ་ཉིད་ཡེ་ཤེས་ཚུལ་བསྟན་པ ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཉམས་པར་ཐུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐོ་སྣང་ཡུལ་དང ་དབང་པོ་ཡིས། ། དུ་མའི་དངོས་པོ་སྣང་བ་ལ།། ལྡོག་པ་དང་ནི་རྗེས་སུ་འགྲོ།། དེ་ཉིད་གསང་བའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། ལུས་གནས་ཆ་ཤས་མེད་པར་རྟོགས།། ངེས་འབྱུང་དེ་བཞིན་ཆ་ཤས་མེད།། ཆགས ་ཅན་དང་ཆ་མེད་པ། ། ཤེས་ནས་འདིར་གྲོལ་ཐེ་ཙོམ་མེད།། དངོས་པོ་ཐམས་ཅད་མཉམ་པ་སྟེ།། མྱུར་དུ་འཇུག་པ་དཀའ་བ་ཉིད།། དཔེ་དང་གཏན་ཚིགས་རྣམ་པར་སྤངས།། རང་བཞིན་གྱི་ནི་འོད་གསལ་ཞིང་།། གཉུག་མ ་འདིར་ནི་སྣང་བ་སྟེ། ། སྤྱོད་པའི་ཡུལ་ལས་འདས་པ་ཡིན།། རྩོད་མེད་ཞིབ་མཚོན་བྱ་མེད།། ངེས་པའི་ཆོས་ཀྱི་དབྱིངས་ལ་གནས།། སྐལ་བ་མེད་ཅིང་རྒྱུ་བ་མེད།། ཤིན་ཏུ་སྟོང་ཞིང་རྡུལ་མེད་པས།། སྒྲ་ལས་འདས་ཤིང ་ཡོན་ཏན་སྤངས། ། དངོས་པོ་ཀུན་གྱི་རང་བཞིན་ཅན།། ཡེ་ཤེས་ཀྱི་སྣང་བ་རྒྱས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣམ ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་འགྲོ་བ་འདུལ་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སངས་རྒྱས་ཐམ་ཅད་ཀྱི་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་དངོས་པོ་རྣམ་དག་པས།། ཡུལ་རྣམས་སྒྱུ་མའི་མཚན་ཉིད་ཅན།། དུས་གསུམ ་གཅིག་པར་བསྡུས་པ་ཡིས། ། ཐམས་ཅད་མཁྱེན་པར་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྲགས་པའི་མཆོག་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པ་སྤྱོད་པའི་ཚུལ་ལས་ནི།། ཚུལ་བཞིན་མ་ཡིན་རྣམ་གཅད་ཅིང་།། དབེན་པ་ཉོན་མོང་ལས ་ལྡོག་གང་། ། ཚུལ་འདི་གསང་བ་ཐོབ་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་རབ་ཞུགས་སངས་རྒྱས་ཐམས་ཅད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལུས་ངག་ཡིད་ཀྱི་ལས་རྣམས་ལ།། བྱང་ཆུབ་སེམས་དཔའ་གཞན་དོན་དུ།། དཔག་མེད་དཀའ་སྤྱད་ཁུར་བྱེད་པ།། ཡེ་ཤེས་བཟོད་པ་ཆེན་པོ་ཡིན།། ཞེས་གསུང ་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ནོར་བུའི་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཕྱིར་མི ་ལྡོག་པར་གཞན་དོན་དུ། ། བྱང་ཆུབ་སེམས་ཀྱི་བརྩོན་པ་ཡིས།། ཚད་མེད་དབུགས་འབྱིན་ཆེན་པོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲག་ཤུལ་འོད་ཟེར་སངས ་རྒྱས་ཐམས་ཅད་ཀྱི་བསམ་གཏན་རྡོ་རྗེ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་བསམ་གཏན་བཞི་གནས་ཤིང་།། ཡེ་ཤེས་བསམ་གཏན་མཆོ། ་སྤྱོད་པས།། ཕྱི་ནང་རྩོལ་མེད་དང་ལས་ནི།། བྱང་ཆུབ་སེམས་ཀྱི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་བརྟུལ་ཞུགས་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འོད་གསལ་བ།། སྙིང་པོ་བྱང་ཆུབ་མཆོག་སེམས་ལ། ་ཐདང་རྒྱས་ཐེབས་གཅིག་པའི་སྐུ།། ཡེ་ཤེས་དེ་ཉིད་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོབས་ཀུན་དུ་མཆོད་པ་སངས་རྒྱས་ཐམས་ཅད་ཀྱི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ཏུ་དྲི་མེད་དགེ་བ་ནི།། རྟེན་འབྲེལ་སྣ་ཚོགས་སྤྱོད་པའི་ངང་།། རྐྱེན་ལས་འབྱུང་བ་བླ་ན་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་ཚོགས་འཆང་བ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། བདུད་ཚོགས་རྣམས་ལས་རྣམ་རྒྱལ་བ།། དེ་ཉིད་ཡེ་ཤེས་རླུང་ལས་ནི།། ཟག་མེད་ཞི་བས་མཆོག་ཏུ་བདེ།། གཉིས་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་འཇིག་རྟེན་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ནིང ་ཁཁས་ནས་དག་རྣམས་དང་ས་དག་དང་། ། གདུལ་དཀའི་སེམས་ཅན་རྣམས་བྱེར་འདུལ་བ་ནྟི།། བུ་བ་མེ་ཏོག་བཞིན་དུ་དང་འཇུག་པ།། བྱང་ཆུབ་སེམས་ལས་འབྱུང་བའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་གླང་ཆེན་སེང་གེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡེ་ཤེས་གང ་དུ་འདྲ་བ་ཡི། ། ཡེ་ཤེས་མངོན་པར་འབྱུང་བ་གང་།། དེ་ཉིད་ཆགས་མེད་རྣམ་དག་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ ་ཟུག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ཏུ་དགྱེས་པའི་གནས་བསྟན་པ།། རྣམ་པར་འཕྲུལ་པའི་དབང་ཕྱུག་གིས།། ལྷུན་གྲུབ་ཕྱག་རྒྱས་རབ་རྒྱས་པ། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་རྡོ་རྗེ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། རྣམ་པར་སྤྱོད་པ་སྣ་ཚོགས་ལ།། བདེ་བར་གཤེགས་པ་མཚུངས་མེད་སྤྱོད།། འདི་ནི་སྔགས་ཀྱི་སྤྱོད་མཆོག་སྟེ།། དེ་ཉིད་གསང་བའི་ཚུལ་ཐོབ་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲ ་ཅན་བྲལ་བ་སངས་རྒྱས་ཐམས་ཅད་ཀྱི་དཔལ་གྱི་བེའུ་རབ་ཏུ་རྒྱས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་དཔལ་གྱི་སྟོབས་མཆོག་སྟེ།། དྲི་མེད་ཆུ་སྐྱེས་ཡོངས ་འཛིན་པ། ། ཕྲ་བ་གེ་སར་མཆོག་ཐོབ་པས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་རྡུལ་མེད་པའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པ་ཀུན་ཏུ་དྲི་མ་མེད།། བསྐྱོད་པ་མེད་ཅིང་འཛིན་བྲལ་བས།། ཆོས་ཉིད་དང་དུ་རོ་མཉམ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་མངའ་དབང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྲུག་སྒྲ་དབྱངས་རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་རྣམས་ཀུན ་ཀྱི་སྣང་བ་ནི། ། རྟོགས་དགའ་བདག་མེད་མཚན་མ་མེད།། བྱམས་པའི་རང་བཞིན་གནན་ཕན་བརྩོན།། དེ་ཉིད་ཚུལ་འདི་བསྟན་པའོ་ནས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ནི་བ་སྟོབས་སངས་རྒྱས ་ཐམས་ཅད་ཀྱི་ཀུན་དུ་འཇམ་དབྱངས་ཀ་ལ་བ་དཀའ་སྒྲ་རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེ་མས་འདི་གསུངས་སོ། ། ཚངས་པའི་དབྱངས་ལྡན་གསུང་གི་གནས།། ཡན་ལག་དྲུག་བཅུ་ཐོགས ་མེད་དུ། ། འགྱུར་བའི་བརྗོད་པ་ལས་སྐྱེས་པའི།། སྐད་དུ་ཡེ་ཤེས་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དགྱེས་པའི་མཆོག་རྡོ་རྗེ་ཞེས ་བྷ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཉམ་པར་མ་བཞག་སྟོང་པ་ཡིས།། རྟག་ཏུ་མཉམ་པའི་ཚུལ་གནས་ནས།། འགྱུར་མད་སྣ་ཚོགས་ཁྱབ་བྱེད་པ།། བྱང་ཆུབ་ཚུལ ་འདི་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་འཁོར་བའི་ཆུ་ཀླུང་སྐེམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྲིད་པ་འདི་ཉིད་སྤང་མེད་པར།། མི་གནས་མཉམ་པའི་ངང་ལས་ནི།། བདག་མེད་སེང་གེའི་སྒྲ་སྒྲོགས་པ།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རླུང་ཤུགས་བཅུ་པ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་གནས་འབྱུང་ལས ་གྱུར་པ་ལ། ། འདོད་པའི་སྣང་བ་འགྲོ་ཞིང་ལྡིང་།། དེ་ཉིད་སེམས་ཅན་གནས་མཐོང་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྟོབས་ལ་དགྱེས་པའི་དཔལ་སངས ་རྒྱས་ཐམས་ཅད་ཀྱི་ལྷ་ཀླུ་ཐམས་ཅད་ཀྱིས་མཆོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མཆོད་ཕྱིར་ཡེ་ཤེས་ཀྱི། ཆགས་མེད་ཀུན་དུ་བཟང་པོ་ཡི།། བདེན་པཱི ་བྱིན་རླབས་ཐོགས་མེད་པས། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ ་པ་ཉིད་རྣམ་པར་རྒྱལ་བ་ལས་རྣལ་འབྱོར་ཆེན་པོའི་འདུལ་བ་དོན་ཡོད་པའི་མཆོག་བསྟན་པའི་ལེའུ་སྟེ་སུམ་བཅུ་གཅིག་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་གསང་བ་གསུམ་གྱི་མཐར།། རྡོ་རྗེ་བཀོད་པ་སྙིང་པོ་ཆེ། ་གསང་བ་དམ་པ་བཀའ་སྩལ་པ།། སངས་རྒྱས་ཐམས་ཅད་ཅིག་བསྡུས་པའི། ཡེ་ཤེས་སྣང་བ་བསྟན་པའོ།། རང་ལུས་ལྷར་གསལ་བྱང་ཆུབ་སེམས།། གང་དུ་སྲོག་དབུས་བཞུགས་པ་ན།། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། ་མན་ངག་གིས་ནི་རླུང་བསྡུས་ཏེ།། དེ་ཚེ་བཟླས་པ་བརྟན་གྱུར་པས།། དེ་ཉིད་ཡེ་ཤེས་མཆོག་ཐོབ་འགྱུར།། མི་གཡོ་མི་རྟོག་ཕྲ་བའི་སེམས།། མི་མངོན་གསལ་མིན་དབུ་མར་བཞུགས།། དེ་ཉིད་རྣལ་འབྱོར་མཆོག ་ཅེས་བྱ། ། སྟོང་པ་ཉིད་དང་མཉམ་སྦྱོར་བས།། དེ་ཉིད་མངོན་པར་བྱང་ཆུབ་པའོ།། དེ་ཉིད་གསལ་བས་བདེ་བ་ནི།། སྒྱུ་མ་གོམས་པས་འཆར་བར་འགྱུར།། ཇི་སྲིད་སྒྱུ་མ་ལ་གསལ་བ།། དེ་སྲིད་གོམས་པས་འཇུག་པར ་བྱ། ། རབ་ཏུ་གསལ་བའི་གནས་ཐོབ་པས།། རང་དགའི་ཡེ་ཤེས་ཐོབ་པར་འགྱུར།། དེ་ཉིད་ཡེ་ཤེས་བདེ་ཆེན་པོ།། ཐིག་ལེའི་གཟུགས་ཅན་གཅིག་པུ་ཉིད།། སྙིང་དབུས་མི་ཤིགས་སེམས་གཅིག་བདག། དེ་ཉིད ་ཡེ་ཤེས་རང་སྡོང་པ། ། སྒྱུ་མར་ངོ་བོ་ཉིད་ཀྱིས་གསལ།། གཉིས་མེད་ཡེ་ཤེས་རྣལ་འབྱོར་པས།། ཡེ་ཤེས་འབྱུང་བའི་རྡོ་རྗེའི་བློས།། མཁས་པས་མཐོང་བས་བརྟག་པར་བྱ།། ཐོག་མཐའ་མེད་པའི་ཡེ་ཤེས་ནི།། ་མ་བྱུང་བཅོས་མིན་ལྷན་ཅིག་སྐྱེས།། རང་རིག་གནས་ནི་འདིར་ཐོབ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ཆེན་པོ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ ་བཞིན་གཤེགས་པ་མཐུ་དཔལ་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སེང་གེའི་སྒྲ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཡེ ་ཤེས་ས་གཞི་ལས། ། སྣ་ཚོགས་མྱུ་གུ་བསྐྱེད་པའི་རྒྱུ།། རྟེན་འབྲེལ་ཚོགས་ཕྱིར་ཐོབ་པ་ཉིད།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་དཔལ་སངས ་རྒྱས་ཐམས་ཅད་ཀྱི་གསང་བའི་རྒྱལ་པོ་རྡོ་རྗེ་ངས་རྒྱས་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཏིང་ངེ་འཛིན་ལ་སྟོབས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདོད་པའི་ལོངས་སྤྱོད་སྣ་ཚོགས་པ།། རིན ་ཆེན་བདུན་དང་ཉེ་བདུན་གྱིས། ། བརྒྱན་ཞིང་མཆོད་པས་བདེ་བ་ཐོབ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བྱུང་གནས་རྡོ་རྗེ ་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལུས་ཀྱང་སེམས་ལ་མི་གནས་ཏེ།། སེམས་ཀྱང་དག་ལ་མི་གནས་ཏེ། ཀུན་དུ་གནས་མེད་མཁའ་ལྟ་བུས ་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་སྣ་ཚོགས་མཆོད་པའི་བཀྲ་ཤིས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཆོག་སྩོལ་བཀྲ་ཤིས་རྒྱུན་དུ་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། སྐྱེས་བུ་དེ་ལ་སྩོལ་བ་སྟེར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་ངནས་དེ་བཞིན་གཤེགས་པ་བ་ང་པ་བ་དྷ་ས་ཐམས་ཅད་ཀྱིས་གསལ་བ་ར་བས་པའང་པ་དྷཱ་། ང་ལྡན་ལ་སྙམས་པར་ཐུགས་ང་ན་བ་མམཔ་འདིག་ས་པ།། ག་དུང ་ཆག་པ་ལ་སོགས་པས། ། ཟིལ་གནོད་དེ་ལས་ཐར་པ་ཡིས།། ཆ་བས་ཟུག་རྡུས་ལ་བྱེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགེ་བའི་མཆོག་ས་ཎྜ ་ཐམས་ཅད་ཀྱི་ངོ་བ་ཉིད་སུ་རྡོ་རྗེ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཞིང་ཁམས་ཀུན་ལ་ཁྱབ་གྱུར་བའི།། ལུས་ཅན་ཀུན་ལ་རྣམ་པར་སྣང་།། དེ་ཉིད ་རྡོ་རྗེའི་སྐུར་གྱུར་པ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་པོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་གསུང་རྡོ་རྗེ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་གསུམ་ཁམས་སུ་གྲགས་བྱེད་པ།། གླིང་ཀུན་སྐད་ཅིག་དབྱངས་ཀྱིས་སྟོན།། དུ་མར་དེ་ཉིད་སྟོན་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་སྐར་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེང་བོ་ཉིད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་འཁོར་ལོས ་པཱུར་བ་ཡི། ། ཆོས་ཀྱི་འཁོར་ལོས་དབང་བསྐུར་བཞིན།། འགྲོ་གུར་ཡེ་ཤེས་དབང་བསྐུར་བའི།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སངས་རྒྱས ་ཐམས་ཅད་ཀྱི་དེ་བཞིན་ཉིད་སྦྱར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདས་དང་མ་འོངས་ད་ལྟར་གང་།། ཆོས་ཉིད་མཉམ་པའི་དེ་བཞིན་ཉིད། ་མཚུངས་མེད་ད་ལྟར་འདིར་རྟོགས་ན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གློག་གི་རྩེ་མོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་འཕྲུལ་བའི་སྤྱོད་པ་སྟོན ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔག་མེད་སྒྱུ་མའི་ཆོ་འཕྲུལ་གྱིས།། མེ་དག་དག་པར་གང་བསྒྱུར་བ།། ཐམས་ཅད་བློ་གློས་བཟང་པོ་ཐོབ།། བྱང ་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་ཆེན་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདུད་ཀྱི་འཆིང་བ་ལས་འདས་ཕྱིར།། ཆོས་ཀྱི་རྒྱལ་མཚན་ཆེན་པོ་ཡིས།། ཁམས་གསུམ་ཀུན་ལ་ཁྱབ་པར་བྱ།། དེ་ཉིད་གསང་བ་བསྟན་པའོ།། ཞེས་གསུངས་སོ།། དེ་ན ་དེ་བཞིན་གཤེགས་པ་རིན་པོ་ཆེའི་འོད་སངས་རྒྱས་ཐམས་ཅད་ཀྱི་འཇིག་རྟེན་སྣང་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འོད་གསལ་ཤིན་ཏུ་རྣམ ་དག་པ། ། དངོས་པོ་མ་སྤངས་ཡེ་ཤེས་ཆེ།། ཆོས་དབྱིངས་ཀློང་ན་བདེ་བར་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དཔལ་གྱི་འོད་སངས་རྒྱས་ཐམས་ཅད ་ཀྱི་ཐུགས་རྗེའི་གདུགས་ཀྱིས་ཁྱབ་པར་བྱེད་པ་རྡོ་རྗེ་ཞེ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་བས་བསྡུས་པའི་སེམས་ཅན་རྣམས། སྐྱོབ་ཕྱིར་ཆད་མེད་གདུགས ་ཀྱིས་ནི། ། ཀུན་ནས་ཀུན་དུ་ཁྱབ་པར་བྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད་འདུལ་བར་མཛད་པ་སངས་རྒྱས་ཐམས་ཅད་ཀྱིས་བདུད་མ་ལུས་པར ་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལོག་ལྟ་མ་ལུས་མུན་པའི་གཞི།། སངས་རྒྱས་ཡེ་ཤེས་སྒྲོན་མེ་ཡིས།། སྐད་ཅིག་ཅིག་ལ་སེལ་མཛད་པའི།། བྱང ་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གོ་ཆ་བགོས་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་མཆོག་ཏུ་སྲ་བ་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། ཡན་ལག་བཞི་ལྡན་མཚོན་ཆ་མཆོག། དེ་ཉིད་བསྲུང་བ་བླ་ན་མེད།། ཕ་རོལ་རྒོལ་བ་བཟློག་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་ས།། དེནྡ་ད་བཞིན་གཤེགཔ་སེང་གེའི་ཕྱག་སངས་རྒྱས་ཐམས ་ད་ཀྱི་ཁ་ལོ་སྒྱུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱག་རྒྱ་སྣ་ཚོགས་ཐབས་རོལ་པ།། འབར་ཕྲེང་དུ་མའི་སྤྲོ་བ་ཅན།། མི་ཟད་ཡེ་ཤེས་བྱང་ཆུབ་སམ?།། ་སྟོང་ཉིད་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དུང་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར།། རབ་སྟོན་དམ་པའི་ཆོས་ཀྱི་སྒྲ།། རྣམ་པ་ཀུན་དུ་གྲགས་པའི་དབྱངས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་རིན་ཆེན་ཐོན་པོ་སངས་རྒྱས་ཐམས་ཅད་ཀྱི་དམ་པ་ཆོས་ཀྱི་གཎ་ཌེ་རབ་ཏུ་བརྡུངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆོས་ཀྱི་དོན ་སྟོནངཔ། ཚད་མེད་བསྡུ་དངོས་བཞི་དག་གིས།། སྡུད་ཅིང་གྲོལ་བྱེད་ཐེག་པའི་མཆོག། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱ་མཚོའི་ས་འཛིན་སངས་རྒྱས་ཐམས་ཅད་ཀྱི ་དམ་པའི་ཆོས་ཀྱི་རྔ་བོ་ཆེ་སྲོག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟག་པ་སད་པར་ན་ཅན་རྔ།། བདག་ཤེགས་གསུང་ནི་བསྟན་པའི་ཕྱིར།། རྟག ་སྤྲུལ་བའི་སྒྲ་འབྱུང་བ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་གྱི་བློ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གདུལ་བྱའི་བསམ་པ་མཁྱེན་ནས་ནི།། རྟོག་མེད་ཡེ་ཤེས་ཁམས་འཇུག་པས།། ཆོས་ཀྱི་འཁོར་ལོ་བསྟན་པ་ནི།། བྱང་ཆུབ་ཚུལ་མཆོག་བསྟན་པ་ཡིན་ཞེས ་གསུངས་སོ། ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས།། རིག་པའི་ལྷ་མོ་སྣ་ཚོགས་དང་།། ཐབས་གཅིག་རོལ་པ་བསྟན་མཛད་དེ།། གསང་བ་གསུངས་པའི་དོན་བརྗོད་དོ།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ་དངོས་པོ་ཅི་བཞིན་རང་རིག་ལའང་།། རྒྱུ་འབྲས་བྱེ་བྲག་ཐ་དད་པ།། མ་འདྲེས་ཡེ་ཤེས་ཚུལ་དུ་གནས།། ནང་གནས་ཇི་བཞིན་ཕྱི་རོལ་འབྱུང་།། བར་མ་གསང་བ་མཆོག་སྤྱོད་པ།། རྨད་ཏུ་བྱུང་བ་ཆེན་པོ་སྟེ།། ངོ་བོ ་ཉིད་ཀྱི་ཡེ་ཤེས་གང་། ། དེ་ཉིད་རྟོགས་པའི་རྣལ་འབྱོར་པ།། དེ་ཡི་རྗེས་སུ་འབྲང་བར་བྱེད།། དེ་ཉིད་གཉིས་སུ་མེད་པ་ཡི།། རྣལ་འབྱོར་གསང་བ་བདེ་བ་ཆེ།། རྒྱལ་བ་ཀུན་གྱི་འབྱུང་གནས་ཡིན།། བསྐྲད ་དང་གསང་དང་དབྱེད་པ་དང་། ། མངོན་སྤྱོད་ཀྱི་ནི་ལས་རྣམས་ནི།། ཐབས་གཞན་མེད་པར་གྱུར་པ་ལ།། ཐོག་མ་དབུས་དང་མཐའ་རྣམས་སུ།། གང་གིས་སྙིང་རྗེ་མ་ཉམས་ལ།། དེ་ཉིད་དེ་ཡི་བྱེད་པར ་འགྱུར། ། གཞན་དུ་བསྟན་པའི་དོན་ལས་དམན།། ཉེ་བར་འགྲུབ་པར་དཀའ་བར་གསུངས།། དེ་ཉིད་གསང་བའི་སྤྱོད་ཡུལ་མིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང ་པགས་བ་གསང་བ་འདུས་པ་རྣལ་འབྱར་ཅན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཏུ་ལ་ཤེས་འཇུག་པའི་ཏིང་ངེ་འཛིན་བསྟན་པའ་བ་བྱས་གཉིས་པའོ། ། ་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ ་མཆོད་པའི་སྤྲིན་དུ་མས་མཆོད་ཅིང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གསང་བ་བསྡུས་པའི་དགོངས་རྒྱུད་དེ།། མི་ཕྱེད་ཡེ་ཤེས་མཆོག་སྒྲུབ་པ།། བཅོམ ་ལྡན་སྙིང་པོ་བཤད་དུ་གསོལ་ཞེས་ཞུས་ཤིང་གསོལ་བ་བཏབ་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས ་ཅ་ཨད་ཀྱིས་གསོལ་བ་བཏབ་པར་མཁྱེན་ཅིང་བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་ཆེན་པོ་དེ་དག་གི་སེམས་ཀྱི་ཀུན་དུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གང་དུ་ཡང་འདི་ལྟར་ལྷན་ཅིག་གཡོ་བ་དང་ལྡན་པས་དབང་པོ་སྒོ་ལྔའི་རྗེས་སུ་མངོན་པར་གྲོལ་ལ།། སྣང་བ་དབང་པོ་དོན་དང་ཕྲད་པར་གྱུར་པ་མཆོད་པ་གསལ་བ་ལས་དབང ་པོས་དངོས་པོར་དམིགས་པ་ཐོབ་པ་དང་ལྡན་པའོ། ། གལ་ཏེ་སེམས་དེ་ཉིད་དངོས་པོའི་རང་བཞིན་དུ་མ་གྱུར་ན་དེ་ལྟ་ན་པང་འདི་དག་སེམས་ཉིད་ཡིན་པས་རྣམ་པ་ཐམས་ཅད་དུ་ཕྱི་རོལ་གྱི་དོན་སྐྱེ་བ་ཡོད་པ་མ ་ཡིན་ཏེ། འདི་ལྟར་མ་ལུས་པའི་རང་བཞིན་འདི་དག་བརྟགས་པས་སྟོང་པའི་སེམས་ཉིད་དེ།། སྐྱེ་བ་དང་འགག་པ་དང་བྲལ་ཞིང་རང་བཞིན་གྱིས་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཡོངས་སུ་གསལ ་པའོ། ། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། ལུས་དང་སེམས་ནི་དབྱེར་མེད་དེ།། རྟེན་དང་བརྟེན་པ་འཇུག་ལྡོག་གིས།། ཀུན་གྱི་གནས་སུ་ཤེས་པར་བྱ།། མཁའ་དབྱིངས་རྡོ་རྗེ་སྟོང་ཉིད་དེ།། དབུས་གནས ་མངོན་པར་བྱང་ཆུབ་བརྗོད། ། དེ་ཉིད་མེ་ལོང་ཡེ་ཤེས་ལྡན།། ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག། ཉི་མ་མཉམ་ཉིད་ཡེ་ཤེས་ཏེ།། བདུན་དང་ལྡན་པའི་དབུས་ཉིད་ཏུའོ།། སྔགས་ནི་དབུས་སུ་གནས་གྱུར་གང་།། ས་བོརན་སོ་སོར ་རྟོག་པ་སྟེ། ། མངོན་པར་བྱང་ཆུབ་པ་ཉིད་དོ།། རྡོ་རྗེ་ལ་སོགས་གང་གནས་པ།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། ཡོངས་སུ་རྫོགས་པའི་སྐུ་གསུང་ཐུགས།། ཞལ་གསུམ་རྩ་གསུམ་བརྗོད་པར་བྱ།། སྐུ་གསུམ ་ལུས་ངག། ཡིད་ཡིན་ཏེ།། དེ་ཉིད་མངོན་པར་བྱང་ཆུབ་བརྗོད།། རྣམ་པར་འཕྲོ་བར་བསམ་བྱ་སྟེ།། རྡོ་རྗེ་འཁོར་ལོ་པད་མ་དང་།། ནོར་བུ་རལ་གྲི་འབར་བ་ལས།། འགྲོ་དྲུག་རྟོག་པ་གཅོད་ཕྱིར་ཏེ།། ཡེ་ཤེས་དྲུག་པའི་བདག ་ཉིད་ཅན། ། ཐབས་དང་ཤེས་རབ་མཉམ་སྦྱོར་བས།། བླ་མེད་མངོན་པར་བྱང་ཆུབ་བརྗོད།། ལུས་ངག་ཡིད་ནི་བྱང་ཆུབ་པ།། གསང་བ་དངོས་པོའི་དོན་ཡིན་ཏེ།། ལུས་ནི་བྱང་ཆུབ་རྣམ་ལྔ་དང་།། རྩ་དང་བྱང་ཆུབ་སེམས ་དང་ནི། ། མི་གཙང་རྫས་དང་རྣམ་རྟོག་གིས།། ལུས་ཀྱི་ཆོས་ནི་གནས་པ་ཡིན།། དག་ནི་འབྱུང་བ་ལྔ་དག་དང་།། ཡི་གེ་སྒྲ་དང་སྔགས་རྣམས་ཏེ།། བརྗོད་པ་དང་ནི་དབྱ་བ་རྣམས་ཀྱིས།། ངག་གི་ཆོས་ནི་བསྡུས་པ་ཡིན ་སེམས་ནི་ཡེ་ཤེས་ལྔ་དག་དང་། ། ཐིག་ལེ་བདེ་བ་ཉིད་དང་ནི།། སྣང་བ་གསུམ་དང་མི་རྟོག་པས།། སེམས་ཀྱི་ཆོས་ནི་གནས་པ་ཡིན།། སྣ་ཚོགས་གཟུགས་ཅན་སེམས་ཀྱི་དངོས།། སྲེད་གསུམ་ཆོས་དང་ཆོས་མིན ་དང་། ། ས་འོག་ས་སྟེངས་ས་བླ་བ།། སྐྱེ་གནས་འབྱུང་བ་བརྟན་ཡོར་བཅས།། སེམས་ཉིད་ལུས་ནི་ནམ་མཁའི་ཁམས།། གཞི་དང་རྟེན་དང་ཁྱབ་བྱེད་པའོ།། མིགས་ལ་ཕྲ་ཞིང་བརྟག་དཀཱ་བས།། རྣམ་པར་ཤེས་པའི ་སྤ་ལ། ། སྣང་བ་མང་བར་ཟབ་པས།། བགཆགས་ས་པན་ཡུལ་རྣམས་ཀྱིས།། ཐམས་ཅད་རང་ལས་འབྱུང་བ་ཉིད།། མིག་ནས་ལ་གས་ལུས་ལགནས།། ལགས་ལུས་ན་འགག་ས་དང་། དངམ་མདཀར་བ་ས ་འགྱུར་ཏེ། ། ལུས་མེད་ལུས་ནི་མཉམ་པ།། ལུས་ལ་ཐོགས་དམིགས་སུ་མེད།། ཐ་མ་འགག་པ་མེད་པ་སྟེ།། གསང་བག་སུམ་དུ་རྣམ་སྦས་པས།། དེ་བཞིན་གཤེགས་པའི་ཡེ་ཤེས་སུ།། འདི་ནི་འཁོར་འདས་ཀུན་ཅིཿ། ་ཉམས་དང་མྱོང་བ་དབྱེར་མེད་དེ།། ཞི་གནས་ལྷག་མཐོང་གཟུགས་ཅན་ཡིན།། བདེ་དང་གསལ་དང་མི་རྟོག་པས།། སྣང་བ་གསུམ་གྱི་རྣམ་པ་སྟེ།། དེ་ཉིད་ཞེན་པས་འཆིང་བས་ན།། སྲིད་པ་གསུམ་ནི་རྟག་པའི་དངོས།། ་པྲ་བའི་ལུས་དག་ཡིད་གསུམ་ལ།། གསང་བའི་སྐུ་གསུམ་ཐུགས་ཡེ་ཤེས།། རྡོ་རྗེ་གསུམ་དུ་གས་བ་ཉིད།། གསང་བ་བསམ་གྱིས་མི་ཁྱབ་པ།། འགྲོ་ཀུན་བདེ་གཤེག་པ་རང་བཞིན་ཅན།། ལུ་པ་ནི་ད་ཚོགས་མི་ཟ ་པས། ། སྭཱ་པི་གསང་བ་བསམ་མི་ཁྱབ།། དུ་མའི་གཟུགས་ཀྱིས་སྟོན་པར་བྱེད།། འགྲོ་བཅོས་ལམ་དཔལ་ལྡན་པས།། དག་གི་བརྗོད་པ་མཐའ་ཡས་པ།། གསུང་གི་གསང་བ་བསམ་མི་ཁྱབ།། སྒྲ་དབྱངས་སོ་པོའི ་སྐད་དུ་སྒྲོགས། ། སེམས་ཅན་སངས་རྒྱས་སྙིང་པོ་ཅན།། སེམས་ནི་དྲན་རྟོག་དཔག་མེད་པས།། ཐུགས་ཀྱི་གསང་བ་བསམ་མི་ཁྱབ།། སེམས་ཅན་སྐུ་གསུང་དབྱེར་མེད་པས།། ལུས་ངག་ཡིད་གསུམ་མི་ཕྱེད་པ། ་རྡོ་རྗེ་གསུམ་དུ་གརྟག་གནས་པས།། དེ་ཕྱིར་རྒྱལ་བའི་ཡེ་ཤེས་སྐུ།། དབྱེར་མེད་བསམ་གྱིས་མི་ཁྱབ་པའོ།། གསང་བ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བྱང་ཆུབ ་སེམས་དཔའ་ཆེ། ། ཀུན་དུ་བཟང་པོས་ལོགས་ཞུས་པ།། རྣལ་འབྱོར་རྒྱུད་འདིར་གསུངས་པ་ཡི།། རླུང་གི་དཔེ་དུས་མཚན་ཉིད་དང་།། སྤྲོ་བསྡུ་རིམ་པ་རྒྱུ་ཚུལ་དང་།། ཁྱད་པར་གས་རབ་བཤད་དུ་གསོལ།། དེ་ནས ་རྒྱལ་པོ་རྡོ་རྗེ་འཆང་། ། གསང་བའི་དབྱིངས་ནས་བཀའ་སྩལ་པ།། ཨ་ཨཱ། ཨི་ཨཱི་ཨུ་ཨཱ། ཨེ་ཨེ། ཨོཾ་ཨོཾ། ཨཾ་ཨཿ། དེ་ནས་གཞན་ཡང་རབ་བཤད་པ།། དེ་ལ་རླུང་གི་མཚན་ཉིད་ནི།། ས་དང་ཆུ་དང་མེདཔ། ་རུང་།། འབྱུང་བ་བཞི་ཡི་བྱེ་བྲག་གིས།། མགོན་པོ་རྡོ་རྗེ་རེ་རེ་ལའང་།། སྤྱན་ལས་སོགས་པའི་ལྷ་མོ་ནི།། རེ་རེ་ལ་ཡང་བཞི་བཞི་སྟེ།། དཀྱིལ་འཁོར་བཞི་རུ་མངོན་པར་བརྗོད།། ཞི་རྒྱས་དབང་དང་མངོན་སྤྱོད་རྣམས།། མཁས ་པས་ཤེས་ནས་སྤྱད་པར་བྱ། ། རླུང་གི་བྱེ་བྲག་བསྟན་པ་ནི།། ཐོ་རངས་ཁྱབ་གནས་དུས་ཡིན་ཏེ།། སྤྱི་བོའི་གནས་ལས་ཀུན་ཁྱབ་པས།། ཡི་གེ་ཨ་རུ་མངོན་པར་བརྗོད།། དེ་ནི་སྐུ་ཡི་བཟླས་པའོ།། ནམ་ནངས་ཟུར་སེལ ་དུས་ཡིན་ཏེ། ། གསང་བའི་གནས་སུ་འབྱུང་བས་ན།། ཨཱ་ཞེས་བརྗོད་པ་དབྱངས་ཡིན་ནོ།། རྡོ་རྗེ་གསུང་གི་བཟླས་པར་བརྗོད།། ཉི་མ་ཤར་བ་མཉམ་གནས་རླུང་།། ལྟེ་བའི་གནས་སུ་བརྗོད་པ་ཡིན།། ཨི་ཞེས་སྒྲ་ཙམ་དུ་བརྗོད ་པས་རྡོ་རྗེ་ཡོན་ཏན་བཟླས་པ་སྟེ། ། ཅུང་ཟད་དྲོས་པས་དྲོད་ཡིན་ཏེ།། སྙིང་ཁའི་གནས་སུ་མི་ཤིགས་པས།། ཡི་གེ་ཨཱི་རྱ་མངོན་པར་ནི།། རྡོ་རྗེ་ཐུགས་ཀྱི་བཟླས་པ་སྟེ།། ཕྱེད་དུས་གྱེན་དུ་རྒྱུ་བ་ཉིད།། མགྲིན་པའི་གནས ་ལས་བསྐྱེད་པས་ན། ། ཨུ་ཞེས་ཐུང་རྒྱུ་དག་ཏུ་གྱུར།། རྡོ་རྗེ་ཐོགས་མེད་བཟླས་པར་བཤད།། ཕྱེད་ཡོལ་དུས་སུ་རྒྱུ་བའི་རླུང་།། མག་ལ་གནས་པའི་རྣམ་པ་ཡིས།། ཨཱུ་ཞེས་རབ་ཏུ་བརྗོད་པ་ཉིད།། རྡོ་རྗེ་འདོད་ཆགས ་བཟླས་པར་བརྗོད། ། དགོངས་ཀ་རབ་ཏུ་རྒྱུ་བ་ཉིད།། རྣ་བ་ལ་ནི་རབ་གནས་པ།། ཨེ་ཞེས་ཀུན་གྱི་བརྡ་རུ་བརྗོད།། མཚན་མོའི་ཆ་ལ་རྣམ་པར་རྒྱུ།། སྣ་ཡི་རྣམ་ཤེས་ལྡན་པ་སྟེ།། ཨི་ཞེས་གསང་བ་སེར་སྣ་འཛིན།། རྡོ་རྗེ ་གཏི་མུག་བཟླས་པར་བརྗོད། ། སྲོག་ལ་ཤིན་ཏུ་རྒྱུ་བ་སྟེ།། ལྕེ་ལ་མངོན་པར་དབང་བས་ན།། ཨོཾ་ཞེས་སྣ་ཚོགས་སྒྲ་བརྗོད་པ།། འགོག་པ་ཁྲོ་བོའི་བཟླས་པར་བརྗོད།། ནམ་ཕྱེད་ཡང་དག་རབ་རྒྱུ་བ།། བ་སྤུའི་ཚིགས ་ཀུན་ཁྱབ་པས་ན། ། ཨོཾ་ཞེས་ཚིག་ཏུ་སྨྲ་བར་སྟོན།། འདི་ནི་དམ་ཚིག་བཟླས་པར་གསུངས།། སྲོག་ཅོལ་དབུ་མར་འཇུག་པ་ནི།། མེ་ཞེས་དེ་བར་ལྡན་པ་སྟེ།། རྩ་གཉིས་གཟུང་འཛིན་དྲུང་འགག་པས།། ཨཿཞེས་སྷོ། ་པའི་སྒོ་ཡིན་ནོ།། གུང་གཉིས་རྩ་བའི། ཡིན་ཏེ།། གཞན་དུ་ཡན་ལག་ཉིད་ཏུ་འགྱུར།། ཨ་ལི་བཅུ་གཉིས་དག་དང་འདྲེས།། དེ་དག་དབྱེ་བ་རིམ་པ་ཡང་།། བླ་མའི་ཁ་ལས་རྟོགས་པར་འགྱུར།། རླུང་གི་བྱེ་བྲག་བཤད་པ་ནི། ་ཆོས་གཅིག་སྔ་དྲོ་ཟླ་བ་སྟེ།། སྟོང་པའི་སྲོག་ལ་ཉི་མ་རྒྱུ།། ཚེས་བརྒྱད་ཐོ་རངས་རླུང་ཉིད་དེ།། ཉི་ཤུ་གཉིས་ལ་ཆ་བསྐམས་པས།། དེའི་གྲངས་ནི་བསྟན་པ་ལ།། ཚྭ་ནི་ཉིས་བརྒྱ་ཉི་ཤུ་ལྔ།། ས་དང་མེ་དང་རླུང་དག་ལའང་། ་དེ་ཉིད་བཞིན་དུ་མཉམ་པར་འབྱུང་།། དབྱུ་གུ་གཉིས་ལ་ཆུ་ཚོད་གཅིག། དེ་ལ་བཞི་བརྒྱ་ལྔ་བཅུ་ཡིན།། ཆུ་ཚོད་གཉིས་ལ་འཕོ་བ་གཅིག། དེ་ལ་དགུ་བརྒྱ་ཕྲག་ཅིག་སྟེ།། འཕོ་བ་གཉིས་ལ་ཐུན་ཅིག་སྟེ།། དེ་ལ་སྟོང་དང ་བརྒྱད་བརྒྱའོ། ། ཐུན་ནི་རྣམ་པ་བཅུ་གཉིས་ཡིན།། དེ་ལ་ཉི་ཁྲི་ཆིག་སྟོང་སྟེ།། སྤྱིར་སྡོམས་ཉིན་ཞག་གཅིག་ལ་ནི།། འཕོ་བ་ཉི་ཤུ་རྩ་བཞི་ཡིན།། ཁྲི་ཕྲག་གཉིས་དང་སྟོང་དང་ནི།། དྲུག་བརྒྱ་འབྱུང་བར་ཆུབ་ཡིན།། ཆུ་ཚོད ་སུམ་བཅུ་གཉིས་ལ་ནི། ། དབྱུ་གུ་དྲུག་བཅུ་རྩ་བཞི་ཡིན།། དེ་དག་འབྱུང་བ་འཛིན་པ་ནི།། ཆུ་སོགས་ཉི་ཤུ་རྩ་བཞི་རྒྱུ།། ཞི་བའི་ལས་ནི་ཉི་ཤུ་བཞི།། ས་ནི་ཉི་ཤུ་རྩ་བཞི་ལས།། དེ་ཡི་དུས་སུ་རྒྱས་པའི་ལས།། ་གཉིས་པའང་དེ་དང་མཉམ་པ་ལ།། དབང་དང་དྲག་པོའི་ལས་ལ་ཤིས།། རླུང་གི་རིམ་པ་དེ་དག་ཀྱང་།། ལུགས་འབྱུང་དང་ནི་ལུགས་བཟློག་པ།། སྒྲག་ཅན་དུ་ནི་རྒྱུ་བ་དང་།། མ་དང་བུ་རུ་རྒྱུ་བ་དང་།། རང་ཐོག་དུ་ནི་རང་རྒྱུད། ་གཞན་ཐོག་དུ་ནི་གཞན་རྒྱུ་དང་།། པོ་མོ་ཕྲད་པར་འབྱུང་བ་དང་།། མ་ནིང་དག་ཏུ་འབྱུང་བ་དང་།། སྣོལ་མར་རྒྱུ་དང་རྐྱང་པ་སྟེ།། དེ་དག་དོན་ནི་གསལ་རྙེད་འགྱུར།། ས་དང་ཆུ་རུ་ཕྲད་པ་སོགས།། དེ་བཞིན་གནན་པ ་སྦྱར་བར་བྱ། ། གསལ་དང་མིགས་ལ་རྣམ་པ་ཡིས།། དེལ་བྱེ་བྲག་ཤེས་པར་བྱ།། འཕྲིན་ལས་བཞི་ཡི་བྱེ་བྲག་གིས།། ཆུ་ཡི་རླུང་སྟོངས་གཟུང་བ།། ཕྱོགས་དང་དབྱིབས་དང་མདོག་རྣམས་དང་། ་རིང་ཐུང་རྒྱུ་བ་ཕྱི་ནང་གིས།། ལྷ་མོ་བཞི་དང་གནས་བཞི་དང་།། ངལ་དང་རྔུབ་དང་སྦོམ་པ་དང་།། ཤིན་ཏུ་དྲག་པོ་རྣམ་པ་བཞི།། ཆུ་ཡི་མཚན་ཉིད་འཛིན་པའི་དུས།། ཞི་བའི་ལས་ནི་བྱ་བར་བཤད།། ས་དང་མེ་དང་རླུང ་དང་གསུམ། ། གོང་མ་དག་གིས་བསྒྲེ་བར་བྱ།། སྤྱིར་ནི་རླུང་གི་རྣམ་པ་ནི།། འབྱུང་བ་དྲག་པོའི་རང་བཞིན་ཡིན།། འཇུག་པ་དབང་དང་རྒྱས་པ་སྟེ།། གནས་པ་ཤིན་ཏུ་ཞི་བ་ཡིན།། ཐམས་ཅད་རླུང་གིས་བྱེད་པས་ན།། ། ་སྡིག་པ་མི་དགེ་ངན་སོང་ལྟུང་།། འཆི་དུས་འོག་སྒོ་གཉིས་ནས་ལྷུང་།། འཕོ་བས་འབྲས་བུ་ངན་འགྲོ་ཡིན།། དགེ་བཅུ་སྤྱོད་པ་རླུང་གི་ལས།། མཐོ་རིས་ཐར་པ་རྣམས་ལ་ནི།། བསྐྱོད་པ་རླུང་གིས་བྱེད་པ་སྟེ།། ཚངས་པའི ་སྒོ་ནས་མཁའ་སྤྱོད་དུ། ། འཕོ་བར་འགྱུར་རོ་སེམས་དཔའ་ཆེ།། རླུང་འཁྲུགས་པས་ནི་ལས་རྣམས་འཁྲུགས།། ཞིང་སོགས་འཁྲུགས་པས་ལས་མི་འགྲུབ།། རོ་སྙོམས་པས་ནི་ནད་མེད་ཅིང་།། ཡོན་ཏན་ཕུན་སུམ ་ཚོགས་པ་འབྱུང་། ། དབུ་མ་ལེགས་པའི་ལམ་བཟང་པོས།། ཕྱག་རྒྱ་ཆེན་པོའི་གནས་ཐོབ་ནས།། སྐུ་བཞི་ཡེ་ཤེས་ལྔ་འབྱུང་བ།། དཔལ་ལྡན་རྡོ་རྗེ་འཛིན་པ་འགྲུབ།། རིག་འཛིན་མོས་པར་སྤྱོད་པ་སྟེ།། དང་པོ་ལས་ཀྱི ་ས་ཞེས་པ། ། འདོད་ཁམས་གནས་པའི་གཞི་ཡིན་ཏེ།། དེ་ཕྱིར་ལས་རྣམས་རླུང་གིས་བྱེད།། ཅེས་དཔལ་རྡོ་རྗེ་འཆང་གིས་སྤྱོད་པའི་གནས་གྲོལ་བའི་དོན་དུ་རབ་ཏུ་གསུངས་སོ།། སྲོག་དང་རྩོལ་བ་རབ་འཇུག་པས།། ་གཡས་གཡོན་རྒྱུ་དང་ཁོང་ནས་འབྱུང་།། ཐབས་དང་ཤེས་རབ་ཆ་དག་གིས།། གསང་བ་འདིར་ནི་བརྗོད་པ་ཡིན།། ཟླ་བ་དང་ནི་ཉི་མ་ཡི།། རབ་ཏུ་དབྱེ་བ་བསྟན་པར་བྱ།། གཡོན་དང་གཡས་སུ་རབ་སྦྱོར་བས།། ་རིམ་པ་ཇི་བཞིན་རབ་ཏུ་དྷུ།། གཡོན་གྱི་མགྲིན་པ་ནས་བརྩམས་ཏེ།། ལྟེ་བའི་དཀྱིལ་འཁོར་མཐར་གྱུར་པས།། བྷཱ་བའི་རྩནི་འོག་ཏུ་བལྟ།། ཤེས་དཔ་ས་ལི་རབ་འབབ་པ།། གཡས་སུའང་ལྟེ་བ་ནས་བརྩམས་ཏེ། ་མགྲིན་པའི་རྩེར་ནི་བྱིན་བསྐྱོད་པ།། ཉི་མའི་རྩ་ནི་གྱེན་དུ་བལྟ།། དམར་དང་ཀ་ལི་འབྱུང་ཞིང་འབབ།། འབྱུང་བྱེད་སྣའི་བུ་གནས། རྒྱུབ་རྒྱམི་མཚན་ཉིད་ཅན།། འཇུག་པ་གཡོན་ནས་ཐར་དུ་འགྲོ།། འབྱུང་བ་གཡས་ཀྱི ་གྱེན་དུ་བསྐྱོད། ། ཇི་སྲིད་ཉི་མ་ཤར་བ་ནས།། ནུབ་ཀྱི་བར་ལ་ཉིན་མོའི་ཆ།། ཇི་སྲིད་ནུབ་པ་ཉིད་གྱུར་པས།། ནམ་ན་དྲ་བར་དུ་མཚན་མོའི་ཆ།། མཚམས་ལས་བར་མར་གྱུར་པ་དང་།། ཉིན་མཚན་གཉིས་ལ་ཞག ་གཅིགསྟེ། ། དེ་ལས་དུས་པཞིར་གནས་པ་ཡིན།། དེ་ལས་ཉིན་དང་མཚན་མོ་ཡི།། ཐུན་ཚོད་བརྒྱད་ཏུ་འགྱུར་བ་ཡིན།། ཡན་ལག་བཅུ་དྲུག་ངག་ཡིན་ཏེ།། ཐུན་ནི་ཕྱེད་ཕྱེད་དག་ཏུ་རླུང་།། སྣ་ཡི་བུ་གར་ཡང་དག ་དྷཱུ། ། ཡང་ངོ་ཚེས་གཅིག་ནས་བཟུང་ནས།། ཉིན་ཞག་གསུམ་དུ་ཐུན་ཕྱེད་ལ།། ཟླ་བའི་རླུང་ནི་རབ་རྒྱུབ།། དེ་ནས་གཞན་གསུམ་ཉི་མའི་རླུང་།། འདིས་ནི་གོ་རིམས་ཇི་སྲིད་དུ།། ཡར་མེས་བཅཝ་ལྔའི་བར ་དུའོ། ། མར་ངོའི་ཚེས་གཅིག་ནས་བཟུང་སྟེ།། ཉིན་ཞག་གསུམ་དུ་སྔ་དྲོའི་ཆ།། གྲགས་པ་ཉི་མའི་རླུང་རྒྱུ་བའོ།། དེ་བཞིན་ཚེས་ནི་བཅཝ་ལྔའི་པར།། ཐུན་རེ་ཡི་ནི་བཞི་པ་རྣམས།། ཆུ་ཚོད་དུ་ནི་སྔོ ་པ་ན། ། ཉིན་ཞག་གཅིག་གི་དུས་ཀྱི་ཆ།། སུམ་བཅུ་རྩ་གཉིས་བརྗོད་པར་བྱ།། དེ་ལས་བསྒྲེས་པའི་དབྱུ་གུ་ནི།། དྲུག་བཅུ་རྩ་བཞིའི་གྲངས་ཀྱིས་ནི།། ཕྱེད་ཕྱེད་བསྟན་པས་དབྱུ་གུ་ཡིན།། སྣ་རྩེའི་རླུང་གི་རྒྱུ་བ ་དག། འབྱུང་དང་འཇུག་དང་གནས་པ་ལས།། དབུགས་གཅིག་ཏུ་ནི་བརྗོད་པ་ཡིན།། དེ་ཉིད་རླུང་གི་སྦྱོར་ཤེས་པས།། དབུགས་དྲུག་སྲོག་ཏུ་ཤེས་པར་བྱ།། སྲོག་ནི་ལྔ་བཅུ་ཐམ་པ་དང་།། དབུགས་གསུམ ་རྐང་པ་དེ་དང་ལྡན། ། ཉི་མ་བྱང་དུ་རྒྱུ་དུས་ཀྱི།། ཉི་མ་དང་པོའི་དབྱུ་གུ་ཡིན།། ཉི་མ་ལྷོར་ནི་འབྱུང་དུས་ཀྱི།། མཚན་མོ་ཡང་ནི་དེ་བཞིན་འགྱུར།། དབྱུ་གུ་རེ་རེ་འཕེལ་འགྲིབ་ནི།། དུས་ཀྱི་དབྱེ་བས་ཤེས ་པར་བྱ། ། དབུགས་ནི་དྲག་པོ་བཞི་ཆར་བཅས།། འཕོབ་སོ་སོའི་འཕེལ་འགྲིབ་ཡིན།། དབུགས་ཀྱི་སུམ་ཆ་དེའི་བཞི་ཆའི།། དྲུག་ཆས་ཉི་མ་རེ་རེར་འགྱུར།། བུན་ནི་ཕྱེད་བྱེད་རྒྱུབ་ལས།། ཕྱིན་ཅི་ལོག་ཏུ་འཕོས་གྱུརས། ་རྩོད་པ་ལ་སོགས་དེས་འགྱུར་བས།། མཁས་པས་ཉི་ག་ཡང་དག་བརྟག། ཉི་མ་བདུན་གྱི་བར་དག་ཏུ།། ཕྱིན་ཅི་ལོག་ཏུ་རྒྱུ་བ་ན།། དེ་ཚེ་རྩོད་པ་ཆེན་པོར་འགྱུར།། ཟླ་ཕྱེད་བར་དུ་ལོག་རྒྱུན།། ནད་ཆེན་པོ་ནི་ཡང་དག ་འབྱུང་། ། ཟླ་བ་གཅིག་ཏུ་ལོག་རྒྱུན།། སྙིང་བརྩེའི་གཉེན་ཕྱོགས་བརླག་པར་འགྱུར།། ཕྱེ་དང་གཉིས་སུ་ལོག་རྒྱུ་ཅན།། ཐུན་མོང་དུས་སུ་ཤེས་པར་བྱ།། གཞན་ཡང་ཁྱད་པར་བཤད་བྱ་བ།། མཉམ་པོ་དྲུག་ཏུ་ཉི་མ་སོང་།། ་གང་ཚེ་སྐྱེས་པ་ཉི་མ་ཟླ།། དེ་ཚེ་རྒྱས་པ་ཞེས་བྱའི་དུས།། འཆི་བར་ངེས་པའི་དུས་ཡིན་ནོ།། དང་པོ་དུས་སྦྱོར་གང་ཤེས་པ།། གང་ཞིག་གཞན་ཡང་བདུན་དེའི་ཕྱིར།། དེས་ནི་ཉི་མ་མཉམ་བདུན་སོང་།། མཉམ་པོ་དྲུག་ཅེས་བྱ་། ་བར་བཤད།། ཉི་མའི་ལམ་ནས་ཐམས་ཅད་དུ།། རླུང་ནི་རྟག་ཏུ་རྒྱུ་བ་དག། རྒྱུན་མི་འཆད་པར་ཡང་དང་ཡང་།། མཁས་པས་དུས་ནི་མཚོན་པར་བྱ།། དུས་ཀྱི་སྐད་ཅིག་གང་ལ་རླུང་།། བསྐྱོད་པ་གཞན་དུ་འཇུག་ཟུར་ན།། ་དེ་ཡི་འཕོ་བ་རྫོགས་འགྱུར་ཚེ།། སྲོག་ནི་གཏོང་བར་ཐེ་ཚོམ་མེད།། འདིར་ནི་འཆི་བདག་གཞོམ་འདོད་པས།། ཉིན་ཞག་གཅིག་གི་ཆུ་ཚོད་ཀྱི།། བརྒྱད་ཆ་རེ་རེའི་བར་དག་ཏུ།། སྲོག་དང་རྩོལ་བ་བསྡམས་ནས་ནི།། རྩ ་གཉིས་ནས་ནི་འབྱུང་བ་དང་། ། འཇུག་པ་དབུ་མར་ལམ་གྱུར་པ།། སྤར་དང་སྲེག་དང་བཞུ་བ་དང་།། ཤིན་ཏུ་འབར་བའི་དུས་དག་རྩ།། ལོ་དྲུག་བར་དུ་གནས་བྱས་ན།། འཆི་བདག་འཇོམས་པ་ཐེ་ཙོམ་མེད།། གཡས ་ནས་ཆུ་ཚོད་བཞི་དག་དང་། ། དེ་བཞིན་གཡོན་ནས་ཆུ་ཚོད་བཞི།། དབུ་མར་ཤིན་ཏུ་བསྡམ་བྱས་ལ།། བདུད་ལས་རྣམ་པར་རྒྱལ་བ་ཐོབ།། རྡོ་རྗེ་གསང་བ་འཆི་བདག་འཇོམས་པ་དང་།། བདུད་ལ་རྣམ་པར་རྒྱལ་བར་བྱེད། ་པའི་ཏིང་ངེ་འཛིན་ཏོ།། དེ་ནས་གསང་བའི་བདག་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྤྱི་དང་ཁྱད་པར་ཚུལ་གྱིས་ནི།། ངོ་བོ་རླུང་གི་ཆོས་རྣམས་ཀུན།། རྣམ་ཕྱེ་རིམ་པ་ཤེས་པར་བྱ།། སེམས་དཔའ། ་ཆེན་པོ་འདི་ཤེས་བྱོས།། འདི་དག་རྒྱས་པར་ཕྱེ་བ་ནི།། རྒྱས་པར་གྱུར་པ་ཁྲི་ཕྲག་བཅུ།། ཉོན་མོངས་ཕུང་པོ་དེ་རྙེད་དང་།། རླུང་དང་མཉམ་པར་འགག་པ་ལས།། ཆོས་ཀྱི་ཕུང་པོ་དེ་སྙེད་ཐོབ།། ས་རེ་ཐོབ་ཅིང ་རླུང་འགགས་པས། ། བཅུ་པའི་ས་ལ་གནས་པའི་ཚེ།། དམ་ཚིག་མངོན་དུ་གྱུར་པས་ན།། ཉོན་མོངས་ཐམས་ཅད་སྤངས་པ་ཡིན།། ས་བརྒྱད་པར་ནི་གྱུར་པའི་ཚེ།། ཉོན་མོངས་ཕུང་པོར་རིགས་པ་ནི།། ཁྲི་ཕྲག ་བརྒྱད་པོས་སྤངས་པ་ན། ། ཕྱིར་མི་ལྡོག་པ་ཞེས་བརྗོད་དོ།། ལྷག་མ་དྲུག་བརྒྱ་སྟོང་ཕྲག་གཅིག། སྔ་མའི་གནས་སུ་རང་དག་སྟེ།། ལས་ཀྱི་རླུང་རྣམས་དག་པ་ཡིན།། ཁྲི་ཕྲག་གཉིས་ནི་ཟག་མེད་རླུང་།། ས་བཅུ ་པ་ལ་བྱིན་དུས་སུ། ། གྲངས་འབུམ་གྱི་ནི་རྣམ་པ་ཉིད།། དམ་ཚིག་དག་ཏུ་བསྟན་པའོ།། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི།། ས་བཅུ་པོ་ལ་གནས་པ་ཡིས།། ཆོས་ཀྱི་སྤྲིན་དུ་གྱུར་པ་ཡིན།། ཕྲིན་ལས་རིགས ་ལྔའི་བཟླས་པ་ཡིན། ། ས་ལྔ་པ་ནི་མངོན་དུ་བྱེད།། ཁྲོ་བོ་དམ་ཚིག་བཟླས་པ་ཡིས།། དྲུག་པ་མངོན་དུ་གྱུར་པ་ཐོབ།། དུས་གསུམ་དག་པའི་བཟླས་པ་ནི།། ལེགས་པའི་བློ་གྲོས་ཐོབ་པར་བྱེད།། དམ་ཚིག་མི ་འདའ་བཟླས་པས་ནི། ། ས་བཅུ་མངོན་དུ་གྱུར་པ་སྟེ།། རྒྱལ་བའི་རླུང་ལས་འཕྲོས་པས་ནི།། བསམ་མི་ཁྱབ་དུ་གྱུར་པ་ཏེ།། ཟག་པར་བཅས་པའི་རླུང་དག་ནི།། རིགས་པར་གནས་པ་དེ་སྙེད་ཡིན།། ཕྲ་བར་གྱུར་པཱི ་རྟོག་པ་ནི། ། མེ་ཕྲག་བརྒྱད་ལས་འདས་ནས་ན།། སོང་ཕྲག་བཞི་བཅུ་རྣས་པ་པནི།། ཟུང་བྱེད་རྙེད་དང་རྟོག་པ།། བག་ལ་ཉལ་བསྤོང་བ་ལ།། ཐག་སད་དྲུང་ན་ཀྱི་ཁྲག་གཉིས།། སཤེས་། ་མངོན་འབྱུང་བ།། འབུམ་དུ་བརྗོད་པས་སྡུས་པའོ།། ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག། ལྷག་པ་དྲུག་བརྒྱད་བཅས་པ་གང་།། ལས་ཀྱི་དྲུང་དུ་བརྗོད་པར་བྱ།། དེ་ཡང་བསྡུས་པས་ཐུན་གྲངས་ལ།། དུས་སྦྱོར ་ཆེན་པ་བཅུ་གཉིས་ཏེ། ། དཀྱིལ་འཁོར་ཏེ་ཀྲ་རྨ་བ་ན་ཡིན།། རོ་ཏ་དང་མོ་ཧཿ། བྷ་པྲེ་ཤ་བི་ཤཱ་པ།། ཀུ་རམ་བཀང་།། ། མཾ་ཀི་ར་དང་བི་ད་དྲྀ།། བྷུ་ཀུ་ལི་དང་སྲ་བིན།། ཀམ་ནི་དུ་བརྗོད་པར་བྱ། ་དང་འདུག་དང་གནས་པ་དག། གཅིག་ཏུ་གྱུར་པ་དབུགས་ཡིན་ཏེ།། དབུགས་དྲུག་ཆུ་སྲང་གཅིག་ཡིན་ཏེ།། ཆུ་སྲང་སུ་ལ་བཅུ་བྱུ་གུ་ཕྱེད།། དབུགས་དྲུག་གོན་དྲུགུ་བྱེད།། དབུ་གུ་གཉིས་ལ་ཆུ་ཆོད་ཅེ། ་ཚོད་སུམ་བཅུ་རྩ་གཉིས་ལས།། ཐུན་ནི་རྣམ་པ་བརྒྱད་དུ་བྲི།། འཕོ་བའི་ཚུལ་ནི་བཅུ་དྲུག་གོ།། དབུ་གུ་དག་པའི་གནས་ཡིན་པས།། དྲུག་བཅུམ་བཞིར་གནས་པའོ།། སྤྱིར་ནི་སཔས་ཅན་ཁམས་ལནི།། རྟོག ་བསམ་གྱིས་མི་ཁྱབ་པ། ། སྙིད་ཡོད་ཕྱིར་ཤེས་པ་དེས།། རླུང་ཡང་བསམ་གྱིས་མི་ཁྱབ་པའོ།། དེ་ཡང་བསྡུས་པའི་དོན་དུ་ནི།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་པས།། རྣམ་པར་དབྱེ་བ་མཁས་པ་ཡིས།། ཟག་བཅས ་རླུང་ནི། ཁྲི་ཕྲག་བརྒྱད།། ལྷག་པ་སྟོང་ཕྲག་བཞི་ལས་ནི།། ཟག་པ་མེད་པའི་རླུང་གྱུར་པ།། ཁྲི་ཕྲག་གཉིས་ཀྱིས་དག་པ་ཡིན།། རླུང་རགས་པས་ནི་རྟོགས་པའི་ཚོགས།། དེ་དང་མཚུངས་པར་འཇུག་པ་ཡིན།། རྟོག ་བབག་ལ་ཉལ་གྱུར་པས། ། རླུང་ནི་ཕྲ་བར་གྱུར་པ་སྟེ།། ཕྲ་རགས་རྟོག་པ་དག་པས་ནི།། རླུང་ནི་ཤིན་ཏུ་ཕྲ་བར་འགྱུར།། རྣམ་རྟོག་དང་ནི་རླུང་གཉིས་གང་།། མཚུངས་པར་མཉམ་པར་འབྱུང་འཇུག་ལས།། རླུང ་གི་འཇུག་པ་འབྱུང་བད་པ་རྟག་པ་འཐུང་བར་མི་འགྱུར་བས། ། དབྱར་ལས་ཀྱིང་དག་།། ཐ་ཕྲག་གཉིས་པ་སོང་དག་དང་།། དག་བརྒྱདག་ཏུཤེས་པར་བྱ།། མག་བྱ་བའི་གནས་ཀྱིས་ནི།། རང་བཞིན་པ་། ་འཐུང་བ་ཡིན།། ཡི་གེ་དང་ནི་རང་བཞིན་གཉིས།། གནས་དང་རྟེན་དུ་ཤེས་པར་བྱ།། ཡི་གེ་དག་པས་རྟོག་པ་དག། རྟོག་པ་འོད་གསལ་གནས་སུ་སྤྱོད།། ཡི་གེ་རྣམ་པ་ལུས་གནས་པས།། དྲུག་གསུམ ་བཞིན་བརྒྱད་དྲུག་བཅུ། ། ཉིན་མཚན་སྦྱོར་བར་འབྱུང་བས་ན།། ལུས་གནས་ཡི་གེ་བརྒྱ་དང་ནི།། དྲུག་བཅུ་གནས་ལས་འཐུང་ཞིང་འཇུག། དེ་ཕྱིར་གསང་བའི་ཡི་གེ་ཡིས།། ཐམས་ཅད་མ་ཞིང་ལྡིང་བར་འགྱུར།། ནམ། ་མཁའ་མཐའ་མེད་རྟག་པའི་དོན།། སེམས་ཅན་ཀུན་གྱི་གནས་ཆེན་པོ།། དཔལ་གྱི་འབྱོར་པ་བླ་མེད་རྒྱལ།། བསམ་པ་ཐམས་ཅད་རྫོགས་བྱེད་པའོ།། ཨཱ་ལི་བཅུ་དྲུག་ཕྲག་གཉིས་ལས།། ཞེ་སྡང་ལས་གྱུར་རྟོག་པ ་འབྱུང་། ། དེ་ཡི་རྩ་བ་ཐིག་ལེར་བཅས།། སུམ་བཅུ་གསུམ་དུ་གྱུར་པ་ཡིན།། ཀཱ་ལི་སུམ་བཅུ་རྩ་བའི་དང་།། ཡ་རལ་ཝད་དྷ་སྟེ།། བཞི་བཅུ་མངོན་པར་གནས་པས་ན།། འདོད་ཆགས་རྟོག་པ་དེ་སྙེད་ཡིན།། ཟུང ་གྷུར་དྲུག་ལྡན་ཐིག་ལེར་བཅས། ། མཚ་མ་བདུན་གྱིས་མཚོན་པའི་ཕྱིར།། དབུམ་མ་ལ་རྟེན་གཏི་མུག་པའི།། རང་བཞིན་མ་རིག་གྱུར་པའོ།། སྔ་མ་གཡས་རྩལ་བརྟེན་པ།། སྐྱེས་པ་རྡོ་རྗེར་བཅས་གྱུར་བརྗོད།། ་གོང་དུ་གཡོནཿལས་འབྱུང་བ།། བུད་མེད་པད་མའི་མཚན་པས་བརྗོད།། རྩ་ཡི་བྱེད་པ་མི་འདྲ་སྟེ།། ཁམས་དང་རྣམ་ཤེས་འདུ་བ་ཡི།། རྟེད་དུ་གྱུར་ཕྱིར་རྩ་ཡིན་ཏེ།། རྣམ་པར་བཟློག་ན་གཉིས་སུ་འགྱུར།། ཐིག ་ལེ་འབོ་འགྱུར་ཕྱི་རོལ་བཞིན། ། ཟླ་བ་ལུས་ལ་འཕོ་བ་སྟེ།། ཚེས་གཅིག་ལ་སོགས་རྐང་གཡོན་ནས།། ཐེ་བོ་སོགས་འཕེལ་སྤྱི་བོར་གནས།། དེ་ནས་གཡས་ཀྱི་ཆ་ལ་ནི།། ཟླ་བ་རིམ་ཀྱིས་གྲིབ་པར་འགྱུར། ་འཕེལ་དང་འགྲིབ་པའི་ཁྱད་པར་གྱིས།། བཅོལ་བྱང་ཆུབ་སེམས་སྐྱེད་བྱེད།། དཀར་ཕྱོགས་ནག་པོ་རིམ་ཤེས་བྱ།། སྣོང་བའི་ཚུལ་ནི་དེ་བདེར་སྤྱད།། གནམ་སྟོང་ཉི་མ་གསང་བར་ཏེ།། ཟླ་བ་ཉ་གང་ཚེས ་ཀྱིས་རྒྱས། ། ཁྱད་པར་སྒྲ་ག་ཅན་རིམ་ཤེས་བྱ།། བླ་ན་མེད་པ་རིགས་པ་དང་ཕྲ་བའི་གནས་འཇུག་ལྡོག་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་གསང་བ་རབ་ཏུ་འཛིན་པ་པོས།། ཁྱད་པར་སེམས་གསུམ་རིམ་པ ་བཀའ་སྩལ་ཏོ། ། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ།། གསལ་བའི་ཆ་སྟེ་གཟུང་རྟོག་སྤངས་པ་ལས།། འབྱུང་བ་མི་མངོན་ཆུད་དང་བཅས་པ་གང་།། ལྷ་དེར་གནས་པ་སྐད་ཅིག་དང་པོ་ཡིན།། མཆོད་པའི་སྣང་བ་རབ་ཏུ། ་མི་རྟོག་སྟེ།། ཆེས་གསལ་བ་ལས་འཛིན་རྟོག་མ་ཞུགས་པ།། ཡེ་ཤེས་ཕྲ་བ་རླུང་ལྡན་མི་སྣང་བ།། ལྷན་ནེ་གནས་པ་སྐད་ཅིག་གཉིས་པ་ཡིན།། ཐོབ་པའི་ཆ་ནི་ཤིན་ཏུ་མི་རྟོག་པ།། གསལ་བ་ཙམ་དུའང་མི་གནས ་ཤིན་དུ་ཕྲ། ། རླུང་སེམས་མི་བྱེད་གསལ་བར་འཆར་བ་མིན།། ལྷ་མེ་གནས་པ་སྐད་གཅིག་གསུམ་པ་ཡིན།། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ།། རང་བྱུང་དང་གསལ་བདེ་བ་དམིགས་སུ་མེད།། ཕྲ་རགས་རབ་གསལ ་ཏིང་ངེ་འཛིན་དུ་གནས། ། སྐད་ཅིག་བཞི་པ་མི་འགྱུར་ཁྱབ་བྱེད་ཡིན།། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད།། རྡུལ་མེད་ས་བོན་མེད་པས་མི་གཡོ་བ།། ལྷན་ཅིག་གནས་པ་ཆོས་སྐུའི་སྙིང་པོ་ནི།། ལྷུན་གྲུབ། ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད།། སྒྱུ་མ་འདི་ཉིད་ཡོད་མེད་ལས་འདས་ཤིང་།། དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ།། ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས།། འགག་པ་མེད་པའི་རོལ་པ་རང་བྱུང་བའོ།། ཟུང ་འཇུག་བདེ་བ་ཆེན་པོའི་མཚན་ཉིད་ཅན། ། ཆོས་དབྱིངས་ཆོས་ཉིད་དབྱེར་མེད་དག་པའི་སྐུ།། ཐ་དད་རྣམ་བྲལ་མི་བྱེད་ཡེ་ཤེས་ཏེ།། གསང་བ་ཆེན་པོའི་ལམ་ལས་འདིར་རྟོགས་བྱ།། ཐུན་མོང་དབང་ཕྱུག་དང་མི་རྟགས་བཅས ་པའབང་ཕྱུག་བརྒྱད་ལྡན་འཆར་བ་འདི་འིད་དོ། ། ཕྲ་ཞིང་ཡང་ལ་ཕྲ་བར་ནུབ་པ་དང་།། སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་།། དགའ་མགུར་བྱེད་ཅིང་ཐམས་ཅད་དབང་དུ་འགྱུར།། ཅི་འདོད་བྱེད་དང་དབང་ཕྱུག་དོན་དུ་འཆང། ་སུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་།། ཐུགས་ཀྱི་དབང་ཕྱུག་དེ་ཉིད་ཕྲིན་ལས་དང་།། རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་།། གང་འདོད་སྟེང་དང་ཁྱང་པར་དོན་བརྒྱུད་དོ།། ཕུང་པོ་ཁམས་དང་སྐྱེ་མཆེད་བསྡུ ་པ་ཡིན། ། ལྔ་པོའི་དབྱེ་བ་ལྔ་རུ་བྱས་པ་ལ།། དེ་བཞིན་གཤེགས་པ་སོ་སོར་བྱིན་གྱིས་བརླབས།། འཁོར་བའི་ལས་རྣམས་དག་ནི་རྣམ་དག་པས།། དེ་བཞིན་དབང་པོའི་ཕྱི་རོལ་ཡུལ་བཅས་ལྔ།། རི་རེ་ཞིང་ཡང་བདེ ་གཤེགས་ལྔ་རྣམས་ཀྱི། ། དེ་ལ་རང་དང་རྟག་ཏུ་བྱིན་གྱིས་རློབ།། ཡེ་ཤེས་ལྔ་དང་གསུམ་དུ་གནས་པས་ཡང་དག་པར་བསྡུས་ཤེས་གསུངས་ཏེ།། གསང་བ་ཟབ་པའི་ཚུལ་བསྟན་པ།། རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས ་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་མཉམ ་པ་ཉིད་འབྱུང་བར་བསྟན་པར་གྱུར་པ་ཞེས་བྱ་བའི་ལེའུ་སྟེ་སོ་གསུམ་པའོ། ། །། རྟག་པ་གསུམ་པ་རྡོ་རྗེ་གསང་བ་ཡེ་ཤེས་འབྱུང་བའི་རྒྱལ་པོ་ཞེས་བྱ་བ་རབ་ཏུ་གསང་བའོ།། དེ་ནས་བཅོམ་ལྡན་པ་དེ་གཤེགས ་ཀུན། ། གསང་ཆེན་ཡེ་ཤེས་རྡོ་རྗེ་འཛིན།། སེམས་ཅན་དོན་དུ་ཡང་དག་འབྱུང་།། བློ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། དོན་ཀུན་ཐུབ་པ་རྡོ་རྗེ་འཛིན།། རྒྱལ་བ་དེ་ལ་བརྒྱད་བྱས་ཏེ།། གསང་བང་མ་ཚིག་མཁྱེན་པ ་ལ། ། མཆོད་ཅིང་བསྟོད་པས་གསང་ཆེན་གྱི།། རྡོ་རྗེ་དབྱིངས་ནི་བཤད་པ་ཡིན།། ཨེ་མཚུལ་བཟང་སངས་རྒྱས་པ།། དེ་ཉིད་རིགས་བརྒྱ་བསྡུས་པའི་སྐུ།། དེ་ཉིད་ཚུལ་མཆོག་བྱང་ཆུབ་པ།། རིགས་ཀྱི་སངས་རྒྱས ་ལྔར་བསྡུས་པ། ། བྱང་ཆུབ་སྙིང་པོ་ཚུལ་ཞི་བ།། གསང་བ་རིགས་གསུམ་བླ་ན་མེད།། གསང་བའི་ཚུལ་ནི་གཅིག་པ་ཉིད།། རྒྱས་གདབ་རྡོ་རྗེ་སེམས་དཔའ་ཉིད།། ཡེ་ཤེས་རིམ་པ་ཉིད་དུ་བསྟན།། མ་སྐྱེས་པ། ་ཡིས་རང་བཞིན་ལས།། ཁྱད་པར་ངོ་བོ་རང་བྱུང་བ།། ཡང་དག་རྣམ་པར་མི་རྟོག་པས།། བླ་མེད་མངོན་པར་འབྱུང་བར་གྲགས།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། དཔལ་ལྡན་ཆོས་ཀྱི་རང་བཞིན་སྐུ།། ་རྟོག་པའི་དྲི་མ་འགག་བྱེད་པས།། སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་དུ།། ཕྲ་བའི་རྣམ་པར་གཞུག་པར་བྱ།། དེ་ཉིད་རྣམ་ཤེས་འཕོ་བའི་དངོས།། གདན་བཅས་ས་བོན་ཐིམ་པར་བྱ།། སངས་རྒྱས་ཀུན་གྱི་བར་སྣང་ཁམས།། ་ཁྱབ་ཅིང་བཞུགས་པར་རབ་བསྒོམ་པ།། ཡི་གེ་གསང་བ་རང་སྔགས་ལ།། ཐིམ་པ་གཅིག་ཏུ་བསྡུ་བར་བྱ།། ཐུགས་ཀྱི་ངོ་བོར་བསམ་པར་བྱ།། ཐམས་ཅད་སྒྱུ་མའི་སྦྱོར་བ་ཡིས།། དངོས་ཀུན་རང་བཞིན་མཚུངས་པར ་བལྟ། སངས་རྒྱས་ཐམས་ཅད་སེམས་སུ་ཡང་།། སླར་ཡང་བསྒོམས་ནས་དེ་རབ་བསྡུ།། གསང་བ་གཅིག་ཏུ་དབང་བྱ་ཡི།། འཕོ་བ་སྐུ་གསུམ་རིམ་པར་འབྱུང་།། ཆོས་དབྱིངས་མཉམ་པའི་ཏིང་ངེ་འཛིན།། མི ་ཤིགས་འོད་ཀྱི་གོང་བུ་ལས། ། ནད་ཙམ་དུ་སྣང་བ་གང་།། མི་འགག་རང་བཞིན་དག་པར་གནས།། གསང་བ་རྡོ་རྗེའི་རིན་ཆེན་གྱི།། བར་སྣང་བྱེད་པའི་ཏིང་འཛིན་བཤད།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་མཐའ ་ཡས་བསགས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་བདག་མེད ་པ་ཡི་དངོས། ། གཉུག་མ་དབྱེར་མེད་སྟོང་ཉིད་དང་།། ཟག་པ་མེད་ཅིང་འཕེལ་མེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་འབར་བའི ་ཅ་ཧགས་ཅན་སངས་རྒྱས་ཐམས་ཅད་ཀྱི་དྲིམ་མེད་པའི་མའོད་ངན་པ་ཆེ་མདའ་བ་སངས་རྒྱས་ཐམས་ཀྱི་པད་མོ་རྣམ་པར་རོལ་པའི་འཐུང་གནས་རྡོ་རྗེ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྟོངས་པ་གྲགས་ཀྱི་ཀྱང་ནབབྱས་པས ་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ།། སྐྱེ་མེད་སྙིང་གི་པད་མ་ལ།། ས་བོན་རྫོགས་པའི་སྙིང་པོ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་འབར། ་བའི་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བྱུ་དགི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཟླ་བའི་སྙིང་པོ་འོད་འབྲོ་བ།། ཆུ་རྒྱུན་འབབ་པའི་ཟེར་ལྡན ་གྱིས། བསམ་པའི་ཡེ་ཤེས་རྒྱུན་གྱིས་ནི།། ཐོགས་མེད་ཡེ་ཤེས་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྲིད་པ་ལས་རྒལ་བ་སངས་རྒྱས་ཐས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་རོལ་པ་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་དངོས་པོའི་ཆོས་ཉིད་ནི།། སྤྲོས་པ་མེད་ཕྱིར་སྣང་མེད་པས།། ཐེག་པ་མཆོག་གི་ཆོས་ཉིད་ཀྱིས།། གསང་པའི་ཚུལ་འདི་སྟོན ་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སྲིད་པ་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྟེན ་ཅིང་འབྲེལ་བར་འབྱུང་བའི་དངོས། ། རྟག་དང་ཆད་པ་ལས་གྲོ་ཞིང་།། ཡང་དག་དོན་མཐོང་དང་གྲོལ་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབྱངས་སྙན ་བར་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མ་མེད་པའི་ཆོས་ཉིད་ནི།། གདོད་ནས་དག་པ་དེ་བཞིན་གཤེགས།། སྙིང་པོ་ཡེ་ཤེས་བྱང་ཆུབ ་པས། ། གསང་བའི་ཚུལ་འདི་བན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སེང་གེའི་རྩལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་ཆོས་ཀྱི་དབྱིངས་ཉིད་ལས།། ཐུབ་པ་དོན་ཀུན་རྡོ་རྗེ་འཛིན།། མཆོད་དེ་རྡོ་རྗེ་དབྱིངས་འདིར་གསུངས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཚོགས་ཆེན་གཙོ་བོ་སངས་རྒྱས་ཐམས་ཅད་ཀྱི་གནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གཉིས་སུ་མེད་པས་འདུ་འབྲལ ་མེད། ། རྣམ་པར་གྲོལ་བའི་ཕུང་པོ་ཅན།། བདེ་ཆེན་སྐུ་སྟེ་སྐྱོན་མེད་པ།། བྱང་ཆུབ་ཚུལ་འདི་སྟན་པོའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཕུང་པོ་ལྔ་དག་པའི་སྟོབས ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཇི་སྲིད་འགྲོ་བའི་བྱ་བ་དག། འདུས་པ་ལས་ནི་སྐྱེ་བཞིན་པ།། དེ་ཡང་ཡུལ་ལས་རབ་ཏུ་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་ཁྲུངས་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སྟེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ། ་དེཉིད་མཉམ་པ་མེད་པ་ཡི།། རྡོ་རྗེ་ཟླ་བ་འདུས་ལས་འབྱུང་།། ཐ་དད་དམིགས་པ་རབ་ཞི་བས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། ཡེ་ཤེས་འབྱུང་གནས་ས་ཆེན་ལྟར།། དེ་ཉིད་བདེན་མཐོང་ཆོས ་ཀྱི་སྤྱན། ། ཤེས་རབ་ཟབ་མོའི་སྤྱོད་ཡུལ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཡོངས ་སུ་དག་པར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཁྱེན་པ་དག་པ་ཆོས་ཀྱི་དབྱིངས།། རྣམ་པ་ཀུན་དུ་རང་བྱུང་བས།། འགྲོ་བའི་བསམ་པ་རྫོགས ་མཛད་པ། ། ཐུབ་པ་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོས་ཁྱབ་པར་མཛད་པ་སངས་རྒྱས་ཐམས་ཅད་ཀྱིས་ཐོགས་པ་མེད་པའི་གནས ་པ་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལ་གནོན་ཆོས་ནི་གསང་བ་ཆེ།། མེ་ཟད་རྒྱན་གྱི་སྒྲུབ་པའི་གཞི།། དེ་ཉིད་ངེས་པ་སྟོབས་གྱུར ་པས། ། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གྲགས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་སྣ་ཚོགས་སྟོན་པའི་རྡོ་རྗེ་ཞེས་བྱ་འི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་ཁམས་ནི་སྣ་ཚོགས་སུ།། འགྲོ་བ་འདུལ་བའི་ཐབས་ཀྱི་ཕྱིར།། རྣམ་རོལ་ཡེ་ཤེས་སྤྱོད་པ་ཡིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་གསལ་བའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མི་འགག་ཕ་རོལ་པའི་སྒྲ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཞི ་བྱེ་བ་མཐའ་ཡས་པར། ། མི་འགྱུར་རྡོ་རྗེའི་དབྱིངས་གཅིག་གིས།། ཐ་དད་དུ་མར་ཁྱབ་བྱེད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་ཆེན་པོ། ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྟོག་པ་སྣ་ཚོགས་བསྡུས་པ་ཡི།། ཡེ་ཤེས་གཅིག ་གིས་གནས་པ་ལས། ། ཐ་དད་ཏིང་འཛིན་དག་པའི་ངང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཡུལ་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ཡེ་ཤེས་རྡོ་རྗེ་རོ་གཅིག་པར།། ལན་ཚྭ་ཆུ་བཞིན་སྤྱོད་པ་ནི།། སྐལ་བཟངས་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་དྲང་སྲོང་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས་དྲི་མ་མེད་པའི་རྡོ་རྗེ་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ལྷ་དང་མི་ཡི་སྟོན་པ་གང་།། རྐང་གཉིས་ཐམས་ཅད་མཁྱེན་པ་སྟེ།། མ་འོངས་བླ་མའི་གཟུགས་ཀྱི་གནས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐྱེ་བའི་དབང་པོ་སངས་རྒྱས་ཐམས ་ཅད་རྫུ་འཕྲུལ་མི་ཟད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསྟན་གཡོ་མ་ལུས་སྣང་བའི་གཞི།། དེ་ཉིད་ཀུན་དུ་བསྒྱུར་བ་པོ།། དེ་ཉིད ་དེ་བཞིན་གཤེགས་པས་སྤྲུལ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགེ་འདུན་བསྟན་པའི་བློ་སངས་རྒྱས་ཐམས་ཅད་ཀྱི་ཀླུ་དབང་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གདུག་པ་མ་ལུས་གདོན་བྱུང་བ།། དེ་ཉིད་རྟོག་པའི་དྲ་བ་ལས།། ཀུན་བྱུང་དག་པར་འདུལ་བྱེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་གསང་བའི་རྒྱལ་པོ་བཅོམ་ལྡན་གྱིས།། དེ་ཉིད་བྱང་ཆུབ་སེམས་དཔའ་ལ།། རབ་ཏུ་བསྐུལ་ཏེ་བསྟན་པ་གང་།། རབ་ཏུ་ཉོན་ཅིག་རྡོ་རྗེ་འཛིན།། དཀྱིལ་འཁོར་གང་དུ་བསྒྲུབ་པ་ཡི།། གསང་བ་མངོན་པར་བྱང་ཆུབ་པ།། རྒྱུ་དང ་རྟགས་དང་གོ་ཆ་དང་། ། རྣམ་པ་ལྔར་ནི་བསྟན་པ་སྟེ།། འཇུག་པ་སྦྱོར་བའི་རིམ་པ་ཡིས།། དམིགས་པ་བསྡུས་པ་ཉིད་ཡིན་ནོ།། རླུང་དང་སྔགས་དང་སྒྲ་ལས་ནི།། རྡོ་རྗེ་བཟླས་པའི་རིམ་པའོ།། གང་དུ་སེམས་ཀྱི་སྣང་བ་ལས།། ་རབ་དབེན་རིམ་པ་གཉིས་པར་བརྗོད།། རྨི་ལམ་རྒྱུ་མའི་ཆོས་ཅན་ལས།། བདག་བྱིན་བརླབ་པའི་རིམ་པར་གྱུར།། བསམ་གཏན་སྦྱོར་དང་འོད་གསལ་བ།། མངོན་པར་བྱང་ཆུབ་རིམ་པ་ཉིད།། དེ་ལས་གཉིས་མེད་དེ་བཞིན་ཉིད།། ་རིམ་པ་ལྔ་བཟུང་འཇུག་ལམ།། ལུས་སེམས་ངག་གི་ཆོས་བསྡུས་པས།། ཚུལ་གསུམ་མངོན་པར་བྱང་ཆུབ་པ།། དེ་ཉིད་ཡེ་ཤེས་ལྔ་དག་ཏུ།། རིགས་ཀྱི་དབྱེ་བས་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།། ་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཆོས་ཀྱི་ཚུལ་བསྡུ་བ་མངོན་པར་བྱང་ཆུབ་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཕྱོགས་བཟང་རྟོག་སྐྱེས་བུ་ཁ་ལོ་སྒྱུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐབས་དང་བསམ་པ་གང་གང་གིས།། ལུས་འདི ་སྤྱོད་པས་སྦྱར་བས་ན། ། སེམས་ནི་ཏིང་ངེ་འཛིན་གྱིས་ཏོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཀུ་གའི་རྩེ་མ་ལར་བྲམོ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱིས་རོལ་པ་ཡི།། བསམ་གྱིས་མི་ཁྱབ་ཡེ་ཤེས་སྐུ།། རང་རིག་ཉིད་ལས་ཐ་དད་མེད།། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་བཀོད་པའི་ཆུ་འཛིན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། བདེ་གཤེགས་གདུང་ནི་རྒྱས་པ་གང་།། ཐུགས་རྗེ་དག་པའི་སྟོབས་ཡིན་ཏེ།། འགྲོ་བ་གསོ་བའི་ཚུལ་གྱིས་ནི།། བྱང་ཆུབ་ཡེ་ཤེས་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རླུང་གི་ཤུགས ་འཆང་བ་ལྟར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་སྨན་པའི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྲོ་བ་ཀུན་གྱི་འཁོར་བ་ཡི།། ནད་ས་ལ་ཐབས་མཆོག ་བྱམས་པའི་དཔལ། ། བརྩེ་སེམས་ཚད་མེད་སྲུང་བ་པོ།། ཟབ་པའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལགས་བསམ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་བློ་དྲི་མ་སེལ་བར་བྱེད་པ་རྡོ་རྗེ་ཞེས་བྱ་འི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བཞིན་རྟོག་པའི་དྲི་མ་རྣམས།། གཟུང་འཛིན་ཆོས་ཀྱིས་བསྡུས་པའི་དངོས།། དབུ་མའི་ངང་དུ་རང་དག་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སྣང་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆུ་བོའི་རླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས་ཀུན་གྱི་ཆོ ་ཀྱི་ལམ། ། ཚུལ་ཅིག་ཐེག་པ་ཅིག་པ་ཉིད།། བྱང་ཆུབ་ཆེན་པོ་བླ་ན་མེད།། བྱང་ཆུབ་སེམས་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་ཚོགས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གཞལ་མེད ་ཀྱི་གནས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐམས་ཅད་རང་བཞིན་སྟོང་པའི་དབྱིངས།། གཞི་མེད་རྩ་བྲལ་འདུས་མ་བྱས།། བརྗོད་མེད་ནམ་མཁན ་ངོ་བོ་ཉིད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འགྲིབ་པ་མེད་པར་བསྲུང་བ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་རིན་པོ་ཆེའི་ཟོམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་དང་ཆོས་ཉིད་མེད་པ་སྟེ།། ཕ་རོལ་ཕྱིན་པ་མཉམ་པ་ཉིད།། སྣང་བ་མེད་ཅིང་རྣམ་པ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་དོན་གྱི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་བློ་གྲོས་སྣང་བ་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་མུན་པ་སེལ་མཛད་ཅིང་། ་ས་གསུམ་གསལ་བར་བྱེད་པ་ཡི།། གློག་གི་འོད་ཀྱི་འཆར་བ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསྙེངས་མེད་སངས་རྒྱས་ཐམས་ཅད་ཀྱིས་ཕེབརྡོབ་པའི་སྒྲ ་སྨསྙན་ལྟ་བུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆོས་ཀྱི་དོན་འབྱུང་བ།། བླ་ན་མེད་པ་བྱང་ཆུབ་སེམས།། ཡེ་ཤེས་རྒྱུ་དང་འབྲས་བུར་སྟོན།། དེ་ཉིད་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོགས་བརྟན་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བའི་མིག་སྟོན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་བསམ་པའི་དབང་གིས་ནི།། ལམ་གྱི་རིམ་པ་ཐམས་ཅད་པར།། འདམ་བཟངས་ཆུ་ཡི་བདུད་རྩི་ལྟར།། སྐལ་བཟངས་དེ་ཉིད་ཚུལ་ཤེས་བྱོས།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་འོད་གནས་མཚུངས་སངས་རྒྱས་ཐམས་ཅད་ཀྱི་གཞོན་ནུའི་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཀྱི་ཚུལ་ནི་ཞི་བ་ཉིད།། བཅུ་དྲུག་ཡེ་ཤེ ་བརྒྱན་པ་ཉིད། ། སྐད་ཅིག་བདེན་པ་བྱང་ཆུབ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཀུན་ནས་སྣང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་བྱེ་བ་ཁྲག་ཁྲིག་གིས།། ཀུན་དུ་དབང་བསྐུར་གྱུར་པ་ཡི།། སྐལ་བ་ཙནི་ན་ཀུན་དུ་བཟང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐར་པའི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་རྟོག་པས ་བརྟགས་པ་ཡི། ། སྣང་བ་འདི་ནི་སྒྱུ་མ་ཙམ།། དེ་ཉིད་ལས་དང་བག་ཆགས་བྲལ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ངོས་བཟངས་སངས་རྒྱས་ཐམས་ཅད་ཀྱི་རྡུལ་མེད་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་ཤིགས་རྡོ་རྗེའི་སྐུ་ཉིད་ནི།། རྣམ་པ་དུ་མས་སྤུངས་པ་གང་།། ཕྲ་རབ་དབྱེར་མེད་དག་པའི་རྒྱལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་བཟངས་སངས་རྒྱས་ཐམས་ཅད་ཀྱི་དཔའ་བོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཀུན་ཏུ་ཡེ་ཤེས་རྒྱལ ་བ་ཡི། ། དྲོད་དང་རྟགས་ལས་འདས་པའི་ཆོས།། བསྒོམ་བྱ་མེད་ཅིང་དམིགས་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་གཟི་བརྗིད་སྣང་བ་སངས་རྒྱས་ཐམས ་ཅད་ཀྱི་ཏིང་ངངེ་འཛིན་སྣང་བ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱང་ཆུབ་སེམས་དཔའི་སྤྱོད། ཡུལ་གང་།། དེ་ཉིད་ས་བཅུའི་དབང་ཕྱུག་སྟེ།། བདག་མེད་ཆོས ་ལས་རང་བྱུང་བ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཕགས་པ་ཆེན་པོ་མཆོག་གི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྲིན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དགོས་འདོད་ཐམས་ཅད་ཆར་བཞིན་དུ།། རང་སེམས་ནོར་བུའི་རྒྱལ་པོས་འགྲུབ།། འདི་ཉིད་རིན་ཆེན་མཛོད་ཆེན་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་བཚངས་པར་གནས་པ་སངས་རྒྱས་ཐམས་ཅད་ཀྱི་བསྐུལ་བ་ཚད་མེད་པ་བླ་མའི་སྙིང་པོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྱུང་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། དཀོན་མཆོག་གསུམ་གྱི་དཔལ་ལྡན་པས།། རང་རིག་ཡེ་ཤེས་གཅིག་ལ་རྫོགས།། རྒྱུན་དུ་བདེ་བ་སྟེར་བྱེད་པས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་བདེན་པར་སྟོན་པ་ཡང་དག་པའི་གནས་བློ་གྲོས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བགྲོད་མེད་ལམ་ནི་གཅིག་པའི་ཆོས ་ཡེ་ཤེས་མིག་གི་ཡུལ་གྱུར་པས། ། མཐར་ཐུག་སྙིང་པོ་བྱང་ཆུབ་མཆོག། རྒྱལ་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། འདིར་ནི་གསང་བའི་བཀའ་སྤྱོད་པའི།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡི།། དམ་ཚིག་ཡེ ་ཤེས་བསྟན་པ་ལ། ། གསང་བ་འཛིན་པ་རབ་སྟོན་ཅིང་།། འདིར་ནི་སངས་རྒྱས་བསྟན་པ་ལ།། ཐེག་ཆེན་ཆོས་ལ་རབ་ཞུགས་ཀྱང་།། དེ་དོན་གསལ་བར་མི་ཤེས་པས།། གསང་བའི་ཚུལ་འདི་རྟོགས་དཀའ་སྟེ།། བརྡ་དང་། ་དགོངས་པས་བཤད་པ་དང་།། ཇི་བཞིན་པ་དང་མིན་དྲང་དོན།། དངོས་པོའི་ཆོས་ལ་མི་སྤྱོད་པར།། སྐྲ་དང་ཡི་གེའི་རྗེས་འབྲང་བའི།། ཕྱི་རོལ་བསྟན་བཅོས་ལ་དགའ་ཞིང་།། ཚིག་དོན་བདུད་རྩིའི་རྒྱབ་ཀྱིས་ཕྱོགས།། དེ ་ལ་དངོས་གྲུབ་ཉེ་དཀའ་སྟེ། ། གསང་བ་འཛིན་པ་སྤོང་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ ་བར་རྒྱལ་བ་ལས་ཡོངས་སུ་དག་པའི་གནས་རྡོ་རྗེའི་ལེའུ་སྟེ་སོ་ལྔ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་བཟངས་སངས་རྒྱས་ཐམས་ཅད་ཀྱི་གློག་གི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟེན་འབྲེལ་ཡང་དག་འབྱུང་བ་ལས།། ཀུན་རྫོབ་ཉིད་ཀྱི་ཆོས་ཉིད་ནི།། དབྱེར་མེད་དོན་དམ་རྣམ་པར་དབེན།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་སྟོབས་སྦྱིན་པ་སངས་རྒྱས་ཐམས་ཅད་ཀྱི་རིན་ཆེན་སྒྲོན་མེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག ་མ་སྐྱེས་པས། ། དེ་ཉིད་དངོས་པོར་མི་གནས་ཤིང་།། རང་བཞིན་འོད་གསལ་རྟག་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་དགས ་ཀུན་དུ་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྡོ་རྗེ་ལམ་དུར་བཞུགས་ནས།། ནོར་བུ་དྲི་མེད་ཟླ་བ་ཡི།། སྐྱོན་གྱིས་མགོས་ཡེ་ཤེས་ཉིད།། བྱང་ཆུབ་ཚུལ་འདི་ས ་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྟོག་པའི་དཔའ་རླབས་གཡོ་བ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང ་སོ། ། རྡོ་རྗེ་གསང་བ་བླ་ན་མེད།། མཉམ་སྦྱོར་བདེ་བ་དྲི་མ་མེད།། མི་འཛག་མྱ་ངན་འདས་པར་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་སངས་རྒྱས ་ཐམས་ཅད་ཀྱི་རླུང་གི་ཤུགས་ཀྱིས་བསྐྱོད་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ཏུ་མངོན་པར་མི་གནས་པ།། གཉིས་མེད་ཡེ་ཤེས་ཆོས་ཀྱི་རྒྱལ།། རྣམ་པར ་མི་རྟོག་ཆགས་མེད་པས། ། བྱང་ཆུབ་ཚུལ་འདི་སྙན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྟེར་མཛད་སངས་རྒྱས་ཐམས་ཅད་ཀྱི་རྔ་སྒྲའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་སྲིད་མ་ལུས་བཅོམ་ལྡན་འདས།། ཐམས་ཅད་སྟོང་པ་ཉིད་ལས་སྐྱེས།། དེ་ཉིད་ཡེ་ཤེས་རྒྱུ་འབྲས་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་ཡོན་ཏན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་ཚིམ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་ཉིད་ནམ་མཁའི་ངོ་བོ་ཉིད།། སེམས་ཉིད་མཉམ་པར་མཚུངས ་པས་ན། ། མི་འགག་གོ་འབྱེད་ཁྱབ་གྱུར་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་དགུའི་བདག་པོ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་ཉིད་དངོས་པོ་མ་ཡིན་ཏེ།། དངོས་མིན་གྱུར་པའང་སྟོང་པ་མིན།། ངོ་བོ་ཉིད་ནི་རྣམ་དག་པ།། སྟོང་ཉིད་ཡེ་ཤེས་ཚུལ་བསྟན་པའོ་ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་པ་གྲགས་པ་ཆེན་པོ་རྨད་དུ་བྱུང་བ་སངས་རྒྱས་ཀྱི་གདུལ་བྱ་སྨིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམྲ་འདི་གསུངས་སོ།། འབྱུང་བ་བཞི ་དག་ནམ་མཁར་གནས། ། དེ་ཉིད་གང་ལའང་མི་གནས་ཏེ།། སེམས་ཅན་སངས་རྒྱས་ལ་བརྟེན་པ།། སངས་རྒྱས་མི་གནས་ཚུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་མཚུགས་པ ་ཐུབ་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་རྔ་སྒྲའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཟོད་ནས་མ་སྐྱེས་དག་པ་ཉིད།། སྲིད་ཞི་མཉམ་ཉིད་རྫོགས ་སངས་རྒྱས། ། འགྲོ་འོང་རྣམ་བྲལ་ཚུལ་ཐོབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསྙེངས་མེད་སངས་རྒྱས་ཐམས་ཅད་ཀྱི་དཔག་བསམ་གྱི་ཤིང་ལྟ་བུར་བསྐྱེད་པ་རྡོ་རྗེ ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ས་བོན་མྱུ་གུ་དང་།། སྡོང་བུ་འདབ་མ་འབྲས་བུའི་བར།། ཚུལ་བརྒྱད་འགྱུར་བའི་བྱེ་བྲག་གིས།། རྟེན་འབྲེལ་དེ་ཉིད་ཚུལ་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་ལྗོན་པའི་ཤིང་ཆེན་པོ་ལྟར་རྒྱས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམ་འདི་གསུངས་སོ།། ། ་འགྲོ་སྙིང་རྣམ་རྟོག་ཞེས་བྱ་གང་།། རང་རིག་བྱང་ཆུབ་སྙིང་པོའི་གནས།། དེ་ལས་ཡོན་ཏན་བརྗོད་མི་ལང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སངས ་རྒྱས་ཐམས་ཅད་ཀྱི་ལྷའི་སིལ་སྙན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་རྟག་བདག་མེད་ཞི་བ་ཡིས།། འདུ་ཤེས་སེམས་པ་སྔོན་རྒྱུ་ལས།། བག་ཆགས་སྤངས ་བས་གནས་ཐོབ་གྱུར། ། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་མཐུ་རྩ་ལ་སངས་རྒྱས་ཐམས་ཅད་ཀྱི་སྒྲ་བུད་པ་ལྟ་བུར་ལྡིང་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་རིག་བྱེད་ལས་འདས་ཤིང་།། དེ་སྤངས་བསམ་པའི་ལྡོག་པ་ཡིས།། དབྱེ་བས་ཐ་དད་ཤེས་པར་བྱ།། འདི་ནི་སྙིང་པོའི་ཚུལ་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་དཔལ་ཞིང་ཁམས་བཀོད་པ་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས ་ཀུན་གྱི་ཞིང་ཁམས་གང་། ། སྣང་མཛད་རྒྱལ་པོའི་འོད་ཀྱི་སྐྱེས།། རྟེན་མཛད་ཡེ་ཤེས་སྣང་བ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ལྟ་བདེན་སངས་རྒྱས་ཐམས་ཅ ་ཀྱི་ཡེ་ཤེས་ཀྱི་སྣང་བ་བཻ་དཱུརྱར་སྟོན་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྱུར་བ་མེད་པའི་རིན་པོ་ཆེ།། གཅིག་ཏུ་སྦྱར་བར་བྱེད་པ་ཅན།། ནོར་བུ་རྟོག་པའི ་བློ་བྲལ་བ། ། ངེས་པར་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མུན་པ་དམག་རུམ་སེལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་མུན་པ་སེལ་བ་ཡི།། བྱིན་རླབས་འོད་ཀྱི་སྒྲོན་མ་ཡིས།། སྣང་བ་སྟོན་ཅིང་འཇོམས་པ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་དཔལ་ཡེ་ཤེས་ཀྱི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྙིང་པོར་གྱུར་པ་རང་སྲོག་ལས།། མི ་ཤིགས་གོ་འཕང་གནས་སྤྱོད་པ། ། དེ་ཉིད་རླུང་སེམས་དབྱེར་མེད་པས།། བྱང་ཆུབ་ཚུལ་འདི་སྙན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་བཅིངས་པ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྤྲོ་བ ་དཔག་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་དབྱིངས་ཡེ་ཤེས་སྤྱོད་ཡུལ་བས།། མི་གནས་མི་དམིགས་མཉམ་པ་ཉིད།། ཚད་མེད་རང་བྱུང་མི་རྟོག་བྱིར།། བྱང ་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིས་མ ་འདི་གསུངས་སོ། ། ངེས་འབྱུང་རྣམ་པར་མི་གནས་པ།། འཁོར་བ་དག་པའི་སེམས་གནས་པ།། དེ་ཉིད་ཡེ་ཤེས་ཚུལ་གསུམ་གྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། གང་དུ་སྔོན་བྱུང་སངས་རྒྱས་དང་།། མ་འོངས ་བྱོན་གྱུར་དེ་བཞིན་གཤེགས། ། ད་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས།། གསང་བ་འདི་ལས་ཡང་དག་འབྱུང་།། སེམས་ཀྱི་བསླབ་པ་ལ་ཕྱོགས་ཤིང་།། ཟབ་པ་རིག་པ་འཛིན་པ་དང་།། དེ་ཉིད་མདོ་སྡེར་གང་བསྟན་པ།། ཕྱི་ནང་གཉིས ་སུ་བསྟན་པ་ཡིན། ། གསང་བ་བླ་ན་མེད་པའི་དོན།། སྙིང་པོའི་དོན་རྣམས་སྟོན་བྱེད་པ།། འབྲས་བུ་རྟོགས་པའི་ཡེ་ཤེས་ནི།། ཚེ་འདི་ཉིད་ལ་མངོན་གྱུར་པས།། ཐབས་ཀྱི་ཁྱད་པར་གྱུར་པ་སྟེ།། རྡོ་རྗེ་ཐེག་པ་ཞེས་བརྗོད་དོ།། ཞེས ་གསུངས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བ་བླ་ན་མེད་པའི་དོན་ཡོངས་སུ ་བསྐྱོང་བའི་ལེའུ་སྟེ་སུམ་བཅུ་དྲུག་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཡེ་ཤེས་དོན་ཀུན་འཛིན་མཛད་པ། དུས་གསུམ་བདག་པོ་དཔལ་ལྡན་པས།། གསང་བ་ཡེ་ཤེས་སྤྱོད་པ་གསུངས།། གཉིས་མེད་མཉམ་པ་མི་འགྱུར་བ། ་དུས་གསུམ་རྟག་ཏུ་རང་བྱུང་ཉིད།། སྐྱེ་བ་མེད་པ་ལས་སྤྲུལ་ཞི།། མ་སྐྱེས་རང་བཞིན་བརྗོད་དུ་མེད།། སངས་རྒྱས་ཀུན་གྱི་ཆོས་རྣམས་ནི།། ནམ་མཁའ་དང་ནི་མཉམ་གྱུར་པ།། རྣམ་པར་མི་རྟོག་ཡེ་ཤེས་ལས།། སྒྱུ་མ་ཙམ་དུ་བསྟན ་པ་ཡིན། ། རྒྱུ་དང་ལམ་དང་འབྲས་བུར་ནི།། གནས་པ་བརྗོད་བྱ་དོན་གྱི་ཆོས།། དེ་ཉིད་ངེས་པར་དོན་བསྟོན་པས།། རྗོད་བྱེད་སྒྲ་ཡི་ཕྱོགས་སུ་བཤད།། གསང་ཆེན་ཐེག་པ་སྙིང་པོའི་དོན།། རྒྱལ་པོ་ཆེན་པོ་རང་ལ་གནས།། མཆོག ་ཆུ་བརྟག་པ་འདུས་པ་སྟེ། ། བདེན་གཉིས་ཟུང་འཇུག་སྟོན་པའོ།། དེ་ནས་དེ་བཞིན་གཤེགས་པ་གཟིགས་པ་ལྷའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སྟེ་བྱང་ཆུབ ་ཀྱིསེམས་འདི་གསུངས་སོ། ། དེ་ཉིད་གསང་བའི་ཡེ་ཤེས་ཆེ།། སྙིང་པོ་ཕྱག་རྒྱ་ཆེན་པོའི་དང་།། ཟབ་དང་རྒྱ་ཚེའི་ཚུལ་གནས་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས ་དབུ་སྒྱུ་མ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་ཀུན་འདུས་རིག་པའི་རང་།། རྡོ་རྗེ་འཛིན་པའི་ས་གནས་པས།། སྐུ་བཞི་ཡེ་ཤེས་མཆོག་རྟག་པས།། དྲི་མེད ་འདུལ་བའི་ཚུལ་མཆོག་གོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་དལ་གྱིས་བཞུད་པ་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་འབྱིངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་གཤེགས་པའི་བྱང་ཆུབ་སེམས།། འབད་པ་མེད་པར་འབྱུང་བ་ནི།། ཆོས་རྣམས་དབྱེར་མེད་གཅིག་པའི་སྐུ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བརྟུལ་ཞུགས་དཀའ་ཐུབ་སངས་རྒྱས་ཐམས་ཅད་ཀྱི་དཔའ་བར་འགྲོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཐོང་ཆོས་དོན་ཡོད་སྙིང་པོ་ནི།། འབྲས ་བུ་གྲུབ་པའི་རྐྱེན་འབྱུང་བ། ། དེ་ཉིད་སར་བྱེད་རྣམ་པར་ཐར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐམ་སར་གནས ་པ་རྡོ་རྗེ་རྗེ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་རྣམས་ཀྱི་བསམ་པ་ཡི།། སྤྱོད་ཡུལ་སྣ་ཚོགས་འབྱུང་བ་ན།། ཐར་པའི་ལམ་ལ་སྤྱད་པར་བྱ།། བྱང་ཆུབ ་ཚུལ་འདི་བསྟན་དུ་འོ་ནས་གསུངས་སོ། ། དེ་ནས་དེ་བཞན་གཤེགས་པ་གཅི་ཅན་པོ་སངས་རྒྱས་ཐམས་ཅད་ཀྱི་བདེན་པ་དག་པརྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་ཅིང་ངེ་འཛིན་ལ་སྙོམས་པར་ཐུགས་། ་ཆུབ་ཀྱི་སེམས་འདི་གསུངས་སོ།། བསམ་གཏན་སྦྱོར་བ་སྒྱུ་མ་ཡིས།། ཉེ་བར་འགྲུབ་པ་ཡང་དག་པའི།། གསང་མཐའ་ཚུལ་འདིངས་བསྟན་ཡིན།། དེ་ཉིད་སྤྱོད་བསྟོན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་བཙམ་བ་ཀའི་མདོག་ཅན་སངས་རྒྱས་ཐམས་ཅད་ཀྱི་དྲིང་སྲོང་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསོད་ནམས་མཐར་ཐུག་སྟོབས་ཆེན་པོ།། དགེ་བའི་རྩབ ་བརྟན་ལས་བབྱུང་། ། འབྲས་བུ་བཞིས་ནི་ཐུབ་པའི་རྒྱན།། བྱང་ཆུབ་ཚུལ་འདི་སྟོན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགའ་མཛད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པར་ཐར་པའི་སྒོ་བསྟན་པ ་ཞེས་བྱ་བ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་ཉིད་སྟོང་ཉིད་མཚན་མ་མེད།། སྨོན་པ་མེད་པ་བྱང་ཆུབ་གཞི།། ནམ་ཐར་ཡེ་ཤེས་འབྲས་ཐོབ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་བཟང་པོ་སངས་རྒྱས་ཐམས་ཅད་ཀྱིས་སྣུམ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཆོས་གང་སྐྱེ་བ་མེད་པ་དང་།། འགག་པ་མེད་པར་འབྱུང་བ་གང་།། བླ་མེད་གསང་བའི་དོན་བསྟན་པས།། དེ་ཉིད་ཚུལ་འདི་སྟོན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་སངས་རྒྱས་ཐམས ་ཅད་ཀྱིས་སྨིག་སྦྲུལ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་གཟུགས་བརྙན་རྨི་ལམ་དང་།། སྤྲུལ་པ་མཚུངས་པར་སྟོན་པ་གང་།། ་ཉིད་རང་བཞིན་འབྱུང་བའི་དངོས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྨིལ་མ་སྒྱུ་མ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རྨི་ལམ་གཟུགས་སྣར་ལྟར།། བག་ཆགས་སྡང་བ་རང་དག་པར།། དྲི་མ་སྦྱང་ཕྱིར་བསྟན་པ་ག།། དེ་ཉིད་ཚུལ་འདི་བསྟན་པར།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣང་བའི་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱིས་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གཅིག་གིས་དུ་མར་ཁྱབ་པ་ཡི།། ་ངོ་བོ་རང་སྟོང་ཐིག་ལེ་གཅིག། ཞེན་མེད་ཕྱག་རྒྱ་འབྱུང་བ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་འོད་སངས་རྒྱས་ཐམས་ཅད་ཀྱི་དྲི་ཟའི་གྲོང་ཁྱེར་ལྟ་བུར་འཆར ་བརྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། དག་པའི་ཡེ་ཤེས་ཡང་དག་པ།། བཅིངས་པ་མེད་ཅིང་གྲོལ་བའང་མེད།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣུན་པར་མཛད་པ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འི། ་གསུངས་སོ།། གང་དུ་སངས་རྒྱས་རྣམས་དང་ནི།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། དེ་སྤྲུལ་དམན་པར་མོས་པ་འདུལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མདངས། ་འགྲོ་དཔ་ལ་སངས་རྒྱས་ཐམས་ཅད་ཀྱིས་ཆུའི་ཆུ་བུར་ལྟ་བུར་མཁྱེན་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལན་ཚྭ་རྒྱ་མཚོར་ཐིམ་པ་ལྟར། ་རྦ་རླབས་ཞི་བའི་རདེ་བཞིན་གྱིས།། ཐོབ་མེད་ཡེ་ཤེས་སྦྱོར་དོན་འགྲོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དོན་ལེགས་ངེས།། སངས་རྒྱས་ཐམས་ཅད་ཀྱི ་མིག་ཡོར་སྟོང་པའི་དངོས་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སད་པས་སད་བྱེད་པ།། ཀུན་ནས་ལྡང་བཞི་པ་ཡི།། བསྙེངས་མེད་དོན་གསལ་བྱང་ཆུབ་པ། ་དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཁྱུ་མཆོག་ཚད་མེད་སངས་རྒྱས་ཐམས་ཅད་ཀྱི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྲིད་ལས་གྲོལ་ཞིང་བདེ་ཐོབ་དང་།། མཆོག་དོན་གནས་པ་དག་པའི་གནས།། བྱང་ཆུབ་ཚུལ་དག་འཁོར་ལོ་ཡིས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ན ་དེ་བཞིན་གཤེགས་པ་ལག་བཟངས་སངས་རྒྱས་ཐམས་ཅད་ཀྱིས་དབང་པོའི་གཞུ་དང་མཚུངས་པར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསྟན་པ་འདི་ནི ་བྱང་ཆུབ་ལམ། ། དེ་ཉིད་སྙིང་པོ་སྡོམ་པ་ཉིད།། བསླབ་པ་ཡོངས་དག་འཇའ་ཚོན་ལྟར།། ངེས་པའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སངས་རྒྱས་ཐམས་ཅད་གློག། ་གི་འོད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐུབ་པའི་རྫུ་འཕྲུལ་ཆེན་པོ་ནི།། གློག་ལྟར་འབྱུང་བའི་ཡིད་ཀྱིས་ནི།། ཀུན་ཏུ་འཕྲིན་ལས་བྱ་བ་ལས།། ་འཇུག་པའི་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག་པ་བསམ་པས་བྱིན་སངས་རྒྱས་ཐམས་ཅད་ཀྱི་སྤྲིན་འཕྲོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། སངས་རྒྱས་དུས་གསུམ་ཐམས་ཅད་ཏུ།། དྲི་མེད་རྟག་པར་འབྱུང་བའི་གཞི།། ལེགས་མཆོད་བསམ་པའི་རྒྱུན་འབབ་ཏེ།། བྱང་ཆུབ་རྒྱ་ལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་གསང་བའི་རྒྱལ་པོ་མི། 3) ་བུ་སྟོན་པའི་ལམ་གྱུར་པ། ། མི་བྱེད་ཡེ་ཤེས་མངའ་བདག་འཆང་།། བབ་དང་རྒྱ་ཆེའི་ཚུལ་བསྟན་པའོ།། དེ་ཉིད་དཀྱིལ་འཁོར་འཁོར་ལོའི་ཆ།། རྒྱུ་དང་མི་རྒྷའི་དངོས་པོ་ཀུན།། ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས།། གནོད་ནས ་དག་པའི་ཡེ་ཤེས་གནས། ། ཐབས་གཞན་གྱིས་ནི་སངས་རྒྱས་མེད།། གསང་ཆེན་བདེ་བའི་གོ་འཕང་ཅན་ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་པ་འདུས་པ ་རྣལ་འབྱོར་ཆེན་པོ་གཉིས་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཐེག་པའི་ལམ་རྣམ་པར་དག་པའི་གནས་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད ་ནམས་རྒྱལ་པོའི་འོད་སངས་རྒྱས་ཐམས་ཅད་ཀྱི་དུལ་བའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟོག་པའི་དྲ་བ་གསལ་བ་ཡི།། ཡེ་ཤེས་རྣམ་ཐར་དག་པ་ཡི། ་གསལ་བ་ཡོངས་ངག་རྗེས་འགྲོ་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དབྱངས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་དབྱིངས་འབྱུང་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་ཆོས་འབྱུང་ཡངས་པ་ཡི།། དག་པ་དྲི་མེད་གནས་ཀྱི་ཆ།། ཆ་དང་ཆ་མིན་རྣམ་སྤངས་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའ་དག་པའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་དང་དངོས་མེད་ལས་གྲོལ་ཞིང་།། ་འབར་བ་ཐིག་ལེནཱ་དཔྲལ།། ཡེ་ཤེས་སྐུ་སྟེ་རྣམ་དག་པས།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་འོད་ཀྱི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི ་གནས་རྡོ་རྗེ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱོགས་བཅུ་ཀུན་ཏུ་སྣང་བ་ཡི།། འོད་ཟེར་འཕྲོ་བས་འཁྲུགས་པ་ཡི།། ལྷ་མོ་གར་གྱིས་མཆོད་བྱེད་པའི།། གསར ་བཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། ལྷ་དང་མི་རྣམས་ཀུན་ལ་ཡང་།། དེ་ཉིད་ཡེ་ཤེས་སྐལ་པ་ཅན།། བཟང་པོ་སྲིད་གསུམ་སྦྱར་བར་བྱ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་སྤྱན་སངས ་རྒྱས་ཐམས་ཅད་ཀྱི་བདེ་བའི་གཞལ་མེད་དག་པ་རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཀུན་ཏུ་མི་ཕྱེད་པའི།། ཐ་དད་བློ་ནི་རྣམ་སྤངས་ནས།། ཡང་དག་ཡེ་ཤེ ་སྣང་བ་ཅན། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་སྲུང་སངས་རྒྱས་ཐམས་ཅད་ཀྱི་བཀྲ་ཤིས་གདུགས་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། གླིང་རྣམས་ཀུན་གྱི་སེམས་ཅན་ཁམས།། བྱམས་པའི་གདུགས་ཀྱིས་ཁྱབ་བྱེད་པ།། མཐའ་སྐོར་བགྲང་མི་ལང་བར་སྟོན།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བློགས་ལ་སངས་རྒྱས་ཐམས་ཅད་ཀྱི་ཉའི་ལྷོ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསམ་མི་ཁྱབ་པའི་ཆོས་ཀྱི་གནས།། འདྲེན་པ་བདུད་རྩི་སྤྱན ་ཡངས་པས། ། ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས།། དེ་ཉིད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་འགྲོས་སངས་རྒྱས་ཐམས་ཅད་ཀྱི་པད་མ་ལྟ་བུར་སྟོན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་རྣམས་ཀྱི་བདེན་པའི་མཐུས།། དྲང་པོར་སྨྲ་བའི་ལྗགས་དབང་པོ།། གསར་དམར་པོ་ལྟར་སྟོན་པས།། དེ་ཉིད་ཚུལ་འདི་བསྟན་པ ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་དུང་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཚད་མེད་ཐུགས་ཀྱི་གཏེར་ཆེན་པོ།། རྣམ་པར་དཀར་བའི་ཆོས་ཕྱོགས་ཀྱིས།། བར་མཚམས་མེད་པར་གནས་ཐོབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ ་སངས་རྒྱས་ཐམས་ཅད་ཀྱི་བུམ་པ་ལྟ་བུ་རྡོ་རྗེ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདུད་ལས་རྣམ་པར་རྒྱལ་བ་ཡི།། བུམ་པ་ཆེན་པོས་དོན་བྱེད་པ།། ཐོག་མ་མེད་པའི་བྱང ་ཆུབ་སེམས། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་དཔལ་གྱི་བེའུ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམ ་འདི་གསུངས་སོ། ། གང་དུ་ཚངས་དང་བརྒྱ་བྱིན་དང་།། འཇིག་རྟེན་སྐྱོང་བར་བཅས་པ་ཡིས།། མཆོད་ཅིང་རྡོ་རྗེའི་དབང་ཕྱུག་སྐུ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་མ ་མེད་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་རྒྱལ་མཚན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལྷ་སྲིན་སྡེ་བརྒྱད་མ་ལུས་པའི།། ཀུན་གྱི་གཙུག་གི་ནོར་བུ་ལྟར ་མ་ནུབ་དམ་པའི་གཙོ་བོ་ཡིས། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་མཛེས་པ་སངས་རྒྱས་ཐམས་ཅད་ཀྱི་ཞབས་དང་ཕྱག་གི་འཐིལ་ལཁོ ་ལོའི་མཚན་གྱིས་བརྒྱན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐུབ་པས་འགྲོ་བའི་ངན་སོང་རྒྱུན།། ཡོངས་སུ་གཅོད་ཅིང་སྦྱོར་མཛད་པས།། རྣམ་པར་གནོན་པའི་མཆོག ་མངའ་བའི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔའ་བོ་ཁེངས་མེད་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་སྒོ་ནས་འགྲོ་བ་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་འགྲོ་བ་འདྲུལ་དོན་དུ།། ལུས་སྲོག་ཟས་དང་ལོངས་སྤྱོད་ཀྱིས།། ཀུན་ལ་ཆགས་མེད་ཚུལ་དུ་བསྐྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རྡོ་རྗེ་སྦྲང་ཅིའི་ཞལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་སྙན་པར་སྨྲ་བའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐབས་དང་འབྲེལ་བའི་དོན་འགྱུར་བས།། ་བཅུང་ཟད་ཡང་དག་དོན་སྦྱོར་བའི།། ཕན་པ་སྟེར་བའི་བྱང་ཆུབ་ཀྱིས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་འོད་དཔལ་སངས་རྒྱས་ཐམས་ཅད་ཀྱི་དོན་འཐུན་པ་རྡོ་རྗེ་སངས ་རྒྱས་ཐམས་ཅད་ཀྱི་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཐོང་ན་མི་མཐུན་མེད་པ་ཡི།། དཔལ་གྱི་ཞིང་དུ་བསྐྲོད་པའི་ལམ།། ཡང་དག་དོན་ལ་སྦྱོར་བྱེད་པས།། དེ་ཉིད ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྲོག་བྱིན་སངས་རྒྱས་ཐམས་ཅད་ཀྱི་དོན་སྤྱོད་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་མངང་བྱུང་བའི་ཁྱད་པར་གྱིས།། གཙོ་བོར་གཞན་དོན་སེམས་པ་གང་།། ཀུན་སྣང་དཔེ་མ་དམཁས་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བར་གཤེགས་པ ་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ། རི་ག་རིན་ཆེན་ལྡན་པོ་སར།། བརྗིད་ཅིང་དཔའ་བའི་ཐུབ་པའི་སྐུས།། སྤྲུལ་པ་ས ་པོར་མི་གནས་པ། ། དེ་ཉིད་བྱང་ཆུབ་ཚུལ་བསྟན་པོའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཁྲུག་པ་མི་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱུ་། ་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ཐོག་མ་མི་དམིགས་ཤིང་།། ཐ་མ་མེད་པའི་ཡེ་ཤེས་ལས།། རྣམ་པར་དབེན་དོན་དག་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་གས་དཔ་འཛིན་པའོ།། ་ས་འོངས་བྱང་ཆུབ་དོན་གྱི་ཕྱིར།། དཔལ་ལྡན་བླ་མ་རྡོ་རྗེ་འཛིན།། སྐུ་གསུམ་སྙིང་པོ་བསྡུས་པའི་བདག། འགྲོ་དོན་སྤྱོད་ཕྱིར་འབྱུང་བ་སྟེ།། སྟོབས་ཅན་སྣ་ཚོགས་ནགས་ཁྲོད་དུ།། ཐུབ་པ་དཔལ་གྱི་རྒྱལ་པོ་སྟེ།། ཤཱཿ ་དགེ་སློང་ལི་ཙ་བྱི། ། གཞོན་ནུ་འཕགས་པའི་བློ་ཅན་གྱིས།། རིམ་དང་གཅིག་ཆར་རྒྱས་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས ་བུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བ་དག་པ་མཆོག་གི་ལེའུ་སྟེ་སུམ་བཅུ་རྩ་བརྒྱད་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་འཁོར ་ལོས་སྒྱུར་བ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་ཁམས་ཁ་ལོ་སྒྱུར་བྱེད་པ།། ཆོས་ཀྱི་རྒྱལ་པོ་དགེ་བའི་སྟོབས།། དཔུད་ཆེན ་ལ་མཁས་པ་ཉིད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་ཡོན་ཏན་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བས། ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རང་སེམས་དག་པའི་ནོར་བུ་ནི།། ཡོན་ཏན་དུ་མ་འབྱུང་བའི་གཞི།། མི་ཟད་དགེ་བ་རྫོགས་ལས་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང ་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞིང་བཟང་པོ་མཚུངས་མེད་སངས་རྒྱས་ཐམས་ཅད་ཀྱིས་ཆོས་འཛིན་པའི་བཙུན་མོ་རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། མཉམ་མེད་བླ་མ་མཆོག་དགྱེས་པའི།། ཚུལ་འདི་དྲི་མེད་འོད་ཏུ་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བརྗོད་པའི ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་རབ་རིབསེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདམ་སྐྱེས་པད་མ་མདངས་ཐོན་ལྟར།། རང་རིག་གསལ་བའི་ཡེ་ཤེས ་ཉིད། ། སྐྱོན་གྱིས་མགོས་ཕྲ་བ་ཉིད།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མངོན་པར་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་སྣང་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མེད་ཨུཏ་བལ་འབར་བ་ལ།། རྙོག་པའི་དྲི་མས་མགོས་ལྟར།། ར་གྲོལ་བྱུང་བའི་ཡེ་ཤེས་མཚུངས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ ་དེ་ནས་དེ་བཞིན་གཤེགས་པ་སྦྱིན་བྱེད་འོད་འཕྲོ་སངས་རྒྱས་ཐམས་ཅད་ཀྱི་སྒྲོན་མེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཉམ་ཉིད་མི་འགྱུར་སྣང་བ་བྲལ།། ་བོབ་མིང་ཐོབ་བྲལ་འགྲོ་འོང་མེད།། དབྲི་བ་དང་ནི་གང་མེད་པའི།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མོའི་དཔལ་སངས་རྒྱས་ཐམས་ཅད་ཀྱིས་ནམ་མཁའ་ལྟ་བུ་ཞེས ་བྱབའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ། ཆོས་རྣམས་ནམ་མཁའི་མཚན་ཉིད་ལས།། འགྱུར་བ་མེད་ཅིང་འཕོ་བ་མེད།། རྣམ་པ་ཀུན་ཏུ་མཁའ་བྱིངས་ཀློང།། བྱང་ཆུབ་ཚུལ་འདྲ། ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་བཀོད་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ ་སྐྱེ་བ་མེད་ལས་གང་སྐྱེས་པ། ། དེ་ནི་མ་སྐྱེས་སྦྱོར་བའི་དངོས།། ཚད་མེད་ཏིང་འཛིན་སྦྱོར་བ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤིན་དུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ ་ཤེས་ཀུན་དུ་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་འགག་པ་བྲལ་བ་ཡི།། ཆོས་ཉིད་རང་བྱུང་ལྷུན་གྱིས་གྲུབ།། དེ་ནི་འགག་པ་མེད་པའི་དངོས།། བྱང་། ་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོག་སངས་རྒྱས་ཐམས་ཅད་ཀྱི་རྡུལ་དང་བྲལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། དེ་བཞིན་ཉིད་ལས་དབེན་པ་ཡི།། དོན་དམ་དམིགས་པའི་ཡུལ་མིན་ཕྱིར།། འདྲེས་པ་རྡུལ་ཙམ་མེད་པ་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུགས ་ཤིན་ཏུ་ཞུགས་པ་སངས་རྒྱས་ཐམས་ཅད་ཀྱི་རི་བོ་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གནས་པ་མེད་པ་གནས་པའི་མཆོག། མཆོག་གྱུར་རང་བྱུང་མཁ ་མ་ལྡང་། ། ཐུགས་སྐབསམས་ཀུན་འགྲུས་སུཿ།། བྱང་ཆུབ་ཅུས་འདི་བསྟན་པ་ཞེས་གསུངས་ས།། དེ་ནས་ད་བཞིན་གཤེགས་པ་སྣང་བས་བ་སངས་རྒྱས་ཐམས་ཅད་ཀྱིར་རབ་ལྡན་པ་ང་རྫནས་བྱབ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངསོ། ། སངས་རྒྱས་ཀུན་གྱི་ནམ་མཁའི་ཁམས།། ཡོངས་སུ་གང་བའི་ཆོས་ཅན་མ།། ཏིལ་གྱི་འབྲུ་བཞིན་རྒྱས་པ་ཡི།། སངས་རྒྱས་ཚུལ་འདི་བསྟན་པའོ།། ཞེས་གསུ ་སོ། དེ་ནས་དེ་བཞིན་གཤེགས་པ་རྒྱ་མཚོ་སྦྱིན་སངས་རྒྱས་ཐམས་ཅད་ཀྱིས་བདུད་དང་བདུད་ཀྱི་རིས་ཐམས་ཅད་འཇོམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་བདུད་དང་ལོག་འདྲེན་མ་ལུས་རྣམས།། བྱམས་པའི་ཡེ་ཤེས་ཆེན་པོ་ཡིས།། ལོག་རྟོག་མ་ལུས་ཞི་མཛད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་རྟགས་ངས ་རྒྱས་ཐམས་ཅད་ཀྱི་སྣ་ཚགས་དག་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གྲགས་པའི་རྒྱལ་མཚན་དཔལ་བེའུ།། འབང་པ་འོད་འཕྲ་ཉི་མའི་དབུས།། རབ་རིན་ཆེན ་ནར་བུསྟེ། ། ཡ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་གཟུགས་སངས་རྒྱས་ཐམས་ཅད་ཀྱི་གཞལ་མེད་ཀྱི་གནས་དག་པ་སངས་རྒྱས་ཐམས་ཅད་ཀྱི་གནས་རྡོ་རྗེ་ནས་བྱབས ་ང་འཛིན་པ་སྙོམས་པར་ཐུགས་ཏུ་བྱང་ཆུབ་ཀྱིསེམས་འདི་གསངས་སོ། ། དབ་མེད་ལ་གས་དག་པའི་གནས།། བཀད་པ་མངས་སྨྲས་རྣམ་བརྒྱད་པའི།། ང་གན་སྩལ་འབར་སྣང་བ་འབྱུང་།། ཉིད་ཏུས་འདས ་ནས་གསུས་ལ། དདས་དཔ་གཤེགས་པཟུ་པ་འང་གྲོབ་སངས་རྒྱས་ཐམས་ཅད་ཀྱི་ལུང་གནས་རྗེགས་བྱ་ང་ན་མ་མས་པ་གྲུགས་བྱང་ཆུ་མས་དགསུས་སོ།། ཨཱུ ་ཟུག་རྡུལ་བྲལ་བ། ། དེ་ཉིད་བྱང་ཆུབ་དམ་པའི་ཡུལ།། བཏང་སྙོམས་དག་པ་བླ་མེད་པ། བྱང་ཆུབ་ཚུལ་འི་བསྟན་པའོ།། ནས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མེད་རྒྱལ་པ་སངས་རྒྱས་ཐམས་ཅད་ཀྱི་འདྲེན་པ་མཆོག་རྡོ་། ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྟ་བས་མེ་དམས་ཚག་མི་ཤེས།། རིག་པ་དང་ནི་ཞབས་མངའ་བ།། ངན་འགྲོ་གྲད་པ་ལེགས་སྐྱོབ་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་དག་པར་བསྔོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འང་གསུངས་སོ།། ཡུལ ་དང་དངོས་པོ་བྱེད་པ་པོ། ། རྣམ་པར་མི་དམིགས་སྟོང་པ་ཉིད།། འཁོར་གསུམ་ཡོངས་སུ་དག་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟེན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། ་འགྲོ་བའི་སྡེ་དཔོན་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐར་པའི་ལམ་ན་ཐེག་པ་ཆེ།། གསང་བ་དམ་པ་ཆོས་འཁོར་ལོ།། རྣམ་པ་བཅུ་གཉིས་ཡོངས་བསྐོར་བ།། དེ་ཉིད ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འོད་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་དབའ་རླབས་གནོན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔག་མེད་ཡེ་ཤེས་ཕྲ་བ་ཡིས།། དངོས་པོར་འཛིན་པའི་བྱིས་པ་རྣམས།། སྐྲགནས་ལམ་མཆོག་དགོད་མཛད་པ།། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། ཡེ་ཤེས་བླ་མེད་གནས་ཐོབ་པས།། བཙང་མའི་གནས་མཆོག་ལེགས་གནས་པས།། བཅོམ་ལྡན་འོག་མིན་དེར་རྟག་བཞུགས།། ཀུན་དུ་སྤྱད་པའི་ས་ཕྱོགས་སོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དག་པ་དེ་བཞིན་ཉིད་ཀྱི་ཆོ་ག་སྟོན་པའི་ལེའུ་སྟེ་སུམ་བཅུ་དགུ་པའོ། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད། དཔེར་ན་ནམ་མཁའ་གང་དུ་ཡང་།། མཚན་ཅན་ཀུན་ལ་མི་གནས་ཏེ།། དེ་ཉིད་ཁྱབ་ཅིང་བདག་མེད་པས།། མི་ལྡན་པ་ཡང་མ་ཡིན་ཏེ།། ནམ་མཁའི་ཆོས་ཉིད་དེ་ལ་ནི།། ཀུན་དུ་རྟོག་པ་ཡོད་མིན། ་ཏེ།། རྟོག་ཅིང་རྗེས་སུ་སྤྱོད་པ་ཡི།། བདག་དང་གཞན་དུ་རྟོག་མི་བྱེད།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན།། རྨིལམ་ལྟ་བུར་སྣང་བ་སྟེ།། རྗེས་སུ་འགྲོ་དང་ལྡོག་པ་བྲལ།། དེ་བཞིན་གཤེགས་པའི་གཟུགས་རྙན ་བཞིན། ། རྨིལ་མ་དམ་ཚིག་ལས་བྱུང་བ།། དེ་ཉིད་སྒྱུ་མར་གྱུར་པ་དང་།། མྱད་པར་ཅུང་ཟད་ཡོད་མིན་ཏེ།། མི་ལམ་དང་ནི་དངོས་སྔང་གཉིས།། བྱང་བ་སུང་མོང་མིན་ཏེ།། གགན་དུ་ཉིད་རྟོགས་པར་བྱ།། དྷ་དང་བཅས་པ ་བའི་གནས། ། ཐོ་བ་ཀུན་གྱི་མགྲིན་པར་སྐྱེས།། ཡི་གེ་ཨ་བཅས་གནས་པ་ཉིད།། མ་ནུ་ཏར་བརྗོད་པ་གང་།། གཟུང་ཞི་བསྒྱུར་དང་སྤེལ་བ་དང་།། སྒྲམ་དྲན་ད་རྒྱས་གདབ་པས།། བྲིས་པ་པས་མ་གཏན་ལམ་དུ་འགྱུར། ་ཅོམ་ལྡན་འདས་དེ་བདེན་གཤེགས་པ་ཐམས་ཅད་ཟིལས་དེན་བདགགིས་ཁམས་གསུམ་དུ།། ཐིལམ་མ་ང་བར་བྱུར་སྐྱེམ་དུ་མསེམས་ས།། སྐྱེས་བུ་ཡང་བདགགིས་ནིལས་སྨོས་ཡོང་ཉིམ་དུར་ས་ས ་མེད་དེ། དེབས་ན་ཁམས་གསུམ་དུ་སྣང་བའི་བྱ་བ་དེ་རྣམས་ཀྱང་།། བག་ཆགས་གཟུགས་སུ་སྣང་བའི་ཕྱིར།། རྨི་ལ་མ་ལྟ་བུར་བསྟན་པ་ཡིན།། འཁྲུལ་པ་དེ་ཉིད་ཏུ་མེད་པས།། རྨིལ་མ་ཉིད་དང་མཚུངས་པར་བསྟན ་སྔ་མ་མི་གནས་རང་གྲོལ་ཏེ། ། ཕྱི་མ་འབྱུང་བ་མི་འགག་ཕྱིར།། རྨི་ལམ་ལས་ནི་འབྱུང་བར་བཤད།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང་། ། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྨི་ལམ་ལ་བདག་མེད་པ་རྡོ་རྗེ་ཡང་དག་པར་བདེན་པས་སྟོང་པའི་གནས་སུ་རྟོགས་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་སྒྲ་རྣམ་པར་སྐྲག ་པསངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བདག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རྣམ་པར་དག་པས་ནི།། ཁམས་དང་དབང་པོ་མཐའ་ཡས་དང་། ་བསམ་པའི་དྲི་མ་རང་དག་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་རྒྱས་པའི་ཞལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྟག་པར་བརྩེ་བ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་ཐ་མ་འབྲིང་དང་ནི།། མཆོག་རྣམས་བདུད་རྩི་ཐོབ་བྱའི་ཕྱིར།། ལྷག་པར་སྤྲོ་བ་བསྐྱེད་པ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་ཀླུ་དབང་བདུད་པའི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། ་ཚེ་དང་གཟུགས་དང་ལོངས་སྤྱོད་ཀྱིས། གླིང་གསུམ་གནས་ལས་མངོན་འབྱུང་བ།། ལས་དང་སྤྱོད་པ་རྟོག་པ་ལས།། བཟློག་དང་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བརྟུལ ་ཞུགས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་རྨད་ཏུ་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་ཁམས་ནི་དུ་མ་ཡི།། གླིང་རྣམས་ཀུན་དུ་འདུག ་བྱེད་པ། ། ཚེ་འབྲུལ་བསམ་མི་ཁྱབ་པ་ནི།། འབྱུང་བ་ཆུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྨན་མའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྙོག་པསལ་ཅིང་བསི་ལར ་ཙན་དན་ལྟར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྐྱེ་དང་འཆི་བ་དང་།། ནད་དང་རྒས་དང་རྒུད་ལས་གྲོལ།། ཆུ་བོ་ཆེ་ལས་སྒྲོལ་བ་པོ།། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་གློག་གི་རྟོག་སངས་རྒྱས་ཐམས་ཅད་ཀྱི་སྤྲོས་པ་ཚད་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ ་གཏོང་བ་སྤྲོ་དང་སྨྲ་བ་དང་། ། མཚུངས་པ་རྐྱེན་ལས་འབྱུང་བ་གང་།། དེ་ཉིད་དད་པའི་སེམས་གྲོལ་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོ་སངས་རྒྱས ་ཐམས་ཅད་ཀྱི་འོད་མཚུངས་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ཡི་འོད་ཟེར་གང་སྤྲོས་པར།། ཏིང་འཛིན་བསྐྱེད་དང་དང་བ་ཐོབ།། བདེ་བ་སྐྱེད་ལ ་སྡུག་བསྔལ་ཞིང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐར་མ་ཅན་སངས་རྒྱས་ཐམས་ཅད་ཀྱིས་མ་རིག་པ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་སྔ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་ཅིག་དག་པ་ལས།། གཞན་དུ་ཡེ་ཤེས་མ་རྙེད་པས།། བཙལ་དུ་མེད་པའི་ཚུལ་བསྟན་པའོ་ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་གྲགས་པ་རྫོགས་ལྡན་སངས་རྒྱས་ཐམས་ཅད་ཀྱིས་འདུ་བྱེད་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། གང་དུ་སངས་རྒྱས་ཞིང་དག་པ།། དེ་སྙེད་བྱང་ཆུབ་སེམས་དཔའི་ཚོགས།། ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས།། རྣམ་དག་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མཱི ་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མིང་དང་གཟུགས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བསམ་པ་དུག་མེད་པ།། ཕུན་སུམ་ཚོགས་ནི ་གཞི་ཅན་ཏེ། ། ཟླ་བ་ཆོས་པའི་ངོ་བཞིན་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་རྒྱལ་མཛེས་སངས་རྒྱས་ཐམས་ཅད་ཀྱིས་སྐྱེ་མཆེད་དྲུག་རྣམ་པར་དག་པ ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལོངས་སྤྱོད་གཙང་བས་བསྒྲུབས་པ་དང་།། ལུས་དང་ཡན་ལག་དངོས་པོ་ཡི།། རྡུལ་ཕྲན་གྱུར་པ་ལེགས་ཕུལ་བ།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྙོག་པ་མེད་པའི་དོན་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་ཤེས་པའི་ཆོས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་འདི།། བསོད་ནམས་ཚོགས་ནི་སྒྱུ་མ་སྟེ།། ཡེ་ཤེས་ཚོགས་ནི་ནམ་མཁའ་ལྟར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས ་དེ་ནས་དེ་བཞིན་གཤེགས་པ་དྲག་ཤུལ་སྡེ་ཅན་སངས་རྒྱས་ཐམས་ཅད་ཀྱིས་རེག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡན་ལག་བཞི ་ལྡན་དཔུང་ཚོགས་བཅས། ། བླ་མེད་རྣལ་འབྱོར་པ་ཡི་གནས།། ཞིང་དང་བསམ་པ་དག་པ་ཡིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་གཟི་བརྗིད ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣུ་མ་ལྟ་བུའི་སྦྱོར་བ་ཡིས།། འགྲོ་བ་ཀུན་ལ་སྙོམས་པ་གང་། ་བརྟུལ་ཞུགས་ཁྱད་པར་བསྟན་པ་སྟེ།། ཚུལ་འདི་བྱང་ཆུབ་སྙེང་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་སྲེད་པ་རྣམ་པར་དག་པ་སངས་རྒྱས་ཐམས ་ཅད་ཀྱི་དཔལ་དགྱེས་པས་ཁྱབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་རྒྱ་མཚོ་མ་ལུས་པའི།། ཡེ་ཤེས་སྤྱོད་པ་རྣམ་དག་པ།། ནི་ཁམས་འགྱུར་མེད་པ ་སྣང་བ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོགས་མེད་དཔལ་སངས་རྒྱས་ཐམས་ཅད་ཀྱི་ལེན་པ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཆུག ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་གཱ་ཀྲུང་གི་བྱེ་མ་སྙེད།། དཔག་ཏུ་མེད་པའི་སངས་རྒྱས་གང་།། ཞིང་ཁམས་ཅིག་པར་ཡོངས་སུ་དག། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པལྷའི་སྒྲ་ཅན་སངས་རྒྱས་ཀྱི་སྲིད་པ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱོགས་བཅུ་རྣམ་པ ་ཐམས་ཅད་དུ། ། གང་བཞུགས་བདེ་བར་གཤེགས་པའི་ཚོ་གས།། མཛད་པ་ཅིག་པའི་རྣམ་ཐར་གྱིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་སངས་རྒྱས ་ཐམསད་ཀྱི་སྐྱེ་བ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མ་བྱོན་འབྱུང་བ་དང་།། འདས་དང་ད་ལྟར་བཞུགས་པ་འི། སངས་རྒྱས་ཁམས ་རྒྱུད་ཅིག་པའི་དང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཁ་ལོ་སྦྱར་བ་སངས་རྒྱས་ཐམས་ཅད་ཀྱིརྒ་ཤི་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་། ་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་ཀུན་རྟོག་པཞི་པ་ཡི།། ཟབ་པ་དང་ནི་རྒྱ་ཆེའི་བདག། མདོདང་རྒྱུད་དང་རྟོག་པ་ལས།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག་པ་སྐྱེད་པ་མཚུར ་པ་སངས་རྒྱས་ཐམས་ཅད་ཀྱི་རྟེན་འབྲེལ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་སྨིན་པར་བྱེད་པ་དང་།། སངས་རྒྱས་ཞིང་སྐྱོང་ཕྲིན་ལས་དག་དེ་ཉིད་མཚུང ་བཅིག་པའི་སྐུ། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། ། བསམ་གཏན་གནས་སུ་བདེ་བའི་སྟན་ལ་ནི།། གནས་ནས་དུས་གསུམ་བཞུགས་པའི་སངས་རྒྱས་རྣམས།། དམིགས་ཏེ་སྣ་ཚོགས་མཆོད་པའི་སྤྲིན་འཁྲིགས་པ།། དང་པོར ་སྒོ་ཚོགས་ཐོ་ལྡན་གྱིས་བྱ་ཞིང་། ། དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར།། སྡིག་པ་ཐམས་ཅད་བཤགས་པ་ལ་སོགས་བྱ།། གང་ཞིག་ཐོགས་མེད་སྲིད་པའི་ཆུ་བྲང་དུ།། མ་ལུས་ཀུན་ཏོག་གིས་བསྐྱེད་རྙོག་པ་རྣམས ་ཐུགས་རྗེ་རྗེ་ལྡན་སྤྱན་སྔར་དེ་དག་ནི། ། རིམ་བཞིན་ཚོགས་ཐམས་ཅད་བཤགས་པར་གྱིས།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་།། འཕགས་པའི་ཚོགས་ཀྱིས་དགེ་བ་མཛད་རྣམས་ལ།། དེ་དག་ཀུན ་ལ་རྗེས་སུ་ཡི་རང་ཞིང་། ། བྱང་ཆུབ་བླ་མེད་གནས་སུབ་སྔོ་བར་བགྱི།། སེམས་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས།། སྙིང་རྗེ་དམ་པ་མི་ཟད་པའི་ཐབས།། རང་གི་ཡིད་ལ་གནས་པར་གྱུར་པ་ཡི།། བདེ་གཤེགས་རྣམས་ལ ་ལ་རྟག་ཏུ་སྐྱབས་སུ་མཆེ། ། རྟོག་པ་མ་ལུས་པ་ལས་དྲིས་གྲོལ་ཞིང་།། སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་བཞི།། དངོས་རྣམས་མ་ལུས་ཡེ་ཤེས་ར་བ་ཉིད།། དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ ་མཆི། འཆིང་བ་མཐའ་དག་གནས་ལས་གྲོལ་འགྱུར་ཞིང་།། སྙིང་རྗེ་མཆོག་གིས་བསྒྲུབས་པའི་དཔལ་དང་ལྡན།། རབ་དགའ་ལ་སོགས་ས་ལ་ངེས་བཞུགས་པའི།། བརྡུལ་ཞུགས་དབང་པོའི་ཚོགས་ལ་བདག་བསྐྱབས ་མཆི། བསམ་དང་རྣམ་པར་སྨིན་པ་དག་གྱུར་པས།། སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་དོན།། ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི།། སེམས་ནི་དམ་པ་བྱང་ཆུབ་མཆོག་ཏུ་བསྐྱེད།། རྒྱལ་བ་སྲས་བཅས་ཀུན་གྱི ་ལམ་ཅིག་པོ། ། སྦྱིན་པ་ལ་སོགས་དཀར་པོའི་ཡོན་ཏན་བཅུ།། རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས།། ཡང་དག་ཏུ་ནི་རྣམ་པར་གནས་པར་བགྱི།། སྙིང་རྗེས་འཇིག་རྟེན་སེམས་ཅན་མ་ལུས་པ།། ལྷ ་བས་བཅིངས་པ་དུ་མ་དམིགས་ནས་ནི། ། ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ།། སྔགས་པས་རིག་པ་འདི་ནི་བསམ་པར་བྱ།། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ།། དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད།། ་རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི།། མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ།། ཐ་དད་དམིགས་པའི་འདུ་ཤེས་ལོག་པ་ཡི།། དྲི་མའི་དྲ་བས་རྣམས་ནི་ལེགས་བསལ་ནས།། རྟོག་པ་མ་ལུས་ཡེ་ཤེས་རྒྱལ་བ་ཡི།། ་སྣང་སྲོང་དྲི་མེད་དང་ལས་འདི་དོན་བརྗོད།། ཨོཾ་སྭ་བྷཱ་བ་ཤུད་དྷཱ། སརྦ་རྨཱཿསྭབྷཱ་བ་ཤུད་དྷོན།། ཨོཾ་བཛྲ་སྭ་ཐཱ་རཱ་ཤུད་དྷཱ་ཡཿཏྟྭ་རྨཱཥྚཿ། ཤུད་དྷོ་ཏ།། ཨོཾ་ཤཱུནྟ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏ་མཀོད།། དེ་ལྟར་མ ་ལུས་འདོད་པ་སྤངས་པ་ཡིས། ། བདག་ཉིད་དམ་ནི་གཞན་དགེ་རང་རིག་ཉིད།། གཟུགས་ནི་ལྷར་གྱུར་པ་ལ་ཡང་དག་མཆོད།། དམ་ཚིག་འདི་ནི་བདེ་གཤེགས་རྣམས་ཀྱིས་གནང་།། རྗེས་སུ་འཐུན་པར་འགྲོ་བའི་དོན་རྣམ ་དང་། ། མ་ལུས་རྒྱལ་བ་མཆོད་པར་ཡོངས་སུ་བརྟགས།། ལུས་ལ་སོགས་པའི་ལས་རྣམས་དེ་དང་ནི།། རྟག་ཏུ་ལེགས་པར་མཉམ་པར་བཞག་ཏེ་བྱ།། རྣམ་པ་འདི་འདྲའི་སེམས་དང་ལུས་དང་ནི།། དག་གི་ལས་རྣམས་ཅི་ཡང ་རུང་བ་དག། ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ།། རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་གསུངས་སོ།། དེ་བས་ལུས་སོགས་དགེ་དང་མི་དགེ་བའི།། རྣམ་པའི་ལས་རྣམས་སེམས་ཀྱི་དབང་ལས་གསུངས།། དེ་ལྟར་རྟོག་པ་མ ་ལུས་སྤངས་པ་ཡི། ། སེམས་ནི་ནག་པོའི་ལས་སུག་ལ་འགྱུར།། དངོས་པོ་ཅིག་ལའང་རྣམ་པ་སྣ་ཚོགས་པའི།། ཀུན་དུ་རྟོག་པས་བསགས་པའི་རྣམ་པ་ལས།། སྡུག་བསྔལ་བ་དེ་དང་གྲོལ་བ་སྐྱེད་བྱེད་པའི།། ལས་ཀྱི་ཁྱད་པར ་མང་པོ་འབྱུང་བར་འགྱུར། ། འདིར་ནི་རབ་ཏུ་མི་གནས་ཡེ་ཤེས་སྐུ།། འཁོར་བ་དག་ཅིང་རྣམ་པར་གྲོལ་བའི་ཐུགས།། བྱམས་མགོན་རྡོ་རྗེ་དེཡང་དེ་ལྟར་སྣང་།། ཚུལ་འདི་རྟོགས་དཀའ་ཕན་པ་བསྒྲུབ་པ་ཡིན།། ཞེས་གསུངས ་ད་ཨེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་འབྱུང་བ་རྡོ་རྗེའི་ལེའུ་སྟེ་བཞི ་བཅུ་པའོ། ། ། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་སྟོན་པ་སྣང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དབང་ཕྱུག ་ཆེན་པོ་ཡེ་ཤེས་ཀྱི། ། འབྱུང་བ་སྐུ་ནི་འབྱུང་ལས་འགྱུར།། རྟེན་འབྲེལ་སྣང་བ་གསལ་བར་འཆར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲ་གཅན་འཛིན ་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཕྲེང་བ་འཁྲིགས་པ་ལྟར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་འོད་ནི་བཀྱེ་བ་ཡང་།། རང་རིག་བསམ་གཏན་ལས ་བྱུང་བ། ། བྱང་ཆུབ་དོན་གྱི་རྒྱུ་ཆེན་པོར།། དོན་འབྱུང་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྩི་སྨན་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་འོད་ཟེར་དོན་ཆེན་བྱེད་པའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྐུ་ཡི་ཚུལ་གྱུར་པ།། རྡོ་རྗེ་དཀྱིལ་དཀྲུང་གནས་པ་ཡི།། སྣ་ཚོགས་རིན་ཆེན་བརྒྱན་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རྒྱུ་སྐར་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསུང་གི་དབྱངས་སྙན་མ་ལུས་པ།། བརྗོད་པ་འགག་མེད་རང ་ཟུང་བས། ། འདི་ཉིད་གསང་བ་དོན་སྡུད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བླ་མེད་སྨན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོད་རྟེན་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དབྱིངས་དང་ཡེ་ཤེས་ཚུལ་ཅིག་ཏུ།། མི་གནས་ལྡོག་པ་མེད་པ་ཡི།། བྱང་ཆུབ་སེམས་ཀྱི་ངང་གནས་པས།། བླ་མེད་ཡེ་ཤེས་ཚུལ་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་གླང་པོ་ཡེ་ཤེས་ཐོགས་པ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གནས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ས ་གསུང་ཐུགས་ནི་རྡོ་རྗེའི་དང་། ། རོ་མཉམ་ཡེ་ཤེས་མཚུངས་མེད་པ།། གཅིག་དང་དུ་མ་ལས་གྲོལ་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྟོག་པ་གཅོད་པར་མཛད་པར ་སངས་རྒྱས་ཐམས་ཅད་ཀྱི་ཚེ་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་གཤེགས་པ་ཀུན་འདུས་པའི།། ཡོན་ཏན་ཚད་མེད་ཕྲེང་བ་ཅན།། དཔག་མེད ་རིན་ཆེན་གཏེར་འཆང་མཛད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲགས་པའི་རྒྱལ་པོ་སངས་རྒྱས་ཀུན་གྱི་ལས་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཀར་ནག་ལས་ནི་རང་དག་བཏགས་ལ་ཙམ།། སྣང་ཙམ་རྒྱུ་འབྲས་འདིས་ནི་ཁྱབ་པར་ཕྱེ།། སྙིང་པོ་དོན་སྤྱོད་བསམ་གཏན་པ་ཡི་ཡུལ།། མཆོག་གྱུར་དོན་ནི་འབྱུང་བའི་ས། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སེམས་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དྲན་པའི ་སྟོབས་ནི་མཉམ་གཞག་པ། ། ཤེས་ལྡན་རྒྱལ་པོ་བག་ཡོད་ཀྱིས།། དཔའ་བོ་འགྲོ་བའི་དོན་ལ་སྤྱད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་མཛོད་སངས་རྒྱས་ཐམས་ཅད ་ཀྱི་ལོངས་སྤྱོད་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འོ་མའི་རྒྱ་མཚོ་ཆེན་པོ་ལས།། བསྲུངས་པས་བདུད་རྩིའི་ཐུན་མ་ནི།། འཆི་མེད་འགྲོ་བ་ཚིམ་བྱེད་པ། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་མཛོད་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་སེམས་འདི་གསུངས་སོ། ། སྲིད་པའི་འཇིག་རྟེན་ཐམས་ཅད་དུ།། གང་དང་གང་དུ་སྐྱེས་པ་རྣམས།། སེམས་ཅན་འདུལ་བའི་ཐབས་ཚུལ་གྱིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བློ་གྲོས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ལ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤིང་ཁམས་ཀུན་དུས་གཡོ་ཞིང་།། འོད་དང ་ཀཱ་། ། ས་། ས་གས་། གས་ཨུ ་བལ་དབང་བ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲ་དང་འདུན་དང་མོས་པ་དང་།། ཡེ་ཤེས་ཐོགས་མེད་དབང་ཕྱུག་ཅེས།། རྟོག་པ་ཡོད་བྲལ་མི་བྱེད་པ།། དྲི་མེད་ཚུལ་ཞི ་བའོ། ། ས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་རྡོ་རྗེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལ་དབང་བ་སངས་རྒྱས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། དེང་ཁམས་ཅིག་ནས་ཅིག་ཏུ་བསྐྱོད་པ་དང་།། འཇུག་པ་སྒྱུར་བའི་ཚུལ་ནི་མི་ཟད་པ།། བླ་མེད་འབེན་པ་ནས་དག་ཁྱད་པར་འཕགས།། ཡེ་ཤེས་དྲི་མེད་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་གས་རབ་ལེགས་སངས་རྒྱས་ཐམས་ཅད་ཀྱིམ་ཤེས་ལ་ང་རྡོརྗེ་ཏིང་པ་ཛིན་མ་སྒོམས་པར་ཐུགས་ཀྱང་ཆུབ་ཀྱིམས་པ་འདི་གསུངས་སོ། ། ཡེ་ཤེས་གང་དུམ་ཤེས་ཨུ། དུ་རྒྱ་ཅ་པནས། ་ཡོངས་སུ་དག་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་པར་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་དབང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ང ་ཆུབ་ཀྱི་སེམ་ས་འདི་གསུངས་སོ། ། བདེན་པ་བཞིད་གཉིས་དག་གིས།། ཡོངས་སུ་སྲུང་བ་བཅུ་གཉིས་དང་།། བཅུ་ཅུག་ནས་དཀྱི་མོས་འབྱུང་བ།། བྱང་ཆུབཅུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པཽ0f89ུ0f4་དབྱངས་སངས་རྒྱས་ཐམས་ཅད་ཀྱིཡེ་ཤེས་མངོན་པར་འཕགས་པའི་རྒྱལ་པ་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྦྱངས་པའི་ཡོན་ཏན་ནོ།། བཅུ་ག་ཉིས་ནི ་བཞིན་གཤེགས་པ་ཡི། ། སྣོད་ཚུལ་ཡེ་ཤེས་གསང་བ་ཡིན།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རངས་པ་དབྱངས་སངས་རྒྱས་ཐམས་ཅད་ཀྱི་ཚངས་པར་སྤྱོད་པ་མ ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བརྟུལ་ཞུགས་སྡོམ་པས་བདེ་ཐོབ་སྟེ།། ཚུལ་ཁྲིམས་ཀྱིས་ནི་ཏིང་འཛིན་དང་།། བསམ་གཏན་ཤེས་རབ་ཡོངས་གྲོལ་སྐྱེ། ་དེ་ཉིད་བྱང་ཆུབ་དགྲ་བཅོམ་འགྱུར།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་མཆོག་སངས་རྒྱས་ཐམས་ཅད་ཀྱི་གནས་གོས་པ་མེད་པའི་ཚུལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཐིམ་པ་རྡོ་རྗེ་སྟོན་པའི ་ཏིང་ངེ་འཛིར་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལན་ཚ་ཚུལ་ཐིམ་པ་ལྟར།། འདྲེས་པས་སོ་སོ་དམིགས་པ་བྲལ།། ཅིག་ཏུ་བྱེད་པའི་བསམ་གཏན་མཆོག། དེ་ཉིད་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འབྲུག་སྒྲིའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་གཤེགས་པ་དང་བཞུད་པ་དམིགས་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། རྒྱུན་ཆད་མེད་པའི་བྱང་ཆུབ་སེམས།། དེ་ཉིད་འགྲོ་འོང་བྲལ་བའི་སེམས།། ཆུ་ལ་ཆུ་བཞག་གནས་པ་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། སྐུ་གསུམ ་དབྱེར་མེད་རྡོ་རྗེ་ཅན། ། མཉེས་པའི་སྤྱན་ནི་གདངས་ནས་སུ།། རྡོ་རྗེ་ཐུགས་ནི་རྗེས་སུ་དྲན།། སྤྲོས་པའི་སྤྱོད་པ་ལ་གནས་པ།། མཚན་མེད་སྤྲོས་པ་མེད་པ་ཡི།། རྡོ་རྗེ་གླུ་ཡིས་ཡོངས་བསྐུལ་བའི།། ལྷ་མོའི་ཚིགས་དང་ལྷན་ཅིག ་རོལ། ། སེམས་དཔའ་གསུང་དང་ལྡན་པ་ཡི།། སྦྱོར་བ་རང་གཟུགས་རྒྱུ་མཐུན་པ།། དཀྱིལ་འཁོར་དབུས་སུ་གནས་པ་ཡི།། གཙོ་བོ་སངས་རྒྱས་བདག་པོའི་སྐུ།། རིག་མ་མངོན་པར་བསྔགས་པས་ནི།། གནས་བཞི ་རྣམས་སུ་ལམ་པན། ། རྟག་ཏུ་སྦྱར་བས་བསྒོམ་པར་བྱ།། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས།། ས་ཅན་གྱིས་མཚན་པའི་སྤྱན་ལསགས།། པད་མ་རྗེམཉམ་སྦྱར་བབ།། གསང་སྔགས་རབཏུབས་པ ་པ་ཉིད། ། འོད་ཟེར་ལྡན་འབར་བ་ཡི།། སྦྱོང་བ་རྡོ་རྗེ་འཛིན་གྱིས་བསམ།། རང་ལུས་ངག་སེམས་རྡོ་རྗེ་ལ།། བདེབ་པབ་པས་བདེ་ཐོབ་འགྱུར།། སྲུབ་དང་གྲུབ་པའི་ཚུལ་གྱིས་ནི།། ཡེ་ཤེས་ཡང་དག་བསྐྱེད་པ་ཡི།། འབྱུང་གནས ་དབུ་མའི་རྩེ་རུ་གཟུང་། ། རྣམ་པར་བཟློག་ཅིང་དྲངས་པ་ཡིས།། རླུང་དང་རྣམ་ཤེས་བ་དེ་ཆེན་དུ།། རོ་ཅག་རྟོག་པནུབ་པ་ཡི།། ཁྱབ་པས་རླུང་དང་དབྱར་མེད་པར།། གནས་སོགས་རྣམས་སུ་རྒྱས་བྱེད་པའི།། ཀུན་དུ་འཕེལ་བས ་སྐབས་རྒྱས་པའི། ། དབང་བསྐུར་དམ་པ་གནས་པར་བྱེད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་པ་གསང་འདུས་པ་རྣལ་འབྱོར་ཆེན་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར ་རྒྱལ་བ་ཞེས་བྱ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་འདུས་པ་ཆེན་པོའི་ལེའུས་ཞེ་གཅིག་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་རྩེ་མོ་སངས་རྒྱས་ཐམས་ཅད་ཀྱི ་བསྐྲད་བཅིག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་ཐམས་ཅད་མཚན་ཉིད་ནི།། ངོ་བོ་ཉིད་མེད་སྤྲོས་ལས་དབེན།། མཉམ་པ་ཉིད་ལ་རྟོག ་མི་མངའ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཏོག་གི་འོད་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་འདྲེན་པ་ཅིག་པུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོའི་ཆོས་ལས་འདས་པ་གང་།། དངོས་མེད་ནམ་མཁའ་དག་པའི།། ཡེ་ཤེས་འདི་ནི་རྨད་པོ་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་ངོ་།། ་དེ་ནས་དེ་བཞིན་གཤེགས་པ་མི་འདྲེན་དགེ་བ་སངས་རྒྱས་ཐས་ཅད་ཀྱི་ཕྱི་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཟུགས་སྟེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། བརྟགས་པ་རྟོག་པ་རབ་ཞི་ག།། ཡུལ་སྣང་རྣམ་རིགས། ་གྲུབ་པས།། ལུགས་འབྱུང་དག་པའི་ནམ་མཁའ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ནང་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ། ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཕྱི་ནང་ཐ་དད་མི་གནས་པ།། སེམས་དེ་གང་དུའང་གནས་མེད་དེ།། མདོར་ན་དངོས་མེད་རང་བཞིན་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ། ་དེ་ནས་དེ་བཞིན་གཤེགས་པ་སྐྱེས་མཆོག་སངས་རྒྱས་ཐམས་ཅད་ཀྱི་ཕྱི་ནང་སྟོང་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡང་དག་བསྡུས་པའི་ཆོས་ཅན་ལ།། མ ་གྲུབ་པའི་དང་ལ་གནས། ། དེ་ཉིད་ལྷུན་གྱིས་གྲུབ་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤྱན་སྡུག་སངས་རྒྱས་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟེན་འབྲེལ་ཙམ་དུའང་མི་གནས་པ།། རང་བྱུང་བདག་མེད་སྟོང་པ་ཉིད།། གཉིས་སུ་མེད་པའི་འོད་གསལ་བ།། བྱང་ཆུབ་ཚུལ་འདི་བསྟན་དུ། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀླུས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡེ་ཤེས་སྒྲོན་མ ་འབར་བ་ནི། ། མི་ཟད་དུ་མ་རོ་ཅོག་པའི།། དྲན་པས་སྟོང་པ་བདེ་བ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེན་པའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་དོན་དམ་པ ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བསྒོམ་དུ་མེད་པའི་དངོས།། བསྒོམ་པ་ཙམ་དུ་འཛིན་མེད་དེ།། མཐའ་ལས་གྲོལ་བ་མི་གནས་པ།། གས ་བ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་བརྒྱན་པ་སངས་རྒྱས་ཐམས་ཅད་ཀྱི་འདུས་བྱས་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། རང་རིག་ལས་ནི་བྱང་ཆུབ་འགྱུར།། ཏོག་པས་སྟོང་པའི་ཆོས་ཉིད་ལས།། མཉམ་རྗེས་ལྷག་མཐོང་སྤྱོད་པ་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞུམ་པ་མེད་པའི ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འདུས་མ་བྱས་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཞི་གནས་ཏིང་འཛིན་གྱི།། མི་གཡོ་བ་ལས་འདས་པ་ཉིད། ་ལུང་དུ་བསྟན་པའི་ཕྱོགས་ལས་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་སངས་རྒྱས་ཐམས་ཅད་ཀྱི་མཐའ་ལས་འདས་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བརྗོད་པས་བརྟགས་པ་རང་སྟོད་པ།། ལུང་མ་བསྟན་ལས་འདས་པའི་དངོས།། མི་ཕྱེད་བརྗོད་བྲལ་ཡེ་ཤེས་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་དབྱངས་བྱིན་སངས་རྒྱས་ཟས་ཅད་ཀྱི་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་བྱང་ཆུབ་སེམས་ལ་རྒྱུ་མེད་ཕྱིར།། ཐེག་མཐའ་སྟོང་པ་ཆོས་ཀྱི་དབྱིངས།། ཡེ་ཤེས་ལགས་ལས་བཟློག་པར་འཆར།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སང་གེ་སངས་རྒྱས ་ཐམས་ཅད་ཀྱི་དོར་བ་མེད་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་གང་སྤང་བར་བྱ་བ་དང་།། རྟེན་བྱ་ཐ་དད་མེད་པར་ནི།། ལེན་པ་མེད་པར་རང་གྲོལ་དུ།། དེ་ཉིད ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་སྣ་ཚོགས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། གདོད་ནས་ཞི་བའི་ཆོས་ཉིད་ལ།། མ་སྐྱེས་སྐྱེ་མེད་དག་པའི་སེམས།། འོད་གསལ་ལྷན་ཅིག་སྐྱེས་པའི་བདག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དཔའ ་བོ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཀུན་བདག་མེད་པ་ཡི་མཆོག། ཀུན་དུ་བཟང་པོ་བདེ་བ ་ཚེ། ། མི་ཟད་ལྷུན་གྱིས་གྲུབ་པའི་དོན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མའི་གནས་དཔལ་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་རྡོ་རྗེའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འོང་བ་མེད་ཅིང་འགྲོ་བ་མེད།། ཉི་ཚེའི་སྟོང་ཉིད་ལས་འདས་ཤིང་།། རྣམ་པའི་མཆོག་རྣམས་ཀུན་ལྡན་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སངས་རྒྱས་ཐམས་ཅད་ཀྱི་མི་དམིགས་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འདས་དང་མ་འོངས་དེ་ལྟར་གྱི།། ་དུས་གསུམ་རྗེས་སུ་མི་དམིགས་པས།། ཐོགས་མེད་ཡེ་ཤེས་བསྟན་པ་ཉིད།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མེད། ་བསྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ་རྟག་པའི་ཆོས་ཉིད་མེད།། མི་རྟག་འཕོ་བའི་མཚན་ཉིད་ཅན།། སྟོང་ཉིད་ནམ་མཁའི་ཆོས་ཉིད ་དེ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་སེམས་འདི་གསུངས་སོ། ། ལྟ་བ་མ་ཡིན་མི་གནས་པ།། ཀུན་གཞི་དག་པའི་སྙིང་པོ་ཉིད།། ཟབ་ཅིང་ཐ་བརྟེན་གྱུར་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟུགས ་མཆོག་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་འདས་གཟུང་འཛིན་སྡོད་བཅུད་རྣམས།། ཐམས ་ཅད་བདག་མེད་ངོ་བོ་ཉིད། ། སྟོང་པ་ཉིད་དུའང་མི་གནས་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། སྟོང་པ་ཉིད་དུ་མི་བསམ་ཞིང་།། སྟོང་མིན་པར་ཡང་བསྒོམ་པ་མིན།། དེ་ཉིད་བྱང་ཆུབ་དམ་པའི་གཞི། ་བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས ་རྒྱས་ཐམས་ཅད་ཀྱི་རབ་ཏུ་མི་གནས་པའི་དོན་བསྟན་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་གཙེས།། ཚངས་དབྱངས་རྡོ་རྗེའི་ངོ་རོ་ཡིས།། ཆོས་འབྱུང ་རོལ་པ་སྟོན་པར་མཛད། ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མཁན་ཐམས་ཅད་ཀྱིས་བདག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལམཚོ་ལ་ལམ་གྱི་ལྟ་བ་ལས།། རྣམ་པར་བཟློག་པ་བླ་ན་མེད།། ཆེས་རྒྱ་བཞི་ལྡན་རྣལ་མའི་ལམ།། ཟབ་པ་ཞི་བ་དོན་སྤྱོད་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པཟླ་བའི་སྒྲོན་མེ་འབར་བ་སངས་རྒྱས་ཐམས་ཅད་ཀྱི་གསོ་བ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ས་བོན་དང་ནི་མྱུ་གུའི་པར།། རིམ་གྱིས་བསྐྱེད ་པ་ཡོངས་དག་པ། ། དེ་ཉིད་འབྲས་བུ་རོ་འབྱིན་པའི།། ཐབས་ཚུལ་འདི་ནི་དག་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག་པ་གཟི་བརྗིད་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་སྲོག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་དག་ཞི་བའི་ཆོས་ཉིད་ནི།། བཏགས་པའི་གནས་ལས་རྣམ་གྲོལ་བ།། ཡེ་ཤེས་རྒྱལ་བ་ཀུན་ཁྱབ་པ།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིངེར་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མངལ་ལས་སྐྱེ་དང་སྒོ་དང་།། རྫུས་ཏེ་སྐྱེས་དང་དྲོད་གཤེར་ལས།། སྐྱེ་བའི་སེམས་ཅན་མི་དམིགས་པས།། སེམས་ཅན་སྤྱོད་པ་མི་དམིགས་སོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་མི་ཟད་པའི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བ་པོ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འགྲོ་དྲུག་ལ་སོགས ་ཁམས་གསུམ་པའི། ། སེམས་ཅན་རྣམ་ཤེས་རང་ཉིད་ལས།། རང་འཁྲུལ་ལོག་ཤེས་ཀྱིས་བཅིངས་པ།། དེ་གྲོལ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མངོན་པར ་རྟོགས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་གསོ་བ་སྐྱེས་བུ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་རྡོ་རྗེའི་ཏོང་ངེ་འཛིན་ལ་སྙོམས་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བརྟགས་པའི ་ཡིད་སྤྱོད་མ་ཞུགས་པའི། ། སྣང་ལས་མ་ངེས་གྲོལ་འགྱུར་ཞིང་།། སྒྲིབ་མེད་རང་གསལ་མཐོང་བ་ནི།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡན་ལག་རྒྱས་པ་སངས་རྒྱས ་ཐམས་ཅད་ཀྱིས་གང་ཟག་རྣམ་པར་དགེ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡུལ་རྐྱེན་རྫས་ལས་གྲོལ་བ་ཡི།། ཐེ་ཚོམ་རྣམ་བྲལ་སྒྲོ་འདོགས་ཆོད།། རིགས་སྡེ ་ཕྱིར་ནི་ཡེ་ཤེས་ཆེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་ཤེས་རབ་མཆོག་སངས་རྒྱས་ཐམས་ཅད་ཀྱི་ཤེད་བུ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས་རྒྱུད་དག་པའི་ས་གནས་པས།། ས་རྣམས་བསྐྱོད་པ་གོ་འཕངས་མཆོག། རྩེ་གཅིག་རང་བྱུང་རང་གྲོལ་བས།། བྱང་ཆུབ་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཚིམ་མཛད་སངས་རྒྱས་ཐམས་ཅད་ཀྱི་ཤེད་ལས་སྐྱེས་རྣམ་པར་དག་པ་སངས་རྒྱས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས།། དག་པ་ཡེ་ཤེས་བདག་མེད་པ།། གཉིས་མེད་མཉམ་པ་རྣམ་རྒྱལ་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་ཤེས་རབ་བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོས་བསམ་སྒོམ་པའི་ཡུལ་མིན་ཞིང་།། ་གསང་བའི་ཤེས་རབ་རལ་གྲིས་ནི།། ལོག་ལྟ་ཕུང་པོ་གཅོད་པར་བྱེད།། ཡེ་ཤེས་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཇམ་དབྱངས་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་རྣམ་པར ་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྤྱི་དང་བྱེ་བྲག་བླ་མེད་གནས།། ཡང་དག་ཡེ་ཤེས་རྣམ་གྲོལ་བས།། ཟག་མེད ་ཚུལ་ནི་ཞི་བ་ལས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆགས་མེད་མཛོད་སངས་རྒྱས་ཐམས་ཅད་ཀྱི་ཚེར་རབ་པོ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ནི།། དེ་བཞིན་ཉིད་ལ་ལེགས་གནས་པས།། སྣ་ཚོགས་ཀུན་སྤྱོད་མི་དམིགས་ཏེ།། དེ་ཉིད་ཡེ་ཤེས་ཆེན་པོར་བསྟན་ཞེས་གསུངས ་དེ་ནས་དེ་བཞིན་གཤེགས་པ་གཙོ་བོས་བྱིན་སངས་རྒྱས་ཐམ་ཅད་ཀྱི་ཤེས་པ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཇི་ལྟར་མདུད་པ་རང ་གྲོལ་དུ། ། སྦྲུལ་མདུད་ལྟ་བུར་བཅིངས་ལས་འདའ།། དེ་ཉིད་ཡེ་ཤེས་ཚུལ་བསྟན་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཙོ་བོ་ཡེ་ཤེས་མཐོང་བ་པོ་རྣམ ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོབས་ལྡན་སྐྱེས་བུ་མཆོག་གིས་ནི།། གང་དུ་རྩལ་གྱི་རྟེན་མཐོང ་བས། ཤུགས་ཀྱིས་འགྲོ་བ་མདའ་བཞིན་ནོ།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་སངས་རྒྱས་ཐམས་ཅད་ཀྱི་སློང་བ་པོ་རྣམ་པར་དག་པ ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སྤོང་བསོར་ཞུགས་ཤིང་།། རང་བཞིན་དག་པའི་ང་བོ་ཉིད།། ཡོངས་སུ་ཤྭ་ར་རྣམ ་གྲོལ་གྱིས། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་འགྲོ་ཅན་སངས་རྒྱས་ཐམས་ཅད་ཀྱི་འཇིག་རྟེན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དབང་པོའི་གནས་ལས་ལྷག་པའི་སྟོབས།། སྟོང་གསུམ་ཆོས་ཀྱི་དཔལ་ལྡན་པས།། ཡེ་ཤེས་ཆར་འབེབས་སྟོན་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་དབང་པོ་ཤུགས་འཆང་སངས་རྒྱས་ཐམས་ཅད་ཀྱིས་འཕྲིན་ལས་སྣ་ཚོགས་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གསང་བའི་ཡེ་ཤེས ་བས་པ་མི་ཁྱབ། ། ནམ་མཁའི་གཟུགས་སུ་ཡོས་འཞུགས་པ།། འདུས་པཿམེད་དགྱེས་པར་རོལ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐར་རྒྱལ་ཆུའི་ཏིང་ངེ་འཛིན་རྗེན ་གསང་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བཅོམ་ལྡན་འཇིག་རྟེན་མགོན་པོ་ཡི།། གཙུག་ཏོར་ཚད་མེད་གཞལ་མེད་པ།། ནམ་མཁའི་གནས་ཀྱི་སྤྱོད་ཡུལ་ཏེ།། དེ་ཉིད་གསང་བ་བསྟན ་འོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་བཟང་པོ་སངས་རྒྱས་ཐམས་ཅད་ཀྱིག་ང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་དཐུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡན་ལག་དྲུག་བཅུའི་དབྱང ་ནི་ཡིདི་འབྲོག་དཔག་མེད་རྡོ་རྗེའི་གསུང་། ། སེམས་ཅན་སྣ་ཚོགས་དེར་སྟོན་པ།། བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ལོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་བཀླགས་པས་བྱིན་པས་ས་རྒྱས་ཐམས ་ཀྱི་ཐུགས་ཀྱི་གསང་བའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཀྱི་གསང་བ་དག་པ་སྟེ།། སེམས་ཀྱི་ལས་ནི་ཡོངས་དག་པས།། སེམས་ཅན་ཁམས་དང་འཐུན་པར ་འཇུག། བསམ་གྱིས་མི་ཁྱབ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་གསང་བ་འཛིན་པ་པོས། ཐུབ་པ་དོན་གྱི་ཡེ་ཤེས་ཅན།། སྐུ་བཞི་ཡེ་ཤེས་རབ་རྫོགས་པའི།། དེ་བཞིན་ཉིད་འདི་གསུང་བར་མཛད།། གང་དུ་གསང་བ་ལས་ཀྱང་ཆེ།། ་གསང་བའི་གསང་བ་ཆེན་པོ་འདི་འཛིན་པའི་རྣལ་འབྱོར་གྱི་དབང་ཕྱུག་དུ་མ་འབྱུང་བ་རྣམས་ནི་ཡེ་ཤེས་དགྱེས་པ་ཆེན་པོས་ཁྱབ་ཅིང་གཉིས་སུ་མེད་པའི་མཉམ་པ་ཉིད་བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ཐོབ་ལ། དེས ་ཆོས་ཐམས་ཅད་ཡོངས་སུ་དག་ཅིང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པས་གནས་པར་བྱེད་དོ། ། འཇིག་རྟེན་གྱི་ལྷ་ཆེན་པོ་ཚངས་པ་དང་། བརྒྱ་བྱིན་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གུ་ལང་དང་། དྲག་པོའི་རིགས ་སུ་གྱུར་པ་རྣམས་ཀྱིས་ཀྱང་ཡང་དག་པར་ཆོས་འདི་ལ་སྲུང་བའི་ཕྱིར་དེ་འཛིན་པ་དག་ལ་མཆོད་ཅིང་རྟེན་པར་བྱེད་དོ། ། འདི་ནི་རྒྱུན་དུ་ཞུགས་པའི་འབྱང་གནས་སོ།། ཕྱིར་མི་འོང་བ་རྣམས་ཀྱི་འབྱུང་གནས་སོ།། ལན ་ཅིག་ཕྱིར་འོང་བ་རྣམས་ཀྱི་འབྱུང་གནས་སོ། ། དགྲ་བཅོམ་པ་རྣམས་ཀྱི་འབྱུང་གནས་སོ།། འཕགས་པ་རང་རྒྱལ་བ་ལ་གནས་པ་རྣམས་ཀྱི་འབྱུང་གནས་སོ།། བྱང་ཆུབ་སེམས་དཔའི་འབྱུང་གནས་སོ།། ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ཀྱི་འབྱུང་གནས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་གནས་ཡིན་པར་རིག་པར་བྱའོ།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐམས ་ཅད་ཀྱི་འབྱུང་གནས་བླ་ན་མེད་པར་རིག་པར་བྱའོ། ། དཔལ་རྡོ་རྗེ་འཛིན་པ་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡང་འདི་ལས་བྱུང་བར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་གསང་བ་ཆེན ་པོ་ཡེ་ཤེས་ཀུན་དུ་འབྱུང་བའི་གཞི་ཅིག་པར་གནས་པ་ཉིད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ ་པར་རྒྱལ་བ་ལས་གསང་བ་ཡོངས་སུ་མི་ཟད་པའི་འབྱུང་གནས་སུ་བསྟན་པའི་ལེའུ་སྟེ་བཞི་བཅུ་གསུམ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན ་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐོག་མར་བྱུང་བ་དང་། ། བར་དུ་ད་ལྟར་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་དོན་དང་།། ཐ་མར་ཕྱི་མའི་དུས་ན་ངེས་པར་འབྱུང ་བའི་གསང་ཆེན་ངེས་པར་འཕོ་བའི་ཚུལ་གྱི་རྣམ་གྲངས་དུ་མ་ང་ཡིས་བཤད་པར་བྱ་ཡིས། ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གནས་དང་།། དུས་དང་ཆོས་ཀྱི་གསང་བ་འཛིན་པ་དུ་མ་འབྱུང་བ་ངེས་པར་ཟུང་ཅིག། ་འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ་ནི་སྔོན་འབྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་དུ་སྲོག་གཅོད་བརྩོན་པར་འགྱུར།། བསྐལ ་པདྲུག་འཛིན་ཞེས་བྱ་ལ། ། སངས་རྒྱས་ཟླ་བ་མི་འཁྲུགས་པས།། ཐམས་ཅད་ཞེ་སྡང་ཅན་གྱུར་ལ།། སྲོག་གཅོད་པ་ལ་བརྩམས་པ་ཡི།། དམ་ཆོས་དགོངས་ཏེ་བཤད་པ་ལ།། སློབ་དཔོན་ཆོས་ཀྱི་འཁོར་ལོ་དང་།། དགེ་སློང ་ནག་པོ་གཏུམ་ཞེས་པ། ། ཇི་བཞིན་སྒྲ་རུ་རྣམ་སྤྱད་པས།། ནག་པོ་བདུད་ཀྱི་ཤ་ཟར་གྱུར།། ཆུང་མ་ཉི་ཤུའི་ཚོགས་བཅས་པས།། ཐམས་ཅད་དམྱལ་བའི་སྲུངས་མར་སྐྱེས།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ།། སངས་རྒྱས ་གར་མཁན་གར་མཛད་པས། ། མི་བསྐྱོད་རྡོ་རྗེ་ཅན་གྱིས་ནི།། ཞེ་སྡང་རིགས་ཅན་འདུལ་བར་མཛད།། སྲོག་ཆགས་གསད་པར་གྱིས་ཞེས་པ།། ཁམས་གསུམ་སྒྱུ་མའི་རང་བཞིན་དུ།། འཁོར་བའི་རྣམ་རྟོག་གསད་ན་ནི།། དེ་ནི་མི ་བསྐྱོད་ཤིང་བྱ་སྟེ། ། རྡོན་ཅན་གྱི་སྡོམ་པ་ལས།། ཞེ་སྡང་རིགས་ཀྱི་དམ་ཚིག་ཡིན།། འདས་པའི་དུས་ན་སྔོན་བྱུང་བའི།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། ་དེ་ཚེ་སེམས་ཅན་ཐམས་ཅད་ནི།། རྣམ་པར་ཤེས་པ་གཏི་མུག་པས།། མ་བྱིན་ལེན་ལ་བརྩོན་པར་འགྱུར།། བསྐལ་པ་གཟུང་དཀའ་ཞེས་བྱལ།། དེ་བཞིན་གཤེགས་པ་སྟོབས་ཀྱི་མཆོག། སེང་གེ་འོད་ཀྱི་རྒྱལ་པོ་ལ།། བསྟེན ་པའི་དམ་ཚིག་གནས་པའི་ཚེ། ། ཐམས་ཅད་གཏི་མུག་ཤས་ཆེལ།། གཞན་གྱི་ནོར་འཕྲོག་སྤྱོད་པར་གྱུར།། དེ་དག་ལྡེམ་པོར་དགོངས་པ་ལ།། སློབ་དཔོན་སེང་གེ་ཟླ་བ་ཡིས།། དགེ་སློང་བཟོད་པ་ཅན་ཞེས་པས།། ཇི་བཞིན་སྐ་རྱ ་དམ་སྣད་པས། ། དྲག་པོ་མུན་པ་ཅན་ཞེས་པའི།། ཆུང་མ་ཉི་ཤུའི་ཚོགས་བཅས་པས།། ཐམས་ཅད་དུད་འགྲོ་གནས་སུ་སྐྱེས།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ།། སངས་རྒྱས་གར་མཁན་གར་མཛད་པས།། སངས་རྒྱས ་རྗེ་འཛིན་གྱིས་ནི། ། གཏི་མུག་རིགས་ཅན་འདུལ་བར་མཛད།། ཁྱོད་ཀྱིས་མ་བྱིན་ལོ་ཤེས་པ།། ཆོས་རྣམས་རྨི་ལ་བ་ལྟ་བུ་ལས།། འཕགས་པའི་ནོར་རྣམས་བླངས་ནས་ནི།། སྟུག་པོ་བཀོད་པའི་ཤིང་དུ་སྐྱེ།། དེ་བཞིན་གཞས ་པའི་སྡོམ་པ་ལས། ། གཏི་མུག་རིགས་ཀྱི་དམ་ཚིག་ཡིན།། འདས་པའི་དུས་ན་སྔོན་བྱུང་བའི།། བདག་ཉིད་ཆེན་པོ་རྟག་པའི་གནས།། དེ་བཞིན་གཤེགས་པའི་གསུང་རབ་ལ། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། དེ་ཚེ་སེམས ་ཅན་ཐམས་ཅད་ནི། ། ཤིན་ཏུ་གཡེམ་ལ་སྲེད་པ་ཡིས།། མི་ཚངས་སྤྱོད་ལ་འཇུག་པར་གྱུར།། བསྐལ་པ་བཅུ་ལྡན་ཞེས་བྱ་ལ།། པད་མོ་འོད་འཕྲོ་མི་བཟད་དེས།། དེ་བཞིན་གཤེགས་པའི་བསྟན་པ་ནི།། ཐམས་ཅད་འད ་ཆགས་སྤྱོད་གྱུར་ལ། ། ལོག་པར་ཤིན་ཏུ་གཡེམ་པར་སྤྱོད།། འདོད་ཆགས་ཀྱིས་ནི་ཐར་ཐོབ་ཅེས།། དེ་ལྟར་དགོངས་ཏེ་གསུངས་པ་ལ།། སློབ་དཔོན་པད་མོ་དཔལ་ཞེས་པས།། དགེ་སློང་རྒྱལ་བ་མཆོག་ཅེས་ལ།། རྗེས ་ང། ། སུ་བསྟན་དང་གདམས་པ་ལས།། སྐྱེ་བ་དེ་ཡི་འོག་ཏུ་ནི།། དྲག་བྱེད་མཐའ་ལ་གནས་པ་ནི།། ཆུང་མ་ཉི་ཤུའི་ཚོགས་བཅས་པ།། ཐམས་ཅད་ཡི་དགས་གནས་སུ་སྐྱེས།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ།། སངས ་རྒྱས་གང་མཁན་གར་མཛད་པས། ། ཆོས་འཛིན་པ་ཡི་གསུང་རྡོ་རྗེས།། འདོད་ཆགས་རིགས་ཅན་འདུལ་བར་མཛད།། གཞན་གྱི་བུད་མེད་སྤྱོད་ཅེས་པ།། ཆོས་རྣམས་མིག་འཕྲུལ་མཚུངས་པ་ལ།། དེ་བཞིན་གཤེགས ་བཙུན་མོ་རྣམས། ། ཡེ་ཤེས་བདེ་བར་རོལ་པར་བྱ།། ཤེས་རབ་བུད་མེད་སྤྱད་ན་ནི།། བདེ་བ་ཅན་གྱི་ཞིང་དུ་འགྲོ།། ཆོས་འཛིན་པ་ཡི་སྡོམ་པ་ལས།། འདོད་ཆགས་རྡོ་རྗེའི་དམ་ཚིག་ཡིན།། འདས་པའི་དུས་ན་སྔོན་བྱུང་བའི།། བདས ་ཉིད་ཆེན་པོ་རྟག་པ་ཡི། ། དེ་བཞིན་གཤེག་པའི་གསུང་རབ་ལ།། འགྲོ་བའི་ཚུལ་ནི་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་ལེ་ལོའི་དབང་གྱུར་ཅིང་།། རྫུན་དུ་སྤྲུལ་དགའ་བར་གྱུར།། བསྐལ་པ་གཟི་ཆེན ་སྣང་བའི་དུས། ། བདེ་གཤེགས་རྔ་སྒྲའི་རྒྱལ་པོ་ཞེས།། སངས་རྒྱས་དེ་ཡི་བསྟན་པ་ལ།། འགྲོ་རྣམས་ཤིན་ཏུ་ཕྲག་དོག་ཅན།། དེ་ལ་རྫུན་ཚིག་གིས་གྲོལ་ཞེས།། རྒྱལ་བས་དགོངས་ཏེ་བསྟན་པ་ལ།། སློབ་དཔོན་རྟ་མཆོག ་ཅེས་བྱ་བས། ། དགེ་བསྙེན་ཟླ་བ་ཞེས་བྱ་ལ།། གསུང་རབ་དོན་རྗེས་བསྟན་པ་ལས།། ཤིན་ཏུ་འཁྲུལ་པས་གནས་པར་གྱུར།། ཇི་བཞིན་སྒྲ་རུ་རྣམ་སྤྱད་པས།། དྲག་བྱེད་འཁྲུལ་པ་ཅན་ཞེས་པ།། ཆུང་མ་ཉི་ཤུའི་ཚོགས་པ ་བཅས། ། ཐམས་ཅད་དབང་སྒྱུར་བདུད་ཀྱི་ལྷ།། གཞན་འཕྲུལ་དབང་བྱེད་གནས་སུ་སྐྱེས།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ།། སངས་རྒྱས་གར་མཁན་གར་མཛད་པས།། གདོན་མི་ཟ་བའི་ཕྲིན་ལས་ཀྱིས།། ཕྲག་དོག ་རིགས་ཅན་འདུལ་བར་མཛད། ། ཁྱོད་ཀྱི་རྫུན་དུ་སྨོས་ཤེས་པ།། ཆོས་རྣམས་དྲི་ཟའི་གྲོང་ཁྱེར་ལས།། ཐམས་ཅད་བརྫུན་པ་སླུ་བའི་ཚིག། སྒྱུ་མ་ལྟ་བུར་བསྒྲགས་ནས་ཀྱང་།། ཀུན་རྫོབ་སྤྱོད་པའི་གནས་བསྟན་པ། ་འབྲུག་སྒྲ་ཅན་གྱི་ཞིང་དུ་འགྲོ།། ལས་ཀྱི་རིགས་ཀྱི་སྡོམ་པ་ལས།། ཕྲག་དོག་རྡོ་རྗེའི་དམ་ཚིག་བསྟན།། འདས་པའི་དུས་ན་སྔོན་བྱུང་བའི།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ ་བའི་ཚུལ་ནི་སྔོན་བྱུང་བའོ། ། དེ་ཚེ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་ང་རྒྱལ་ཆེར་སྤྱོད་ཅིང་།། ཚིག་རྩུབ་དག་གིས་སྤྱོད་པར་འགྱུར།། བསྐལ་པ་མི་གནས་པ་ཞེས་ལ།། བདེ་གཤེགས་དཀོན་མཆོག་དཔལ་ཞེས་པའི།། བསྟན ་བ་དེ་ལ་གནས་པའི་ཚེ། ། ཕལ་ཆེར་ང་རྒྱལ་གྱིས་ནོན་ཅིང་།། ངག་མ་བསྡམས་པས་གནས་པར་གྱུར།། རྩུབ་པའི་ཚིག་རྣམས་སྤྲས་པ་ཡིས།། དེས་ནི་ཐར་པ་ཐོབ་ཅེས་པ།། རྒྱལ་བ་དགོངས་ཏེ་གསུངས་པ་ལ།། སློབ་དཔོན་ཉིམ ་དཔལ་ཞེས་པས། ། དགེ་སློང་འབྱོར་པ་ཅན་ཞེས་ལ།། བཀའ་ཡི་དགོངས་པ་བསྟན་པ་ལས།། གསང་བའི་དོན་ལ་ནམ་འཁྲུལ་བས།། དྲག་བྱེད་འཇུངས་པ་ཅན་ཞེས་པ།། ཆུང་མ་ཉི་ཤུའི་ཚོགས་བཅས་པ།། ཐམས་ཅད་ལྷ་མིན་སྲིན ་པོའི་གནས། ། རི་རབ་སུལ་ལ་གནས་པར་སྐྱེས།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ།། སངས་རྒྱས་གར་མཁན་གར་མཛད་པས།། ཡོན་ཏན་རིན་ཆེན་འོད་འགྲོ་བས།། ང་རྒྱལ་རིགས་ཅན་འདུལ་བར་མཛད།། སྔ་ཕྱིའི་ཆོས་ནི་བདེན་མཐོང ་བས། ། འཁྲུལ་པའི་སྤྱོད་ལས་ལོག་པ་སྟེ།། རྩུབ་པའི་ཆོས་རྣམས་སྨྲས་པ་ཡིས།། ཡེ་ཤེས་ཐོབ་འགྱུར་ཞེས་པ་ལ།། དངོས་པོར་འཛིན་པ་སྐྲག་བྱེད་པའི།། ཡང་དག་ཀུན་རྫོབ་ཆོས་ཉིད་ཀྱིས།། རང་བཞིན་མེད་པར་བསྟན་པ ་ཡིས། ། དེ་དག་སྤྱོད་པ་དོན་ལྡན་པ།། རྡུལ་དང་བྲལ་བའི་ཞིང་དུ་འགྲོ།། རིན་ཆེན་རིགས་ཀྱི་སྡོམ་པ་ཡིན།། འདས་པའི་དུས་ན་སྔོན་བྱུང་བའི།། བདག་ཉིད་ཆེན་པོ་རྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ ་ནི་སྔོན་བྱུང་བ། ། དེ་ཚེ་སེམས་ཅན་ཐམས་ཅད་ནི།། དུག་ལྔའི་རྟོག་པ་རྒྱས་པར་འགྱུར།། བསྐལ་པ་རྒྱན་བཟངས་ཞེས་བྱ་ལ།། བདེ་གཤེགས་དཔལ་ལྡན་དྲི་མེད་པ།། ཡེ་ཤེས་བཟང་པོའི་བསྟན་པ་ལ།། ཐམས་ཅད་ཉོན ་མོངས་ལྔ་སྤྱོད་པ། ། དུག་ལྔའི་རྟག་པ་རགས་པར་གྱུར།། ཉོན་མོངས་མ་སྤངས་སངས་རྒྱུ་ཞེས།། རྒྱལ་བས་དགོངས་ཏེ་གསུངས་པ་ལ།། སློབ་དཔོན་ཀུན་དུ་བཟང་པོ་ཡིས།། དགེ་སློང་གྲོལ་བའི་རྒྱལ་མཚན་ཞེས།། ་དེབཞིན་གཤེགས་པའི་གསུང་བ་ལ།། ལོག་པར་སྤྱད་པའི་རྣམ་སྨིན་གྱིས།། སྒྲ་སྒྲོགས་སྡེ་ཅན་ཞེས་བྱ་བ།། ཆུང་མ་ཉི་ཤུའི་ཚོགས་དང་བཅས།། མི་ཡི་གནས་སུ་སྲིན་པོར་སྐྱེས།། ལང་ཀ་པུ་རིའི་རྒྱལ་པོར་འགྱུར།། དེ་ལྟར། ་རྡོ་རྗེ་ཅན་གཟིགས་ཏེ།། སངས་རྒྱས་གར་མཁན་གར་མཛད་པས།། གསང་ཆེན་རྡོ་རྗེ་འཛིན་པ་ཡིས།། དུག་ལྔའི་རང་བཞིན་གྱིས་བསྡུས་བརྟུལ།། ཉོན་མོངས་མ་སྤངས་ལམ་འགྱུར་ཞེས།། ཆགས་སྡང་རང་བཞིན་ཤེས ་ནས་ཀྱང་། ། དུག་གསུམ་ཡེ་ཤེས་གྱུར་པ་ནི།། གསང་བ་རྡོ་རྗེ་ཐེག་པའི་ལམ།། རྡོ་རྗེ་སེམས་དཔའི་ཞིང་དུ་སྐྱེ།། བླ་ན་མེད་པའི་སྡོམ་པ་ལས།། རྡོ་རྗེ་འཛིན་པའི་དམ་ཚིག་ཡིན།། དུག་ལྔའི་རྟོག་པ་གདུལ་བ་ནི།། ཞེ་སྡང་ཅན་ལ ་ཁྱབ་འཇུག་དང་། ། གཏི་མུག་ཅན་ལ་ཚངས་པ་དང་།། འདོད་ཆགས་དབང་ཕྱུག་ཆེན་པོ་དང་།། ཕྲག་དོག་དགའ་ར་བ་དབང་ཕྱུག་དང་།། ང་རྒྱལ་ཅན་ནི་བརྒྱ་བྱིན་གྱིས།། རིགས་དང་འཐུན་པའི་ཆར་བསྒྱུར་ནས།། སེམས་ཅན་ལོག ་པའི་ལམ་དུ་བཙུད། ། རང་གི་སྤྱོད་སུན་མི་འདའི་ཕྱིར།། དེ་ལ་བར་ཆད་སྣ་ཚོགས་པས།། བདུད་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ།། དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། སངས་རྒྱས་གར་མཁན་གར་མཛད་པས།། ལྷ་ནས ་འདུལ་བར་མཛད་ནས་ནི། ། གསོང་བའི་ཡེ་ཤེས་སྟོན་པར་བྱེད།། དེ་ལྟར་གདུལ་བྱ་གང་དང་གང་གི་དོན་དུ་དགོངས་ཏེ་གསུངས་པ་རྣམ་པར་ངེས་པ་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་གས ་བངེས་པའོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ།། གནས་ཕུན་སུམ་ཚོགས་པ་ནི་གསང་བ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བ་འཛམ་བུའི་གླིང ་གྲགསུམ་ཆས་ཀྱི་འཐུང་གནས་སོ། ། དན་མ་མཛད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་ཀྱི་སྙིང་པོར་གྱུར་པའོ།། དུས་ཕྲན་སུམཆོགས་པ་ས་དུས་རྣམས་ཀྱ་བྱུགས་མ་ལ་བབ་པ་ཟག་པ་དང་བུས་དང་ཐ་མ་ནམ་པར ་དག་པ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལོ།། འཆང་བ་པོ་ནི་སྟོན་པ་སྟེ།། འདིར་དཔལ་ལྡན་རྡོ་རྗེ་འཛིན་པ་རིགས་ཐམས་ཅད་ཀྱི་བདག་པོ་ཉིད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པ ་ཐམས་ཅད་མཁྱེན་ཅིང་གཟིགས་པས། འཇུག་པ་མཉམ་པ་ཉིད་རབ་ཏུ་མི་གནས་པའི་ངོ་བོར་གྱུར་པ་ཉིད་དོ།། དེ་དག་ཀྱང་ཆོས་ཉིད་དང་གཉིས་སུ་མེད་པ་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་སངས་རྒྱས་ཀྱི ་ཡེ་ཤེས་ཀྱི་སྤྱོད་ཡུལ་རབ་ཏུ་མི་ཟད་པའི་དོན་ལ་རབ་ཏུ་དགོངས་པ་དག་གོ། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ།། འདི་ལྟ་སྟེ་འཕགས་པ་འཇམ་དཔལ་ཡེ ་ཤེས་སེམས་དཔའ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། ། འཇིག་རྟེན་དབང་ཕྱུག་དབྱངས་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་ཞེས་བྱ་བར་གྱུར་ཏོ།། ལྷ་མོ་དཔལ་གྱི་ལུ་གུ་རྒྱུད་མ་ནི་གྲགས་འཛིན་མར་གྱུར་ཏོ།། རྡོ་རྗེ་སེམས ་དཔའ་ནི་སྒྲག་ཅན་འཛིན་ཏོ། ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཀུན་དུ་གཅོད་པ་ནི་ཤཱ་རིའི་བུར་གྱུར་པའོ།། ཀུན་དུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ།། ཀུན་དུ་བཟང་པོ་རྣམ་པར་རོལ་པའི་སྐུ་ཅན ་ནི་མཽད་གལ་གྱི་བུར་གྱུར་པའོ། ། ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ།། ཚངས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་སྣང་བའི་འོད་ཏུ་གྱུར་པའོ།། དཔལ་རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག ་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཏུ་གྱུར་ཏོ། ། དེ་ལྟར་མདོ་དང་ཐུན་མོང་དུ་སྤྱོད་པའི་དོན་དུ་གསུངས་སོ།། འདིར་ནི་གསང་བ་ཐུན་མོང་མ་ཡིན་པའི་དོན་དུ་སོ་སོར་ཕྱེ་ནས་གསལ་བར ་བཤད་པར་བྱའོ། ། འདི་ལྟ་སྟེ་ལྟར་ཕྱོགས་བཅུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་གསང་བ་སྤྱིའི་དོན་དུ་བསྟན་ཏེ།། གསང་བའི་བདག་པོ་ཕྱག་ན་རྡོ་རྗེནི་ཕྱག་ནརྡོ ་ལྔ་པ་འཛིན་པ་ཅན་གྱི་ཀུན་དགའ་བོར་གྱུར་ཏོ། ། ཀུན་དུ་བཟང་པོ་ནི་མཽད་གལ་གྱི་བུའོ།། ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཀུན་ཤེས་ཀཽཎྜི་ནྱར་གྱུར་ཏོ།། བློ་གྲོས་མི་ཟད་པ་ནི་ཤཱ་རིའི ་བུའོ། ། སྤྱན་རས་གཟིགས་དབང་ཕྱུག་ནི་འོད་སྲུང་ངོ་།། སའི་སྙིང་པོ་ནི་མ་འགགས་པའོ།། བྱམས་པ་ནི་ཉེ་བའི་འཁོར་རོ།། ནམ་མཁའི་སྙིང་པོ་ནི་གནས་བརྟན་ཆེན་པོ་རབ་འབྱོར་དུ་གྱུར་ཏོ།། གཟུགས་རྡོ་རྗེ་མ་ནི་སྐྱེ་དགུའི་བདག་མོའོ ་སྒྲ་རྡོ་རྗེ་མ་ནི་དབྱངས་ལྡན་མའོ། ། དྲི་རྡོ་རྗེ་མ་ནི་རིགས་ལྡན་མའོ།། རོ་རྡོ་རྗེ་ནི་དགའ་མོ་དང་དགའ་སྟོབས་མའོ།། རེག་བྱ་རྡོ་རྗེ་ནི་ས་མཚོ་མར་གྱུར་ཏོ།། སངས་རྒྱས་སྤྱན་མ་ནི་སའི་ལྷ་མོར་གྱུར་ཏོ།། མཱ་མ་ཀཱི་ནི་འོད་མཆོག་མར་གྱུར་ཏོ།། ་གོས་དཀར་མོ་ནི་པད་མ་གྲགས་མཆོག་མའོ།། སྒྲོལ་མ་ནི་སྣ་ཚོགས་འོད་འཆང་མར་གྱུར་ཏོ།། དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་སངས་རྒྱས་མི་འཁྲུགས་པ་སྨན་གྱི་བླ་དྲི་མ་མེད་པ་བཻ་དཱུརྱའི་འོད་དུ་གྱུར་ཏོ།། རྣམ་པར་སྣང་། ་བྱེད་དེ་བཞིན་གཤེགས་པ་ནི་སངས་རྒྱས་སྟོབས་མཆོག་སེང་གེ་ཐུགས་རྗེ་འོད་ཀྱི་སྣང་བ་མི་ཟད་པར་གྱུར་ཏོ།། འོད་དཔག་ཏུ་མེད་པ་ནི་དེ་བཞིན་གཤེགས་པ་པད་མའི་འོད་འཕྲོ་མི་ཟད་པར་གྱུར་ཏོ།། གདོན་མི་ཟ་བ་གྲུབ་པ་ནི་དེ་བའི ་གཤེགས་པ་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། ། རིན་ཆེན་འབྱུང་ལྡན་ནི་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་རིན་ཆེན་འོད་འཕྲོ་བ་ཞེས་བྱ་བར་གྱུར་ཏོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་དེ་བཞིན ་གཤེགས་པ་དཔལ་ཡེ་ཤེས་ཀུན་དུ་བཟང་པོ་ཞེས་བྱ་བར་གྱུར་ཏེ། དེ་ནི་གཞན་ཡིན་པར་མི་བལྟ་སྟེ། ད་ལྟར་དེ་ཉིད་ཡིན་ནོ།། གཞན་ཡང་རབ་ཏུ་བཤད་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་བཅུ་རྣམས་ལ་འདི་ལྟ་སྟེ། དཔལ ་གཤིན་རྗེ་མཐར་བྱེད་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་སུ་གྱུར། བགེགས་མཐར་བྱེད་ནི་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་ཞེས་བྱ་བར་གྱུར། དཔལ་ཏམགྲིན་ནི་རིན་ཆེན་འོད་འཕྲོ་ཞེས་བྱ་བར་གྱུར།། ་ཤེས་རབ་མཐར་བྱེད་ནི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་མི་གཡོ་བ་ནི་པད་མོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་འདོད་པའི་རྒྱལ་པོ་ནི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ ་ཞེས་བྱ་བར་གྱུར། དབྱུག་སྔོན་ཅན་ནི་དེ་བཞིན་གཤེགས་པ་གདུགས་དམ་པར་གྱུར། ཁྲོ་བོ་སྟོབས་པོ་ཆེ་ནི་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་གླང་པོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་གནོད་མཛེས ་རྒྱལ་པོ་ནི་སངས་རྒྱས་པད་མོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་དེ་བཞིན་གཤེགས་པ་དགའ་བ་དམ་པའི་དཔལ་ཞེས་བྱ་བར་གྱུར་ཏོ།། བསྐལ་པ་བཟང་པོའི་སངས་རྒྱས ་སྟོང་འཇིག་རྟེན་དུ་མངོན་པར་འབྱུང་བ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་གསང་བ་འཛིན་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་འོད་དང་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་གསང་བ་འཛིན་པའི་གནས་ཀྱི་སྤྱོད ་ཡུལ་གྱིས་སྤྱད་པ་སྤྱོད་པ་ཉིད་དོ། ། དེ་བཞིན་གཤེགས་པ་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་དུ་གནས་ཏེ། དེ་བཞིན་གཤེགས་པ་སྣ་ཚོགས་བདག་ཉིད་དུ་ཅིག་པའི་སྐུའོ།། དེ་བཞིན་གཤེགས་པ་རྣམ་པར་གཟིགས་པ་ཏ་ལའི་ཤིང་གི་དྲུང་དུའོ།། དེ་བཞིན་གཤེགས ་པ་རིན་ཆེན་གཙུག་ཏོར་ཅན་ནི་མྱ་ངན་མེད་པའི་ཤིང་གི་དྲུང་དུའོ། ། དེ་བཞིན་གཤེགས་པ་མ་མེ་ཙ་ན་ནི་ནུ་ཏི་ཤིང་གི་དྲུང་དུའོ།། དེ་བཞིན་གཤེགས་པ་ལོག་པར་དད་སེལ་ནི་བྷ་ཏ་པའི་ཤིང་གི་དྲུང་དུའོ།། དེ་བཞིན ་གཤེགས་པ་གསེར་ཐུབ་ནི་ཀ་ར་ཙ་པའི་ཤིང་གི་དྲུང་དུའོ། ། དེ་བཞིན་གཤེགས་པ་འོད་སྲུང་ནི་པ་ར་ཀ་ཏི་བའི་ཤིང་གི་དྲུང་དུའོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་བ་ར་ཏི་བའི་ཤིང་གི་དྲུང་དུའོ།། དེ་བཞིན་གཤེགས་པ་བྱམས་པ ་ནི་ནཱ་ག་ཀེ་ས་རའི་ཤིང་གི་དྲུང་དུའོ། ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་དུས་གསུམ་དུ་འབྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཕྱོགས་བརྒྱད་ཀྱི་ཞིང་ཁམས་ན་བཞུགས་ཤིང་ཡོངས་སུ་སྐྱོང་བར་མཛད་དེ ་གང་དུ་རྡོ་རྗེ་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཡོངས་སུ་གཟིགས་ཤིང་བྱིན་གྱིས་རློབ་པར་སྟོན་པ་ཡིན་ནོ། ། ཞེས་གསུངས་སོ།། དེ་ནས་ཡང་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། འདིར་དེ་བཞིན་གཤེགས་པ་ཀུན་དུ་འབྱུང་བའི་གནས་རྡོ་རྗེའི་ཏིང ་ངེ་འཛིན་ཁོང་དུ་ཆུད་པར་གྱིས་ཤིག། དེ་ཡང་གང་ཞེ་ན། གང་དུ་དེ་བཞིན་གཤེགས་པ་རྣམས་ཏིང་ངེ་འཛིན་གང་དུ་བྱོན་པ་འམ་འཇུག་པར་མཛད་པ་དང་གང་ནས་གཤེགས་པ་དང་། གང་དུ་གནས་པའི་དོན་གྱིས་རྣམ ་པར་འཕྲུལ་པའི་མཛད་པ་ཤེས་པར་གྱིས་ཤིག། གང་དུ་འདི་ནི་མངོན་བསྟན་པས།། སངས་རྒྱས་འཇིག་རྟེན་འབྱུང་བ་དག། མངོན་པར་བྱང་ཆུབ་གནས་ཉིད་ལས།། འབྱུང་དང་འཇུག་པར་གནས་པ་དང་།། འཕྲིན ་ལས་མཛད་པ་དུ་མང་སྟོང་། ། དགའ་ལྡན་གནས་ནས་འཕོ་ཚུལ་དང་།། ལྷུམས་སུ་འཇུག་དང་སྐུ་བལྟམ་དང་།། གཞོན་ནུ་རོལ་དང་ཁབ་གནས་དང་། སྐྱེད་མོས་ཚལ་བྱོན་ནས་གཟིགས་ཏེ། མངོན་པར་འབྱུང་དང ་གཤེགས་མཛད་ཅིང་། ། དཀའ་སྤྱད་མཛད་དང་བཞེངས་པ་དང་།། བྱང་ཆུབ་སྙིང་པོར་གཤེགས་པ་དང་།། བདུད་བཅོམ་མངོན་པར་བྱང་ཆུབ་པ།། ཆོས་ཀྱི་འཁོར་ལོ་སྐོར་མཛད་དེ།། འདི་ནི་དུས་རྣམས་ཀུན་ཏུ་ཡང་།། ཐོག་མང། ་ཐུན་མོང་ལམ་བསྟན་ཅིང་།། རབ་ཏུ་དགེ་བ་མཚན་མ་མེད།། ཐ་མར་ཐེ་ཙོམ་སེལ་བ་ཡི།། བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་དང་།། རྣམ་པར་ངེས་པ་ཕྲ་བར་བསྟན།། སངས་རྒྱས་མ་ལུས་འདི་དག་ཉིད།། ཞི་བར་འཇུག ་པ་སྟོན་པ་དག། བླ་ན་མེད་པའི་སྤྱོད་ཡུལ་ལོ།། སྐུ་གསུང་ཐུགས་ཉིད་རྡོ་རྗེ་ཡིས།། སེམས་ཀྱི་རོལ་མོ་ལས་བྱུང་བ།། སྒྱུ་འཕྲུལ་ཆེན་པོ་སྟོན་པ་ཡིས།། མཛད་པ་ཕྱི་ནང་གསང་བ་སྟེ།། དགའ་ལྡན་པོ་བྲང་དང་ལུས་ཀྱི།། ་བདེ་ཆེན་སྤྱི་བོར་གནས་པ་ཉིད།། དམ་པ་འབིགས་བྱེད་གཞོན་ནུའི་གནས།། རྡོ་རྗེ་སྔགས་ཀྱི་དེ་ཉིད་ལས།། ཏིང་འཛིན་མཉམ་པར་གྱུར་པ་ནི།། ཇི་ལྟར་སྐར་མདའ་འཕོ་བ་ལྟར།། བྱང་ཆུབ་སེམས་ཀྱི་གླང་པོ་ནི།། མཆེ་བ་དྲུག ་ལྡན་དུ་གྱུར་པ། ། སྙིང་རྗེས་ཆགས་པའི་སེམས་ཀྱིས་ནི།། རྩ་ཡི་ཕོ་བྲང་ཁ་སྦྱར་དེ།། བྱང་ཆུབ་སེམས་ནི་ཞུགས་པར་གྱུར།། དར་གནས་ལྷུམས་སུ་འཇུག་པ་ཉིད།། རྡོ་རྗེ་འཛིན་པ་བདག་ཉིད་འཇུག། ཐབས་དང་ཤེས། ་རབ་ནུས་ཐོབ་པས།། གཡས་རྩ་ནས་ནི་འབྱུང་གྱུར་པ།། བལྟམ་པའི་མཛད་པ་ཞེས་བརྗོད་དོ།། བདེ་བའི་ནུས་པ་འཕེལ་བ་ལས།། རྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཀྱི།། པད་མ་ཡི་གེས་བགྲོད་པ་དག། གོམ་པ་བོར་བའི ་དུས་ཡིན་ནོ། ། རླུང་སེམས་འགྲོ་ལྡོག་གང་གྱུར་པ།། འཁོར་དང་མྱ་འདས་བསྐྱེད་པ་ནི།། བྲམ་ཟེ་མཚན་མཁན་དྲང་སྲོང་གིས།། ལུང་བསྟན་བརྗོད་པ་དེ་ཡིན་ནོ།། དེ་ལྟར་མཉམ་པར་གཞག་པ་ལས།། རྗེས་ཐོབ ་ཡུལ་ལ་སྤྱོད་གྱུར་པ། ། སྤྲོས་བཅས་སྤྲོས་མེད་རྣམ་དབྱེ་བས།། འདོད་པའི་ཡོན་ཏན་རྣམ་ལྔ་ལ།། གཞོནུ་རོལ་པའི་སྤྱོད་པ་ཡིས།། ལུས་ཀྱི་གནས་སོགས་ཀུན་ཏུ་རོལ།། དབྱངས་དང་གསལ་བྱེད་གྱུར་པ་ཡི།། རྩ་ཡི་འཁོར ་ལོའི་ཡི་གེ་རྣམས། ། ཕོ་མོ་མ་ནིང་དབྱེ་བ་ཡིས།། ཡི་གེའི་གནས་ལ་མཁས་པ་ཡིན།། རྩ་དང་རླུང་དང་ཐིག་ལེ་དག། འཕོ་ཚུལ་གྲངས་དང་དབྱེ་བསྡུ་ཡིས།། རྒྱུ་ཚུལ་སྤྲོ་སྡུ་གང་གྱུར་པ།། རྩིས་ཀྱི། ་གནས་ལ་མཁས་པའོ།། ཆུ་མ་དྲུང་ནུས་པ་ཡི།། གླང་པོ་བརྒྱལ་དང་འགེགས་པ་དང་། ལྤགས་པ་རིམ་པ་བདུན་གྱུར་ལ།། ཤིང་སོགས་རིམ་པར་གནས་གྱུར་པ།། རླུང་གི་གཞལ་མེ་མདའ་ཡིས།། འཕང་བ་ཆུ་ན ་འབབ་པ་ཡིན། ། དང་པོར་ཤེས་རབ་ལ་ས་ཐོབ་པ།། བྱང་སེམས་དམར་པོ་གསང་གནས་སུ་བང་བྱས་བཙུན་མོ་ཁབ་གནས་ཤིང་།། འཐུང་བཞིའི་རླུང་རྣམས་བཙུན་མོའོ།། སྨིན་མཚམས་ཀྱིནི་མདུད་པ་དེར།། ཐིག་ལེ་བྲབ་ས ་པ་ནི། ། སྟེང་དུ་ཉི་ཟླ་གཟས་ཟིན་པ།། སྒྲ་གཅན་འཛིན་དུ་བརྗོད་པ་ཡིན།། ལྟེ་བསྐུལ་པའི་འཁོར་ལོ་ཡི།། ཕྱོགས་བཞིར་སྐྱེད་ཚལ་གཟིགས་པ་ནི།། ཟག་བཅས་རྩ་རླུང་ཐིག་ལེ་ཡིས།། སྲིད་པ་བསྐྱེད་པ་གང་ཡིན་པར། ་ཟག་མེད་བདེ་བ་ཐོབ་འདོད་པས།། དེ་ཡི་ཚུལ་ལ་འཇུག་པ་ནི།། རླུང་གི་རྟ་དང་བཅས་པ་ཡིས།། དབུ་མའི་མཐོངས་ལས་བྱུང་ནས་ནི།། བྱང་ཆུབ་སེམས་ཀྱི་མཆོད་རྟེན་དག། འཁོར་བའི་དྲ་བ་བཅད་ནས་ནི།། ཆུ་བོ་འདུས་པའི ་འགྲོ་བ་ཉིད་དུ། ། ཡེ་ཤེས་མངོན་དུ་བྱེད་འདོད་པས།། བཅན་ཐབས་སུ་ནི་འགོག་པ་དང་།། ལུས་ངག་བཅུད་ལ་བོར་བ་ཡིས།། ཟུག་དང་དཀའ་ཐུབ་སྤྱད་པ་ནི།། མཉམ་རྗེས་གཉིས་སུ་མེད་པ་ཡིས།། རྩེ་གཅིག་ཏིང་ཛི ་གནས་པའོ། ། ཨཿཐུང་གསོས་ཤིང་རྐུན་ཕབ་པས།། འོ་མའི་བདུད་རྩི་གསོལ་བ་ཡིན།། གང་བ་བྱང་ཆུབ་ཤིང་དྲུང་དུ།། རྡོ་རྗེ་དཀྱིལ་དཀྲུང་གྱུར་པ་ཡིས།། རྟགས་དང་ཡོན་ཏན་འཐོབ་བྱེད་ཅིང་།། སྣང་བ་གསུམ་ནི་ཐིམ་པའི་ནི། ་ཟླ་བ་ཉིམ་མུད་པ་ཡི།། རྟོག་པའི་དྲ་བ་གང་ཡིན་པ།། བདད་བཏུལ་བ་ནི་སྲོད་ཀྱི་ངས།། རྣམ་རྟོག་ཡེ་ཤེས་ཐིམ་གྱུར་པ།། ཉེ་བར་ཐོབ་པའི་སྐད་ཅིག་ལ།། སྐད་ཅིག་ཁྱབ་པར་ལྔ་པ་ལ།། ཐོ་མས་སྐྱ་རེང་ཤར་བའི་དུས།། ནམ ་མཁའ་སྨིན་མེད་ལྟ་བུ་མི། ། ཉམས་ཀྱི་ཤེས་པ་འོད་གསལབ།། ཁྱབ་པར་མངོན་པར་བྱང་ཆུབ་པའི།། ཡང་དག་སངས་རྒྱས་ཐོབ་པ་ཡིན།། མམངས་བཞིར་ནི་བདུད་བཅོམ་པས།། བཅོམ་ལྡན་འདས་ཞེས་གད་པ་སན།། ་མགྲིན་པར་ཟག་བཅས་རླུང་འགགས་པས།། ཀླུ་མི་གནས་སུ་ཞུགས་པ་སྟེ།། ཚངས་པ་སྤྱི་བོ་ནས་འཕོ་ཞིང་།། ས་རླུང་ཐིག་ལེ་དང་བཅས་པས།། གསེར་གྱི་འཁོར་ལོ་ལྡན་པ་ཡིན།། ཐམས་ཅད་དབང་དུ་གྱུར་པ་ནི།། ཁམས ་གསུམ་པ་ནི་མ་ལུས་དང་། ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས།། ཚངས་པ་ལྔ་དང་བཅས་པ་དང་།། ལྷ་སྲིན་སྡེ་བརྒྱད་མ་ལུས་པས།། ཆོས་ཀྱི་འཁོར་ལོ་བསྐུལ་བ་ཡིན།། སྒྲོལ་རྒྱུའི་ཚལ་ནི་མཛོད་སྤུ་སྟེ།། ཚེ ་དཔོན་གཉིས་ནི་རྩ་གཉིས་ཏེ། ། ལམ་གྱུར་སྟོབས་དང་ལྡན་པའོ།། ལྔ་སྡེ་བཟང་པོ་ཞེས་བྱ་བ།། དུག་ལྔ་བསྐྱེད་པའི་རྩ་དང་རླུང་།། བདེན་བཞི་ཆོས་ཀྱི་འཁོར་ལོ་ནི།། སྤྲུལ་པའི་གནས་སུ་གསུངས་པ་སྟེ།། བཱ་ར་ན་སི ་ཞེས་བྱ་ཡི། ། ཐོག་མར་ཆགས་པའི་གནས་ཡིན་ནོ།། ཆོ་འཕྲུལ་བསྟན་པ་ཞེས་བྱ་བ།། མུ་སྟེགས་གདུལ་བའི་དོན་དུ་སྟེ།། དཔའ་སྐོང་ཀུན་བརྗོད་རྫུ་འཕྲུལ་དང་།། བྱིན་གྱིས་རློབ་པའི་ཆོ་འཕྲུལ་གྱིས།། ལོག་པར་ལྟ་བ ་འཇོམས་པར་མཛད། ། མཚན་མ་མེད་པའི་ཆོས་གསུངས་པ།། སྙིང་ཁའི་གནས་སུ་བསྟན་པ་སྟེ།། རྒྱལ་པོའི་ཁབ་དང་བྱ་རྒོད་སྤུངས།། གནས་ཀྱི་ཁྱད་པར་ཐེག་པ་ཆེ།། ཁྱད་པར་འཁོར་རྣམས་བསྟན་པ་ལ། ་ཟབ་ཅིང་རྒྱ་ཆེ་བསྟན་པ་ཡིན།། སྤྱི་བོ་མགྲིན་པ་སྨིན་མཚམས་དང་།། གསང་བ་ལ་སོགས་ཐམས་ཅད་ཏུ།། དོན་དམ་ངོ་བོ་ཉིད་ཀྱི་ཆོས།། ཐམས་ཅད་དེ་བཞིན་ཉིད་དོན་གསུངས།། གནས་གཞན་རྣམས་སུ་ཐུབ་པ་ཡིས།། ་ཆོས་རྣམས་ཐམས་ཅད་གསུངས་པ་ཡིན།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། མཛད་པ་སྣ་ཚོགས་གང་བསྟན་ནས།། སྲོག་རྩོལ་དེ་བཞིན་ཉིད་ཐིམ་ཞིང་།། ཐམས་ཅད་མངོན་དུ་གྱུར་པ་ཡི།། སྐུ་བའི་ངོ་བོ་ཉིད་སྐུར་ཐིས ་བདེ་ཆེན་རང་བྱུང་དྲི་མེད་པའི། ། ག་པའི་ཞིང་ཁམས་རབ་མི་གནས།། རྟོག་མེད་ཡེ་ཤེས་ནམ་མཁའ་བཞིན།། གང་དུ་མི་མཇེད་འཇིག་རྟེན་གྱི།། འདོད་ཁམས་དབང་ཕྱུག་གནས་འདིར་ནི།། དེ་བཞིན་གཤེགས་པ་སྔོན ་བྱུང་བ། ། དཔག་མེད་བསྐལ་པ་འདས་པའི་དུས།། ཐུབ་པ་ཆེན་པོ་མར་མེ་མཛད།། ང་ནི་བྲམ་ཟེར་གྱུར་པ་ཡིས།། སེམས་བསྐྱེད་ཞུས་ཚེ་བསྟན་པ་ན།། མན་པར་གྲང་བསྟན་ཐོབ་པར་གྱུར།། དེ་ཉིད་འཇིག་རྟེན་བཞུགས་པའི་ཆའང་།། ་གསང་བའི་གནས་འདི་མ་གསུངས་ཤིང་།། དེ་ཡི་གོང་རོལ་སྔར་འདས་ཚེ།། སངས་རྒྱས་ཐུབ་ཆེན་མཆོག་ཉིད་དང་།། རིན་ཆེན་གཙུག་ཏོར་ཅན་དང་ནི། རྣམ་པར་གཟིགས་ལ་སོགས་པས་ཀྱང་།། གསང་ཆེན་འདི་ནི་མ་གསུངས་ཤིང་།། ་ལོག་པར་དང་སེལ་གསེར་ཐུབ་དང་།། རྒྱལ་བ་འོད་སྲུང་དག་གིས་ཀྱང་།། གསང་བ་འདི་དག་མ་གསུངས་ཏེ།། དེ་ཉིད་སྟོན་པའི་དོན་དུ་ནི།། གསང་ཆེན་གནས་ཀྱི་དོན་འདི་དག། དེ་དུས་སེམས་ཅན་ཐམས་ཅད་དང་།། གང་དུ་མངོན ་པར་སྤྱོད་པ་དང་། ། ཐུན་མོང་བསླབ་པའི་ཚུལ་བསྟན་ཅིང་།། འདི་ཉིད་གསུངས་པར་མ་གྱུར་ཏོ།། གང་དུ་མ་འོངས་དུས་ན་ཡང་།། བྱམས་པ་ལ་སོགས་རྒྱལ་བ་ཡི།། བསྐལ་བཟངས་སངས་རྒྱས་དུ་མས་ཀྱང་།། འདི་དག་ལྷ་མིའི་མངོན་སུམ ་རུ། ། གསང་བསྟོན་པར་མི་འགྱུར་རོ།། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི།། འགྲོ་དྲུག་སེམས་ཅན་སྣ་ཚོགས་ལ།། སྙིགས་མར་གྱུར་པའི་དུས་ཀྱི་ཚེ།། དབང་པོ་རྣོ་ནང་དོན་སྤྱོད་པས།། དུས་ལ་བབ་པར་ཤེས་པར་བྱ།། འདི་ཉིད་ཉེ་བར། ་འབྱུང་བ་ཡང་།། གླིང་འདི་ཉིད་ལས་གཞན་དུ་མིད།། གང་ཡང་འོག་མིན་ཞིང་ཁམས་ནི།། ཡེ་ཤེས་སྣང་བ་རྒྱས་པའི་ཕྱིར།། རྡོ་རྗེ་འཆང་ཆེན་བཅོམ་ལྡན་གྱིས།། རྒྱུན་མི་འཆད་ཅིང་ཁྱབ་པ་དང་།། རྟག་ཅིང་འགྱུར་མེད་མཆོག་གིས། ་རི།། གསང་ཆེན་འདི་ནི་ཀུན་དུ་སྟོན།། གང་ཡང་འདས་དང་མ་བྱོན་དང་།། ད་ལྟར་འབྱུང་བ་མ་ལུས་པ།། གསང་ཆེན་མཆོག་འདིས་མ་བགྲོད་པར།། བྱང་ཆུབ་ཐོབ་པར་མི་འགྱུར་ཏེ།། འདི་ནི་མཐར་ཐུག་གནས་ཡིན་པས།། དེ་ལས ་གཞན་པའི་སྤྱོད་ཡུལ་མིན། ། འདི་ཉིད་གནས་པའི་ཏིང་འཛིན་ལས།། སྐད་ཅིག་གིས་ནི་སངས་རྒྱས་འཐོབ།། དེ་ཉིད་དཀྱིལ་འཁོར་འཁོར་ལོའི་རིམ།། ཕྱོགས་མཚམས་བརྒྱད་ཏུ་སྣང་བ་ཡི།། དུང་ཁྲོད་གནས་བརྒྱད་རྩཝ ་པ་ལ། ། བྱི་ནང་གནས་ཀྱི་དབྱེ་བ་ཡིས།། ཕྱོགས་སྐྱོང་བ་དང་ནིང་སྐྱོང་ལ།། མཛད་པ་རྟགས་ཀྱི་ཕྱག་རྒྱ་དང་།། གྲུབ་པ་རྟགས་ཀྱི་ཕྱག་ཏུ་སྟེ།། སྙིང་པོ་ཡེ་ཤེས་ཕྱག་རྒྱ་དང་།། ཕྲིན་ལས་རོལ་པའི་ཕྱག་རྒྱའོ།། ཇིག་རྟེན་པ་རྣམས་གདུམ ་བའི་ཕྱིར། ། དང་ལ་རྡོ་རྗེ་འཛིན་པ་ཆེན་པོས་ཡེ་ཤེས་ཀུན་དུ་རྒྱས་པས།། བྲག་རྒྱས་རྟགས་མཚོན་པ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མཛད་པ་བྱབ་རྒྱ་ས་གང་བ་ཕྱིར།། ན་བའི་དོན་དུ་ཕྱོགས་སྟོང་གྱུར།། དེ་མི་རྟགས ་འཁོར་དང་བཅས། ། ཡུམ་དང་རིན་ཆེན་རྒྱན་གྱིས་སྨྲས།། གྲུབ་པའི་རྟགས་ཀྱིས་རྒྱས་གདབ་ཕྱིར།། ནིང་སྐྱོང་བརྒྱད་ཏུ་ཁྲོ་བོའི་ཚུལ།། ལྗོན་པའི་ཤིང་ལ་བརྟེན་ནས་གནས།། ཞི་བའི་ཚུལ་གྱིས་རྒྱས་གང་བ་ཕྱིར།། དེ་ཡི་ཉན་པའི ་གདོད་རྟེན་རླུང་། ། ཕྲིན་ལས་བྱུག་ཏས་རྒྱས་གདབ་ཕྱིར། ཚར་བཅད་རྫས་འཛིན་ལས་རྣམས་མཛད།། རྡོ་རྗེ་དཐུག་ཏོ་ཞགས་པ་དང་།། བཙོན་བཟང་ཕྲང་རལ་གྲི་དང་།། བདན་ཏྲི་ཤུལ་འཛིན ་པར་མཛད། ། སྙིང་པོ་ཡེ་ཤེས་ཕྱག་རྒྱ་ཡིས།། རྒྱས་གདབ་ཕྱིར་ནི་གཞལ་ཡས་ཀྱི།། ཕྱོགས་མཚམས་བརྒྱད་ཏུ་བཀོད་པ་ཡིན།། རོལ་པའི་ཕྱག་རྒྱ་སྤྱོད་པའི་ཕྱིར།། དུར་ཁྲོད་བརྒྱད་ཏུ་གནས་པ་སྟེ།། ལྷ་དབང་བཅས་དང་མམོ ་དང་། ཀླུ་དང་གནོད་སྦྱིད་ཚོགས་རྣམས་དང་།། འབྱུང་པོ་ཚོགས་དང་དྲང་སྲོང་དང་།། ཤ་ཟ་རྣམས་དང་རིག་འཛིན་ཚོགས།། སྡེ་ཚན་བརྒྱད་ཀྱིས་བསྐོར་བ་ཡིན།། ཞིང་སྐྱོང་དྲག་པོའི་ལས་བྱེད་ཕྱིར།། ཕྱག་ན་གྲི་གུགཟོད་པ་བསྣམ ་ཤིན་ཏུ་འཇིགས་པ་གཏུམ་པའི་གཟུགས། ། ཤིང་བརྒྱད་ནང་ནས་ལུས་ཕྱེད་ཐོད།། ལུས་ཀྱི་ཕྱག་རྒྱ་སྦས་པ་ཡིན།། དེ་ཡང་སོ་སོའི་ཡུམ་དག་ནི།། ཤིང་གི་རྩ་བར་གནས་པ་སྟེ།། ཞལ་ཟས་སྟོབ་པའི་ཚུལ་དུ་གནས།། གླང་པོ ་མཧ་དུ་སྲིན་དང་། ། ཏ་མཆོག་ཕྱོགས་ཅག་གནས་པ་ཡིན།། ར་དང་རལངས་རི་དགས་དང་།། ཁྱུམཆོག་བནི་ནི་མཚམས་སུ་གནས།། སྲང་ཕྱོགས་ཚངས་པ་དང་བཞིན།། འོག་ཕྱོགསས་བདག་དུ་བྲལ་ནན།། ་ལྷ་དང་ལྷ་མོར་མཚུངས་པ་སྟེ།། འདི་དག་རང་བཞིན་གྱིས་གནས་ཡིན།། ཆགས་པ་དང་ཁྲོ་བོའི་སུས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་འཕྲུལ་པ་བསྟན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་རྒྱལ་པོ ་རྡོ་རྗེ་འཛིན། ། དེ་ཉིད་ཀུན་དུ་སྤྲུལ་མཛད་པས།། རྡོ་རྗེ་སེམས་པའི་གཟུགས་སྦས་ནས།། ཞི་བའི་སྐུས་ནི་མི་འདུལ་བའི།། སེམས་ཅན་གདུག་པ་འདུལ་བའི་ཕྱིར།། རང་རིག་ཡེ་ཤེས་བྱང་ཆུབ་སེམས།། དྲག་པོ་ཁྲོ་བོའི་སྐུར་བསྟན ་པས། ། ཁྲོ་བོ་ཞེས་ནི་རྣམ་པར་བརྗོད།། གང་དུ་རྗེས་སུ་འཛིན་པ་ནི།། རྣམ་པར་བསྐུར་ཏེ་ཞི་བས་ན།། སླར་ཡང་ཞི་བ་དེ་བཞིན་གཤེགས།། ཆོས་ཉིད་མཉམ་པར་འབྱུང་བའོ།། འདི་དག་གསང་བ་རྡོ་རྗེ་འཛིན།། སེམས་ཅན་དོན་དུ ་ཐབས་སྟོན་མཛད། ། ཤཱཀྱ་ཐུབ་པ་བཅོམ་ལྡན་འདས།། བདག་ཉིད་ཆེན་པོའི་བྱིན་རླབས་ལས།། དབ་ཆེ་དང་གརྒ་རེ་དང་།། ཆོས་ཀྱི་དུང་ལས་གྲགས་པ་དང་།། སྣ་ཚོགས་རོལ་མོའི་སྒྲ་ལས་ནི།། གང་ཞིགང་དམ་ཆོས་སྒྲ་བྱུང་བ།། ་འཕགས་པ་ཉན་ཐོས་རྣམས་དང་ནི།། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀྱང་།། ཆོས་ཀྱི་འགྲོ་བ་གང་ཡིན་དང་།། དུས་དེར་བརྒྱུད་པའི་ཆོས་བསྟན་པ།། དེ་སྙེད་བདེ་གཤེགས་རྒྱལ་བ་ཡི།། དངོས་ཀྱི་བྱིན་རླབ་རིག་པར ་བྱ། སྟོན་པའི་ཞལ་གྱི་དཀྱིལ་འཁོར་ནི།། མི་གནས་མ་འོངས་དུས་ཀྱི་ཚེ།། དོན་བྱེད་སྟོན་པ་འབྱུང་བ་ནི།། བླ་མེད་བཀའ་ཡི་དགོངས་པ་དག། ཡང་གེངས་པར་བཀྲོལ་ནས་ཀྱང་།། གང་དུ་དམ་པའི་ཆོས་སྒྲ་ཡིས།། འགྲོ་བ་སྨིན ་པར་བྱེད་པ་ནི། ། དེ་དུས་ང་ཉིད་དེར་བསྟན་པས།། བསྟན་ཆོས་ཤིན་ཏུ་རྒྱས་པར་འགྱུར།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་དབཞིན་གཤེགས་པའི་གནས་གསང་བ་ཅན་པོ་ཟད་མོང་མ་ཡིན་པ་ཞེས་བྱུ་བ་འ་འགྲེ་བ་ནི་བཅུབན་པའོ། ། གསང་བཐུན་མོང་མ་ཡིད་པ་ནལ་མ ་ཆེན་པོའི་རྒྱུད་ཀྱི་རྟག་པ་བཞི་པ་ལས་རྡོ་རྗེ་དཔལ་མཆོག་ཆེན་པོ་གསང་བའི་དོན་གྱི་རྒྱལ་པོའོ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་སྐྱེ་བོ་འོད་ཆེན་པོ།། འདོད་དང་ཐར་པ་རྡོ་རྗེ་འཛིན།། ཡེ་ཤེས་གསང་བ་བཀའ་སྩལ་ཏོ།། དེ་ནས ་བ་ཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གིས་གསོལ་བ་བཏབ་པ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་ཡེ་ཤེས་ཀྱི་ནོར་བུ་ཆེན་པོ་དུ་མའི་ཚོགས་ཀྱིས་ཡང་དག་པར་མཆོད་པར་བྱས་སོ།། མཆོད ་པར་བྱས་ནས་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་མདུན་དུ་བདར་ཞིང་འདུག་སྟེ་གསང་ཆེན་གྱི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་ཏེ། ། ཡོངས་སུ་སྤྱོད་པར་གྱུར་ཏོ།། དེ་ལ་འདི་ནི་གསང་ཆེན་གྱི།། སྐུ་གསུམ་བླ་མེད་ཕྱག་རྒྱ ་ཆེ། ། དུས་གསུམ་རྒྱལ་བ་མ་ལུས་པའི།། ཆོས་རྣམས་འདུས་པའི་མཆོག་ཡིན་ཏེ།། འདི་ནི་ཁྱད་པར་དུས་འབྱུང་བའི།། དམ་ཚིག་མཆོག་ཏུ་བརྟག་པ་ཡིན།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔལ་ལྡན་སངས་རྒྱས་སྐུས་ཁྱབ་པ།། སྐུ་ཡི་རྫུ་འཕྲུལ་མཐའ། ་པ།། ཇི་སྙེད་སྐུ་ཡི་རྣམ་པ་མངའ།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་པོ་དོན་གྲུབ་སངས་རྒྱས་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་བཞིན་གཤེགས་པའི་གསུང་གི་གནས།། གསུང་ཅིག་གནས་ལས་གྱུར་མང་གྱི།། མོས་པ་དུམས་ས་སོར་ཐོས།། བྷ་ཆུ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་རྡོ་རྗེ་སངས་རྒྱས་ཀྱི་ཏིང་འཛིན་ལ་སྙོམས་པར། ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དེ་བཞིན་གཤེགས་པའི་ཐུགས་དག་ལ།། ཡེ་ཤེས་སྣ་ཚོགས་ཏིང་འཛིན་ལས།། མི་འགྱུར་ནམ་མཁའི་རང་བཞུགས་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་ལྷ་སངས་རྒྱས་ཐམས་ཀྱི་བསམ་གྱིས་མི་ཁྱབ་པའི་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསྐལ་པ་གང་གཱའི་བྱེ་སྙད་ཏུ།། སེམས་ཀྱི་རྒྱུན་ནི་མི་འགག་ཕྱིར།། ཏིང་འཛིན་བསམ་གྱིས་མི་ཁྱབ་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། བྱེ་བ་ཕྲག་ནི་བརྒྱ་ཡི་བར།། ཐུབ་པའི་ནིང་ཁམས་བདག་པོ་ནི།། ཀུན་དུ་བཟང་པོའི་སྤྱོད་ལས་བྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་བ ་སངས་རྒྱས་ཐམས་ཅད་ཀྱི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྒྱུ་དང་འབྲས་བུ་ཡི།། སྣ་བ ་མི་འགག་སྟོང་པ་ཉིད། ། དེ་ཉིད་རང་བཞིན་གྱིས་དག་བརྗོད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱ་ཆེན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐམས་ཅད་དུ་སོན ་པའི་ལམ་མཁྱེན་པའི་སྟོབས་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔེར་ན་ནམ་མཁའི་ཁམས་འདི་ནི།། ཐམས་ཅད་རྗེས་སུ་སོ་གྱུར་ཀྱང་།། སེམས་པ་མི་ལྡན ་དེ་བཞིན་ཏེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྔོན་གྱི་གནས་མ་ལུས་པར་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་སེམས་ཅན་ཁམས་མཐའ་ཡས།། དེའི་ཆོས་ཉིད་རྗེས་འགྲོ་བ།། རྟོག་པ་མི་མངའ་དེ་ཉིད་དེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེནས་དེ་བཞིན་གཤེགས་པ་བཟང་པོ་ཡོན་ཏན་སངས་རྒྱས་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངངོ་སོ།། ་འདི་ནི་རྒྱལ་བའི་སྐུ་ཉིད་ཀྱང་།། སྤྲོས་མེད་དེ་བཞིན་ཉིད་དག་པའི།། རྗེས་འགྲོ་རྟོག་པ་མེད་པ་ཉིད།། སྤྲོས་པ་མེད་པའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤུ་འདོད་དཔལ་སངས་རྒྱས ་ཐམས་ཅད་ཀྱི་ཟག་པ་ཟད་པ་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡོངས་སུ་དག་པའི་སྣང་བ་གང་།། མཉམ་པ་ཉིད་ཀྱི་ངང་ལས་ནི།། སྤང་ཐང་དགྲ ་བསྣན་མེད་པར་གྲོལ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲོན་མེའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་བཅུ་ཡོང་སུ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་སུ་ཡེ་ཤེས་རྒྱ་མཚོ་ལས།། ནུ་རླངས་ནམ་མཁར་དག་པ་གང་།། གཟུགས་སྐུའི་རྙེག་པ་མཁས་ལ་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཤེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བརྩེགས་སངས་རྒྱས་ཐམས་ཅད་ཀྱི་ཤའི་སྤྱན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐོགས་པ་མད ་པརྡོ་རྗེ་ཡི། ། ཕ་ལམ་ལྟར་ནི་ཕྲིན་ལས་དག། སྟོབས་བཟངས་ཀྱིས་ནི་ཡུལ་དུ་མྱུར།། སྣང་མེད་རྣལ་འབྱོར་བ་ཡི་གནས། ཞེས་གསུངས་སོ།། དེ་ནས་བཞིན་གཤེགས་པ་ལྷ་མཆོག་སངས་རྒྱས་ཐམས་ཅད་ཀྱི་ལྷའི་སྤྱན ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདོད་པ་དང་ནི་གཟུགས་དག་ནི།། ལཱ་ཡི་སྤྱོད་ཡུལ་གཙང་མའི་གནས།། འཇིག་རྟེན་ཁམས་ཀུན་སྣང་བར་བྱེད།། ་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སའི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྱན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས།། དབྱེར་མེད་བདེན་པ་གཉིས་དག་པ།། རྣམ་པར་འབྱེད་པའི་ངོ་བོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར ་གྲོལ་བསྙས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་པའི་སྤྱན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཤུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་རྟོག་པ་མེ་མངའ་གཆོས་ཀྱི་གཏར་དང་ལྡན་པ་ལས།། རྗེས་སུ་དྲན་པའི ་སྤུན་གྱིབན། ། དུས་གསུམ་ཤེས་བྱས་གཟིགས་མེད།། ཆོས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཙུག་གི་གསེར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱན་རྡོ་རྗེ་ཏིང་འཛིན་ལ་སྙོམ་པར་ཞུགས་ཏ་བྱང་ཆུབ་ཏུ ་སེམས་འདི་གསུངས་སོ། ། དུས་གསུམ་མཉམ་ཉིད་རྣམ་དག་པས།། དུས་ཀྱི་འདུ་ཤེས་འཇུག་མེད་པ།། སྐད་ཅིག་ཡེ་ཤེས་སྤྱོད་ཡུལ་ནི།། སྣང་བ་མེད་པའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་སྨ་ག་ན་སངས་རྒྱས་ཐམས་ཅད་ཀྱིས་སྤྱན་ལྔ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་གཟིགས་པའི་ཡུལ་མེད་པས།། བློ་སྣང་བཏགས ་པའི་ཚུལ་མ་གྲུབ། ། དེ་སྣང་གདུལ་བྱའི་དོན་སྤྱོད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་དཀའ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་ལམ་བསྟན་པ་རྡོཿཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་གཞལ་དུ་མེད་པ་ཉིད།། མི་གནས་རྣམ་པར་མི་གནས་པས།། ནམ་མཁའ་ལྟ་བུར་མི་རྟོག་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐུབ་གསལ་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་ངཔ་རྡོ་རྗེ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འདུ་ཤེས་དང་ནི་སེམས་དཔའ་དང་།། ལྟ་བ ་བྱན་ཅི་ལོག་སྤངས་ནས། ། ཡེ་ཤེས་མངོན་པར་བྱང་ཆུབ་པ།། གསང་བ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་ཟག་པ་མེད་པའི་དབྱིངས།། རང་བྱུང་བསམ་གྱིས་མི་ཁྱབ་པ།། ནམ་མཁའི་ཁམས་ལྟར་རྟེན་མེད་པས།། དམིགས་མེད་ཡེ་ཤེས་ཚུལ་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་གསང་བ་འཛིན་པ་ལ།། མཆོད་པ་གནས་ཀྱི་དོན་འདི་གསུངས། མེ་ཏོག་རིགས་ནི་ལྷ་མོའི་ཆེ།། དེ་ཉིད་ཡེ་ཤེས་དབྱིངས་བསྟན་པའོ།། མཁས་པས་ཨུཏ་པ་ལ་དག་ནི།། འཐུང་བ་ལྔའི་རྣམ་པ་སྟེ།། པར ་མ་རྣམ་པ་ལྔ་ཉིད་ནི། ། འདོད་ཡོད་ལྔ་ཡི་བྱེ་བྲག་སྟེ།། ཛཱ་ཏི་རྣམ་གསུམ་ཞེས་བྱ་བ།། སྐུ་གསུང་ཐུགས་ཀྱི་ལྷ་མོ་སྟེ།། ཀར་ནི་ཀར་ཆུ་ཡི་ལྷ།། མ་ལི་ཀ་ནི་མི་ལྷ།། ཡུ་ཏི་ཀ་ནི་ས་ཡི་ལྷ།། ཀ་ར་བིར་རླུང་གི་ལྷ།། ལྷ་མོ་འདོན། ་པའི་དབང་ཕྱུག་སྟེ།། གཟུགས་དང་སྒྲ་དང་དྲི་རྡོ་རྗེ།། རོ་དང་རེག་བྱ་རྡོ་རྗེ་མ།། སྤྱན་དང་མཱ་མ་ཀཱི་དང་བཞི།། གོས་དཀར་མོ་དང་སྒྲོལ་མ་སྟེ།། ལྷ་མོ་དགུ་ལི་རོལ་པ་གང་།། གསང་བ་ལྷ་མོ་ཡེ་ཤེས་མཆོད།། མེ་ཏོག་ཉི་ཤུ་རྩ་ལྔ་ཡི།། རྣམ་པ ་གསལ་བ་བསྟན་པའོ། ། སྣ་མའི་མེ་ཏོག་པདམ་དང་།། ཏ་མ་ལ་དང་ཙམ་པ་ཀ། ཀུ་མུ་ཏ་དང་ནག་གེ་སར།། ནབ་མ་ལི་དམན།། པུན་ཏ་རི་ཀ་དམན།། མ་དྷ་ར་བ་བྲི་ཡང་ཀུ།། ས་ཐ་ལི་ཀ་སུན་ཀ། བིལ་བའི་མེ་ཏོག་ཀ་ཐར།། ས་ལོ།། ་ལ་ཀུ་ཛ་ཏ།། ཨ་སད་ཀ་ཏ་ཤ་འབྲས་བུ།། ཁཛྲ་རིཀ་བཀྐུ་ལ།། རག་ཀུཏ་དང་ཨ་ཤོཀ། ཀར་ཀུ་ཊོར་པུན་དྷ་སྟེ།། མེ་ཏོག་ཇི་བཞིན་བདུག་སྤོས་དང་།། ཞལ་ཟས་བྱེ་བྲག་ཤེས་པར་བྱ།། དཔལ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གསང་བ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བའི་ལྷ་མོའི་མཆོད་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ། ། ། ་དེ་ནས་དེ་བཞིན་གཤེགས་པ་གསེར་གྱི་འོད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་འཇུག་པའི་སྒོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་སྐུ་ངོ་བོ་ཉིད་ཀྱིས་ནི།། སྤྲོས ་པ་མེད་ཅིང་མཚན་ཉིད་མེད། ། རྟོག་བྲལ་བྱང་ཆུབ་སེམས་ཀྱི་དང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་བྱིན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡི་གེ་རྣམ་པར་དག་པའི་རྡོ་རྗེའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཀུན་མཚན་ཉིད་རྣམ་བྲལ་བས།། དེ་ཕྱིར་ཉོན་མོངས་མེད་ཅེས་བཤད།། རྟོག་པ་སྣ་ཚོགས་དག་པས་ན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ལྷའི་ཡོན་ཏན་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱི་སྙིང་པོ་ཀུན་དུ་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་དབྱིངས ་མེད་སྟོང་ཉིད་པས། ། སངས་རྒྱས་སུ་ཡང་དེ་རྗེས་འགྲོ།། ཡེ་ཤེས་ལུས་སུ་ཡང་དག་བཞུགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་གདུགས་ཚད་མེད་པ་སངས་རྒྱས་ཐས ་ཅད་ཀྱི་ཆོས་རྡོ་རྗེར་རྟོགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བའི་གསུང་ནི་ཆོས་བྱིངས་ཀྱི།། ནམ་མཁའི་གན་དང་མཚུངས་པར་ཡང་།། རྡོ་རྗེའི་གསུང་དུ་སྟོན་པ་པོས། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་ལག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རོལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུས ་སོ། ། རང་བཞིན་གྱིས་ནི་དག་པའི་བདག། བདེ་གཤེགས་ཐུགས་ནི་རྗེས་འགྲོ་བྲལ།། རྡོ་རྗེ་ཐུགས་ཏེ་མི་ཟད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆགས་པ་མེད་པ་སངས ་རྒྱས་ཐམས་ཅད་ཀྱི་རྟ་བདུན་དཔལ་རྡོ་རྗེའི་ཟེར་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱི་དང་ནང་དུ་རྟོག་མེད་པའི།། དབུས་ན་ཡེ་ཤེས་མི་ཤིགས་པ།། གསང་བ་རོལ་པར་ཡང ་དག་འབྱུང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གྱ་ནོམ་པ་སངས་རྒྱས་ཐམས་ཅད་ཀྱི་ཟླ་བའི་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉེར་གློ་ཉེར་སྤྱོད་མི་གནས་པ།། ཁམས་གསུམ་བསྐྱེད་དང་སྡུད་བྲལ་བའི།། བྱང་ཆུབ་མཆོག་ཏུ་སྟོན་པ་པོ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་བློ་གྲོས་ཕྲ་བ་སངས་རྒྱས་ཐམས་ཅད་ཀྱི་རྟེན་པའི་གླིང་དེ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ། འཕྲུལ་བ་དག་ཅིང་དྲིམ་སྲས།། ཚོགས་སྤྱོད་པ་ལས་ཐོང ་ཞིང་ཕྱི་རོལ་རྣམ་རྟོག་སྤངས་པ་ཡི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲུག་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སོ་སོར་སྣང་བ་དུམ་དང་།། གོང་དུ་ཅིག་པའི་དངོས་གང་ཡིན།། དེ་ཉིད་ཡོངས་སུ་བསྡུས་པས་ན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྩ་སྲན ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་པད་མའི་རྩ་བའི་སྔལ་ས་ལྟ་བཱར་པྲ་བ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཚོགས་དྲུག་སྣང་བ་མ་འགགས་པ།། སེམས་དང་ཡིད་དང་རྣམ ་ཤེས་ལས། ། སྙིང་གི་ཆུ་སྐྱེས་ས་དབྱེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་རྟོག་སངས་རྒྱས་ཐམས་ཅད་ཀྱི་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེ་མས་འདི་གསུངས་སོ། ། རྒྱུན་མི་འཆད་པའི་སྦྱོར་བ་ཡིས།། ངས་ཞིང་ངལ་བའི་གནས་ལས་སྐྱེས།། ཞི་བ་གཡོམེད་ཉིད་དུ་འདུག། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཀྱི ་མཛོད་སངས་རྒྱས་ཐམས་ཅད་ཀྱི་སུའི་མིག་གི་མངོན་པ་ཤེས་པ་རྡོ་རྗེ་ཏི་ངེ་འཛིན་ལ་སྙོམས་པ་དཐུགས་ཀྱང་ཆུབ་ཀྱི་སེམས་འདི་ག་སུང་སོ། ། མི་བྱེད་བྱེང་པའི་དམ་པ་ཉིད། གཡེང་བབྲལ་པའི་གས་པ་གཏན་པ།། སོན ་གྲུབ་པ་མཐོང་བྱེད་པ། ། བྱང་ཆུབ་ཚུལ་འདི་བསྟན་པོའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ལྷའི་རྣ་བའི་མངོན་པར་ཤེས་པ་རྡོ་རྗེའི་ཏིང་འཛིན་པ་སྟོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་བརྩེ་བ་ཆེན་པོ་ཡིས།། གཅིག་དང་དུ་མར་མི་གནས་པར།། སྒྲ་བརྙན་ལྟ་བུར་སྟོན་པར་མཛད།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་འཇིགས་མཛད་སངས་རྒྱས་ཐམས་ཅད་ཀྱི་གཞན་གྱི་སེམས་ཤེས་པའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས། ་བསྐལ་པ་གང་གཱའི་བྱེ་མ་གནས།། དེ་ཡི་རྒྱུ་དངགནས་ཤེས་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆུ་བ་སྤོང་སངས་རྒྱས་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན ་པར་ཤེས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཡུལ་དང་ཡུལ་རྣམས་ཀྱི།། དབྱེ་བ་ཤེས་པས་ཡེ་ཤེས་མཐའ།། སྣ་ཚོགས་རིགས་ཀྱི་རྒྱུ་ངེས་པས། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོགས་མད་གྲགས་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་སྔོན་གྱི་གནས་ཤེས་པའི་མངོན་པར་ཤེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གནས་ཀྱི་བཏན་ཚིགས་རིགས་པ་དང་།། ཕྲ་བ་མ་ལུས་པ་ཡི་གཞི།། ཞག་གསུམ་ལོན་པ་བཞིན་ཤེས་ཕྱིར།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་བདེན་པའི་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ་སྲིད་པའི་རྒྱུན་ནི་རྣམ་བཅད་ཅིང་།། སྤོང་བ་དག་པའི་ཚུལ་གནས་པ།། སྤང་དུ་མེད་པའི་ངང་དུ་གྲོལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབྱངས་སྙན་པ་སངས་རྒྱས་ཐམས་ཅད ་ཀྱི་མངོན་པར་ཤེས་པ་དྲུག་དག་པའི་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུ་འཐུན་གོམས་པའི་དབང་གིས་ནི།། དེ་ཡི་འབྲས་བུ་འགྲུབ་པར ་བྱེད། ། དེ་ཡི་རྩ་བ་མ་སྐྱེས་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རི་དབང་མཚུངས་པ་སངས་རྒྱས་ཐམས་ཅད་ཀྱི་རྙོག་པ་སེལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟོག་པ་ཀུན་དང་ཁམས་དང་ནི།། སྐྱེ་བ་ལས་ནི་ཡོངས་གྲོལ་བས།། བྲལ་བའི་འབྲས་བུ་དག་པ་ཉིད། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ན ་དེ་བཞིན་གཤེགས་པ་ཆོས་བརྩེགས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་དག་པ་དང་རྟགས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དབང ་དུ་གྱུར་པའི་དངོས་པོ་ལས། ། ལྡོག་པ་མེད་པའི་འབྲས་བུ་གང་།། ཐོབ་པ་རྣམ་པར་དག་པའི་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པའི་ཚོགས།། ནམ་མཁའི ་ཁམས་ཀྱི་དབུས་གནས་པར། ། རྟེན་དང་རྟེན་པར་བཅས་པ་ཡི།། དཀྱིལ་འཁོར་པོ་བྲང་ལེགས་རྫོགས་པ།། གང་དུ་དབུས་སུ་ལེགས་གནས་པ།། སྙིང་པོར་གྱུར་པ་གཙོ་བོ་སྟེ།། གཞན་རྣམས་ལེན་ཅིང་འཛིན་པར ་བརྗོད། ། རྫས་ཏེ་སྐྱེས་དང་མངལ་ལས་སྐྱེས།། སྒོང་ང་ལས་བྱུང་དྲོད་གཤེར་སྐྱེ།། འདི་དག་དག་པའི་ལྷར་གྱུར་པས།། དཀྱིལ་འཁོར་གྲོང་ཁྱེར་དེ་དང་མཚུངས།། གནས་མེད་ཡེ་ཤེས་ཚུལ་བསྟན་པ།། རྡོ་རྗེ ་རྣམ་པ་བཞི་དག་དང་། ། ཆོ་ག་གསུམ་དང་མངོན་པར་ནི།། བྱང་ཆུབ་རྣམ་པ་ལྔར་གསུངས་པ།། གལ་ཏེ་སྐད་ཅིག་དྲན་རྫོགས་གྱུར།། ཐམས་ཅད་རིགས་ཀྱི་དབྱེ་བ་ཡིས།། རྒྱས་པའི་དཀྱིལ་འཁོར་ཆེན་པོར་བསྟན།། ་རིགས་ནི་དབྱེ་དང་བསྡུ་བ་ཡིས།། བྱེ་བྲག་མཁས་པས་ཤེས་པར་བྱ།། འབྱུང་བ་ལྔ་ཉིད་སངས་རྒྱས་ལྔར།། མི་ཡི་ལུས་ནི་བརྟག་བྱ་སྟེ།། དངོས་དེངས་པར་བསྒོམས་པ་ཡིས།། རང་སེམས་མཐུ་ཡིས་སངས་རྒྱས ་འགྱུར། ། ཕྱི་རོལ་འགྲོ་བ་མི་མཛེས་པ།། སློབ་པའི་འགྲོ་བའི་སླར་ལྡོག་ཡིན།། མི་སློབ་པ་ཡང་མ་ལུས་ཡིན།། བདེ་གཤེགས་གསུམ་དུ་རྣམ་པར་གཤེགས།། གཞན་དུ་རྣམ་པར་འཁྲུལ་འགྱུར་བས།། བླ་མའི་བཀའ་ལ ་ལེགས་པར་བླང་། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས་རྒྱས ་ཐམས་ཅད་ཀྱི་ཡེ་ཤེས་དྲི་མ་མེད་པ་གནས་པའི་ལེའུ་སྟེ་བཞི་བཅུ་དྲུག་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐར་པ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ཁྱུ་མཆོག་རྡོ་རྗེའི་ཏིང། ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ས་བོན་ལས་ནི་མྱུ་གུ་བཞིན།། སྐྱེད་པའི་ཚུལ་བྱུང་རྣམ་དག་པ།། ཡེ་ཤེས་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་ལེགས་མཛད་སངས་རྒྱས་ཐམས་ཅད་ཀྱི་དགའ་བ་དག་པ་ཚད་དེ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོབ་མེད ་ཐོབ་པ་སྟོང་ཉིད་སྐུ། ། བྱང་ཆུབ་རང་སེམས་གཅིག་ཏུ་བཤད།། དག་པས་རྟོག་པ་དག་པར་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྐུ་སངས་རྒྱས་ཐམས ་ཅད་ཀྱི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁྱབ་པའི་སྐུ་ཡི་འཕྲིན་ལས་དང་།། འཇམ་དབྱངས་གསུང་གི་དབྱངས་གང་དང་།། སྐྱེ་མེདར་ཅིག་ཡེ་ཤེས ་ཐུགས། ། དག་པ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡིད་ཏུ་འོང་བའི་གསུང་དབྱངས་ཐམས་ཅད་ཀྱི་གནས་རྡོ་རྗེ་རྒྱལ་པོ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་གསུམ་ཞིང་ཁམས་སྣོད་བཅུད་ཀུན།། མ་ལུས་སངས་རྒྱས་ཉིད་ཀྱི་དང་།། སྙིང་པོ་ཆོས་ཀྱི་དོན་བྱུང་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ ་དབྱངས་དཔལ་བྱང་ཆུབ་དོན་སྟོན་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བས་མཐའ་དབེན་པ་ནགས་ཚལ་དུ།། གཅིག་པུ་རི་དགས་ཀུན་གནས་པས།། བསམ་གཏན་ནམ ་ཐར་སྒོ་གསུམ་གྱི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆུ་ཟླ་སངས་རྒྱས་ཐམས་ཅད་ཀྱི་རྒྱུན་གྱི་གནས་པ་རྡོ་རྗེ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྐྱེ་བོ་ཀུན་གྱི་མཆོད་པའི་གནས། དྲང་སྲོང་དྲི་མེད་སྤྱན་མངའ་བ།། བག་ཡོད་པ་ནི་རྟེན་གནས་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོ་བྲ ་མཆོད་པ་སངས་རྒྱས་ཐམས་ཅད་ཀྱི་བསྟེན་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བཀུར་སྟི་རིམ་གྲོའི་གནས་གྱུར་པ།། དྲན་པ་མི་བརྗེད་གན་བསྟན་པ། ཐུབ་པ་བློ་གྲོས ་བཟང་པོ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ལོགས་སངས་རྒྱས་ཐམས་ཅད་ཀྱི་དྲི་མ་མེད་པའི་རྣམ་པར་གྲོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི ་སེམས་འདི་གསུངས་སོ། ། སངས་རྒྱས་ཆོས་ཉིད་དག་པ་ལས།། སྒྲིབས་པ་མེད་ཅིང་འབད་མེད་པ།། རོ་དོགས་རྣམ་པར་བྲལ་བ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་མཐུ ་རྩལ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་པོའི་གདོན་ཐམས་ཅད་དག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མཁའ་ལ་རྒྱུ་བའི་གདོན་གྱི་རིགས།། ་ཐམས་ཅད་ཚད་མེད་ཐུགས་རྗེའི་ཆུ་རྒྱུན་གྱིས།། ཚིམ་པར་བྱེད་པ་བྱང་ཆུབ་སེམས་དཔའ་ཆེ།། དེ་ཉིད་བླ་མེད་བྱང་ཆུབ་སེམས་སུ་བརྗོད།། ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་སངས ་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐུ་དང་གསུང་དང་ཐུགས་ཀྱིས་ནི།། བྱིན་རླབས་ཡེ་ཤེས་རྒྱ་མཚོ་ཡི།། མཚུངས ་མེད་བདེ་བར་སྦྱར་བ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་མདོག་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ ་སྙོབས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔལ་ལྡན་ཕྱོགས་བཅུའི་རྒྱལ་བ་ཡིས།། སྲས་པོ་གཅིག་པར་དབང་བསྐུར་བ།། ཚིམ་བྱེད་ཡེ་ཤེས་མཆོག་དབང་པོ།། བྱང་ཆུབ་ཚུལ་འདི་བསྟན་པའིའོ། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་བརྗོད་པའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་སྣ་ཚོགས་ཆོས་ཀྱི་སྒྲ་འབྱུང་བའི།། སིལ་སྙན་བྲག་ཆའི་སྒྲ་མཚུངས་པའི།། རྒྱུན་ཆད་མེད་པར་རབ་སྟོན་པ།། དེ་ཉིད་དོན་དམ་ཆོས་རྒྱུན་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྟོགས་མ། ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྐུ་ཡི་རོལ་པ་མི་ཟད་པ།། ཕྱོགས་བཅུ་ནམ་མཁའི་ཁམས་ཁྱབ་པར། ་རྡོ་རྗེ་རྗེ་འཕྲུལ་མཆོག་གིས་འགེས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུན་ལེགས་སངས་རྒྱས་ཐམས་ཅད་ཀྱིས་བདུད་དཔ་སྟོང་བའི་ཚེ་འཕྲུལ་བསྟན་བདུ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདུད་དང་ནག་པོའི་ཕྱོགས་གྱུར་ལ།། སྐྲག་པར་བྱེད་པས་ཚར་གཅོད་པའི།། ཆོ་འཕྲུལ་བཅུ་དྲུག་བསྟན་པ་གང་།། དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ།། ་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་ལ་གནས་པའི་བློ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སོ་སོ་ཡང་དག་པར་རིག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་གང་དུ་མདོ་ཡི་སྡེ་ལ་སོགས།། བཅུ་གཉིས་ཚུལ་དང་བདེན་པ་བཞི།། བསླབ་པ་གསུམ་གྱི་དབྱེ་བ་ཡིས།། ཆོས་ཀྱི་དེ་ཉིད་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣང་བའི་འོད་ཟེར་སངས་རྒྱས་ཐམས་ཅད ་ཀྱི་དོན་སོ་སོར་ཡང་དག་པར་རིག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡུལ་སྣང་སེམས་ཀྱི་ལྡོག་པ་དང་།། ཆོས་རྣམས་ངོ་བོ་ཉིད་ཤེས་ན།། དག་པའི་ས་ལ་གནས་པར་འགྱུར། ་དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡི་གེའི་གནས་དང་རྐྱེན་དག་དང་།། ཐུང་བའི་ཚུལ་དང་སྡེ་ཚན་གྱི།། རྣམ་དབྱེ་མཁས་པས་དཔྱད་པར་བྱ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་ཀུ་ཏུ་དགའ་བར་མཛད་པ་སངས་རྒྱས་ཐམས་ཅད་ཀྱི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱ་རྒྱ་གྱི་སེམས་འདི་གསུངས་སོ། ། ་ཀུན་དུ་ཐོགས་པ་མེད་པ་ཡི།། སེ་གེ་འིང་རོ་སྒྲོགས་བྱེད་ཅིང།། དཔལ་ཀྱི་གནས་ལས་ཀུན་དུ་རྒྱལ།། དེ་ཉིད་ཚུལ་འདི་བསྟན་པའོ་ནས་གསུངས་སོ།། དེ་ན་པ་དེ་བཞིན་གཤེགས་པ་དོན་ཡོད་པར་གཤེགས་སུས ་རྒྱས་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་ཤེ་བ་པ་རྣམ་པར་དག་པའི་ནས་རྡོ་པེ་ཛིན་པ་རྣམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་དག་མི་དམིགས་མཉམ་པ་ཉིད།། སྟོང་ཉིད་ཡེ་ཤེས་མཚུངས་པ་མེད།། ་རང་བཞིན་དག་པས་སྣང་བ་གང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བ་བཅོམ་པ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་རྡོ་རྗེ་དག་པའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཏེ། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ་དང་ནི་མཚན་མ་ཡི།། རྣམ་པར་རྟོག་པ་དག་པའི་ཕྱིར།། དངོས་པོར་མི་གནས་གཞན་སྣང་ལ།། བྱང་ཆུབ་ཚུལ་འདི་བསྟན་པའི་ཞེས་གསུངས་སོ།། དག་པ་འདི་ནི་གསུངས ་ཟམ་གྱིས། ། ཡེ་ཤེས་ཅན་རྣམས་ཀྱལ་བར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་པགསང་བ་ཛུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རླུང ་ལས་ལྷག་པའི་ཡེ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཆོག་སངས་རྒྱས་ཐམས་ཅད་ཀྱི་བར་དུ་གཅོད་པའི་ཕྱོགས་དག་པ་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདག་འཛིན་ཉོན་མོངས་མེད།། ངར་འཛིན་ཞི་བའི་ཆོས་ཅན་ལ།། བདུད་ཀྱིས་གླགས་རྙེད་མི་འགྱུར་བའི།། བྱང་ཆུབ་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་གཤེགས་སངས་རྒྱས་ཐམས་ཅད་ཀྱིས་ལྷའི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། གང་དུ་དམིགས་མེད་ཐུགས་རྗེ་ཡིས།། བྱམས་པའི་ཡེ་ཤེས་ལ་འཇུག་པ།། བླ་ན་མེད་པའི་དོན་བསྟན་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་རབ་ཏུ་སྦྱིན་པར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱིས་ཀླུའི་གདོན་ནམ་པ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དམིགས་པ་ཀུན་དང་བྲལ་བའི་སེམས།། ནམ ་མཁའི་དང་ལས་འཇའ་ཚོན་ལྟར། ། དེ་ཉིད་ཐོགས་མེད་ཡེ་ཤེས་ཀྱིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་གཙང་སངས་རྒྱས་ཐམས་ཅད་ཀྱི་དྲི་ཟའི་གདོན ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་རོལ་མོའི་ཆ་དང་ནི།། སིལ་སྙན་རྣམས་ལས་སྒྲ་བྱུང་བ།། སྟོན་པའི་ཆོས་ཀྱི་ཚིག་གྲག་པ།། དེ་ཉིད་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ལྷ་མ་ཡིན་གྱི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་རྣམ་པར་གཙང་བ་ཡི།། དྲི་མ་རྣམ་སྤངས་བདེ་བའི་ལམ།། ཡེ་ཤེས་ཕྱག་རྒྱས་བརྒྱན་པ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་ཤེས་རབ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའ་ལྡིང་གི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ནམ་མཁའི་གནས་ཀྱི་སྤྱོད་ཡུལ་བ།། འདིན ་རྣམ་དག་བྱང་ཆུབ་ལམ། ། རྣམ་གྲོལ་རང་རིག་བདེ་བ་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཉམ་པར་གཞག་པའི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས ་འམ་ཅིའི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཆེ།། གསང་བ་འཛིན་པ་མཚུངས་མེད་པ།། རྒྱལ ་རིགས་ཀྱི་བདག་པོའི་དཔལ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་མདངས་སངས་རྒྱས་ཐམས་ཅད་ཀྱི་ལྟོ་འཕྱེ་ཆེན་པོའི་གདོན་དག་པའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ས་ལ་གནས་པའི་འགྲོ་བ་ཀུན།། དག་པ་ཆོས་ཀྱི་དབྱིངས་གནས་པའི།། ཤིང་རྟ་ཆེན་པོའི་འཁོར་ལོ་བཞིན།། བཞི་དྲུག་ལྡན་པས་བགྲོ་བའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་རྒྱལ་རིགས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གནོད་སྦྱིན་གྱི་གདོན་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། མཚུངས་པ་མེད་པ་ཆོས་ཀྱི་དོན།། སྤྲོས་པ་མེད་པ་དེ་བཞིན་གཤེགས།། འབྲས་བུར་ལྡན་པའི་གནས་འདི་ལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག། ་བསྐལ་ལྡན་ཤིང་རྟ་ལྟོ་འཕྱེ་ཆེན་པོའི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གནས་པ་མེད་པ་དྲི་གསུམ་སྤངས།། ཐུབ ་པ་རྒྱལ་བ་སྤྱན་རྡོ་རྗེ། ། བློ་གྲོས་མི་ཟད་ཡེ་ཤེས་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་མཆོག་གི་ཀན་ཀ་སངས་རྒྱས་ཐམས་ཅད་ཀྱི་ཡི་དགས་ཀྱི་གདོན ་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་བ་མེད་ཅིང་འབྱུང་བའང་མེད།། གྲུབ་པ་མེད་པའི་ཆོས་ཉིད་ལས།། ཀུན་དུ་སྣང ་མི་མུ་ག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་གཙུག་སངས་རྒྱས་ཐམས་ཅད་ཀྱི་སྲུལ་པོའི་གདོན་དག་པ་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་འཇིགས་པའི་དངོས་པོ་ལས།། ཟག་མེད་དངོས་གྲུབ་འབྱུང་བ་ཡི།། དབེན་པ་རྣམ་པར་མི་རྟོག་པ།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་ཆོས་ལྡན་དཔལ་སངས་རྒྱས་ཐམས་ཅད་ཀྱིས་ལུས་སྲུལ་པོ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་རྒྱལ།། ཐུབ ་པ་བྱང་ཆུབ་ཤིང་དྲུང་དུ། ། བདུད་དཔུང་སྡེ་རྣམས་རབ་འཇོམས་པའི།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོས་གནས་སངས་རྒྱས་ཐམས་ཅད་ཀྱི་སྐམ་བྱེད་ཀྱི་གདོན་དག་པ་རྡོ་རྗེ་ས ་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྨྲ་བའི་སེང་གེ་བླ་ན་མེད། གླང་པོ་ཆེན་པོ་ཐོགས་པ་མེད།། ཕ་རོལ་འཇོམས་པ་ཀྱང་བཞིན་ཏེ།། དེ་ཡི་ནོར་བུའི་ཚུལ་བསྟན་པའོ།། ་ཞེས་གསུངས་སོ། དེ་ནས་དེ་བཞིན་གཤེགས་པ་དྲེགས་པ་སྤངས་སངས་རྒྱས་ཐམས་ཅད་ཀྱི་སྒོ་བྱེད་ཀྱི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་སྣ་ཚོགས་ཚེ་འཕྲུལ ་ཚོགས། ། སེམས་ཅན་མོས་པའི་སྡང་བ་ལ།། དུ་མ་ཉིད་དུ་བསྟན་གྱུར་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཛོད་སངས་རྒྱས་ཐམས་ཅད་ཀྱི་བརྗེད་བྱེད་ཀྱི་གདོན་དག ་པབ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཐུན་སྣང་གང་ཟག་མོས་ཡུལ་ཏེ།། དེ་བས་ཡང་དག་སངས་རྒྱས་ལ།། ཀུན་རྟོག་མི་མངའ་ལྷམ་མེ་བཞུགས་བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སངས་རྒྱས་ཀྱི་གྲིབ་གནོན་གྱི་གདོན་དག་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་པད་གསུངས།། ་ཡང་དག་རྫོགས་པའི་སངས་རྒྱས་ལ།། འབད་དང་རྩོལ་བའི་རྟོག་མི་མངའ།། མཐའ་ཡས་བྱང་ཆུབ་སེམས་ཀྱི་དང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཙན་དན་སངས་རྒྱས་ཐམས་ཅད ་ཀྱི་ཤ་ཟའི་གདོན་རྣམ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐ་དད་རྟོག་པ་ཡོངས་མི་མངའ།། རང་རིག་ཡེ་ཤེས་འགྲོ་འོང་མེད།། ཐམས་ཅད་གྲུབ་མཐའི་འདོད་པས་བཏགས།། ་དེ་ཉིད་ཡེ་ཤེས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད་བདུད་ཀྱི་དཔུང་ལས་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མ་ཆགས ་ཐོགས་མེད་རྡོ་རྗེ་ཡི། ། ཆར་སྤྲིན་མདོག་འདྲའི་རྟོག་སྤངས་ནས་ཚད་མེད་བྱམས་པ་ཆེན་པོ་ཡིས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་སངས་རྒྱས་ཐམས་ཅད ་ཀྱི་དམིགས་པ་མེད་པཱ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་བྱང་ཆུབ་ཐབས་ལྡན་པ།། གང་ཚེ་སྒྱུ་མ་ལྟ་བུའི་དངོས།། དེ་ཉིད་རང་བཞིན་སྟོང་ཉིད་གྲུབ།། མཐའ་མེད་ཡེ་ཤེས ་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གསང་བའི་སྤྱོད་པས་གནས་ཤིང་གསང་བ་བླ་མེད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་གནས་པས་ནི་ཉན་ཐོས་དང་།། རང་རྒྱལ་དང་།། བྱང་ཆུབ ་སེམས་དཔའ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་སྤྱོད་པར་བྱེད་དོ།། གསང་བ་འཛིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེས་སངས་རྒྱས ་ཀྱི་ཡོན་ཏན་དང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། རྣམ་པར་ཐར་པ་མ་ལུས་པ་ཡང་ཚེ་འདི་ཉིད་ལ་ཡོངས་སུ་རྫོགས་ཤིང་ཀུན་དུ་སྤྱད་པས་སྤྱོད་པར་བྱེད་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ཡེ ་ཤེས་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱིས་སྲུང་བར་བྱེད།། འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱིས་ཀྱང་སྲུང་ཞིང་སྐྱོབ་པ་དང་སྦ་བ་དང་ཡོངས་སུ་སྲུང་བར་བྱེད་དོ།། གསང ་བའི་རྒྱུད་འདི་གང་གིས་འཛིན་པ་དང་། ། འཆང་བ་དང་། ཀློག་པ་དང་། ཉན་པ་དང་ཕན་ཚུན་འདྲི་བར་བྱེད་པ་དང་། སེམས་པ་ན་ལྷ་དང་། ཀླུ་དང་། གཟའ་དང་། རྒྱུ་སྐར་ཐམས་ཅད་ཀྱི་གདོན་གྱིས་ཀྱང་བར་ཆད་མི་བྱེད་དེ།། སྲུང་ཞིང ་ཡོངས་སུ་མཆོད་པར་བྱེད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སྲུང་བ ་ཡོངས་སུ་དག་པ་དང་བར་ཆད་མེད་པའི་དོན་བསྟན་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་བཞིའོ ་རིས་ཀྱི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཕགས་པ་རྣམས་ཀྱི་ཡེ་ཤེས་གང་།། ཕྱིན་ཅི་ལོག་དང་རྣམ་བྲལ་བ།། དེ་ཉིད་སྐྱེ་འགག་བྲལ་བ་ལ།། ། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་ཀླུ་ཆེན་པོ་བརྒྱད་དག་པ་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་འདས་པའི་ཡེ་ཤེས་ནི།། གསང་བ་མཆོག་གི་དོན་གནས་པ།། དམིགས་པ་ལས་འདས་བྱང་ཆུབ་སེམས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ། ་དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དག་པ་ལྷ་ཆེན་པོ་བརྒྱད་དག་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གཟུང་འཛིན་བཏགས་པའི་དབང་གིས་ནི།། མཐར་གྱུར ་དེ་ཉིད་ལམ་གྱུར་པ། ། བཏགས་པའི་དྲི་མ་དག་པར་བྱ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱིས་གཟའ་ཆེན་པོ་བརྒྱད་ཀྱི་གདོན་རྣམ ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྐྱེན་ལས་བསྐྱེད་པ་ཡི།། རྣམ་པ་ཕན་ཚུན་ལྟོས་ལས་བྱུང་།། གཞན་དབང་དག་པའི་ཡེ་ཤེས་ནི།། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་སྐར་གྱི་གདོན་མ་ལུས་པ་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ། ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ཕྱིན་ཅི་མ་ལོག་པའི།། གནས་ཚུལ་ཡོངས་སུ་རྫོགས་གྲུབ་པ།། དེ་བཞིན་ཉིད་དང་ཡེ་ཤེས་དོན།། མི་འགྱུར་དེ་བཞིན་ཚུལ་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་པད་མའི་གེསར་སངས་རྒྱས་ཐམས་ཅད་ཀྱིས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིས་ཀྱི་གདོན་ཐམས་ཅད་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་རྣམས་དག་པའི་མཚན་ཉིད་ཅན།། རང་བཞིན་སྒྱུ་མར་སྣང་བ་གང་།། ངོ་བོ་ལྷུན་གྲུབ་དབྱེར་མེད་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིནི། ་གཤེགས་པ་གཟི་བརྗིད་དཔག་མེད་སངས་རྒྱས་ཐམས་ཅད་ཀྱི་ཕྱོགས་སྐྱོང་བ་བཅུའི་གནོད་པའི་གདོན་ཡོངས་སུ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། མ་ནོར་མངོན་པར་ཐུགས་ཆུང་པས་སྐྱོབ་པ་ཐུགས་རྗེའི་ངོ་བོ་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སངས ་རྒྱས་ཐམས་ཅད་ཀྱིསར་ཧུ་ལ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བག་ཆགས་དག་པའི་རྒྱུད་ལས་ནི།། མ་རིག་པ་དང་བྲལ་གྱུར་པས།། ་བདག་སྐྱེས་དག་པར་གནས་པར་བྱ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྩི་སྣུ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁམས་རྒྱུད་རྣམ་པར་བྱང་བ་ལས།། ཕྱིར་མི་ལྡོག་པར་གྱུར་པ་ན།། རང་རིག་བདུད་ལས་གྲོལ་བར་འགྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་མཁས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་དྲང་སྲོང་ཐམས་ཅད་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་གདོན་རྣམས་འབྱུང ་བའི་ཚེ། ། རགས་པ་འོག་ལ་རྟེན་ནས་ཏེ།། ཕྲ་བའི་སྒོ་ནི་སྟེང་ནས་འཇུག། དག་པ་ཡེ་ཤེས་ཚུལ་གནས་བྱ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཁྱབ ་འཇུག་གི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱེད་པ་འཇིགས་པའི་ཚུལ་སྤངས་ཏེ།། ཞེ་སྡང་དག་པའི་བྱང་ཆུབ་ལས།། སྟོབས་ཆེན་ཕ་རོལ་གནོན ་བྱེད་པས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱིས་དབང་ཕྱུག་ཆེན་པོའི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་དྲག་པོ་འཇིགས་པར་སྟོན།། དུས་མཚན་བཅས་པ་འདོད་ཆགས་བདག། འདི་ཉིད་ཉོན་མོངས་ཚུལ་དག་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་སངས་རྒྱས་ཐམས་ཅད་ཀྱི་ཚངས་པ་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འཇིག་རྟེན་སྲིད་པ་གནས་པ་ཡི།། ་པ་བཞི་ལས་སྤྲུལ་འདོད་པ།། ཐོག་མ་ཐ་མ་མེད་པའི་བདག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབང་ལྡན་སངས་རྒྱས་ཐམས་ཅད་ཀྱི་འཇིག་རྟེན་གསུམ་རྣམ་པར་དག་པ་རྡོ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆགས་དང་འཇིག་པ་དང་།། གནས་དང་སྟོངས་པའི་རིམ་པ་འདིའོ།། དག་པ་གཙང་མའི་ཞིང་དུ་སྨོན།། ཚུལ་འདི་སངས་རྒྱས ་བསྟན་པོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་རྫོགས་པར་གསུང་བ་སངས་རྒྱས་ཐམས་ཅད་ཀྱིས་འོག་དངས་སྟེང་ས་དང་ས་བླ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྟོབས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། མུན་པ་དང་ནི་སྣང་བ་ཡི།། བསྟན་པ་གཉིས་ལ་རང་རྒྱལ་དང་།། སངས་རྒྱས་འབྱུང་བའི་ཚུལ་མཆོག་གི། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆག་གསུང ་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཁམས་གསུམ་པ་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོག་མ་དང་ནི་ཐ་མ་ཡི།། འཕེལ་དང་འགྲིབ་པའི་ཆ་ལས་ནི།། འཁོར ་ལོས་སྒྱུར་བའི་རྒྱལ་པོ་ནི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོག་འོས་སངས་རྒྱས་ཐམས་ཅད་ཀྱི་སྲིད་པ་གསུམ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་བར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྙིགས་མ་ལྔ་འབྱུང་དུས་ཀྱུ་ཆཚེ།། དུས་ལ་བབ་པའི་བསྐལ་པ་ལ།། རྒྱལ་བ་འཇིག་རྟེན་འབྱུང་བ་སྟེ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ན། ་དེ་བཞིན་གཤེགས་པ་སྐར་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་བགྲང་བ་ལས་འདས་པའི།། རྡུལ ་སྙེད་འཇིག་རྟེན་ཐམས་ཅད་དུ། ། དུས་གསུམ་དག་པའི་ཡེ་ཤེས་ཀྱི།། བྱང་ཆུ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ཕྱོགས་བཅུ་རྣམ་པར་དག་པ ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བལྟས་པས་མཐོང་མེད་ཡུལ་མེད་པ།། ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།། ཕ་རོལ་ཕྱིན་པ་མཚུངས་མེད་པའི།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཁོར་བའི་འདམ་རྫ་པ་ལས་རྒལ་བ་རྡོ་རྗེ་རྣམ་པ་ཐམས་ཅད་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེསྲ ་འདི་གསུངས་སོ། ། སྤྲོས་པ་ཀུན་ལས་འདས་ནས་ནི།། བླ་མེད་ཐེག་པ་རབ་འབྱུང་བ།། ཚུལ་འདི་ཉེ་བར་སྤྱད་པ་ན།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་འདོད་པ་ན་སྤྱོད་པ་དང་།། ་གཟུགས་ནི་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་གསང་བ་ཉེ་བར་བསྟན་པ་ལ་མཆོད་པར་བྱེད་དེ།། ལྷའི་གོས་དག་འཐོར་ཞིང་ལྷའི་སིལ་སྙན་དུ་མས་ཀྱང་རབ་ཏུ་དཀྲོལ་ཏེ།། ལྷའི་མེ་ཏོག་པད་མ་དང་།། པད་མ་ཆེན་པོ་དང་། ་ཨུད་པ་ལ་དང་།། ཨུད་པ་ལ་ཆེན་པོའི་ཚོགས་ཐམས་ཅད་ཀྱིས་ཀྱང་གཏོར་ཏོ།། མངོན་པར་གཏོར་ཏོ།། མངོན་པར་རབ་ཏུ་གཏོར་ཏོ།། ཞིང་ཁམས་དེ་དག་ཏུ་ཁྱབ་པའི་ལྷ་རྫས་ཀྱི་ཙན་དན་ཕྱེ་མས་གཏོར་ཞིང་དྲི་ཞིམ་པོས་ཡོང ་སུ་ཁྱབ་པར་གྱུར་ཏོ། ། དེ་དག་འདི་ལྟ་སྟེ།། ས་པྤའི་ལྷ་དང་རྒྱལ་ཆེན་རིགས་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། འཐབ་བྲལ་གྱི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུ ་དབང་བྱེད་ཀྱི་ལྷའི་བར་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་པ་འདུན་ན་འདོན་གྱི་ལྷ་དང་། ཚངས་པ་ཆེན་པོའི་ལྷ་དང་། འོད་ཆུང་གི་ལྷ་དང་། ཚད་མེད་འོད་ཀྱི་ལྷ་དང་།། འོད་གསལ་གྱི་ལྷ་དང་།། དགེ་བའི་ལྷ་དང་། ་དགེ་ཆུང་གི་ལྷ་དང་། ཚད་མེད་དགེ་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། སྤྲིན་མེདའོ་དཀྱི་ལྷ་དང་། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་།། མི་ཆེ་བའི་ལྷ་རྣམས་དང་། མི་གདུང་བའི་ལྷ ་རྣམས་དང་། གྱ་ནོམ་སྣང་བའི་ལྷ་རྣམས་དང་།། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་བར་ཏེ།། འོག་མིན་གྱི་ལྷའི་ཚོགས་དུམ་དང་བཅས་པ་རྣམས་ཀྱིས་གསང་བ་ཆེན་པོ་བླ་ན་མེད་པའི་དོན་རབ་ཏུ་བསྟན་པ་ལ་མཆོད་དོ།། རབ ་ཏུ་མཆོད་དོ། ། ཀུན་དུ་མཆོད་དོ།། ཡང་དག་པར་མཆོད་ཅིང་མེ་ཏོག་ག་ཆར་ཕབ་པར་གྱུར་ཏོ།། རོལ་མོའི་སྒྲ་སྣ་ཚོགས་རབ་ཏུ་སྒྲོགས་པར་གྱུར་ཏོ།། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཕབ་པ་ལ་འདི་ལྟ་སྟེ།། རིན་པོ་ཆེ ་ཨནད་སྙིལ་དང་། མརྒད་དང་། ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། སྤུག་དང་རྡོའི་སྙིང་པོ་དང་། མན་ཤེལ་དང་། བཻ་དཱུརྱ་དང་། མུ་ཏིག་དང་། མུ་མེན་དང་། མུས་ལ་གརྦྷ་དང་། རིན་པོ་ཆེའི་རྒྱལ་པོ་བསམ་འཕེལ་གྱི་བར་དུ ་གཏོར་ཞིང་ཡོངས་སུ་བྱུར་བུར་རབ་ཏུ་གང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ ་བའི་རྒྱུང་ལས་བརྩོན་པ་ཡོངས་སུ་དག་པ་ཅིང་ཀུན་དུ་མཆོད་པའི་མཐུས་བཞི་བཅུ་དགུ་པའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྣམ ་ཡེ་ཤེས་བརྙེས་པ་སངས་རྒྱས་ཐམས་ཅད་ཀྱི་ལྷའི་བུའི་བདུད་འཇོམས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཚན་ཉིད་མེད་པའི་ཆོས་རྣམས་ལ།། ཕྱི ་རོལ་དངོས་པོ་དག་པ་ལ། ། ཡང་དག་ཡེ་ཤེས་སྒྱུར་བ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་གྲུབ་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱིས་ཉོན་མོངས་པའི་བདུད ་བཅོམ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉོན་མོངས་རྣམ་རྟོག་གློ་བུར་བ།། དེ་ཉིད་མ་རིག་བག་ཆགས་དག། རྩ་བ་བྲལ་བས་ངེས་བཙེམ་པའི།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྨ་བྱའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཕུང་པོའི་བདུད་བཅོམ་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། སྒྱུ་མ་ལྟ་བུའི་རྣམ་པ་ལས།། རྨི་ལམ་ཚུལ་ལྟར་མ་འགགས་པ།། གང་དུ་དག་པ་བདག་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོག་སྦྱིན་སངས་རྒྱས ་ཐམས་ཅད་ཀྱི་འཆི་བདག་གི་བདུད་བཅོམ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་དག་པ་ཡེ་ཤེས་སྐུ།། འགྲོ་འོད་མེད་ཅིང་འབྲི་སྨན་མེད།། གང་དུ་འདུ་འབྲལ ་མེད་པའི་དོན། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཕན་པར་བཞེད་པ་སངས་རྒྱས་ཐམས་ཅད་ཀྱི་བདུད་བཅོམ་ཞིང་ལེགས་པའི་ཡོན་ཏན་དང་ལྡན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔལ་དང་གྲགས་དང་ཡེ་ཤེས་དང་།། དབང་ཕྱུག་དང་ནི་གཟུགས་བཟང་གིས།། བརྩོན་འགྲུས་ཕུན་སུམ་ཚོགས་པར་སྟེ།། དྲུག་པོ་འདིས་ནི་ལྡན་པར་གསུངས ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྡན་པ་ཡེ་ཤེས་ལྔ་དག་པའི་དབྱིངས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འི་ནས་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ཆོས་ཀྱི་དབྱིངས་དང་ནི ་མེ་ལོང་མཉམ་ཉིད་སོ་སོར་རྟོག། བྱ་བ་གྲུབ་པ་ཉིད་དང་ནི།། ལྔ་པོ་འདི་ནི་ཡེ་ཤེས་བརྗོད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྲགས་པའི་རྒྱལ་པོ་སངས་རྒྱས་ཐམས ་ཅད་ཀྱི་གཤེགས་པ་དང་བྱོན་པ་རྗེས་སུ་རྟོགས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་གཤེགས་ཤིང་གང་དུ་བྱོན།། གང་དྲུགཏུ ་པ་རྡོ་རྗེའི་དང་། ། ཟག་མེད་དཔལ་ལྡན་དེ་བཞིན་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་གྱི་དྲ་བས་སངས་རྒྱས་ཐམས་ཅད་ཀྱི་དཀར་པོ་རྣམ་པར་དག་པའི་ས ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སོ་སོའི་སྐྱེ་བོ་ཡི།། ཐ་མལ་མོས་པས་ལམ་འདུག་པ།། དགེ་བའི་དོན་མཐོང་ཉན་ཐོས་ལམ། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་འཇོམས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་རིགས་ཀྱིས་རྣམ་པར་དག་པ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ་བྱུང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་དཀར་བའི་དོན་ལྡན་པས།། བདག་མེད་བཟོད་པ་མཉམ་པ་ཉིད།། ཆོས་གང་ལྷག་པར་དད་པ་ན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བཻ་དཱུརྱའི་སྙིང་པོ་སངས་རྒྱས་ཐམས་ཅད་བརྒྱད་པའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ ་ཆོས་ཀྱི་དོན་རྙེད་པ། ། ཐོག་མའི་འབྲས་བུ་མངོན་གྱུར་པ།། དེ་ཉིད་འཕགས་པའི་ཚུལ་བསྟན་པའི།། བླ་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་ལྷའི ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱིས་མཐོང་བའི་ས་རྣམ་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་གང་མཐོང་བའི་ཆོས་ཉིད་ལ།། སྒྲིབ་པ་མེད ་པར་རང་གསལ་བ། ། དོན་དང་འཐུན་པར་སྤྱོད་པ་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་དྲ་བའི་འོད་སངས་རྒྱས་ཐམས་ཅད་ཀྱི་བསྲབས་པའི་ས་རྣམ་པར་དག ་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དུག་ཉིད་དག་པར་བྱས་པ་ཡི།། དུག་མེད་གནས་ནི་ཕྲ་གནས་པ།། བྲལ་བ་བག་ལ་ཉལ་བ་ཞི།། བྱང ་ཆུ་བ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགའ་བའི་འོད་སངས་རྒྱས་ཐམས་ཅད་ཀྱིས་འདོད་ཆགས་དང་བྲལ་བའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆགས་མེད་ཡེ་ཤེས་མཆོག། རགས་པ་དག་པ་སྤངས་པའི་དོན།། དམན་པ་ལས་ནི་ཕྱིར་འོང་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་ཡོན་ཏན་ཀུན་མཆོག་འོད་སངས་རྒྱས་ཐམས་ཅད་ཀྱི་བྱས་པ་རྟོགས་པའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྱ་བ་བྱས་པ་སྟན ་པའི་དོན། ། བྱེད་པ་བྱས་པ་ཁུར་བོར་ཏེ།། རྟག་ཆད་ལས་གྲོལ་བྱང་ཆུབ་ལམ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་སངས་རྒྱས་ཐམས་ཅད་ཀྱི་བསྲུང ་བའི་ས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉམས་པ་མེད་པའི་ཚུལ་ཁྲིམས་ལས།། རྣམ་པར་རྟོག་པས་མི་ཕྱེད་པ།། དྲི་མེད་དགྲ་བཅོམ་དོན་ཐོབ་པ།། ་བྱང་ཆུབ་ཚུལ་འདི་སྙན་པའོ།། ཞེས་གསངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐྱེས་བུ་ཟླ་བ་ཅན་སངས་རྒྱས་ཐམས་ཅད་ཀྱིས་འཕགས་པ་ཉན་ཐོས་ཀྱིས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་འདི་གསུངས་སོ། ། བདག་མེད་དོན་ལྡན་དངོས་མེད་པ།། སྤྱི་དང་བྱེ་བྲག་མཚུངས་མེད་པས།། འབྲས་བུ་གྲོལ་བ་ཐོབ་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤགས ་སངས་རྒྱས་ཐམས་ཅད་ཀྱིས་རང་སངས་རྒྱས་པའི་གནས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྤྱོད་པ་རྨད་བྱུང་རྒྱལ་བའི་སྐུས།། འདུལ་མེད་ཞིང་དུ་རྫུ ་འཕྲུལ་པས། རྟོག་པ་དེ་ལས་སྤྱོད་པར་བཅས།། རང་རྒྱལ་གཉིས་པོའི་ཚུལ་དུ་བརྗོད།། ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད་རྩིའི་འོད་སངས་རྒྱས་ཐམས་ཅད་ཀྱིས་ཡེ་ཤེས་ཇི་ལྟ་བ་མཁྱེན་པ་རྣམ ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོགས་མེད་ཁྱབ་པར་སྤྱོད་པས་ན།། མ་འདྲེས་དུས་གསུམ་མཉམ་པ་ཉིད།། མཁྱེན་པའི་ཕྱོགས་བྲལ་དག་པ་སྟེ། ་ང་ནུབ་ཚུལ་འདི་བསྟན་པའོ།། ནས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་པ་དག་བརྡ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཉག་གཅིག་སྤྱོད་ཡུལ་དུ།། མངོན་དུ་མགྱུར་མེད་པས་ན།། ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་ང་ན་གཤེགས་པ་ག་པའ་འད་སངས་རྒྱས་བས་ཅད་ཀྱིལ་གས་རྣས་པ་ཐམས་ཅདས་རྒྱན་པ་ཀྱང་ང་འཇན་ལ་སྙམས་པར་ཐུགས་ཀྱ་བ་བྱརྣམས་འདགས་ས་པ། ག ་ས་བརྟགས་པ། ། དྲན་པས་ཡིད་ལ་བྱེད་པ་བྲལ།། རབ་ཏུ་མི་གནས་པ་ཡི་ཡིད།། དཔགས་པ་མེད་པའི་བདག་ཉིད་ཅན།། གང་དུ་དམིགས་མེད་སྐྱེ་བ་མེད།། རྐྱེན་འབྲེལ་དག་པ་རང་བྱུང་བ།། ཡུན་འགྲུས་དང་ལས་མ་གསོས ་བྱང་ཆུབ་རྡུལ་འདི་གན་། ། ཞེས་གསུངས་སོ།། དེ་ནས་འདིན་གསུངས་ཅས་གྱིས།། རིགས་ཀྱད་བཞིན་གཤེགས་པའི་ཚོགས།། སྐེ་ཚོགས་མཆད་ཅིང་བསྟོད་བྱས་ན།། ཡེ་ཤེས་མཆོག་གི་གཉེན་གྱིས ་གསུངས། ། དེ་བཞིན་གཤེགས་པ་རིགས་བརྒྱ་ཡིས།། རེ་རེས་བརྒྱ་ཕྲག་བཅུ་ཡི་བར།། དེ་ལྟར་སྟོང་ཕྲག་བརྒྱ་དག་གིས།། འབུམ་དུ་བཟླས་པ་ཡིན་པར་བརྗོད།། བདག་ཉིད་མི་བསྐྱོད་པར་བྱས་ཏེ།། རྡོ་རྗེ་རིགས་ཀྱི་དཀྱིལ ་འཁོར་བ། ། སངས་རྒྱས་ལྔ་དང་ཡུམ་བཞི་དང་།། སེམས་དཔའ་དྲུག་དང་ལྷ་མོ་ལྔ།། ཁྲོ་བོའི་རྒྱལ་པོ་ལྔས་བསྡུས་ཏེ།། ཉི་ཤུ་པ་ཡི་བདག་ཉིད་ཀྱིས།། གསལ་བའི་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེ་འབར་བབ་བསྒོམ ་ཏེ། ། དེ་ལས་སྤྲོ་དང་བསྡུ་བྱས་པའི།། བཟླས་པ་སྟོང་ཕྲག་ཉི་ཤུ་པས།། ཞེ་སྡང་རྡོ་རྗེའི་བསམ་གཏན་བསྡུས།། དེ་ལྟར་འཁོར་ལོ་ནོར་བུ་དང་།། པད་མ་རལ་གྲིའི་བར་དུ་ཡང་།། རེ་རེའི་སྔགས་ཀྱི་དོན་བསྒོམ་པ།། གསལ་བའི་དཀྱིལ ་འཁོར་དབུས་གནས་ཏེ། ། སྤྲོ་བ་དང་ནི་བསྡུ་བ་ཡིས།། གཏི་མུག་ང་རྒྱལ་འདོད་ཆགས་དང་།། ཕྲག་དོག་དག་པའི་དཀྱིལ་འཁོར་ལས།། རིགས་ནི་བཞི་པོ་ཀུན་ལ་ཡང་།། སྟོང་ཕྲག་ཉི་ཤུ་ཕྲག་བཞི་ཡིས།། ཁྲི་ཕྲག་བཅུར ་ནི་བཟླས་བྱས་པས། ། བསྙེན་པ་ཉེ་བར་བསྒྲུབ་པ་ཡིས།། བཟླས་པ་གསང་སྔགས་ཚུལ་བསྟན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ ་པ་གཉིས་སུ་མེད་པ་མཉམ་བཉིད་རྣམ་པར་རྒྱལ་པའི་རླུང་ལས་གསང་ཆེན་ཐར་མོངས་ཡིན་པའི་རབ་ཏུ་བྱེད་པ་བསྟན་པའི་ལེ་གྲེ་ལྔ་བཅུ་པའོ། ། དེན་པ་དེ་བཞིན་གཤེགས་པ་ཞི་བའི་སྟོགས་པཔ། ་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྒྱལ་བའི་བྱང་ཆུབ་འོང་པོ་ཆེ།། རྟག་ཏུ་ཆོས་རྒྱལ ་ཐོབ་པའི་དོན། ། རང་རིག་མི་གནས་ནམ་མཁའ་བཞིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པའི་ཞིང་ཡོངསུ ་སྦྱོང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མངོན་པར་སངས་རྒྱས་ཀྱང་།། རྒྱུ་མེད་རྐྱེན་གྲོལ་བྱང་ཆུབ་སེམས།། འདི་ཉིད་འགག་པར་འགྱུར་མེད་དེ།། བྱང་ཆུབ ་ཏྲཻལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིའི་དབང་པོའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྒྱུན་མི་འཆད་པར་ཡེ་ཤེས་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སྟེ་བྱང་ཆུབ ་སེམས་འདི་གསུངས་སོ། ། ཡེ་ཤེས་མངོན་པར་མི་གནས་པས།། ནམ་མཁའ་མཉམ་པའི་ཆོས་ཀྱི་དབྱིངས།། རྗེས་འགྲོ་མཚུངས་པ་ཐ་མ་མེད།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞི ་གཤེགས་པ་རབ་ཏུ་ཞི་བ་སངས་རྒྱས་ཐམས་ཅད་མི་གཡོ་བ་རྡོ་རྗེར་འཆང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་དག་པ་ཐར་པའི་ཚུལ།། རྒྱུད་འདི ་བསྟན་པ་མེད་པའི་ངང་། ། ཀུན་དུ་གསང་བ་མི་འཁྲུགས་པས། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཐེར་ཟུག ་དང་བྲལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ངོ་བོ་ཉིད་ནི་གནས་མེད་པ།། སྒྱུ་མར་སྣང་བ་ཀུན་རྫོབ་ཏུ།། སྲིད་ཞི་མཉམ་པ་ཉིད་བསྟན་པས།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་དབང་པོ་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱིས་ཞི་བར་མི་གནས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་ས་རྦ ་འདི་གསུངས་སོ། ། ཤེས་རབ་ཀྱིས་ནི་རང་བཞིན་ཤེས།། ཡེ་ཤེས་ཀྱིས་ནི་ཤེས་བྱ་མཁྱེན།། གཉིས་མེད་ཤེས་རབ་ཡེ་ཤེས་དག། འདྲེས་པས་རྟོགས་པར་བྱ་བ་ཉིད།། ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་དབྱངས་སྙན་པ་སངས་རྒྱས་ཐམས་ཅད་ཀྱི་བདག་མེད་པའི་གནས་རྗེས་སུ་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་སེམས་སྟོང་ཉིད་དག་པ་ནི།། མཐར ་ཐུག་དོན་དམ་མ་ཡིན་ཏེ། ། ཆོས་སྐུ་རང་བཞིན་འོད་གསལ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ངོས་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རྗེསུ་འགྲོ། ་ལྡོག་ངེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་སྐུ་དོན་དམ་ལ་མི་གནས།། ཅི་ཡང་མ་ཡིན་དོན་དམ་ལ།། བྱེད་པ་སྤངས་པས་འབྲས་བུའང་མེད།། བྱང་ཆུབ་ཚུལ་འདི་བསྟན།། ་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་ལ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། ། ་རང་རེག་སྐད་ཅིག་འགག་མེད་པའི།། སྔ་མ་ཕྱི་མ་ལ་ལྟོས་ཕྱིར།། རྒྱུན་ཆད་མི་འགྱུར་ལྟོས་མེད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་གཟི་བརྗིད་སངས ་རྒྱས་ཐམས་ཅད་ཀྱི་ཡོངས་སུ་ཐིམ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། །། འདས་པའི་སེམས་ནི་རང་གྲོལ་བ།། མ་འོངས་པ་ནི་མ་ཐོབ་ཅིང་།། ད་ལྟར་ནས་མེད ་མཚན་ཉིད་ཅན། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཁྱེན་ལྡན་ཟླ་མེད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་དཔལ་གྱིས་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཇི་ལྟར་ནམ་མཁའ་རྣམ་དག་བཞིན།། ཐེག་པ་འདི་ནི་ནམ་མཁའ་འདྲ་སྟེ།། སྤོང་བ་མེད་པའི་ཉེར་ཞི་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་པོ་དཔག་མེད་སངས་རྒྱས་ཐམས་ཅད་ཀྱི་ཀུན་རྫོབ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གྲུབ་པ་མེད་པའི་སྣང་བ་ཙམ།། རྟེན་འབྲེལ་ཙམ ་དུའང་གང་སྐྱེས་པ། ། ཆོས་རྣམས་དབང་པོའི་གཞུ་མཚུངས་པར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་ཐུགས་བཞུགས་པ་སངས་རྒྱས་ཐམས་ཅད་ཀྱི་དགོད ་པའི་རྣམ་པར་ཐར་པ་ལ་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བ་བླ་མེད་བྱང་ཆུབ་པའི།། འདི་ཡོད་པས་ནི་འདི་འབྱུང་ལ།། འདི་མེད་པས་ནི་འདི་མི་འབྱུང། ་བསྟན་པ་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་དགོངས་གཏི་མུག་བྲལ་བ་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་ཐེག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུ་མེད་རྒྱུ་ནོར་མ་ཚང་དང་།། ལོག་པའི་དོན་དང་ངན་པ་སྤངས།། ཚོགས་པ་གཅིག་པར་མ་གྲུབ་ལ།། འབྱུང་བ་མེད་ཕྱིར་རྟེན་འབྲེལ་བསྟན།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་དབྱངས་ཀྱི་ཡན་ལག་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རོལ་པའི་ཡེ་ཤེས་རྔ་རྔའི་ཏོང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུ་ལས་སྐྱེས་ཤིང ་རྐྱེན་གྱིས་བསྐྱེད། ། གཞིལ་གནས་ཤིང་འབྲས་བུར་གྲུབ།། སྲིད་ཞི་མཚུངས་ཕྱིར་བསྟན་པ་ཡིན།། བྱང་ཆུབ་དེ་ཉིད་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག་པ་ཀྱང་བར་དུ་འཕགས་པ་ཐུབ་པ་སངས ་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བརྟགས་ན་དབེན་ཞིང་དོན་བྱེད་ནུས།། འཐུན་པར་སྣང་ལ་རྐྱེན་ལས་བསྐྱེད།། ན ་རྫོབ་ཆོས་ཀུན་མཚན་ཉིད་དེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ལས་བྲལ་བ་རྡོ་རྗེའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡུལ་དང་དབང་པོ་བདག་པའི་རྐྱེན།། དེ་མ་ཐག་པའི་མཚུངས་མེད་པ།། རང་བཞིན་འབྱུང་བའི་སྐད་ཅིག་ལ།། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞི་བའི་དོན་སངས་རྒྱས་ཐམས་ཅད་ཀྱི་རང་གི་ངོ་བོ་བདག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། 5 ་བྲལ་མེད་ཆོས་ཀྱི་སྐུ། ། མི་འཆད་འབྱུང་བ་ལོངས་སྤྱོད་རྫོགས།། རང་གི་མཚན་ཉིད་བདེ་བཆེ།། དབྱེར་མེད། ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཞི་བའི་དོན་སངས་རྒྱས ་ཐམས་ཅད་ཀྱི་གྲུབ་པ་རྡོ་རྗེའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། མིང་དང་ངེས་ཚིག་ངོ་བོ་དང་།། མཚན་ཉིད་དབྱེ་བའི་དོན་གྱིས་ན།། རྒྱུ་འབྲས་ཆོས་ལས་རྒྱལ་བ ་འབྲུང་། ཚད་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐྱོན་མེད་སངས་རྒྱས་ཐམས་ཅད་ཀྱི་སྤངས་པ་མེད་ཅིང་ཐོབ་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེབྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བཀལ་པ་བྱེ་བར་ཡང་།། སོང་བར་ཞུགས་ཤིང་སྤྱད་པ་ལས།། བྱང་ན་བ་རིང་སོང་འགྱུར་བ་མེད།། མཉམ་པ་ཉིད་ཀྱིས་རང་གྲོལ་འགྱུར།། ཞེས་གསངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བློ་དབྱངས་དགེ་བ་སངས་རྒྱས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་དོན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་བ་མེད་པས་ཆོས་ཀྱི་སྐུ།། འགག་པ་མེད་པས ་ལོངས་སྤྱོད་རྫོགས། ། གནས་པ་མེད་པས་སྤྲུལ་པའི་སྐུ།། དབྱེར་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། རིག་པའི་རྒྱལ་པོ་རྡོ་རྗེ་ཅན།། ཡེ་ཤེས་བླ་ན་མེད་པའི་ཆོས།། བསྟན་པ ་ངེས་པར་ལེགས་པའི་གནས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདས་པ་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར ་རྒྱལ་བའི་རྒྱུད་ལས་རབ་ཏུ་མི་གནས་པའི་དོན་བསྟན་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་པད་མའི་མཛོད་སངས་རྒྱས་ཐམས་ཅད་ཀྱི་དུས་ཀྱིས་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དུས་གསུམ་དུས་མེད་སྟོན་པ་པོ།། ཚད་མེད་ཡེ་ཤེས་སྟོབས་ཆེན་པོ།། སྲིང་ཤིར་མི་གནས་བདེ་བར་གཤེགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་དུས་མི་དམིགས་པར་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་བགས་བཟངས་དང་གྲངས་པ་ད་ལས།། འདས་པ་ལ་ཤེས་གད་ཅིག་པ།། བསམ་བྱས་མ་ཁྱབ་དན་འཆར་འགྱུར།། ཉད་ནལ་འདེ་བསྟན་པའོ།། ནས་གསུངསས།། དཔ་དས་ནན་གག་ས་པས ་བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བའི་ཆོས་ཀྱི་ཚིག་གཅིག་གི ་གྲོལ་བ་ཡེ་ཤེས་ཐོབ་པ་ནི། ། ང་ཡི་ཆོས་རྣམས་དེས་མཐོང་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ལམ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་གཉི ་གའི་ཆ་ལས་གྲོལ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉོན་མོངས་ཤེས་བྱའི་ཕྱོགས་དག་དང་།། ལས་ལས་གྲོལ་བ་འཕགས་པའི་ཆོས།། དེ ་ཉིད་ངེས་པ་བླ་ན་མེད། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚོགས་བཟང་པོ་གྲོལ་བ་སངས་རྒྱས་ཐམས་ཅད་ཀྱི་གནས་དེ་བཞིན་སྣང་བའི་རྡོ་རྗེས་ཏིང་ངེ་འཛིན་ལ། ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། གསུམ་ལ་ངེས་པར་སྐྱབས་སོང་ན།། དག་པ་ཡེ་ཤེས་སྤྱོད་པ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་བསྟངས་དང་བྲལ་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། སངས་རྒྱས་ལ་ནི་སྐྱབས་སོང་བ།། མ་འོངས་པ་ན་སངས་རྒྱས་ཀྱི།། ལྟ་བ་མི་ངོམས་ཀུན་མཐོང་ཞིང་།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཡེ་ཤེས་བརྗོད་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྗེས་སུ་དྲན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ། དམ་པའ་ཆོས་ལ་བྱན ་འགྲོ་བ། ། མ་འོངས་པ་ན་རྒྱལ་བ་ལ།། དམ་པའི་ཆོས་སྒྲ་ཐོས་ནས་ནི།། བྱང་ཆུབ་ཚུལ་འདི་ཐོབ་བྱེད་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོབས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི ་འཕགས་པའི་ཚོགས་རྗེས་སུ་དྲན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཕགས་པའི་དགེ་འདུན་སྐྱབས་སོང་གང་།། མ་འོངས་པ་ན་ཉན་ཐོས་དང་།། བྱང ་ཆུབ་སེམས་དཔའི་ཚོགས་རྣམས་དང་། ། ལྷན་ཅིག་སྤྱོད་པ་སྟོན་པར་འགྱུར།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློའི་མཆོག་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཅིག་ཏུ་སྟོན་པ ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱལ་བའི་རིན་ཆེན་རྣམ་གསུམ་པོ།། དབང་ཕྱུག་ཚོ་གྲཔས་མཐར་ཐུག་དུས།། གཅིག་པུ་ཉིད་དུ་ཐུགས་ལ་ཞུགས།། ་དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྗེས་སུ་མཐུན་པའི་ཕྱོགས་ལ་ཞུགས་པ་རྣམ་པར་དག་པ་རྡོ་རྗེའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐུ་གསུམ་རང་ལས་ལྷན་ཅིག་སྐྱེས།། དེ་ཉིད་ལྷུན་གྱིས་གྲུབ་པའི་གནས།། ཡེ་ཤེས་སྤྱོད་པ་གནས་འདི་ཉིད།། སྟོན་པའི ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་མཐུན་པའི་སྤྱོད་པའི་ཆོས་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཕགས་པའི་བདེན་པ་བཞི་པོ་དང་།། བཅུ་གཉིས་དག་པ་བདག་མེད་པ།། འཐུང་ནས་སྒྲ་ཚུལ་སྐྱོབ་པའི་ཆོས།། དེ་ཉིད་ཕུན་སུམ་ཚོགས་པར་གསུང ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པསྙེངས་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་སྤྱོད་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས།། བླ་མེད་སེམས་དཔའ་ཆེན་པོ་ནི།། དོན་དམ་བསྟན་པའི་མཆོ། རྙེས་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་གཟིགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་འཐུན་པར་ཞུགས་པ་རྡོ་རྗེ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་ཉིད་སངས་རྒྱས་ཐམས་ཅད་དང་།། བྱང ་ཆུབ་སེམས་དཔའ་རིག་པ་རྣམས། ། རང་ལས་འབྱུང་བར་འགྱུར་བའི་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་དྲང་པོར ་ཞུགས་པའི་སྤྱོད་པའི་ཡན་ལག་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བསམ་གཏན་ཡན་ལག་ལྔས་གནས་ཤིང་།། རྣམ་པར་འགོག་པས་མི་གཡོ་བ། ་བདེ་ཆེན་མཉམ་ཉིད་གནས་པའི་ཚུལ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབྱངས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རིགས་པས་ཞུགས་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དམ་པའི་ཡུལ་ལ་འཇུག་པ་ནི།། མགོན་པོ་བདག་ཉིད་ཆེན་པོའི་དང་།། ཚངས་པའི་གནས་ཀྱི་དམིགས་ལས་གྲོལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་ཆེན་པོའི་གཞོན་པ་སངས་རྒྱས་ཐམས་ཅད་ཀྱི་ལེགས་པར་ཞུགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཚུལ་ཆེན་ཐབས་ལྡན་དྲི་མ་མེད།། ཡན་ལག་འབྱུང་བ་ཆོས་དག་པ།། སོ་སོར་མ་ཡིན་མཁའ་དབྱིངས་ཀློང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་མཚུངས་མེད ་སངས་རྒྱས་ཐམས་ཅད་ཡང་དག་པའི་ལམ་ལ་ཞུགས་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་མངོན་པར་མཁྱེན་པ་ལ།། རློམ་སེམས་མེད་པའི ་བདག་ཉིད་རྩ། ། གཅིག་པ་བཀག་པའི་རྒྱུན་ལས་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱལ་པོ་རྡོ་རྗེ་མཁྲེགས་པ་སངས་རྒྱས་ཐམས་ཅད་ཀྱིས་ལམ་ཡན་ལག་བརྒྱད ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡན་ལག་འདི་དག་ལྡན་པས་ན།། ངེས་པར་འཇུག་པ་མི་ལྡོག་པ།། སེམས་དཔའ་ཆེན་པོ་དགེ་བའི་མཐུ།། གསང་བ ་དེ་ཉིད་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་པ་རྡོ་རྗེའི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་བྱམས་དང་སྙིང་རྗེ་དགའ་བ་དང་།། བཏང་སྙོམས་བདག་མེད་མཉམ་པའི་དངོས།། ཚད་མེད་ཆུ་བོའི་རླབས་ལས་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྗོན་ཤིང་བཟང་པོས་པ ་རྒྱས་ཐམས་ཅད་ཀྱི་སྐྱོབ་པ་མཚུངས་པ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ས་ལ་ཆེན་པོའི་ཤིང་ལྟར་ནི།། འདབ་རྒྱས་རྒྱལ་བ་རྒྱུན་མི་འཆད།། རེ་རེའི་དོན། ་དུའང་དུ་མར་ཞུགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། རྒྱུན་དུ་ཆོས་སྤྱོད་སྐལ་པ་ཅན།། ཡེ་ཤེས་དམ་པའི་གནས་ཐོབ་པས།། ཡན་ལག་བཅུ་པ་བསྟན ་པ་ཡིན། ། ཕྱག་འཚལ་བསྐོར་བ་ཡི་གེར་འདྲི།། སྦྱིན་དང་མཆོད་པ་ཁ་ཏོན་དང་།། ཉན་དང་འཆད་པ་དེ་བསམ་ཞིང་།། ཏིང་འཛིན་ལྡན་པས་སྤྱད་པར་བྱ།། དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སྡེ་སྣོད་ཀྱི་ཚུལ་ཡོངས་སུ་དག་པར་སྤྱོད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་གདངས་སྙན་པ་སངས་རྒྱས་ཐམས་ཅད་ཀྱི་འཁྲུལ་པ་མེད་ཅིང་འདྲེས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་དུ་ཐུན་མོང་ཡུལ་མིན་ཞིང་།། ཁྱད་པར་གྱུར་པ་ཐུབ་པ ་ཡི། ། ཕྲིན་ལས་དག་པ་ཚད་མེད་པའི།། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཙ་ཙེ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རགས་པ་དང་ནི་ཕྲ་བ་ཡི།། ཀུན་ནས་ལྡང་བ་དག་པ་ཡི།། དཀྲུགས་པས་འཁྲུག་པ་མི་མངའ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་མཐུའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་བསྙེལ་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་དོན་ལ་དུས་ཀུན་དུ།། བསྐྱེད་དང་དབྲི་བ་མེད་པར་ནི།། རྒྱུན་ཆད་མེད ་པས་འཇུག་པ་དག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཕགས་པ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་བཞག་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཉམ་པར་མ་བཞག་སྤྱོད་པ་ནའང་།། རྟག་ཏུ་དྲི་མེད་གནས་པས་ན།། བཏང་སྙོམས་ཙམ་དུའང་མི་གནས་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ ་དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཐ་དད་དུ་གཟིགས་པ་མི་མངའ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མ་སྤངས་མི་གནས་མཉམ་ཉིད ་ཏེ། གླང་དོར་མེད་པའི་ཡེ་ཤེས་ཅན།། སངས་རྒྱས་ཆོས་ཉིད་དག་པས་ན།། བྱང་ཆུབ་ཚུལ་འདི་དག་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲང་སྲོང་སྐར་མལ་དགྱེས་པ།། སངས་རྒྱས་ཐམས་ཅད་ཀྱིས་སོར ་མ་བཏོགས་པའི་བཏང་སྙོམས་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡོངས་སུ་སྦྱང་དང་བརྟག་པ་དང་།། གསལ་དང་དབྱེ་བ་འབྱུང་བ་ལས།། ཁྱད་པར་བཏང་སྙོམས ་མེད་པ་སྟེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤྲིན་གྱི་སྒྲོན་མེ་སངས་རྒྱས་ཐམས་ཅད་ཀྱི་འདུན་པ་ཉམས་པ་མེད་པ་སངས་རྒྱས་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དུས་རྣམས་ཕྱོགས་བཅུར་རྒྱལ་བ་ཡིས།། སྤྲོ་བ་བྱང་ཆུབ་སྙིང་པོའི་དོན།། སངས་རྒྱས་གདུང་ལས་གཞན་མི་རྟོག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་སྤྱན་མཛེས་མངའ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སེམས་ཅན ་གཅིག་གི་དོན་དུ་ཡང་། ། བསྐལ་པ་གང་གཱའི་བྱེ་སྙེད་དུ། རྡུལ་ཕྲན་གྲངས་འདས་བརྩོམ་པ་ཆེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བཟང་ལྡན་སངས་རྒྱས་ཐམས ་ཅད་ཀྱི་དྲན་པ་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཔྱད་པ་མི་དམིགས་མ་འདྲེས་པར།། ཡོངས་སུ་དག་པའི་མཁྱེན་པ་ཅན།། སྔ་མ་ལ ་སོགས་རྟག་མེད་ཕྱིར། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འབྱོར་པར་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉམས་པ་མེད་པ་སངས་རྒྱས་ཐམས་ཅ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཏིང་འཛིན་དུ་མ་གཅིག་སྡུད་ཅིང་།། གཅིག་ལས་དུ་མར་སྤྲོ་བ་ཡང་།། དེ་དག་སྙོམས་པར་འཇུག་པ་ཡི།། དེ་ཉིད་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་བཟང་པོའི་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ།། སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམ ་འདི་གསུངས་སོ། ། མཁྱེན་པ་རིག་པ་དུ་མ་ལས།། འགོག་པ་མེད་པར་བཟོ་ཡི་གནས།། བླ་མེད་མི་ཟད་ཚུལ་ཐོབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་དཔལ་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་སྟོང་ཉིད་མེ་ཆེན་གྱིས།། འཁོར ་བའི་དྲི་མ་མ་ལུས་པ། ། ཆོས་དབྱིངས་དང་དུ་སྲེག་མཛད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་ལུས ་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དུས་རྣམས་ཀུན་དུ་ཐོགས་མེད་པར།། ལྷན ་ཅིག་སྐྱེས་པའི་ཡེ་ཤེས་ལས། ། འབྱུང་ཞིང་འཇུག་དང་གནས་པར་མཛད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རོལ་པ་སངས་རྒྱས་ཐམས་ཅད ་ཀྱི་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཞིང་ཁམས་མ་ལུས་ཐམས ་ཅད་དུ། ། ཁྱབ་བྱེད་སྙིང་པོ་རྡོ་རྗེ་ལ།། འཇུག་གནས་ལྡང་བ་དབྱངས་བརྗོད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནམ་མཁའི་དཔལ་སངས་རྒྱས ་ཐམས་ཅད་ཀྱིས་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཁའ་དབྱེད ་ཆོས་ཉིད་རྣམ་དག་དང་། ། རྣམ་རྟོག་འགྲོ་འོང་མི་གནས་པས།། རང་བཞིན་དག་པའི་མཚན་ཉིད་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོད ་སྤྲིན་ང་རོ་སངས་རྒྱས་ཐམས་ཅད་ཀྱི་འདས་པའི་དུས་ལམ་ཆགས་མཐོགས་པའི་ཡེ་ཤེས་མཐོང་བས་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བརྟན་གཡོ ་བཅས་པ་ཡི། ། དངོས་པོ་དེ་བཞིན་གཤེགས་པ་ཡི།། ཕུན་སུམ་ཚོགས་པ་ཐོགས་མེད་པས།། བྱང་ཆུབ་ཚུལ་འདི་སྟོན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྣམ་པར་བཀོད ་པའི་ང་རོ་སངས་རྒྱས་ཐམས་ཅད་ཀྱི་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་ལྡན་པས་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག ་རྟེན་ཁམས་ཀྱི་རྡུལ་ཕྲན་དང་། ། སེམས་ཅན་སྤྱོད་པ་སྣ་ཚོགས་དང་།། དཔལ་ལྡན་བདེ་གཤེགས་མཛད་པ་དག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད ་ཟེར་ཡོན་ཏན་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་ལྡན་པས་འཇུག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་། ། ་རྟོག་མེད་མེ་ལོང་གཟུགས་ལྟ་བུ།། གསལ་བ་འཛིན་པ་བྲལ་བ་ཡི།། རིམས་དང་གཅིག་ཅར་འབད་མེད་པར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲང་སྲོང་དབང་པོ ་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་མ་འདྲེས་པའི་ཆོས་བཅཝ་བརྒྱད་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་དག་མ ་ལུས་སངས་རྒྱས་ཀྱི། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག། གསང་བ་འཛིན་པ་སྙིང་པོར་གྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོ་དང་ལྡན་པ་སངས་རྒྱས་ཐམ ་ཅད་ཀྱི་འཁྲུག་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐ་སྙད་རྣམས་ལས་འདས་པ་ཡི།། བདེན་པར་མ་གྲུབ་སྒྱུ་མའི་ཆོས།། དག་པའི་ངོ་བོ་ཉིད་འབྱུང་བ། ་བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། གང་དུ་མདོ་དོན་སྤྱོད་པ་ཡི།། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ།། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས།། བར་དུ་བསོད་ནམས་ཡེ་ཤེས་ཀྱི།། གྲངས ་མེད་དུ་མ་ས་ལས་བགྲོད་དེ། ། གང་དུ་ས་བཅུར་གནས་པ་ཡིས།། སྤྲུལ་པ་དུ་མ་སྟོན་པར་བྱེད།། ལྷ་དང་མི་ཡི་འཇིག་རྟེན་དུ།། ཇི་ལྟར་མངོན་པར་སངས་རྒྱས་ནས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། སྤྲུལ་པ་སྒྱུ་མཱི ་ཆོ་འཕྲུལ་གྱིས། ། སྣ་ཚོགས་གཟུགས་སུ་སྟོན་པར་བྱེད།། དངོས་དང་སྤྲུལ་དང་བྱིན་རླབས་དང་།། ཆོ་འཕྲུལ་ངོ་མཚར་བསྐྱེད་པ་དག། གདུལ་བྱའི་དོན་དང་བྱེ་བྲག་པ།། སྤྱི་དང་དངོས་དང་དངོས་མེད་དང་།། བརྟན་དང ་གཡོ་བའི་དངོས་གང་དང་། ། སྲོག་དང་སྲོག་མ་ཡིན་པར་འགྲོ།། གཟུགས་དང་སྒྲ་དང་ཡི་གེ་དང་།། རྩཝ་ལྕུག་འཁྲིལ་ཤིང་ལ་སོགས་པ། དུམའི་རྣམ་པར་སྟོན་བྱེད་འགྱུར།། ཡེ་ཤེས་འོག་མིན་སྲུག་པོར་ནི།། འདོད་ཆགས ་ཆེན་པོའི་ཏིང་འཛིན་གྱིས། ། རྣམ་པར་སྣང་མཛད་བྱང་ཆུབ་མཆོག། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ།། དང་པོའི་འོག་མིན་ཆོས་ཀྱི་དབྱིངས།། རང་བྱུང་ནམ་མཁའ་དག་པའི་ཞིང་།། བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ལོ།། ་དེ་ཉིད་མངོན་པར་བྱང་ཆུབ་པ།། འོག་མིན་གཉིས་པ་ཡེ་ཤེས་ཡུལ།། རྣམ་པར་སྣང་མཛད་གངས་ཆེན་མཚོ།། དེ་བཞིན་གཤེགས་པའི་ཡུལ་གྱུར་ཏོ།། གཉིས་པ་འོད་གསལ་ལྷུན་གྱིས་གྲུབ།། འོག་མིན་ཟག་པ་མེད་པ། ་ཡུལ།། བདེ་ཆེན་རྒྱལ་བ་གཙུག་ཏོར་གནས།། བྱང་ཆུབ་མཆོག་དང་རབ་བཅིངས་པས།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཅན།། སེམས་དཔའ་ཆེན་པོ་གསུམ་པའོ།། ཡང་དག་ལམ་ནི་ལྔ་ལྡན་པ། གསང་བ་འཛིན་པ ་གོམས་པའི་ལམ། ། རྣལ་འབྱོར་དབང་ཕྱུག་ཕྱག་རྒྱ་ཆེ།། དབང་གི་རྒྱལ་པོ་ཡོན་ཏན་གཏེར།། སྐད་ཅིག་གཅིག་ལ་གོམས་བྱེད་ཅིང་།། ཤིན་དུ་སྦྱིན་ཞིང་བརྩོན་ལྡན་གྱིས།། རང་བྱུང་ཐམས་ཅད་མཁྱེན་པ་ཡི།། ནོར་བུ་རིན ་ཆེན་ལྟ་བུར་ནི། ། འགྲོ་བའི་དགོས་འདོད་སྐོང་བྱེད་པས།། ཐམས་ཅད་རྡོ་རྗེ་གསུམ་དུ་ནི།། ལྷག་པའི་མཆོག་གིས་དབང་བསྐུར་ཏེ།། དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་རིག་མར ་བཅས། ། ལྷ་མོའི་ཚོགས་དང་བཅས་པ་ཡིས།། ཁྲོ་བོའི་རྒྱལ་པོ་དུ་མ་ཡིས།། དབང་བསྐུར་གྱུར་པས་གསང་བའི་རིམ།། སྦས་པའི་ཚུལ་གྱིས་འཚང་རྒྱར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཏ་ཧུགས་བྱགསང་བགསང་པ་འདུས་པ་རྣས་འབྱུང་ཅན་པ་གཉིས་སུ་མེད་པ་མཉས་པཉིད་ནམ་པར་རྒྱས་བ་ཅུད་པས་བང་ས་རྒྱས་ཐམས་ཅད་ཀྱི་སུ་གསུས་ཀྱི་གང་བམས་བརྟན་པ་བྱུད་སུལ་ཐུན་ས་དས ་ལེའུ་སྟེ་ལྔ་བཅུ་གསུམ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོབས་པའི་མཆོག་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་འགྱུར་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཕུན་སུམ་ཚོགས་པའི་འབྱུང་གནས་གང་།། རྣལ་འབྱོར་ཆོས་ཀྱི་རྒྱས་བཏབ་པས།། ཁམས་གསུམ་ཡེ་ཤེས་གཅིག་པར་སྦྱར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང ་དེ་ནས་དེ་བཞིན་གཤེགས་པ་ཆོས་སྦྱིན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་རྫོགས་པ་བྱང་ཆུབ་པ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པརརེ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ་ཆོས་ཅན་མ་ལུས་རྒྱ་མཚོ་ཀུན།། རང་ལག་སྐྱུ་རུར་གཞག་བཞིན།། རྣམ་པར་ཐོ་འཚམ་ལས་རྒལ་བའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བཟང་པོ ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མ་ལུས་པར་མཁྱེན་པ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་རྡོ་རྗེའི་སྟོབས་ཀྱི་ནི།། འཇིགས་ཚོགས་སྲིད ་པ་བཅོམ་ནས་ནི། ། མི་ལྡོག་བྱང་ཆུབ་ཆེན་པོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་བར་དུ་བཅོད་པའི་ཆོས་རྣམ་པ ་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདུད་ལས་བྱུང་བའི་རྟགས་དང་བརྡ།། མཚན་མའི་གནས ་ཀྱིགཏན་ཚིགས་ལས། ། བདུད་ལས་རྣམ་རྒྱལ་ལུང་བསྟན་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤིན་དུ་གཟིགས་པ་སངས་རྒྱས་བམས་ཅད་ཀྱི་ཕུན་སུམ་ཆགས་པ ་ཐམས་ཅད་ཆིས་པར་འགྱུར་བའི་ལམ་ངེས་པར་དེ་ཁོ་ན་ཉིད་དུ་འགྱུར་བ་ལ་མི་འཇིགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་འཐུང་སྡུག་བསྔལ་སྤྱོད་བྱེད་པ། ་ལམ་དང་འགོག་པའི་བདེན་པ་ལས།། དེ་ཉིད་ངེས་པར་འབྱུང་བསྟན་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡུལ་དང་བྲལ་བ་སངས་རྒྱས་ཐམས་ཅད་ཀྱི་མི་འཇིགས་པ ་བཞི་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོན་པས་ཁྱུ་མཆོག་བརླབས་ཆེན་གནས།། བླ་མེད་སེང་གེའི་སྒྲ་སྒྲོགས་པ།། ཡང་དག་ཆོས་ཀྱི་འཁོར་ལ ་ཡི། ། བྱང་ཆུབ་དེ་ཉིད་ཆུ་བསྟན་འོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཚིགས་སངས་རྒྱས་ཐམས་ཅད་ཀྱི་རྐང་གཉིས་གཙོ་བོར་གྱུར་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཁའ་ལ་རྒྱུ་བའི་བྱ་དག་ནི་འདབ་མ་མི་ལྡན་འཕུར་ནུས་མེད།། དེ་ལ་ཟུང་འཇུག་དོན་ལྡན་པའི་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་བརྟོག་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ། ཆོས་རྣམས་བསླབ་པའི་སྡོམ་པ་ལ།། ་གཞི་དང་རྒྱུ་ལམ་འབྲས་བུ་དག། མ་ཉམས་ས་བོན་མྱུ་གུ་བཞིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི ་སྐྱེས་བུ་ཁྱུ་མཆོག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིསེམས་འདི་གསུངས་སོ། ། ནམ་མཁའ་དག་པའི་གནས་མཚུངས་པར།། ཡུལ་དང་ཡུལ་ཅན་དག་པ་ལས།། དབྱིངས་དང་ཡེ་ཤེས ་དབྱེར་མེད་པའི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེག་པ་ཡུལ་འཁོར་སྤོབས་པ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ཏུ་སྤྱོད་པ་དག་པ་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆོས་ཅན་ཆོས་ཉིད་མེད།། ཀུན་རྫོབ་བློ་ཡི་སྤྱོད་ཡུལ་ཏེ།། ཆོས་ཀུན་སྦྲུ་མ་ཙམ་དུ་གནས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རིན་ཆེན་རབ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤེས་དང་ཤེས་པ་ཀུན་གྱི་ནི།། སྤྱོད་ཡུལ་བློ་ཡི་སྣང ་བ་ལས། ། རྟེན་དང་རྟེན་མེད་ངོ་བོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བརྒྱས་པ་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དག་པའི་ཆོས་སྐུ་སྐྱེ་མེད་པ།། དྲི་མ་བྲལ་བ་དེ་འོད་གསལ།། མཐའ་ཡས་གྲོལ་བའི་ངོ་བོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པསེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྲིད་པའི་དྲ་བ་གཅད་པ་ཡི།། རྣམ་པར་ཞི་བའི་སེམས་སྤངས་ཏེ། ་མགོན་པོ་ཡེ་ཤེས་གཅིག་པར་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མ་འགགས་གོས་པ་མེད་པ་དང་།། པ་འདྲེས་ཐབས་ཀྱིས་ཕ་རོལ་སོན།། གསལ་བ་ཟློལ་འཆར་བ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད་རྩི་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་རྒྱན་བཀོད་པ་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་རླན་ཆད་མེད་པའི་བྱང་ཆུབ་སེམས།། ཐམས་ཅད་དེ་ལས་སྐྱེས་པའི་དངོས།། ཕྲ་མོ་རྐྱེན་བྱུང་དག་པའི་དོན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་བསམ་གཏན་སྙོམས་པ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལོས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བཞིན་གྱིས་ནི་རྣམ་པར་དག ་ཁམས་རྒྱུད་ཡུལ་དང་དབང་པོ་དག། རབ་ཏུ་དག་པར་རྫོགས་པ་ནི་བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཁྲུག་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི ་ཆོས་འབྱུང་རོལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གནས་དག་བར་ཆད་མེད་པའི་ལམ།། ཆོས་རྒྱལ་ཞིང་ཁམས་ཡོངས་སུ་དག། མི་ལྡོག་ཏིང་འཛིན ་ང་མི་ཤེས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་ས་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མངོན་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་སྨིན་པ་བསོད་ནམས་སྟོབས།། བྲལ་བ་ཡེ་ཤེས་སྤྱོད་ཡུལ་བ།། ཁྱད་པར་རྣམ་པར་མི་རྟོག་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་མི་བསླད་པ་སངས་རྒྱས་ཐམས་ཅད་ཀྱི་ཐབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སེམས ་ཅན་མོས་པ་སྣ་ཚོགས་ལ། ། ཡེ་ཤེས་སྤྱོད་པའི་སྒྱུ་འཕྲུལ་གྱིས།། བསྟན་པ་བསམ་གྱིས་མི་ཁྱབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་མཛེས་པའི ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྲེང་བ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་རྒྱ་མཚོ་མ་སྟོངས་པར།། ཡེ་ཤེས་འཁོར་ལོ་བསྐོར ་བ་ཡི། ། སངས་རྒྱས་རྣམས་ཀྱི་ཐུགས་རྗེས་སྟོན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། རིག་པའི་རྒྱལ ་པོ་རྗེས་དྲན་པས། ། གསང་བ་དམ་པ་བསྟན་པ་ཡིན།། དང་པོ་དབང་གི་དུས་ཡིན་ཏེ།། མངོན་པར་རྟོགས་པ་དང་པོའོ།། ཡེ་ཤེས་མཐོང་བའི་དང་པོ་ལས།། སྦྱོར་བ་རྣམ་པ་གསུམ་དུ་འགྱུར།། ལུས་དང་ངག ་རང་སེམས་དམིགས་པས། ། རིག་པ་གཅིག་གི་ངང་ཉིད་ལས།། སྔགས་ཀྱི་རིམ་པ་རྡོ་རྗེ་ལྟར།། ཡུལ་སེམས་རླུང་ནི་མི་ཕྱེད་པས།། གཅིག་ཏུ་གྱུར་པའི་རིམ་པ་ལས།། སེམས་ལ་དམིགས་པ་ཡེ་ཤེས་ཆེ།། རླུང་སེམ ་འགྲོ་ལྡོ་གཅིག་པས་ན། ། ངེས་པ་རྣམ་པར་དབེན་དོན་བསྟན།། ཕྱི་རོལ་ཡུལ་སྣང་སྒྱུ་མར་འཆར།། རང་རིག་འོད་གསལ་མངོན་བྱང་ཆུབ།། ཐམས་ཅད་བདེ་ཆེན་ཡེ་ཤེས་སུ།། ཡང་དག་རྫོགས་པས་རྫོགས་པའི་རིམ། བསམ ་གཏན་བསྡུས་པའི་རིམ་པ་ཡིས། ། རིལ་པོར་འཛིན་དང་རྗེས་གཞིག་པ།། གཅིག་ཏུ་བྱེད་པ་གསང་བ་ཡིས།། ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར།། དངོས་པོ་མེད་པ་བསྒོམ་པ་དངོས།། སྒོམ་པར་བྱ་བ་བསྒོམ་པ་མིན།། ་དཔས་ངོས་པ་དངས་མང་པས།། བསྒོམ་པ་དམིགས་སུ་མེད་པའོ།། གང་དུ་ལུས་སེམས་ཀུན་རྫོབ་བཅས།། དོན་མ་རྣམ་དག་ཟུང་འཇུག་སྟེ།། གང་དུ་དམིགས་པས་བསྡུས་པ་ནི།། བརྩོན་འགྲུས་ལྡན་པས་ང ་འཇུག་ཡིན། ། རིམ་གྱིས་མངོན་འདོད་ལེ་ལོ་ཅན།། གཡེང་བ་ཐམ་ཅད་སྤངས་ནས་ནི།། བྱང་ཆུབ་སེམས་དཔའ་ཚེ་འདི་ལ།། རྣལ་འབྱོར་བརྩོན་པས་རབ་བསྐུལ་བས།། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས།། ཡེ་ཤེས ་མངོན་དུ་བྱེད་པའམ། ། ཞག་བདུན་གྱིས་ནི་གཟི་ཆེ་ཡི།། རྣལ་འབྱོར་ཡེ་ཤེས་མཆོག་སྦྱོར་བ།། རིམ་པ་རྫོགས་པར་གནས་པའི་ལམ།། སྐད་ཅིག་ཞག་དང་ལོ་ཡི་དུས།། དུས་ནི་ཟུང་ངུས་འགྲུབ་པར་འགྱུར།། སྐྱེར ་ཚུལ་འདི་དང་པོར་བསྟན། ། མཐར་ཕྱིན་བརྟན་པར་གྱུར་པ་ཡིས།། གཉིས་པ་རྫོགས་པའི་རྣལ་འབྱོར་ཏེ།། རིམ་གཉིས་མཉམ་པར་སྦྱོར་བ་ཡིས།། རྣལ་འབྱོར་པ་ཡི་སྐུ་གསུང་ཐུགས།། རིམ་གཉིས་བླ་ན་མེད ་པ་ལས། ། གསང་གསུམ་རྡོ་རྗེ་ཐོབ་པར་འགྲུབ།། འདིར་ནི་ཡི་གའི་དབྱེ་བ་ཡིས།། སྒྲ་ལས་ཁྱད་པར་དོན་བཅོལ་བ།། རྐྱེན་དང་བྱེད་པ་སྟོན་པ་ཡི།། སྔགས་ནི་གསང་བར་བརྗོད་པ་ཡིན།། དེ་བཞིན་གཤེགས་པ་ཐམ ་ཅ་ཨད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པའི་རྒྱུད་ཀྱི་དོན་བསྟན ་པའི་ལེའུ་སྟེ་ལྔ་བཅུ་བཞི་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐུབ་པ་ཆེན་པོས་བཀའ་བསྩལ་པ།། སྐུ་དང་གསུང་དང་ཐུགས་རྡོརྗེ།། གསང་གསུམ་རྡོ་རྗེ་འཆང་བའི་བདག། སྒྱུ་མའི་སྣང་བ་ལས་འདས་ཏེ། ་རྡོ་རྗེ་གསང་བའི་ངོ་བོ་ཉིད།། མངོན་པར་བྱང་ཆུབ་མཚན་ཉིད་ཅན།། ཡེ་ཤེས་དམིགས་མེད་ངོ་བོ་ཉིད།། འདུས་པ་གསང་བ་གནས་མེད་པ།། ཡི་གེའི་ཚིག་ནི་དམིགས་མེད་པས།། དེ་ཉིད་བརྗོད་པས་རྣམ་པར་དབེན། ་དགོངས་པས་ཅད་ནི་མི་གསུང་བཞུགས།། གསང་བའི་སྐུ་མཆོག་དྲི་མ་མེད།། གཞོན་ནུས་དབང་ཕྱུག་འདིར་རྟོག་གོ།། ཡེ་ཤེས་སྐུ་ནི་མི་འགྱུར་ཞིང་།། མ་སྐྱེས་སྐྱེ་མེད་མཆོག་གི་ཡུལ།། རྡོ་རྗེ་གསུང་ནི་འགག་པ་མེད།། ་མཚན་མ་མེད་ཅིང་དྲི་མ་མེད།། འོད་གསལ་ནམ་མཁའ་ཞེས་བྱ་བ།། དེ་ཉིད་ལས་བྱུང་དེར་སྟོན་པ།། ཐམས་ཅད་དམིགས་མེད་རྟོགས་སུ་མེད།། ཡང་དག་སྣང་བ་ཀུན་རྫོབ་སྟེ།། ལེགས་པར་བཟུང་ཡང་མ་སྐྱེས་ཤིང་།། སྒྱུ་མ ་ཙམ་དུའང་དམིགས་སུ་མེད། ། ལོག་པར་ཟིན་ལས་ལྡོག་པར་འགྱུར།། དེ་ནས་འཇམ་པའི་དབྱངས་ལ་སོགས།། ཐམས་ཅད་ཀྱིས་ནི་འདི་སྐད་གསོལ།། རྡོ་རྗེའི་ཚིག་གི་ཡུལ་མིན་པ།། ཀུན་དུ་འབྱུང་བའི་དྲི་མ་ལས།། ཕྱིན ་ལོག་ལས་རྣམ་པར་འདས། ། དེ་ཉིད་བརྗོད་དང་བྲལ་བས་ན།། རྣམ་པར་དབེན་པ་སྤྲོས་དང་བྲལ།། ཐ་དད་གཅིག་ཏུ་རྟག་མི་བྱ།། དེ་ཉིད་ཅི་ཡི་སླད་དུ་ནི།། སངས་རྒྱས་ཀུན་གྱི་གསང་བ་ནི།། བྱང་ཆུབ་སེམས་སུ་གྱུར་པ་ཉིད།། སྐྱེ ་མེད་ཙམ་དུའང་མི་གནས་ལ། ། སྒྱུ་མའི་དབྱིངས་ཉིད་ལས་འདས་ཤིང་།། ངོ་བོ་ཉིད་ནི་རང་བྱུང་བ།། ཡང་དག་སྤྱོད་པར་གྱུར་པ་གང་།། དེ་བཞིན་ཉིད་དུ་གཤེགས་གྱུར་ཅིང་།། ཡེ་ཤེས་འཇུག་པས་གཤེགས་པར་མཛད།། ལྡོག ་པའི་ཁྱད་པར་རྗེས་སུ་འགྲོ། ། དེ་ཉིད་གང་གི་སླད་དུ་ན།། འཇིག་རྟེན་དབང་པོ་ལ་སོགས་པས།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། ངོ་བོ་ཉིད་ནི་མི་དམིགས་ཤིང་།། ཡེ་ཤེས་འཇུག་པ་མེད་པས་ནི།། སླར་ཞིང་ཡང་དག ་ཡུལ་འདི་ལ། ། འདི་སྙམ་དུ་ནི་རྟོག་གྱུར་ཏེ།། བདག་ཅག་སྟོན་པ་དེ་བཞིན་གཤེགས།། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི།། དེ་ཉིད་གསང་བ་ཆོས་དག་པ།། ཡུལ་དུས་མ་བྲལ་བརྗོད་བྲལ་བ།། རྟོགས་དཀར་བརྟག་པར ་དཀའ་བ་ཉིད། ། རིག་ནའང་མི་རིག་པ་ཡི་ཆོས།། གསང་བའི་ཡི་གེ་རྣམ་པར་དབེན།། ཐོག་མ་ཐ་མ་མེད་པའི་བདག། ཇི་ལྟར་རྟོག་ཅིང་སྟོན་པར་བྱེད།། དེ་ལྟར་སེམས་པར་གྱུར་པས་ན།། བསམ་པ་དེ་དག་རབ་ཤེས་པས།། ། ་གསུམ་ནི་འདི་སྐད་བཀའ་སྩལ་ཏོ།། གསང་བ་མི་འགྱུར་རྡོ་རྗེའི་བདག། འདིར་ནི་དེ་བཞིན་གཤེགས་ཀུན་ཡང་།། དེ་ཉིད་གཟིགས་པ་མེད་པས་ན།། བྲི་མ་བྱང་ཆུབ་མི་ཤེས་སོ།། ཕྲ་ཞིང་བདག་མེད་སྟོང་པས་ན།། ་ཆུབ་སེམས་དཔའ་ལྟ་ཅི་སྨོས།། དེ་ཉིད་ཅིའི་ཕྱིར་ཞེ་ན།། སྒྱུ་མ་སྐྱེ་བ་མེད་པས་ན།། རྡོ་རྗེ་མངོན་པར་བྱང་ཆུབ་པ།། ངོ་བོ་མེད་ཅིང་གནས་མེད་པ།། མི་འགྱུར་ལྷུན་གྱིས་གྲུབ་པ་ལས།། གཉིས་མེད་སྣང་བའི་ཡེ་ཤེས་འབྱུང་།། ་ལྟར་ཤིན་ཏུ་རྟོགས་དཀའ་ཞིང་།། ཀུན་དང་ཐུན་མོང་མ་གྱུར་པས།། མོས་དང་རིག་པར་ལྡན་པ་ཡི།། སེམས་ཅན་རྣམས་ཀྱིས་ཇི་ལྟར་འགྱུར།། རིགས་ཀྱི་བུ་ཞེས་སྐལ་པར་ལྡན།། སེམས་ཅན་ཆེན་པོའི་རིགས་ཅན་གྱིས།། ་བླ་མེད་མངོན་པར་བྱང་ཆུབ་པ།། སྙིང་པོ་མཆོག་ལ་གནས་པ་ཡིས།། ཚེ་འདིར་རྡོ་རྗེར་སངས་རྒྱས་སྟེ།། དེ་ཉིད་སྐུ་གསུམ་དབྱེར་མི་ཕྱེད།། རྡོ་རྗེ་ཆོས་ཉིད་དག་པའི་ཕྱིར།། སྐུ་གསུང་ཐུགས་ཀྱི་གསང་བ་ཆེ།། ཡེ་ཤེས་རྡོ་རྗེ ་གནས་ཐོབ་འགྱུར། ། དབྱངས་དང་གསལ་བྱེད་སྦས་པའི་དོན།། ཐིག་ལེ་སྲོག་གི་རྣམ་པ་ནི།། སྙིང་ཁའི་དབུས་སུ་མི་ཤིགས་པ།། གསལ་བ་ཟླ་བའི་གཟུགས་བརྙན་ལ།། སེམས་ཀྱི་རྟེན་དུ་གྱུར་པར་བརྗོད།། རྟེན་འདི་གཟུས ་བརྙན་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཆོས་སྐུ་གཉིས་སུ་མེད་པའི་ཐུགས།། ལོངས་སྤྱོད་རྫོགས་པའི་གསུང་རྡོ་རྗེ།། སྤྲུལ་སྐྲ་ཡོངས་རྫོགས་གྲུབ་པའི་འབྲས།། དབྱེར་མེད་རྡོ་རྗེ་བདེ་བ་ཆེ།། ལུས་ངག་སེམས་ནི ་སྐུ་གསུམ་དུ། ། འབྱུང་ཞིང་འཇུག་པར་མཛད་པ་གང་།། སྐུ་བཞི་ངོ་བོ་རྡོ་རྗེ་འཆང་།། དེ་ཉིད་བླ་མར་གསུངས་པས་ན།། གནས་པ་རྡོ་རྗེ་སེམས་དཔའི་སྐུ།། གང་དུའང་མི་གནས་མཉམ་པ་ཉིད།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་གསང་བ་ནི།། བདེན་གཉིས་ཡང་དག་རབ་སྦྱོར་བ།། རྒྱུ་དང་འབྲས་བུའི་ཁྱད་པར་གྱིས།། རིགས་ཅིག་ཐ་དད་མེད་པར་སྡོམ།། རྡོ་རྗེ་འཆང་ཆེན་ཉིད་དུ་ངེས།། སྐུ་གསུང་ཐུགས ་ཀྱི་སྦྱོར་བ་ཡིས། ། བླ་མེད་འབྱུང་བའི་ལུས་ཅན་ལ།། བདུད་རྣམས་འཇོམས་པར་མཛད་པ་གང་།། འཁོར་ལོའི་སྦྱོར་བ་བྱང་ཆུབ་རིམ།། ཡོངས་སུ་རྫོགས་པར་གྱུར་པ་ཡི།། ཆོ་ག་ལེགས་པར་བྱས་ན་ནི།། ་མཁའ་དབྱིངས་རྡོ་རྗེའི་མཐའ་ཀླས་པར།། ཕུར་བུ་འདེབས་པར་གདོན་མི་ཟ།། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། པུར་འདེབས་དེ་ཉིད་ལས་བྱུང་བ།། སྐུ་གསུང་ཐུགས་ཀྱི་མཆོག་སྦྱིན་པའི།། སྔགས་ཀྱང་ཉིད་དོན ་བདུས་པའོ། ། བསྐྱེད་པའི་རིམ་པ་གནས་པ་ཡི།། རབ་ཏུ་དགའ་བ་ནས་བརྩམས་ཏེ།། མངོན་དུ་གྱུར་པའི་བར་དུ་བསྐྱོད།། རིང་དུ་སོང་བ་བདུན་པ་ནས།། མིགཡོ་བ་ཡི་བར་དག་ཏུ།། སྦྱོར་བ་གསུམ་གྱིས་ངེས་པར་སྦྱང་།། ་ལས་ལ་སྦྱོར་བས་བརྒྱད་པའོ།། སྣང་བ་གསུམ་ལ་ཞུགས་པ་དག། ས་བརྟུ་ལ་ནི་ངེས་གནས་པ།། རང་བཞིན་བརྒྱད་དང་དྲུག་བཅུ་པོ།། འོད་གསལ་བ་ལ་ཐིམ་གྱུར་པས།། སྦྱང་བྱ་སྤྱོང་བྱེད་གཉིས་ལ་ནི།། ་བཅུ་གཅིག་བཅུ་གཉིས་བདེ་གཤེགས་པ།། དེར་གནས་བདེ་བ་ཆེན་པོ་ཡི།། བཅུ་གསུམ་རྡོ་རྗེ་འཛིན་ལ་གནས།། ཀོ་ཊ་ཀཱ་ཞེས་གྱེན་དྲ་ནུ་བའི་རླུང་།། དད་པའི་དབང་པོ་མི་ཕྱེད་གྱུར་པ་སྟེ།། ཚེ་ལ་དབང་བ་སྟོབས ་བཅུའི་མཆོག་གྱུར་གང་། ། གནས་དང་གནས་མ་ཡིན་པ་མཁྱེན་པར་བརྗོད།། ཀོ་ཊ་ཝཀྟ་ཐུར་དུ་སེལ་བ་ཉིད།། བརྩོན་འགྲུས་དབང་པོ་རྩོམ་པའི་མཆོག་ཡིན་ཏེ།། བྱང་ཆུབ་སེམས་ལས་དབང་པོ་ལྷ་ཡི་གཙོ།། མོས་པ ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བརྗོད། ། ཀོ་ཊ་ཝ་དྷ་མེ་དང་མཉམ་གནས་པ།། ཆོས་ཀུན་རྩ་བ་སྙིང་པོ་སྲོག་ཡིན་ཏེ།། མི་བརྗེད་དྲན་པའི་དབང་པོ་སེམས་ལ་དབང་།། བསམ་གཏན་ཉིད་དང་ཏིང་འཛིན་མཁྱེན་སྟོབས ་གྱུར། ། ཀོ་ཊ་བ་ཤ་སྲོག་འཛིན་དྲུང་གྱུར་པས།། མཉམ་བཞག་ཏིང་འཛིན་དབང་པོ་དང་ལོངས་སྤྱོད།། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་དང་།། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཞེས་བརྗོད།། ཀུ་ཏི་དར ་ཁྱབ་བྱེད་དྲུང་དུ་གྱུར། ། ཆོས་རྣམས་འབྱེད་པ་ཤེས་རབ་དབང་པོ་སྟེ།། སྐྱེ་བ་ལ་དབང་ཀུན་ནས་ཉོན་མོངས་དང་།། རྣམ་པར་བྱང་བ་མཁྱེན་པའི་སྟོབས་ཞེས་བརྗོད།། ཀོ་ལ་ཊཀྵ་འདི་ནི་རྒྱུ་བའི་རླུང་།། སྤྱོད་ཡུལ་དད་པའི་སཊ། ་དང་ལྡན་པ་ལས།། རྫུ་འཕྲུལ་པ་དང་ལས་ཀྱི་འཇུག་པ་དང་།། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས།། ཀོ་ལ་བྷྱ་ཞེས་རབ་ཏུ་རྒྱུ་བ་སྟེ།། རྒྱུན་ཆད་མེད་པ་བརྩོན་འགྲུས་སྟོབས་མཆོག་གྱུར།། མོས་པ་ལ་དབང ་འབྱུང་འཇུག་ཕྲིན་ལས་ལ། ། ཐམས་ཅད་ཉིད་དུ་སོན་པའི་ལས་མཁྱེན་སྟོབས།། ཀོ་ལ་ལོ་བྷ་མངོན་པར་རྒྱུ་བ་ཉིད།། ཟུངས་འགྱུར་དྲན་པའི་སྟོབས་ལས་རྡོ་རྗེ་ཆེ།། ཞིང་ཁམས་སྦྱོང་བའི་སྨོན་ལམ་གནས་མཁས་པ།། ་སྔོན་གྱི་གནས་རྣམས་མ་ལུས་མཁྱེན་པར་བརྗོད།། ཀོ་ཊ་བྷཾ་ཞེས་ཁྱད་པར་རབ་རྒྱུ་བ།། དྲི་མེད་ཏིང་འཛིན་སྟབས་ནི་རྩལ་ལྡན་པ།། ཡེ་ཤེས་ལ་དབང་ཕུན་སུམ་ཚོགས་པའི་ཡུལ།། འཆི་འཕོ་བ་དང་སྐྱེ་བའི་གནས ་སྟོབས་གྱུར། ། ཀོ་ལ་ཏ་ཐ་ན་ཞེས་ཀུན་དུ་རྒྱུ།། ཤེས་རབ་སྟོབས་ལྡན་ཆོས་ལ་དབང་བ་གང་།། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཡིན་ནོ།། འདི་དག་གནས་ཞེས་མཉམ་བཞག་སྤྱོད་པ་ཅན།། ཉེ་བའི་གནས་ཞེས་མཉམ ་ལོངས་སྤྱོད་པའི་ཡུལ། ། ཞིང་ནི་དབང་པོ་ལྔའི་ཡུལ་ཉིད་དེ།། ཉེ་ཞིང་འདོད་ཡོན་རྡོ་རྗེའི་སྤྱོད་ཡུལ་གང་།། ཚན་དྷོ་དཀྱིལ་འཁོར་དང་ལ་རྫོགས་པའི་གནས།། ཉེ་ཆན་བརྟན་གཡོ་དཀྱིལ་འཁོར་འཁོར་ལོ་ཡི།། ་འདུས་བྱང་ཆུབ་སེམས་ཀྱི་རྡོ་རྗེར་འགྱུར།། ཉེར་འདུ་ཚད་མེད་བཞི་ལྡན་རང་བྱུང་བ།། དུར་ཁྲོད་བདེ་ཆེན་ལྡན་ཅིག་རོལ་པ་ཆེ།། ཉེ་བའི་དུར་ཁྲོད་ཡེ་ཤེས་རྒྱས་པར་འགྱུར།། གནས་བཅུ་འདི་དག་གསང་འཛིན ་ངའི་ཡུལ། ། ས་བཅུའི་དབང་ཕྱུག་ཕྱག་རྒྱ་ཆེན་པོའི་དང་།། གཅིག་དང་དུ་མར་དམིགས་མེད་བདེ་བ་ཆེ།། ཆོས་དང་ཆོས་ལས་བྱུང་བའི་ཡུལ་མི་དམིགས།། ཀོཊཀྵ། ཀཽ་ཊ་ཝཀྵ། ཀོ་ཊ་ཝདྷ། ཀོ་ཊ་བ་ཤ། ཀཱ་ཏིང ་ཀོ་ལ་ཊཀྵ། ཀོ་ལ་བྷུ། ཀོ་ལ་ལོ་བྷྱོ། ཀོཊབྷྲི། ཀོ་ལ་ཏ་ཐཱན།། བཅོམ་ལྡན་མགོ་པོ་རྡོ་རྗེ་འཛིན།། ཁྱོད་ནི་གླང་པོ་ལྟོ་བ་ཆེ།། ཁྱོད་ནི་བཟང་པོའི་རྒྱུན་དང་ལྡན།། ཁྱོད་ནི་རྣམ་པར་གདོན་པ་ཡིན།། ཁྱོད་ན ་རིན་ཆེན་འབྱུང་གནས་གཙོ། ། ཁྱོད་ནི་བདེན་པའི་འདྲེན་པ་ཡིན།། ཁྱོད་ནི་གཟུགས་སྡུག་ཡིད་འཕྲོག་ཡིན།། ཁྱོད་ནི་མཇོམས་པ་ཅིང་ཡང་སྣང་ཁྱོད་ནི་མེ་ལྕེའི་འཕྲེང་བ་ཅན། ཁྱོད་ནི་གནས་ལ་སྐྱོ་བ་མེད་། ཁྱོད་ནི་ཡིད་བཞིན ་ནོར་བུ་སྟེ། ། ཁྱོད་ཀྱི་སྐུ་ནི་མཛེས་པར་བསྟན།། རྒྱ་མཚོ་བླ་ན་མེད་པ་སྟེ།། བསྟོད་པའི་མཆོག་ཏུ་གྱུར་པའོ།། རྡོ་རྗེ་ངེས་པར་སྟོན་པའི་གསང་བ་གཅིག་ཏུ་བསྡུས་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་གང་ལས་བླ་མེད་དཀྱིལ་འཁོར་རབ་གསལ་བ།། རྒྱུད་རྣམས་མ་ལུས་པ་ལ་ཁྱབ་པ་དང་།། ཆོས་ཀུན་ལ་ནི་འདི་ཡིས་རྒྱས་བཏབ་པས།། འདུས་པ་རྩ་བར་གསུངས་པ་དོན་བསྟན་པའོ།། སྙིང་པོའི ་ཟེར་དཔག་མེད་ལས་སྤྲུལ་པའི། ། ཐུབ་པས་རབ་རིབ་ཀུན་དུ་ངེས་བསལ་ནས།། མ་ལུས་སེམས་ཅན་སངས་རྒྱས་རྫོགས་བྱས་ཏེ།། གསང་སྔགས་རིག་པའི་ནང་དུ་ཆུད་པར་བྱ།། གཟུགས་ལ་སོགས་པའི ་རྣམ་པ་མ་གཏོགས་པའོ། ། འཛིན་པ་དེ་ནི་དངོས་སུ་མཐོང་མི་འགྱུར།། བཟུང་བ་དག་ཀྱང་ཅུང་ཟད་ཡོད་མིན་ལ།། གཞན་པའི་དྲ་བ་ཡིས་ཀྱང་མཐོང་དུ་མེད།། འཁྲུལ་པའི་ཤེས་རབ་བྱ་བ་གང་ཡང་མེད།། ་ཡོངས་སུ་འཛིན་པ་ཡོད་པར་མ་མཐོང་སྟེ།། གཅིག་ཅར་སྐྱེ་བཞིན་པ་ནི་གཟུགས་མཆོག་ཡིན།། འདི་དག་འཛིན་པ་པོ་ནི་ཡོད་པ་མིན།། དཀར་དམར་ལ་སོགས་གང་ཞིག་མཐོང་བ་རྣམས།། དེ་ཉིད་དུས ་གཞན་དག་ཏུ་མཐོང་མི་འགྱུར། ། འདི་དག་གཅིག་ལ་གཅིག་གི་འགལ་སྣང་ཕྱིར།། རྟག་ཏུ་འཁྲུལ་པའི་ཤེས་པ་དག་དང་མཚུངས།། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན།། གཟུགས་ལ་སོགས་པ ་འདི་གཅིག་མ་ཡིན། ། རྡུལ་ཕྲན་རྣམས་ཀྱང་སྣང་བ་མ་ཡིན་པས།། དུ་མའི་གཟུགས་སུ་མིན་པའང་དེ་དང་འདྲ།། རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི།། ཕྲར་བ་དུ་མ་འདུས་པར་མ་གྲུབ་པས།། དབང་ཆེན་ཀྱིས་འཇུང་། ་ལ་སོགས་པ་ཡིས་གཟུགས།། བསགས་པ་འགལ་ཡང་འདིར་ནི་མེད་པར་འགྱུར།། དེ་བས་འཛིན་པ་པོ་ལ་སོགས་བྲལ་བས།། རང་རྒྱུན་ལ་སོགས་བཏགས་པའི་ངོ་བོ་ཉིད།། བསྟན་དང་གཡོ་བའི་དངོས་རྣམ ་མ་ལུས་གང་། ། དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པ་ཡིན།། བདག་དང་བདག་གི་རྔ་པ་ནོག་རྒྱུན་གྱིས་ནི།། ངོ་བོ་དག་གིས་དེ་ནི་འཁོར་བ་སྟེ།། དག་པ་ཕྱིན་ཅི་ལོག་དང་བྲལ་བ་ཡི།། ངོ་བོ་ཙམ་ནི་རྣམ་པར་རྟགས ་གྱུར་པ། ། སྲིད་དང་ཞི་བ་ཡི་ནི་མཚན་ཉིད་འདིར།། ཆོས་ཉིད་ཀྱིས་ནི་དབྱེ་བ་གང་ཡང་མེད།། གང་ཕྱིར་གཟུང་བ་ལ་སོགས་རྣམ་པ་དང་།། བྲལ་བར་ཐམས་ཅད་ཏུ་ནི་རྟག་ཏུ་བསྒྲུབ།། སོ་སོར་སྣང ་རང་བཞིན་ཀུན་རྟོག་ལས། ། ཐམས་ཅད་ཀྱང་ནི་ཅི་ཡང་ཡོད་མ་ཡིན།། ཆོས་རྣམས་སེམས་ལས་གཞན་པ་ཡོད་མིན་པས།། བདག་དང་བདག་གིར་བཏགས་པ་མ་གྲུབ་པས།། གང་ཞིག་གཟུགས་ལས་སོ ་སོར་ཞུགས་གྱུར་པ། ། དེ་ཡི་བདག་ཉིད་གང་ཡིན་དེ་ཉིད་གཟུགས།། དེ་བས་ཐམས་ཅད་ཁྱད་པར་མེད་པའི་བློས། དངོས་པོ་ཐམས་ཅད་ཁྱད་པར་མེང་བར་བརྟག། སྣང་བར་གྱུར་པའི་ཡུལ་རྣམས་གང་ཡིན ་དང་། གང་ཞིག་རྟོག་པའི་གནས་སུ་གྱུར་པ་རྣམས།། དེ་དེ་གཉིས་སུ་སྦྱོར་དང་བྲལ་བས་ན།། དེས་ན་རྣམ་པར་དབྱེ་བ་དུ་མས་མིན།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་དབྱངས་ཀྱི་བརྗོད་པ་རྣམ་པར་དག་པ་རྡོ་རྗེ ་ཚུལ་ལས་འཐུང་བའི་གནས་འདི་ཡང་གསུངས་སོ། ། དང་པོ་ཨ་ནས་བརྩམས་ནས་ཨཿཡི་མཐར།། བཅུ་གཉིས་དབྱངས་ནི་གསུང་རབ་ཡན་ལག་གྱུར།། ཨ་གང་དུ་མདོ་ཙམ་གྱི་རི་སྤྱི་ཡི་དོར།། རྣམ ་པར་བསྡུས་ནས་སྟོན་པ་མད་ཡ་སྭ། ། ཨཱ་ཆོས་རྣམས་ཐམས་ཅད་ཀྱི་དང་བྱེ་བྲག་གི། རྣམ་པ་ཡིག་ཐ་སྙད་གསལ་བར་གྱུར།། དེ་ནི་ཚིགས་སུ་བཅད་པར་བརྗོད་བྱེད་པ།། རྒྱས་པར་དབྱེ་བ་དང ་ཀྱིས་བཀད་པའི་སྡེ། ། མི་ཆོས་རྣམས་རྒྱ་རྒྱན་འབྲས་བུ་དངོས་པ་རྣམས།། བྱིན་ཙམ་ལོག་ཡང་དག་སྟོན་བྱེད་པ།། མ་འོངས་པན་འདི་ལས་འདི་འབྱུང་བ།། ཐམས་ཅད་སྟོན་པ་ལུང་དུ་སྙན་པའི་སྟེ།། ཨཱཿ ་ཡན་ལག་འབྲེལ་བར་བཅས་པའི་ཚིག། ཚིགས་སུ་བཅད་པར་སྟོན་པ་འདི་ཡང་སྡེ།། ཨུ་ཐུབ་པ་དང་གནས་དང་དུས་དག་གི།། ཡི་རས་དགའ་བས་རྒྱས་པས་ཆེད་བརྗོད་དེ།། སྱཱང་ལྟར་གནས་དངས་འོས་ཆུང ་བ་དང་། ། རང་བཞིན་བཅས་པ་སྟོན་པ་གླེང་བཞིའི་སྡེ།། ཨེ་བདག་དང་གདུལ་བྱ་གཞན་དང་གཞན་དག་གིས།། སྐྱེ་བ་སྔོན་དང་ཚེ་རབས་ཐམས་ཅད་དུ།། གནས་དང་གནས་ཀྱི་གཏན་ཚིགས་སྤྱོད་པ་ཡི།། འདི་ལྟར ་འབྱུང་བའི་སྡེ་ཞེས་བསྟན་པའོ། ། ཨོཾ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ལས།། ཀུན་དུ་དོན་སྤྱོད་བཞིས་བསྡུས་སྐྱེས་རས་ཏེ།། ཨོཾ་ལམ་དང་འབྲས་བུ་ཟབ་དང་རྒྱ་ཆེ་ལས།། མ་རྒྱས་སྤྲོས་པ་ཤིན་ཏུ་རྒྱས ་སྡེ། ། ཨོཾ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་།། འཕགས་པ་རྣམས་ཀྱི་ཁྱད་པར་གྱུར་པ་ཡི།། ལྷ་སྤྱོད་ཆོས་ཀྱིས་འདུལ་བ་ལམ་སྟོན་པ།། རྨད་ཏུ་བྱུང་བའི་སྡེ་ཞེས་བསྟན་པ་ཡིན།། ཨཾ་ཆོས་ཀྱི ་གནས་ལུགས་གཉིས་སུ་མེད་པ་ཉིད། ། ངེས་པར་འབྱེད་པ་གཏན་ལ་ཕབ་པའི་སྡེ།། ཨཿགསང་བའི་སྤྱོད་ཡུལ་ཕ་རོལ་ཕྱིན་པ་ཡི།། བདེན་གཉིས་དབྱེར་མེད་སྟོན་པ་མཆོག་གི་སྡེ།། བདེ་བར་གཤེགས་པ་ཐམས ་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཀ་ལ་ཀུ་ཊ་ཏ་ཀ་ཞེས་པ་ནི་འབྱུང་བའི་སྒོ་ཡིན་ཏེ།། ལ་ཞེས་བྱ་བ་གང་ཡང་བླང་དོར་གཉིས།། ཀུ་ནི་གདུག་པ་ཅན་གང ་ཕྱོགས་གནས་པ། ། ཊ་ཏ་ཞེས་གནོད་རབ་ཏུ་ཞི་བར་བྱེད།། ཕྱོགས་བཅུ་ཀུན་དུ་ཡང་དག་པ་དང་ནི།། ཡང་དག་མ་ཡིན་འཇིག་རྟེན་འདས།། དངོས་པོར་འཛིན་པའི་གདོན་ནི་ཕྱི་ནང་གང་།། གནས་པ་འདི་ནི་ས་གསུམ་ཀུན་དུ་རྒྱུ། ་གསང་བར་བྱ་བ་ཕྱོགས་བཅས་ཕྱོགས་མེད་པ།། ཁྲོ་རྒྱལ་ཡུམ་བཅས་རོལ་པས་རབ་ཏུ་འཇོམས།། དངོས་པོར་འཛིན་པའི་གདོན་བཅུ་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། གསང་བའི་ཚུལ་ནི་སྤྱི་དང་ཁྱད་པ ་ཏེ། ། མཆོག་ཏུ་གསང་བ་ཆེན་པོའི་ཚུལ་གྱིས་ནི།། མངོན་པར་བྱང་ཆུབ་ལྔས་གྲུབ་དང་པོ་སྟེ།། ཐབས་དང་ཤེས་རབ་གཅིག་བསྡུས་གླེང་གཞིར་བརྗོད།། རིག་པའི་དབང་དང་དཀྱིལ་འཁོར་དེས་བྱས་པ།། འབྲས་བུ ་ཉེའགྲུས་སྤྱོད་པའི་ཚུལ་བསྟན་པའོ། ། མི་རུ་འཁྲུངས་པ་དང་པོའི་ཚུལ་ངེས་སྡེ།། རབ་ཏུ་བྱུང་བ་ངེས་པ་གཉིས་པའི་ཚུལ།། འདུལ་བའི་སྡོམ་པ་ངེས་པ་གསུམ་བརྗོད་པས།། ཟབ་མོའི་ཏིང་འཛིན་བསྟན་པ ་ཚུལ་བཞི་པོ། ། ཕྱི་ནང་གསང་བའི་སྤྱོད་པ་ཐུབ་པ་ཡི།། དེ་ཉིད་བླ་ན་མེད་པ་བསྟན་པ་ཡིན།། ཁ་སྦྱོར་ལས་བྱུང་གཟུགས་ནི་དེ་སོང་ཡིད་བསྒོམས་ན།། གསོ་བར་དཀའ་བའི་ནང་ཚོགས་ཐམས་ཅད་འཕྲོག་བྱེད ་ཅིང་། ། འོ་མའི་རྒྱུན་ནི་བབ་པས་ཐུགས་ནི་བརྙེས་མཛད་པའི།། འཆི་བའི་དུས་ལ་བབ་པ་དྲག་པོ་ཀུན་ཀྱང་རབ་ཏུ་འཇོམས།། འཆི་བདག་འཇོམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ།། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་རྡོ་རྗེ་འཛིན་པ་དཀྱིལ་འཁོར་ཆེན་པོ་རབ་ཏུ་སྡུད་པ་དང་སྤྲོ་བའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། བྱང ་ཆུབ་ཀྱི་སེམས་རྡོ་རྗེ་མཚུངས་པ་མེད་པ། ། རྟག་ཏུ་མེད་པ།། བལྟར་མེད་པ།། དཔྱད་ཏུ་མེད་པ།། ལྡན་པ་མེད་པ།། མི་ལྡན་པ་མེད་པ། སྣང་བ་མེད་པ།། དཔེ་མེད་པའི་རང་བཞིན་ལ་ཡོངས་སུ་གནས་སོ།། དེ་ནས་དེ ་བཞིན་གཤེགས་པ་ཐམས་ཅད་འདི་སྐད་ཅེས་གསུངས་སོ། ། ཡོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ།། ལུས་དང་ངག་དང་།། སེམས་དང་། ཆོས་ཐམས་ཅད་དང་། རྡོ་རྗེའི་གནས་ཀྱི་དམ ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ངོ་བ་ཉིད་ཅིག་པ་ཕྱིར་འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ། ། ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་དེ་དག་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར ་མེངས་སོ་མ་ཡིན་ཐ་མི་དད་དོ། ། དབྱེར་མི་བྱེད་པ་རྡོ་རྗེའི་གནས་ཡིན་པའི་ཕྱིར་རོ།། འདིར་ནི་ཡང་དག་བསྡུས་པར་གྱུར་པ་ཡི།། རིགས་ཀྱི་དཀྱིལ་འཁོར་བླ་མེད་བསྟན་པ་ཡི།། སྙིང་པོ་ཡོངས་སུ་བསྡུས་པ་རྡོ་རྗེ ་འཆང་། ། དེ་ཉིད་དཀྱིལ་འཁོར་ཚུལ་ནི་བསྟན་པ་ཡིན།། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་འགྱུར་ཞིང་།། འཇིག་རྟེན་སྐྱེ་བོ་དམ་པ་ཕྲང་རྙེད་དཀའ།། དེ་བས་ཐབས་དང་ཤེས་རབ་ལ་གཞོལ་བའི།། ཡིད་ལ་བྱེད་པ་མཆོག་དེ ་བསྒྲུབ་པར་བྱ། ། དེ་ལ་ཐོག་མར་རེ་ཤིག་བསྟན་པ་ཡི།། སངས་རྒྱས་ཐེག་པ་བསམ་པ་རིམ་འཇུག་སྟེ།། རྡོ་རྗེ་འཛིན་པ་སྙིང་རྗེའི་སྟོབས་ཀྱིས་ནི།། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་།། གཏོང་བ་ལ་སོགས ་ཡོན་ཏན་རྣམས་ཀྱིས་བརྒྱན། ། ཟབ་མོའི་ཚུལ་དག་ལ་ནི་རབ་ཏུ་མོས།། དཔལ་ལྡན་འདས་པར་དཀྱིལ་འཁོར་ཆེན་པོ་ནི།། རང་ཉིད་དབང་བསྐུར་ཕུན་སུམ་ཚོགས་ལྡན་པའི།། ཚེ་ག་རིམ་བཞིན་རྗེས་གནང་ཐོབ་པ་ཡི ་ཐོ་དང་ལྡན་པས་གསང་སྔགས་བསྙེན་པར་བྱ། ། ལ་ལར་དྲི་མེད་ཆུ་ནི་ཕྲན་ཚོགས་ཤིང་།། འབྲས་ལྡན་ལྗོན་ཤིང་མཛེས་པས་རྣམ་བརྒྱན་པའི།། རི་བོའི་ཚང་ཚོང་གནས་སུ་བཅོམ་ལྡན་འདས།། དཔལ་ལྡན་རྡོ་རྗེ་འཛིན ་པ་བསྒྲུབ་པར་བྱོས། ། དང་པོར་ཐོ་རངས་སྙིང་ཁར་ཟླ་དབུས་སུ།། འོད་ཟེར་རབ་འཕྲོ་དྲི་མེད་ཡི་གེ་ཧཱུཾ།། དཔལ་མཆོག་དེ་ཉིད་རྣམ་བཀོད་བརྩེར་ལྡན་པའི།། ཁ་གདོང་ལ་སོགས་ཤིན་ཏུ་དག་པར་བྱ།། ཙན་དན་དྲི་ཞིམ ་བྱུག་པས་ལེགས་བྱུགས་ཤིང་། ། བཟང་པོའི་མེ་ཏོག་སིལ་མ་གཏོར་ནས་ཀྱང་།། སྟོང་ཉིད་ཡེ་ཤེས་མཆོག་གིས་ཡི་ཆར།། རིམ་གྱིས་བསྐྱེད་པ་རྫོགས་ཚུལ་ལྡང་བ་ནི།། དེ་འོག་ཧཱུཾ་ཡཾ་དཔལ་བཅས། ་ཧཱུཾ། རྡོ་རྗེའི་ས་གཞི་དཀྱིལ་འཁོར་ཁ་དོག་དང་།། དབྱིབས་དང་མཚན་མའི་བྱེ་བྲག་འབྱུང་བ་ནི།། ཤིན་ཏུ་གསལ་ཞིང་དག་པར་རྣམ་པར་བསམ།། ཀུན་བཟང་ལས་བྱུང་བསམ་པར་བྱ་བ་ནི།། སྟོན་ཀའི་ཟླ་བ་ལྟ་བུར ་ཀར་བ། ། མཐའ་ཡས་ཕྱོགས་གནས་སྣ་ཚོགས་འོད་དང་ལྡན།། གྲུ་གསུམ་གྱེན་དུ་གནས་པའི་ངོ་བོ་ནི།། ནམ་མཁའ་རང་གི་ངོ་བོ་རང་རིག་པ།། ཆོས་ཀྱི་འབྱུང་གནས་བྷ་གའི་པད་མ་ཉིད།། དེ་ཡི་དབུས་སུ་རིག་འཛི ་དབང་པོ་དང་། ། བྱིན་ཟ་གཞོན་ནུ་བདག་མོའི་རང་བཞིན་ཅན།། སོ་སོའི་བྱེ་བྲག་གཞི་ཡ་ཁྱད་པར་བསམ།། དེ་སྟེང་རི་ཡི་རྒྱལ་པོ་ལྷུན་གྲུབ་པ།། གྲཝ་བཞི་ཟུར་ལྡན་མཛེས་པའི་བགམ་བཅས།། རིན་ཆེན་བཞིས་སྐྱེས་བྱོག ་ཀྱི་འོད་ཀྱིས་ཁྱབ། ། གཏར་མཆོག་ཡོན་ཏན་རྒྱས་པའི་བདག་ཉིད་གནས།། དེ་སྟང་དཔད་མ་སྣ་ཚོགས་རྡོ་རྗེས་མཛེས།། དེ་དབུས་ཧཱུཾ་ལས་བྱུང་བའི་འཁོར་ལོ་ནི།། རྩིབས་བཅུ་གསེར་གྱི་རང་བཞིན་མུ་ཁྱུད་ལྡན།། དེར་ནི། ་བདག་ཉིད་དབུས་སུ་གནས་པ་ཡི།། དཔལ་ལྡན་ཞེ་སྡང་རྡོ་རྗེར་གནས་ནས་ནི།། དེ་ཡི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་ལ།། གནས་པའི་ཡི་གེ་ཧཱུཾ་ལས་སྤྲོས་པ་ཡི།། ར་བཅུ་ལས་ནི་ཉི་མའི་དཀྱིལ་འཁོར་དང་།། དེ་སྟེ ་ཧཱུཾ་བཅུར་རབ་འཕྲོས་ཁྲོ་བོ་བཅུ། ། ཞལ་ཕྱིར་གཟིགས་ནས་ཕྱོགས་བཅུའི་གདོན་ལ་ཡང་།། གཙོ་བོའི་བཀའ་བསྒོའི་དོན་དུ་ཕུང་བུ་ཡིས།། ལུས་ངག་ཡིད་ལ་བརྡབས་དང་བརྡུངས་པར་གྱུར།། འདི་ནི་བགེགས་ཀུན་འད ་བར་མི་ནུས་པའི། ། བསྲུང་བ་ཆེན་པོ་ཡོངས་སུ་བསྡུས་པ་ཡིན།། རྡོ་རྗེའི་ས་གཞིར་བ་དྲ་བ་གུར་དང་ནི།། པད་མ་འཁོར་ལོ་རྡོ་རྗེའི་གླི་དེ་དང་།། ཕྱོགས་བཅུར་མེ་ག་དོད་འབར་བ་རྒྱས་པ་ཡིན།། མེ་འོད་འབར་བས་ཀུན་ནས ་འཁྲིགས་པ་གང་། ། རྡོ་རྗེ་ཕུར་བུ་བཅུ་ཕྲག་གསུམ་དག་གིས།། རྡོ་རྗེའི་ཐོ་བ་འབར་བས་བརྡུངས་པ་ཡིན།། འདི་ནི་བསྲུང་བའི་དཀྱིལ་འཁོར་ཚད་མེད་པ།། བར་ཆད་ལས་རྒྱལ་བདུད་རྣམས་འཇོམས་པ་ཡིན།། ་སྐད་ཅིག་དེ་ལས་རང་ཉིད་མི་དམིགས་པར།། ཡོངས་སུ་བསྡུས་ཏེ་བྷྲཱུཾ་ལས་བྱུང་བ་ཡི།། རྣམ་པར་སྣང་མཛད་རྒྱལ་བའི་སྐུ་ལྟ་བུ།། ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི།། ཟེར་གྱིས་ཕྱོགས་མཚམས་མ་ལུས ་ཀུན་དུ་ཁྱབ། ། མི་མཉམ་བདག་མེད་བྱིར་དུ་ཟུར་བཞི་མཉམ།། དྲན་དང་དབང་པོ་མཆོག་བཞི་སྒོ་རྣམས་ཡིན།། བསམ་གཏན་བཞི་པོ་དག་ནི་ཏ་བབས་དང་།། ཏིང་འཛིན་པ་ཁྱེར་གྱིས་ནི་ཀུན་ནས་བསྐོར།། ཁ་ཁྱེར་མདའ་ཡབ ་རྟེན་པའི་མཆོད་པའི་རྟེན། ། དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན།། སྣ་ཚོགས་རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ།། གང་བྱིར་འགྲོ་བའི་བསམ་པ་ཀུན་རྫོགས་པའོ།། རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་།། ་དྲིལ་བུ་སྒྲ་སྒྲོགས་ཕྱོགས་བཅུ་ཀུན་ཁྱབ་པ།། གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ།། གདུལ་བྱ་ཐམས་ཅད་ལ་ནི་སྤྱོད་པའོ།། རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་།། མེ་ལོང་དྲ་བ་དྲི་བྱེད་མེ་ཏོག་གི། ཕྲེང ་བ་སྣ་ཚོགས་ཀྱིས་བརྒྱན་མཉམ་པ་མེད། ། ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི།། ཡན་ལག་དྲི་ནི་མེ་ཏོག་ཕུན་སུམ་ཚོགས།། ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ།། རྣམ་ཐར་བརྒྱད་པོ་རྣམ་པར་དག་པ།། ་རྡོ་རྗེའི་གདུང་དང་ཡང་དག་ལྡན་པ་ནི།། རེ་མིག་ཕོ་བྲང་དབུས་ཀྱི་མཚན་ཉིད་དེ།། རྡོ་རྗེ་འདོད་ཡོན་རྣམ་བུས་ཡོངས་འཁོར་བ།། གྲུ་ཚང་རིམ་གཉིས་ལྷ་སྣམ་ནད་སྐོར་ཡངས།། པ་ཉ་ཙ་རེག་ཡེ་ཤེས་ལྔ་ལྡན་པའི། ་དེ་རྗེའི་བརྩིག་པ་མ་འདྲེས་གསལ་བ་ལས།། ཕྱི་ནང་མེད་པར་ཤེལ་སྒོ་དངས་པ་ལྟར།། དག་ཅིང་དྲི་མེད་ཡེ་ཤེས་ཕོ་བྲང་སྟེ།། རིན་ཆེན་ཕ་གུ་སྣ་ཚོགས་འཕྲོས་སྤྲས་ཤིང་།། དྲ་བ་དྲ་བ་བྱེད་པའི་དོ་ཤལ་ཅན།། རྟ་བབས ་ཆོས་ཀྱི་འཁོར་ལོ་རི་དགས་བཅས། ། བྱམས་སོགས་ཚད་མེད་གདུགས་ཀྱིས་ཁྱབ་པ་ཡི།། རྩེ་མོ་རིན་ཆེན་བུམ་པས་བསྡུས་པ་ཉིད།། ཐེག་མཆོག་གཅིག་ཏུ་ངེས་པར་བསྡུས་པ་སྟེ།། ཚད་མེད་མུ་ཏིག་རྡོ་རྗེའི ་བ་དང་། ། མེ་འོད་ཕྲེང་བ་ཁྲིགས་པའི་རང་བཞིན་ཅན།། ཆུ་སྐྱེས་གེ་སར་དུ་མའི་རྣམ་པ་ཅན།། རིགས་ཀྱི་ཡེ་ཤེས་བླ་མེད་བརྒྱན་པ་ཡི།། རྡོ་རྗེ་ཐག་ཆོས་འཁོར་ལོ་རབ་བསྐོར་བའོ།། བླ་མེད་མཐའ་ཡས་འདོད་ཡོན ་རིག་མ་ཡི། ། ལྷ་མོ་བཅུ་དྲུག་དག་གིས་ཡོངས་སུ་བསྐོར།། སྟོང་ཉིད་ཤེས་རབ་རང་བཞིན་དོ་བོ་ཡིས།། གཟུགས་སོགས་ཡུལ་རྣམས་རྣམ་དག་ཕ་རོལ་ཕྱིན།། རྗེས་སུ་དྲན་པའི་མཆོད་པས་ཉེར་རྒྱན་པ། ་ཆོས་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་ཡིན།། སྣ་ཚོགས་པད་མའི་ཟེའུ་འབྲུར་ལེགས་གནས་པའི།། ཉི་ཟླའི་མགོན་བཅས་ལྔའི་གནས་རྣམས་དང་།། རིན་ཆེན་མ་ལུས་པ་ཡིས་ནམ་སྨྲས་པའི།། གཞལ་ཡས ་ཁང་པ་དེ་ལྟར་བསམ་པར་བྱ། ། དེ་ཡི་དབུས་སུ་རྡོ་རྗེ་འཛིན་པ་ནི།། དཀྱིལ་འཁོར་ལྷ་ཚོགས་འབྱུང་བ་ཐམས་ཅད་ཀྱང་།། སྐད་ཅིག་གཅིག་ལས་སྐྱེས་པའི་བདག་ཉིད་དེ།། དཔལ་ལྡན་གསང་བའི་རྒྱལ་པོ་རྡོ་རྗེ་འཛིན།། ་འོད་བཅས་པའི་རིག་མས་འཁྱུད་པ་ནི།། ཞལ་གསུམ་ཕྱག་དྲུག་རུང་དང་ཀུན་དྷ་ལྟར།། རིན་ཆེན་དུ་མས་སྤྲས་པའི་སྐུ་མཆོག་ཅན།། རྣམ་པར་སྣང་མཛད་ཤར་དུ་རྣམ་པར་གནས།། དཀོན་མཆོག་དཔལ་ལྗོན་པའོད། ་དཔག་ཏུ་གནས།། གདོན་མི་ཟ་བ་བྱང་གི་ཕྱོགས་སུའོ།། ཤར་ལྷོའི་གྲུར་ནི་ལྷ་མོ་སྤྱན་མ་དང་།། ལྷོ་ནུབ་གཱར་ནི་མཱ་མ་ཀཱི་མཆོག་དང་།། ནུབ་བྱང་གྲུར་ནི་ལྷ་མོ་གོས་དཀར་མོ།། བྱང་ཤར་གྷ་ར་ནི་ལྷ་མོ་སྒྲོལ་མ་སྟེ། ་ཤར་ལྷོ་གཟུགས་དང་ལྷོ་ནུབ་སྒྲ་རྡོ་རྗེ།། ནུབ་བྱང་དུ་ནི་དྲི་ཡི་ལྷ་མོ་དང་།། བྱང་ཤར་མཚོམས་སུ་རོ་ཡི་ལྷ་མོ་དག། མཁས་པས་རིམ་པ་བཞིན་དུ་བསམ་པར་བྱ།། བྱམས་པའི་མགོན་པོས་ཡི་སྙིང་པོ་དག། ཤར ་སྔམ་བུ་དག་ལ་ལེགས་པར་འདོད། ། གསང་བ་འཛིན་དང་ནམ་མཁའི་སྙིང་པོ་ནི།། ལྷོ་ཡི་སྣམ་བུར་གནས་པའི་སེམས་དཔའོ།། འཇིག་རྟེན་དབང་ཕྱུག་དང་ནི་འཇམ་པའི་དབྱངས།། ནུབ་དུ་རྣལ་འབྱོར་མ། ་བས་བསམ་པར་བྱ།། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་།། ཀུན་དུ་བཟང་པོ་བྱང་གི་སྣམ་བུར་དགོད།། གཤིན་རྗེག་ཤེད་པོ་ཤར་སྒོར་གནས་པར་བྱ།། གཞན་གྱིས་མི་ཐུབ་ལྷོ་ཡི་སྒོ་དྲུང་གནས།། ཏ་མ་གྲིནཿ ་པོ་ནུབ་ཀྱི་སྒོ་དྲུང་དགོད། ། བདུད་རྩི་འཁྱིལ་པ་བྱང་སྒོར་འཐུང་བ་སྟེ།། ཤར་ལྷོ་མཚམས་སུ་མི་གཡོ་མགོན་པོ་དང་།། འདོད་པའི་རྒྱལ་པོ་ལྷོ་ནུབ་ག་དགོད་ཅིང་།། མུ་ཀྱ་ན་པ་མཅ།། ག་ན་།། ཆོས ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། ། འོག་ཕྱོགས་གནོད་མཛེས་རྒྱལ་པོ་རྣམ་པར་བསམ།། དེ་ལྟར་རྣམ་པར་བསམས་པའི་དཀྱིལ་འཁོར་ལ།། ཐམས་ཅད་ཞལ་གསུབ་ཕྱག་ནི་དྲུག་པ་སྟེ།། རྣམ་པ་མ་ལུས་གས ་བའི་རྒྱན་དང་ལྡན། ། རིན་ཆེན་འོད་འགྲོ་ནོར་བུའི་སྙིང་པོར་བཅས། ཇི་བཞིན་བལྟས་ཏེ་དེ་ཡི་གཙོ་བ་ཡི།། ཐུགས་ཁའི་ཟླ་གནས་མཆོག་གི་ས་བོན་ལས།། འོད་ཟེར་དུ་མའི་རྣམ་པ་རབ་སྨོས་པས།། ཕྱོགས་བཅུ ་སངས་རྒྱས་བླ་མར་བཅས་པ་དང་། ། རིག་མ་ལྷ་མོའི་མཆོད་པ་ཁྲོ་བོར་བཅས།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་མ་ལུས་པ།། བར་སྣང་ཤིང་ཁམས་རབ་ཏུ་ཁེངས་གྱུར་ལ།། སྡིག་པ་བཤགས་སོགས་མ། ་པརྒྱ་མཚོ་དབུལ།། སྐྱབས་སུ་འགྲོ་ཞིང་བཟོད་པར་གསོལ་ནས་ཀྱང་།། གཤེགས་སུ་གསོལ་བ་བསོད་ནམས་ཚོགས་རབ་བསག། དེ་ནས་ཕྱི་དང་ནང་གི་དངོས་པོ་རྣམས།། མ་ལུས་སོང་པ་ཉིད་དུ་ངེས་བསམས། ་ཐམས་ཅད་ཡེ་ཤེས་ཆོས་ཉིད་དག་པའི་ང་།། བྲག་ཆ་ལ་བུའི་སྒྱུ་མའི་སྒྲས་བརྗོད་དོ།། ཨོཾ་ཤཱནྱ།། ཛྙཱན་བརྣས་ཐ་བ་ཨ་ཏ་མ་ཀོ་ཧེ།། ཆོས་ཉིད་ནཱད་ཙམ་དུ་བསྡུས་པའི་དངོས།། དེ་ཉིད་རྟོག་མེད་སེམས་ཀྱི་སྣ ་ང་། ། གསང་སྔགས་དེ་ཉིད་སྐུར་ནི་ལྡང་བའི་ཕྱིར།། སྟོང་པ་ཙམ་དུ་གནས་པ་ཆོས་ཉིད་ལས།། རང་ཐུང་རྟ་བདུན་རྒྱལ་པོ་རྣམ་པར་བསམ།། བཅུ་དྲུག་ཆ་དང་སྣ་ཚོགས་ལས་བྱུང་བའི།། ཟླ་བའི་དཀྱིལ་འཁོར་དག་གི། ་དབུས་ཉིད་དུ།། འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ།། དབུས་མའི་གདན་ལ་ཡི་གེ་འསུས་ཀྱི་ན།། ཚོགས་པད་མ་ཉི་མ་ལྡན་པ་དག། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བའི།། རྡོ་རྗེ་འབར་བ་ནོར་བུའི་སྙིང་པོ ་ལྟར། ། རྒྱུ་དང་མི་རྒྱུའི་དངོས་པོ་མ་ལུས་པ།། དཔག་མེད་ཐུབ་པའི་ཚོགས་རྣམ་འོད་འཕྲོ་བ།། ཕྱོགས་མ་མཐའ་ཡས་ཁྱབ་པར་རབ་སྒྲུབ་པ།། དེ་ཉིད་ཡེ་ཤེས་དང་ལས་རང་བྱུང་བ།། ཤིན་དུ་རྣམ་པར་དག་པའི་ངང ་དུལ། ། ཨོཾ་དྷམདྷ་ཨུ0f7fསྭ་ཐཱ་བ་ཨཱཏམ་ཀོས།། དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བའོ།། དང་པོ་མགོན་པོའི་སྙིང་པོ་བསྒོམས་ནས་ནི།། ངི་རྒྱལ་དེ་ལྡན་མཐའ་ཡས་སྤྲུལ་པ་ཡིས།། འགྲོ་བའི་མཆོག་དང་ཐུན་མོང་དོན། ་བྱས་ཤིང་།། ཡི་གེ་གསུམ་དང་གང་དུ་ཟླ་བར་བཅས།། དེ་ལས་འོད་འབྲོས་རྡོ་རྗེ་སྙིང་པོར་བཅས།། ཐུབ་མཆོག་ཕྲ་རབ་བསྒྲུབ་མཚུངས་མེད་པ་ཡི།། ཀུན་དྷ་ཟླ་བ་ལྟར་དཀར་མདངས་ལྡན་པའི།། བཅོམ་ལྡན་དང་པོའི་མགོན ་པོ་ཞེས་བྱ་བ། ། གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར།། ཞལ་གསུམ་ཕྱག་དྲུག་མཛེས་པའི་རྒྱན་དང་ལྡན།། སྣ་ཚོགས་རིན་ཆེན་རྒྱལ་ལྡན་ཕྱག་གཉིས་ཀྱིས།། རིག་མ་འཁྱུད་ཅིང་རྡོ་རྗེ་དྲིལ་བུ་འཛིན།། འཁོར་ལོ་ཏྲ ་མཐ་མ་པད་མ་ནི། ། གཡས་པའི་ཕྱག་གིས་བསྡམས་པར་མཛད་པའོ།། ནོར་བུ་རིན་ཆེན་རལ་གྲི་འབར་བ་ནི།། གཡོན་པའི་ཕྱག་ན་བསྣམས་བཟུང་གིས་མཛེས།། ཁམས་གསུམ་ཁོངས་ནི་རྣམ་པར་རྒྱན་པ་། ་ཐུབ་པའི་སྤྲིན་ཚེགས་དུམ་རྣམ་པར་འགྱེད།། རྣམ་པར་ཐར་པའི་སྒྲོགས་པ་རྣམ་དག་པས།། ཐབས་དང་ཤེས་རབ་བདག་ཉིད་སྙིང་རྗེའི་མཆོག། མ་ལུས་འགྲོ་བའི་དེ་ཉིད་གཅིག་བྲིན།། རྒྱལ་བ་སྐྱེད་བྱེད་ཉིད་ཀྱིསྐུ ་རུ་བསམ། ། མཆོག་ཏུ་རྗེས་ཆགས་དཔག་མེད་ཕུན་ཚོགས་པས།། འདུལ་བའི་འཇིག་རྟེན་མ་ལུས་དམིགས་ནས་ནི།། དགའ་བའི་སྒྱུ་མའི་སྒྲས་ནི་དེ་དག་དང་།། རྒྱལ་བའི་ཚོགས་རྣམས་མ་ལུས ་བཞུགས་པར་བྱ། ། དེར་ནི་སྤྱན་ལ་སོགས་པའི་ལྷ་མོ་དང་།། གཟུགས་སོགས་མ་ལུས་ཡུལ་གྱི་རང་བཞིན་དུ།། བྱུང་ནས་རིག་པ་དེ་དག་ཐམས་ཅད་ནི།། རང་གི་རིག་པའི་ནང་དུ་ཆུད་པར་བྱ།། དེ་ཡི་པད་མའི་ལྟེ་བའི་ནང ་དུ་ནི། ། རྣམ་སྣང་ལ་སོགས་རྒྱལ་བའི་ཚོགས་བཅུག་པས།། ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དང་།། དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ། ཕྱོགས་བཅུའི་སངས་རྒྱས་རིག་མ་སྲས་བཅས་དང་།། ལྷ་མོ་ཁྲོ་བར ་བསང་བར་བཅས་པ་དག། ཡི་གེ་གསུམ་གྱི་གཟུགས་སུ་ཐིམ་ནས་ནི།། དེ་ཉིད་ཆ་དང་བཅས་པ་ཧོ་དང་ཧ།། ན་དང་བཅས་པ་འདྲེས་པ་སེམས་ཀྱི་སྐུ།། སྙིང་ཁའི་ཆུ་སྐྱེས་ལ་ནི་གནས་པར་བྱ།། གང་དུ་རིག་མ་བདག ་ཉིད་བཅས་པ་ཡི། ། ལུས་ལ་དཀྱིལ་འཁོར་རིམ་པ་འདིར་བྱེ་བྱ།། གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་དང་།། རྟ་མགྲིན་རྒྱལ་པོ་བདུད་རྩི་འཁྱིལ་པར་བཅས།། མི་གཡོ་འདོད་རྒྱལ་དབྱུག་པ་སྔོན་པོ་ཅན།། ་སྟོབས་པོ་ཆེ་དག་ཕྱོགས་མཚམས་ཁྲོ་བོ་རྣམས།། གནོད་མཛེས་གཙུག་ཏོར་འཁོར་ལོས་སྒྱུར་བའི་བར།། རིམ་བཞིན་ཛ་ཧཱུཾ་བཾ་ཧོ་ཧཱུཾ་དྲུག་བཅས།། ལག་གཡས་མགུལ་པ་དེ་བཞིན་གཡོན་པའི་མགུལ།། ཁདང ་གསང་གནས་མཐའ་དང་བཅས་པ་དང་། ། དཔུང་གཡས་ཚིགས་པ་གཡོན་བཅས་དེ་དག་དང་།། པུས་མོ་གཡས་དང་གཡོན་དང་རྐང་པའི་ཐིལ།། སྤྱི་གཙུག་དག་ཏུ་ངེས་པར་དགོད་པར་བྱ།། བྱམས་པ་དང་ནི་ས་ཡི་སྙིང་།། ་པ་དང་།། ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ་དང་།། འཇམ་པའི་དབྱངས་དང་སྤྱན་རས་གཟིགས་དབང་སྟེ།། སྒྲིབ་པ་རྣམ་སེལ་ཀུན་དུ་བཟང་པོ་དག། རིམ་པས་མེ་བྷྲཱུཾ་ཧཱུཾ་དང་ཨ་དང་ནི།། ཨ་དང་ཧྲཱིཿདང་ཨཱ་དང་སེན ་ནི། རྩ་རྣམས་ལྟེ་བ་དང་ནི་མིག་དག་དང་།། རྣ་བ་དང་ནི་སྣ་དང་ལྕེ་དང་རྣམ་ཤེས་རྟེན།། མཚན་མ་དང་ནི་ཚིགས་ལ་ཁྱབ་པར་གནས།། རབ་ཏུ་བསམ་པ་ཡི་གེ་རྣམ་དག་བསྟན།། ལཾ་མཾ་བཾ་ཏཾ་ལྷ་མོ་རིམ་བཞིན་དུ།། སྤྱན་དང ་མཱ་མ་ཀཱི་དང་གོས་དཀར་མོ། ། སྒྲོལ་མ་རྣམས་ནི་ཁམས་བཞིའི་ངོ་བོར་བརྟག། ཨོཾ་ཨཱཿཧཱུཾ་དང་སྭཱ་ཧཱ་རིམ་བཞིན་དུ།། སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་དང་།། གསང་གནས་རྣམས་ལ་རིགས་ཀྱི་སངས་རྒྱས་ལྔ།། ཕུང་པོ་ལྔ་ཡི ་ངོ་བོ་དག་པར་བཞུགས། ། དེ་ལྟར་ཕྲ་བའི་སྒོ་ནས་ཡོངས་རྫོགས་པའི། ལྷ་ཡི་འཁོར་ལོ་ལུས་ལ་བསྐྱེད་པ་ཡིན།། རང་ཉིད་བཅོམ་ལྡན་སྐུའི་བ་སྤུ་ལས།། འོད་འཕྲོས་རྩེ་མོ་ལས་ནི་རབ་བྱུང་བ།། སྤྱན་དང་མཱ་མ་ཀཱི་མཆོག་ན་བཟའ ་དཀར། ། རྒྱན་སྤྲས་རིག་མ་ཕྱོགས་སུ་རྣམ་པར་བསམ།། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་ནི།། འོད་བཅས་ཧ་ཧོ་སྤེལ་བར་རིམ་པ་བཞིན།། པད་མའི་ནང་དུ་བཞུགས་པ་མཉམ་མེད་པ།། ཤེས་རབ་ཆགས་པས་ཞུ་བར་བྱས་པར་བསམ། ་དེའི་མཐུ་ཡིས་དེ་དག་གཉིས་ཀ་ཡང་།། ཟླ་བ་ཞུ་བར་གྱུར་པར་མཐོང་བ་དང་།། ལྷ་མོ་སྤྱན་ལ་སོགས་པ་དེ་དག་གིས།། གླུ་ཡི་སྒྲ་ཡིས་བསྐུལ་བར་གྱུར་པར་བསམ།། དེ་ལྟར་གླུ་ཡི་ང་རོ་གྱུར་པ་ན།། ཆོས་ཀུན་སྒྱུ་མ་ལྟ་བུར ་ཡང་དག་རིག། སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན།། གསང་སྔགས་རང་ཉིད་ལུས་སུ་ཡོངས་གྱུར་ནས།། དེ་ཡི་འོད་ཟེར་མ་ལུས་པ་རྣམས་ཀྱིས།། རང་ལྷ་དང་མཚུངས་སྤྲུལ་པའི་ཐོབ་དབང་པོ།། དཔག་ཏུ་མེད ་པ་ཡིད་ཀྱིས་བསྡུས་པ་ལས། ། དཔལ་ལྡན་འདུས་པའི་གཙོ་བོ་རྡོ་རྗེ་འཛིན།། ཞལ་གསུམ་ཕྱག་དྲུག་རྒྱལ་བའི་བདག་པོ་ནི།། ཨུཏ་པལ་སྔོན་པོ་མཐོ་མཐིང་མདོག་འདྲལ།། གཡས་དཀར་གཡོན་དམར་ཀུན་དྷ་བྱི་རུའི ་མདོག། གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བུ་འཛིན།། གཡས་གཉིས་འཁོར་ལོ་ནོར་བུ་འོད་ལྡན་དང་།། གཡོན་གཉིས་པད་མ་སྡོང་བུ་རལ་གྲི་བསྣམས།། རིན་ཆེན་དབུ་རྒྱན་རྣ་ཆ་གདུབ་བུ་དང་།། དཔུང་རྒྱན་དོ་ཤལ་སྣ་ཚོགས ་རྒྱན་དང་ལྡན། ། ཡིད་བཞིན་ནོར་བུ་གཙུག་ཏོར་དབུས་མཚན་པ།། ལྷ་ཡིན་བཟའ་སྟོད་གཡོགས་ཤ་མཐབས་བཅས།། ཉིཟླ་པད་མའི་དབུས་སུ་གསལ་བར་བསམ།། མ་ལུས་འོད་ཀྱི་འོད་འཕྲོ་འབར་བ་དང་།། ཐུབ་པའི ་དབང་པོ་སྤྲོ་བས་རྣམ་རྒྱན་ཅིང་། ། སྐྱོབ་པ་ནམ་མཁའ་ཡོངས་ཁྱབ་ཞིང་ཁམས་ཡིན།། དངོས་རྣམས་ཐམས་ཅད་གཟུང་དང་འཛིན་པ་དང་།། བྲལ་བ་དངོས་པོ་མེད་པ་ཉིད་ཏུ་ཤེས།། རྣམ་བྱེད་གཅིག་ཏུ་མངོན་པར་ཞེན་པ་ནི།། ་མེད་པར་བྱིན་གྱིས་བརླབས་པ་འདི་ཉིད་བྱ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧ།། དེ་འོག་རང་རིག་ས་བོན་འོད་རྣམས་ཀྱིས།། རང་གི་མིག་སོགས་གཏི་མུག་རྡོ་རྗེ་སོགས།། ཇི་བཞིན་བཀང་ནས་རང་སྙིང་དྲི་མེད་ཟླ་བ་ཡི།། ་རྡོ་རྗེ་ལྟེ་བའི་དབུས་ནས་ཧཱུཾ་ཡིག་སྟེ།། ཐུགས་ཀྱི་རྡོ་རྗེ་བཞིན་མགྲིན་པ་དང་།། མགོ་བོར་གནས་པ་པད་མ་འཁོར་ལོ་ཡི།། ཨཱཿདང་ཨོཾན་གསུང་གི་རྡོ་རྗེ་དང་།། སྐུའི་རྡོ་རྗེ་ཉིད་དུ་བསམ་པར་བྱ།། དེ་ཡི་ཐུགས་ཁའི་འོད་ཀྱི་ཚོགས ་རྣམས་དང་། ། ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱིས།། ཀུན་ནས་རྒྱལ་བའི་དབང་པོ་མཆོད་ནས་ནི།། ཐུགས་ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ།། ནམ་མཁའ་ལྟ་བུའི་ངོ་བོར་རྡོ་རྗེ་གསུམ།། མཚན་ཉིད་དག་དང་བྲལ་བར ་དམིགས་ནས་ནི། ། ཕྱོགས་ཚོགས་ཀུན་ན་བཞུགས་པ་ཐུབ་པའི་ཚོགས།། སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ།། ཐུབ་པ་མཆོག་གི་འོད་ཟེར་ལས་བྱུང་བའི།། རིག་པའི་ཚོགས་རྣམས་བུམ་པ་ཕྱག་བསྣམས ་ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས། ། རང་རིགས་གཙོ་བོས་ཅོད་པན་རྒྱས་བཏ་འགྱུར།། དེ་ལས་བདག་ཉིད་དམ་ཚིག་སེམས་དཔའ་ཡི།། ཐུགས་ཁར་ཟླ་བར་གནས་པའི་ཡེ་ཤེས་སེམས།། རང་འདྲ་མཚུངས་ཀྱི ་རྡོ་རྗེ་སེམས་དཔའ་བསམ། ། དེའི་ཐུགས་ཁར་གསལ་བའི་དཀྱིལ་འཁོར་ལ།། ཏིང་འཛིན་སེམས་དཔའ་རྡོ་རྗེ་ས་བོན་བཅས།། ཁྱད་པར་གསང་བ་དམ་པ་དང་པོར་གནས།། དེ་བཞིན་རང་གི་ལྷ་འདྲ་རང་སྔགས་ཀྱིས།། སྤྲུལ ་པའི་རིག་མ་ཉིད་ནི་ཡང་དག་བལྟ། ། སྐྱེ་མཆེད་བྱིན་གྱིས་བརླབ་ཅིང་ཡི་གེ་གསུམ།། རྣམ་པར་དགོད་པ་ལུས་ནི་འོད་དང་ལྡན།། ལེགས་པར་བསླབས་པའི་ཕྱག་རྒྱ་དེ་ཉིད་ཀྱི།། ལུས་ལ་ལྷ་ཡི་ས་བོན་བཀོད་ནས་ནི།། མ ་པར་བཞག་ནས་བྱིན་གྱིས་བརླབ་པ་ཉིད། ། ཡང་དག་ཡེ་ཤེས་ཕྱག་རྒྱས་རྒྱས་བཏབ་ལྡན།། དེ་ཉིད་ཤེས་པས་སྤྱི་བོ་མགྲིན་པ་དང་།། སྙིང་ཁའི་གནས་དང་ལྟེ་བ་གསང་བ་ལ།། ཨོཾ་ཨཱཿཧཱུཾ་དང་སྭཱ་ཧཱའི་ས་བོན་རྣམས།། སྐུ ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚོགས། ། ལྔ་པོ་རྣམས་ཀྱིས་ཤིན་ཏུ་བྱིན་བརླབས་ཏེ།། འོད་ཀྱི་ཕྲེང་བ་དམ་པས་འགྲོ་ཀུན་ཁྱབ།། དེའི་འབྱུང་བ་དག་ལ་ལྷ་མོ་བཞི།། སྤྱན་མ་ལ་སོགས་རིམ་པས་ཡང་དག་དགོད།། ་དེ་ཡི་གཟུགས་དང་སྒྲ་དང་དྲི་དང་ནི།། རོ་དང་རེག་བྱ་རྡོ་རྗེའི་ངོ་བོ་ཉིད།། ཉེ་བའི་སྤྱན་སོགས་ལྷ་མོ་བཞི་དང་བཅས།། སེམས་མ་བརྒྱད་ཀྱི་རྣམ་པར་ཡོངས་སུ་བསམ།། བདེ་བ་ཆེན་པོར་སྙོམས་པར་ཞུགས་པའོ།། རྡོ་རྗེ་རོ ་ལངས་མ་དང་རྣམ་པར་རྒྱལ་བ་མ། ། རྡོ་རྗེ་ཁྲོ་གཉེར་མ་དང་རལ་གཅིག་མ། བདེ་བར་གཤེགས་ཡུམ་རྡོ་རྗེ་མ་དང་ནི།། སྣ་ཚོགས་རིན་ཆེན་སྣ་ཚོགས་པད་མར་བཅས།། སྣ་ཚོགས་ལས་མ་ནམ་མཁའི་རྡོ་རྗེ་མ།། ས་འཛིན ་རྡོ་རྗེ་མ་དང་བཅས་པ་ཡི། ། རོལ་པའི་ཁྲོ་མོ་བདེ་བས་རྒྱས་པར་དགོད།། འདིར་ནི་གཉིས་སུ་མེད་པར་འདུས་བྱས་པ།། དགའ་བས་ཡོངས་སུ་རྒྱས་པའི་ཏིང་འཛིན་ཅན།། ཨོཾ་གྱིས་ཡེ་ཤེས་འོད་ཟེར་ལྡན་པར་གྱུར།། ཨཱཿ ་ཡིས་སྣ་ཚོགས་པད་མ་ལྟེ་བར་བཅས། ། ཧཱུཾ་གི་རྡོ་རྗེ་ལས་བྱུང་དྲི་མེད་པ།། ཡིད་ཚུལ་དམ་པའི་ཆུ་སྐྱེས་ལ་གནས་པའི།། ཤེས་རབ་དམ་པའི་རྒྱུ་འཐུན་ངོ་བོ་ཉིད།། ཐབས་དང་བཅས་པར་བྱུང་བ་རང་གི་ལུས།། དེ་ཡིས་བདེ ་གཤེགས་རྗེས་སུ་མཉེས་བྱ་ཞེས། ། སྔགས་ལ་དགའ་བ་ཀུན་དུ་བརྩམ་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀེ་ཧཾ།། ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གནས་པ་ཡི།། ལྷ་དང་སྔགས་དང་བཅས ་བ། ། ལས་བྱུང་རྣམས་ཀྱིས།། མ་ལུས་སངས་རྒྱས་སོགས་རྣམས་བཅུག་ནས་ནི།། རང་གི་སྙིང་པོ་ལས་བྱུང་མ་ལུས་པའི།། རང་གི་དཀྱིལ་འཁོར་ས་ཡིས་གཟུགས་བསམ་ལ།། ཆོག་འདི་ཡིས་སེམས་ནི་བརྟན ་བོར་ལྡན། ། འཇིག་རྟེན་རྣམས་ལ་ཕན་ཕྱིར་ཡང་དག་དབྱུང་།། ཡེ་ཤེས་ཐ་མེད་དམ་པའི་མཆོད་པ་བརྩམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧཾ།། པད་མའི་གནས་སུ་རིན་ཆེན་དཀྱིལ་འཁོར་བའི། ་རྣམ་པ་དུ་མ་རྫོགས་པའི་དཔལ་དང་ལྡན།། དེར་ནི་སོ་སོར་མངོན་པར་བྱང་ཆུབ་པའི།། ཡེ་ཤེས་ལས་བྱུང་རྡོ་རྗེ་མི་བསྐྱོད་པ།། བྷ་གའི་གཞལ་ཡས་ལས་ནི་རང་བྱུང་བ། རྣམ་པ་ཡོངས་སུ་རྫོགས་པར་དབྱུང་བར་བྱ།། ་བཛྲ་དྷྲྀག་ཅེས་གསང་སྔགས་ལས་བྱུང་བ།། ཐུགས་ཀྱི་རྡོ་རྗེ་མགོན་པོ་ཐུབ་པ་ནི།། སྐྱེ་བོའི་དོན་མཛད་དམ་པ་ཡང་དག་བསྐུལ།། མཐིང་ཤུན་གསལ་བ་ཡེ་ཤེས་རྒྱལ་པོའི་འོད།། དོང་བུ་སྔོན་པོའི་འོད།། འདྲང་བདག་པར། གཡས་དང་གཡོན ་པའི་ཞལ་ནི་དཀར་དང་དམར། ། དམ་པ་དང་པོ་ལྟ་བུའི་ཕྱག་དང་ལྡན།། དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་དང་།། རྡོ་རྗེ་དྲིལ་བུ་འཛིན་པར་མཛད་པའོ།། བར་མ་གཉིས་ནི་འཁོར་ལོ་ནོར་བུ་དང་།། ཐམས་པད་མ་རལ་གྲི ་ལེགས་བསྡམས་པའོ། ། རིན་ཆེན་དུ་མའི་རྒྱན་རྣམས་ཡོངས་རྫོགས་པས།། ཚད་མེད་ནོར་བུ་སྣ་ཚོགས་ཀྱིས་སྤྲས་ཡིན།། དབུ་མའི་ལམ་ནས་གྱེན་དུ་བརྒྱུད་ནས་ནི།། ཐུགས་ཁ་ནས་ནི་བྱོན་ཏེ་ལེགས་བལྟམ་ནས། ་ཕྱོགས་བཅུར་གཟིགས་ཤིང་འོད་ཟེར་གྲངས་མེད་ལས།། ཞིང་ཁམས་མཐའ་ཡས་ཁྱབ་པར་ལེགས་སྤྲོ་བའི།། ཐུབ་པ་མཆོག་གིས་གདུལ་བྱའི་དོན་དུ་ནི།། སངས་རྒྱས་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར།། སེཾངས་ཀ་ཆོག ་རྣམས་མ་ལུས་གོ་འཕང་བཀོད། ། ཞེ་སྡང་རྡོ་རྗེའི་སྐུ་མཆོག་ཐོབ་བྱས་ཏེ།། ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་ལས།། བློ་དང་ལྡན་པས་ལེགས་བསྡུས་བདག་ཉིད་ལ།། དངོས་པོ་ཐམས་ཅད་ཀྱིས་ནི་ཞུགས་པར་བྱ།། ་སྐད་ཅིག་དེ་ལ་བདག་ཉིད་ཡོངས་བསྒྱུར་ཏེ།། སླར་ཡང་བཅོམ་ལྡན་ཞེ་སྡང་རྡོ་རྗེ་ནི།། རིན་ཆེན་ཨིན་དྲ་ནཱི་ལའི་ཁ་དོག་ལྟར།། མཐིང་ནག་ཅུང་ཟད་ཁྲོས་པའི་བདག་ཉིད་ཅན།། རྡོ་རྗེ་སྐྱིལ་ཀྲུང་དག་གིས་ལེགས་བཞུགས་པའོ།། ་མི་འཇིགས་སེང་གེའི་ཁྲི་ལ་གནས་མཛད་ཡིན།། ཛིན་ཛིག་སྔགས་ལས་ནི་རང་བྱུང་བའི།། རྣམ་སྣང་མཛད་ཅེས་བྱ་བ་སྐུ་རྡོ་རྗེ།། སྟོན་ཀའི་སྤྲིན་དཀར་དག་པ་ལྟ་བུའི་མདོག། ཞལ་གསུམ་ཕྱག་དྲུག་སྣ་ཚོགས་རྒྱན་གྱིས ་མཛེས། ། གཡས་མཐིང་གཡོན་དམར་རྩ་བ་སྐུ་དང་མཚུངས།། དང་པོ་གཉིས་ཀྱིས་འཁོར་ལོ་དྲིལ་བུ་འཛིན།། རིག་མ་ཡེ་ཤེས་ལེགས་པར་འཁྱུད་པའོ།། བར་མ་གཉིས་ཀྱིས་རྡོ་རྗེ་རིན་ཆེན་དང་།། ཐམས་པད་དཀར ་རལ་གྲི་ལེགས་བསྣམས་པའོ། ། དེ་ཉིད་ཐུགས་ཁ་ནས་ནི་ཕྱུང་ནས་ནི།། མཛད་པ་སྤྱད་དེ་གཏི་མུག་ཅན་སྦྱངས་ནས།། སྟོབས་མཆོག་གླང་པོའི་གདན་ཁྲིའི་སྟེང་དུ་ནི།། ཤར་གྱི་པད་མ་ཟླ་བའི་དབུས་སུ་བསམ།། ་རད་ན་དྷིཀ་སྔགས་ལས་ནི་རབ་བྱུང་བའི། དཀོན་མཆོག་དཔལ་ཞེས་བྱ་བ་རིན་ཆེན་སྐུ།། འཛམ་བུའི་ཆུ་བོ་གསེར་གྱི་འོད་དང་མཚུངས།། ཞལ་གསུམ་ཕྱག་དྲུག་ནོར་བུའི་ཚོགས་ཀྱིས་རྒྱན།། གཡས་སྔོ་གཡོན་དཀར ་གཞོན་ནུ་རིན་ཆེན་ཏོག། དང་པོའི་གཡས་གཡོན་ཕྱག་གིས་ལེགས་བསྣོལ་ཏེ།། ཡིད་བཞིན་ནོར་བུ་དྲིལ་བུ་ལེགས་པ་འཛིན།། བར་མས་འཁོར་ལོ་དང་ནི་རྡོ་རྗེ་དང་།། ཐ་མས་གསེར་གྱི་མེ་ཏོག་རལ་གྲི་འཆང་།། ་དེ་ཉིད་འོད་ཟེར་ཕུང་པོ་དང་བཅས་པ།། ཕྱུང་ཏེ་གཡས་ལོགས་ངོགས་སུ་བཏོན་ནས་ཀྱང་།། མཛད་པ་སྤྱད་དེ་ང་རྒྱལ་ཅན་དོན་བྱས།། སླར་ལོག་རྫུ་འཕྲུལ་རྟ་ཡི་ཁྲི་ལ་བཞུགས།། པད་མ་ཟླ་བའི་གདན་ལ་ལྷོར ་གནས་པའོ། ། ཨ་རོ་ལི་ཀ་སྔགས་ལས་ནི་རབ་བྱུང་བའི།། འོད་དཔག་མེད་པ་གསུང་གི་རྡོ་རྗེ་ནི།། པད་མ་རཱ་ག་ལྟ་བུའི་མདངས་དང་ལྡན།། ཞལ་གསུམ་པ་ལ་ཕྱག་དྲུག་ངེས་འབྱུང་བའི།། གཡས་ནག་གཡོན་དཀར་རྩ་བ ་སྐུ་དང་མཚུངས། ། དང་པོ་གཉིས་ཀྱིས་པད་མ་དྲིལ་བུ་དང་།། བར་བས་རྡོ་རྗེ་རིན་ཆེན་སྙེམ་ཅན།། ཐམས་འཁོར་ལོ་རལ་གྲི་འཛིན་མཛད་པ།། རིན་ཆེན་དུ་མས་སྦས་པའི་བདག་ཉིད་ཆེ།། ཐུགས་ཁ་ནས་ཕྱུང ་སྤྲོ་བསྡུས་འགྲོ་བའི་དོན། ། འདོད་ཆགས་ཅན་གྱི་དོན་བྱས་སླར་འདུས་པས།། མཛེས་པ་རྨ་བྱའི་ཁྲི་ལ་ནུབ་ཕྱོགས་བཞུགས།། པྲཛྙཱ་དྷྲྀཀ་ཅེས་གསང་སྔགས་ལས་བྱུང་བ།། གདོན་མི་ཟ་བ་ཕྲིན་ལས་རྡོ་རྗེ་ནི།། རིན་ཆེན་མ་ནད ་ལྗང་ཁུའི་མདོག་འཆང་བ། ། ཞལ་གསུམ་ཕྱག་དྲུག་སྣ་ཚོགས་ནོར་བུས་སྤྲས།། གཡས་དཀར་གཡོན་མཐིང་རྩ་བསྐུ་དང་མཚུངས།། དང་པོ་གཉིས་ཀྱིས་རལ་གྲི་དྲིལ་བུ་སྩོལ།། བར་མས་སྣ་ཚོགས་རྡོ་རྗེ་པད་མ་སྔོ།། ཐམས ་འཁོར་ལོ་ནོར་བུ་འོད་འཕྲོ་བསྣམས། ། དེ་ཉིད་ཐུགས་ཁ་ནས་ནི་ལེགས་བྱོན་ནས།། མཛད་པ་སྤྱད་དེ་ཕྲག་དོག་ཅན་ངོན་བྱས།། འདབ་བཟངས་མཁའ་ལྡིང་ཁྲི་ལ་ལེགས་བཞུགས་པ།། བྱང་ཕྱོགས་པད་མ་ཉི་མའི་དབུས་ཞུགས ་པའོ། ། འདི་དག་དབུས་དང་ཕྱོགས་བཞིའི་ལེའུ་ཙ་ཡི།། རྣམ་པ་དག་ལ་ལེགས་པར་རབ་ཞུགས་པའོ།། དེ་དག་མཚམས་ཀྱི་གྲུ་བཞིར་འབྱུང་བ་ནི།། རིགས་ཀྱི་ལྷ་མོ་བཞི་ནི་ལེགས་གནས་པའོ།། རལ་པའི་ཅོད་པན་མཛེས ་དང་སྣ་ཚོགས་པའི། ། རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན།། རིག་པའི་མགོན་པོ་དང་བཅས་འབྱུང་བའི་སྐུ།། ཐམས་ཅད་པད་མ་ཉི་ཟླ་དག་གནས་བསམ།། མོ་ཧ་ར་ཏི་ཞེས་པ་ལྷ་མོ་སྤྱན།། ཟླ་བའི་དཀྱིལ་འཁོར ་རྫོགས་པ་ལ་གནས་པ། ། མཆོག་ཏུ་སྒེག་ཅིང་སྐུ་ཡི་རྡོ་རྗེ་འདྲ།། མེ་ཡི་ཕྱོགས་ཉིད་ཏུ་ནི་བསམ་པར་བྱ།། དྭེ་ཥ་ར་ཏི་ཞེས་བྱ་དགའ་བ་ཆེ།། ཡིད་འོང་མཆོག་སྩོ་ལ་མཱ་མ་ཀི་ཞེས་པ།། ཞལ་མཛེས་ཕྱག་རྒྱ་ཐུགས་ཀྱི་རྡོ་རྗེ ་འདྲ། ། རྣམ་པར་སྒེག་པ་བདེན་བྲལ་མཚམས་སུ་བསམ།། རཱ་ག་ར་ཏི་ཞེས་བྱ་ཡུམ་མཆོག་ནི།། དྲི་མེད་རིན་ཆེན་འོད་ཀྱི་ཕྲེང་བ་ཡིས།། ཕྱོགས་ཀྱི་ཚོགས་ཁེབས་རང་གི་ངོ་བོ་ནི།། རླུང་དུ་གསུང་གི་རྡོ་རྗེ་མཚུངས་པ་རབས།། ་བཛྲ་ར་ཏིས་རབ་བསྐུལ་སྒྲོལ་མ་ནི།། རྡོ་རྗེ་དགའ་མ་ཡོན་ཏན་མཐའ་ཡས་པ།། དྲི་མེད་སྐུ་ནི་དོན་ཡོད་རྡོ་རྗེ་ལྟར།། དབང་ལྡན་ཕྱོགས་སུ་ངེས་པར་བཞུགས་མཛད་པའོ།། སངས་རྒྱས་ཡུམ་གྱུར་འདི་དག་རྣམས་ཀྱི་ནི།། དང་པོ ་གཡས་མཐར་སུཏ་པལ་དཀར་པོ་དང་། ། གཉིས་པའི་གཡས་མཐར་ཨུཏ་པལ་སྔོ་དང་ལྡན།། གསུམ་པའི་ཐམ་གཡོན་པར་ཨུཏ་པ་ལ་དམར།། གཡས་པའི་ཕྱག་གིས་འབྱེད་མཛད་སྔོལ་མ་ཉིད།། བཞི་པའི་གཡས་མཐར་ཨུཏ་པ ་དཀར་པོའོ། ། གཟུགས་ཀྱི་རྡོ་རྗེ་ལྷ་མོ་སྤྱན་མཚུངས་པ།། རྩ་བའི་ཕྱག་གིས་མེ་ལོང་མཛིན་མཛད་པ།། དེ་ཉིད་མཆོད་བྱེད་ལྷ་མོ་རྒྱན་རྣམས་རྫོགས།། མེའི་གྲུ་ཆང་དག་ལ་གནས་པར་བསམ།། སྒྲ་ཡི་རྡོ་རྗེ་ལྷ་མོ་བདེན་བྲལ་དུ།། དང་པོ ་གཉིས་བརྒྱད་མདངས་སྤོད་མཛད་པ་ནི། ། ཀུན་དུ་མཆོད་བྱེད་མཛེས་པའི་གར་ལྡན་པ།། མཱ་མ་ཀཱི་དང་མཚུངས་པར་དགོད་པར་བྱ།། རྡོ་རྗེ་དྲི་ཡི་ལྷ་མོ་རླུང་ལྷའི་ཕྱོགས།། དང་པོས་ལྷ་རྫས་དྲི་མཆོག་དུང་པོར་འཛིན།། ཁྱད་པར་འཕགས ་པའི་ཡོན་ཏན་རྒྱན་སྦས་པ། ། ན་བཟའ་དཀར་མོ་དང་མཚུངས་རྣམ་པར་བསམ།། རྡོ་རྗེར་ཡི་ལྷ་མོ་སྒྲོལ་མར་མཚུངས།། རིན་ཆེན་བང་སྣོང་ལེགས་བཀང་བཏུང་བ་འཛིན།། འདི་ཉིད་རོལ་པའི་ཡེ་ཤེས་གཟུངས་མ་ལྷ།། དབང་ལྡན ་ཕྱོགས་ཀྱི་གྲཝར་ནི་ལེགས་བཞུགས་པའོ། ། རེག་བྱ་རྡོ་རྗེ་ལྷ་མོ་ཡེ་ཤེས་ཡུམ།། གསང་བ་དབྱིངས་ཕྱུག་མ་ནི་དབུས་གནས་པའོ།། པད་མ་ཟླ་ཉིད་ག་ལ་ལེགས་གནས་པ།། བྱམས་པའི་མགོན་པོ་སྤྲིན་དཀར་དག་པའི་འོད།། ཀླུ་ཤིང ་ཏོག་འབྲས་ལྡན་ལེགས་འཛིན་པ། ། རིན་ཆེན་རྒྱན་ལྡན་རོལ་པའི་སེམས་དཔའོ།། ས་ཡི་སྙིང་བདུང་དང་མཚུངས་པར་མཛེས།། འཁོར་ལོ་འཛིན་པ་དང་དབྱངས་ཅོད་པན་ལྡན།། རྣམ་པར་འགྱིང་བག་ལྡན་པས་བཞུགས་པ ་ནི་ཤར་གྱི་ལྷརྣམས་དག་ལ་དཀྱིལ་དཀྲུང་གནས། ། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ནི།། གུར་གུམ་བཟང་པོའི་མདོག་ལྟར་དམར་སེར་ལ།། ཕྱག་ན་རིན་ཆེན་རྡོ་རྗེ་འབར་བ་འཛིན།། སྣ་ཚོགས་རྒྱན་བཅས་ཀུན་ནས་འོད་འབར་བའོ།། ་ནམ་མཁའི་སྙིང་པོ་གསེར་གྱི་འོད་མངའ་བ།། མརྒད་ཏེ་ནི་ཆ་དགུ་པ་འཛིན་ཅིང་།། ལེགས་པར་གཙོ་ལ་བལྟ་བ་སེམས་དཔའ་ཆེ།། ལྷོ་ཡི་ལྷ་སྣམ་དག་ལ་དགོད་པར་བྱ།། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིག ་དབང་ནི། ། བྷན་དྷུ་རི་ཀའི་མེ་ཏོག་ལྟར་མཛེས་པ།། གཡོན་པའི་པད་མ་ངེས་པར་གཡས་པས་འབྱེད།། སེམས་དཔའི་དཀྱིལ་དཀྲུང་དག་གིས་བཞུགས་པའོ།། འཇམ་དཔའི་དབྱངས་ནི་དམར་སེར་དངོས་པོ་ལ།། ཨུ་དཔལ ་དམར་པོ་སྡོང་བུར་བཅས་འཛིན་པ། ། གཡས་པས་ཁ་འབྱེད་ཕྱག་རྒྱ་ལྡན་པ་སྟེ།། ནུབ་ཀྱི་ལྷ་སྣམ་དག་ལ་བཞུགས་པར་བསམ།། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི།། མརྒད་ལྗང་ཁུའི་མདོག་དང་མཚུངས་པ་སྟེ། ་ཕྱག་ན་རལ་གྲི་འབར་བ་དང་པོར་འཛིན།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་པར་བསམ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི།། དུར་བའི་ལོ་མའི་ཁ་དོག་མཚུངས་པ་ཉིད།། སྣ་ཚོགས་རྡོ་རྗེ་འཛིན་པ་འགྱིང ་བག་ཅན། ། བྱང་ཕྱོགས་ལྷ་ཁྱམས་དག་ལ་བཞུགས་པར་བསམ།། འདི་དག་སོ་སོའི་གཙོ་བོའི་སྐུ་མཚུངས་ཏེ།། ཞལ་གསུམ་ཕྱག་དྲུག་ངེས་པ་གསལ་བར་བརྗོད།། རྣམ་ཤེས་ཚོགས་བརྒྱད་རྟོག་པ་སྦྱངས་ནས་ནི།། ་སླར་འདུས་སོ་སོ་གསལ་བར་གྱུར་པར་བསམ།། ཡ་མཱན་ཏ་ཀྲིད་ཅེས་བྱ་གཤིན་རྗེ་གཤེད།། མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན།། དུས་མཐའ་མི་བཟད་སྤྲིན་གྱི་དཀྱིལ་འཁོར་མདོག། ཐུགས་ཀྱི་རྒྱལ ་པོ་དག་དང་སྐུ་མཚུངས་པ། ། དྲག་པོ་རིགས་ཀྱི་འོད་ཟེར་དཔག་མེད་འཕྲོ།། གཤིན་རྗེ་མཐར་བྱེད་ཤིན་དུ་གདུག་པ་ཡི།། སྦྲུལ་གྱིས་ལུས་ཀྱི་ཡན་ལག་རྣམ་བརྒྱན་པ།། དཔལ་ལྡན་ཤར་གྱི་སྒོར་ནི་བསམ་པར་བྱ།། པྲབྷཱ ་ཏཀྲིད་ཅེས་བྱ་བླ་མེད་འོད། ། དྲག་ཅིང་ཕྱག་སོགས་སྐུ་ཡི་རྡོ་རྗེ་འདྲ།། གཞན་གྱིས་མི་ཐུབ་ཅེས་བྱ་གཏུམ་པོ་ནི།། ལྷོ་ཡི་ཕྱོགས་ཀྱི་སྒོ་རུ་བསམ་པར་བྱ།། པད་མཱན་ཏ་ཀྲིད་ཅེས་བྱ་ནུབ་ཕྱོགས་ཀྱི།། འཁོར་ལོའི་འོད་ཀྱིས ་མངོན་པར་ཁེབས་བྱེད་པ། ། འོད་མདངས་འཇིག་དུས་མེ་འདྲ་འཇིགས་པར་ལྡན།། ཕྱག་ལས་ཆགས་པ་གསུང་གི་རྡོ་རྗེ་འདྲ།། གདུག་པ་མ་ལུས་རྣམ་གནོན་འཇིགས་པའི་ཞལ།། ཐུབ་དབང་ཧ་ཧ་ཞེས་ནི་བཞད་པ་ཡིས།། ་བོར་བཅས་པ་སྐྱེལ་བས་སྐྲག་མཛད་པ།། རྟ་མགྲིན་དེ་བཞིན་ནུབ་ཀྱི་ཕྱོགས་སུ་བསམ།། བིགྷྣཱན་ཏ་ཀྲིད་ཅེས་བྱ་དཔའ་བོ་ནི།། དུས་མཐའི་མེ་ལྟར་དྲག་པོ་བདུད་རྩི་འཁྱིལ།། འཕགས་པའི་ཞལ་ཕྱག་ཕྲིན་ལས་རྡོ་རྗེ་མཚུངས། ་དེ་བཞིན་བྱང་གི་སྒོར་ནི་བསམ་པར་བྱ།། རྡོ་རྗེ་ཐོ་བ་དབྱུག་པ་པད་མ་དང་།། རྡོ་རྗེ་གཏུམ་ཤིང་ཁྱད་པར་འདི་དག་འཛིན།། ཐམས་ཅད་རིགས་ཀྱི་གཙོ་བོས་དབུ་བརྒྱན་པའི།། ཅོད་པན་ཡེ་ཤེས་རྒྱས་གདབ་བསྟན་པ་ཡིན།། འདི་དག ་ཁྲོ་བོ་མངོན་པར་འབྱུང་བ་དག། གསང་སྔགས་ལས་བྱུང་ཅོད་པན་ལྷར་བཅས་པ།། ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཆ་བྱད་སྟོན།། མེ་དཔུང་ཀློང་དཀྱིལ་འབར་བར་རབ་ཏུ་བཞུགས།། མེ་ཡི་མཚམས་སུ་ཁྲོ་རྒྱལ་མི་གཡོ ་ཨིན་དྲ་ནཱི་ལའི་མདོག་མཚུངས་གཙིགས་པའི་ཞལ། ། གཡས་ནི་དཀར་པོ་གཡོན་དམར་བཞད་པ་ལས།། དབུས་མ་མཆེ་བ་རྣམ་པར་གཙིགས་པའི་སྐུ།། དང་པོ་རལ་གྲི་སྡིགས་འཛུབ་ཞགས་པ་འཛིན།། བར་མས་འཁོར ་ལོ་པད་མ་འཛིན་པ་ཉིད། ། ཐམས་དགྲ་སྟ་ནོར་བུ་སྣམས་པ་སྟེ།། པད་མ་ཉི་མར་གཡོན་བརྒྱངས་ཞབས་ཀྱིས་བཞུགས།། བདེན་བྲལ་དུ་ནི་འདོད་པའི་རྒྱལ་པོ་སྟེ།། ཤིན་ཏུ་དྲག་པོ་བཻ་དཱུརྱ་པི་མདོག། དང་པོས་སྡིགས་འཛུབ་བསྣོལ ་མ་མཐེའུ་ཆུང་སྦྲེལ། ། རྡོ་རྗེའི་ལྕགས་ཀྱུ་ཞགས་པ་འཛིན་པ་དང་།། རལ་གྲི་ཨུད་པལ་དམར་པོ་ཐ་མར་འཛིན།། འཇིགས་རུང་གསུས་ཆེ་པད་ཉིའི་གདན་ལ་བཞུགས།། རིགས་འཛིན་དུ་ནི་ཁྲོ་བོ་དབྱུག་སྔོན་ཅན།། ཆར་སྤྲིན་སྔོན་པོ ་ལྟ་བུའི་ཁ་དོག་འཆང་། ། དང་པོས་དབྱུག་པ་སྡིགས་འཛུབ་མེ་དཔུང་འཕྲོ།། བར་མས་རལ་གྲི་ནོར་བུ་ལེགས་འཆང་བ།། ཐ་མས་འཁོར་ལོ་པད་མ་ལེག་བསྣམས་པ།། གཏུམ་པོ་འཇིགས་པ་སེལ་མཛད་དེར་བཞུགས་ཡིན།། བྱུང ་པོ་འཇིགས་མཛད་རྡོ་རྗེ་སྟོབས་པོ་ཆེ། མེ་ཏོག་ཨུང་པལ་སྔོན་པོའི་འོད་མཚུངས་པ།། དང་པོ་རྔ་ཡབ་རྡོ་རྗེ་སྡིགས་འཛུབ་དང་།། བ་རབས་རལ་གྲི་ཞགས་པ་འཛིན་པའོ།། ཐམས་འཁོར་ལོ་ནོར་བུ་འབར་བ་སྟེ།། གདོན ་འཇོམས་སྒེག་པོ་པད་མ་ཉི་མར་གནས། ། སྟེང་ཕྱོགས་ཤར་སྒོའི་རྩ་བར་འབྱུང་བ་འི།། ཁྲོ་བོ་གཙུག་ཏོར་འཁོར་ལོས་སྦྱར་བ་ནི།། མཁའ་འདྲ་སྔོ་བསངས་གཙུག་ཏོར་ཕྱག་རྒྱ་ནི།། སྤྱི་བོར་དང་པོའི་ཕྱག་གིས་བཅིངས་པ། ་བར་མ་རྡོ་རྗེ་དང་ནི་པད་མ་འཛིན།། ཐ་ས་རལ་གྲི་སྔགས་འཛུབ་མཛད་པའོ།། རྣམ་འཚེ་འཇོམས་མཛད་གཡོན་བརྐྱང་གནས་པ་ཡིས།། ཚངས་གནས་དེར་ནི་བ་ཉིའི་གདན་ལ་བཞུགས།། འོད་ཕྱོག་ནུ་བསྒོའི་རྩ་བར ་བཞུགས་པ་ཡི། ། རྒྱུ་དང་མི་རྒྱུ་བ་ཡི་གདུག་པའི་དུག། ཀ་ལ་ཀུ་ཊ་འཇོམས་པ་གནོད་མཛེས་ནི།། མཐིང་ཤུན་བཟང་པོའི་མདོག་དང་མཚུངས་པ་ཡི།། དང་པོས་རྡོ་རྗེ་སྡིགས་འཛུབ་ཞགས་པ་ཅན།། བར་བས ་འཁོར་ལོ་པད་མ་ཐམས་ཀྱང་། ། རལ་གྲི་དང་ནི་ནོར་བུ་རིན་ཆེན་འཛིན།། ས་བདག་མ་ལུས་གནོད་མཛེས་རྡོ་རྗེ་བཞུགས།། ཁྲོ་བོ་བཅུ་པོ་ཀུན་གྱི་རྣམ་པ་ནི།། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་དང་།། ཐུང ་ཤིདི་ཐམ་ལ་གསུམ་འཕྱང་སྤྲུལ་བརྒྱད་ཀྱིས། ། རབ་ཏུ་བརྒྱན་ཅིང་དབུ་སྐྲ་གྱེན་དུ་བརྫེས།། ཞལ་གསུམ་ཕྱག་དྲུག་དཔའ་བའི་ཉམས་དང་ལྡན།། སྨིན་མ་གྱེན་བསྐྱེད་ཨག་ཙེམ་གྱེན་དུ་འཁྱིལ།། སྣ་ཚོགས་ནོར་བུའི་རྒྱན ་བཅས་སྟག་ཤམ་ཅན། ། མཚོ་གཙིགས་ཞལ་ནི་གཞང་ཅིང་སྒྲ་སྒྲོགས་པ།། ཧ་ཧ་ཞེས་བརྗོད་མི་ཟད་གད་རྒྱངས་མངའ།། བཀའ་བསྒོ་རྫོགས་བྱེད་མ་ལུས་བགེགས་འཇོམས་མཛད།། གཡོན་བརྐྱང་གཡས་བསྐུམས ་པད་མ་ཉི་མར་གནས། ། དེ་ལྟར་སུམ་བཅུ་རྩ་གཉིས་དཀྱིལ་འཁོར་བའི།། ལྷ་རྣམས་ཕྱག་རྒྱ་བཞི་ལྡན་བསྐྱེད་ནས་ནི།། སྐུ་བཞི་དབྱེར་མེད་ཡེ་ཤེས་དང་དུ་བལྟ།། འདི་ནི་སངས་རྒྱས་ཐམས་ཅད་དཀྱིལ་འཁོར ་ངོས་ཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི ་རྒྱུད་ལས་གསང་བ་ཆེན་པོའི་དཀྱིལ་འཁོར་རབ་ཏུ་སྟོན་པ་རྡོ་རྗེའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ། ། །། བཏག་པ་ལྔ་པ་དྲི་མེད་པའི་ཡེ་ཤེས་བྱིན་གྱིས་བརླབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོའོ།། དེ་ནས་བཅོམ་ལྡན ་འ་དས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གིས་ཡང་དག་པར་གསོལ་བ་བཏབ་པ་ནི། ། གསཔ་འཛིན་པ་མ་ལུས་པའི་སྐུ་གསུམ་ཆོས་ཀྱི་དབྱིངས་འབྱུང་བའི།། འཇིག་རྟེན་འཇིག་རྟེན་འདས་པའི།། དས་པ ་སྙིང་པོ་མཆོག་སྩོལ་མཛོད། ། ཅེས་གསོལ་བ་བཏབ་པ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་དེ་བཞིན་གཤེགས་པའི་ཚོགས་ཆེན་པོར་དཀྱིལ་འཁོར་ཐམས ་ཅ་ཨད་ཀྱི་བདག་པོ་དང་བཅས་པ་ལ་སྣ་ཚོགས་མཆོད་པའི་སྤྲིན་ནམ་མཁའ་དང་མཉམ་པས་ཞིང་ཁམས་མ་ལུས་པ་ཀུན་ནས་ཁྱབ་པར་བྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྤྲིན་གྱི་རིན་པོ་ཆེ་འབར ་བདུམས་བརྒྱན་པའི་རྣམ་པ་མ་འདྲེས་པའི་ཚོགས་ཀྱིས་ཀུན་ནས་སྣང་བར་གྱུར་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་དུ་མ་ལས་བྱུང་བའི་གདུགས་རིན་པོ་ཆེ་དང་། བདན་རིན་པོ་ཆེ་དང་།། རིན་པོ་ཆེའི་རྒྱལ་མཚན་དང་།། ནོར ་བུའི་རྒྱལ་པོ་ལས་བྱུང་བའི་ལྷའི་བླ་རེ་རིན་པོ་ཆེ་དང་། ། རིན་པོ་ཆེ་དུ་མའི་རྒྱུ་ལས་བྱུང་བའི་དར་འཕན་དུ་མའི་ཚོགས་དང་།། སྣ་ཚོགས་རིན་པོ་ཆེའི་གོས་ལས་བྱུང་བའི་བ་དན་རྒྱུད་རིངས་དུ་མའི་ཚོགས་དང་།། སྣ ་ཚོགས་འབྱུང་བ་དང་། ། སྔ་ཆགས་ཆུན་འཕྱང་བསྟོད་པ་ལས་དྲིལ་བྲག་ཡེར་ཁའི་སྒྲ་སྒྲོགས་པའི་བདན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྷར་རལ་མ་ཚགས་དུ་མས་ཡང་དག་པར་མཆོད་པར་བྱས་སོ།། བནས ་ཡས་ཁང་རིན་པོ་ཆེ་སྤྲས་པ་ནི་རིན་པོ་ཆེ་མུ་ཏིག་གི་དྲ་བ་དང་དྲ་བ་བྱེད་པས་བཻ་དཱུརྱའི་གཞི་ཡོངས་སུ་བཀོད་པ་དང་། ། རིན་པོ་ཆེ་གསེར་གྱི་ཕ་གུསྣ་ཚོགས་པའི་ཕྲ་དུ་མས་བཀོད་པ་ནི་ཁ་པད་ཀྱི་ཚུལ་དུ་བརྒྱན་པར་གྱུར་ཏོ།། བ ་ཀུ་ལའི་གསེར་གྱི་སྐར་ཁུང་གིས་བརྒྱན་པ་དང་། ཕྱི་རོལ་དང་ནང་དུ་ཡང་འདོད་པའི་ཡོན་ཏན་གྱི་ལྷ་མོ་རིན་པོ་ཆེ་བདམ་རཱ་གའི་སྟེགས་བུལ་འཁོད་ཅིང་ཀུན་ནས་ཡོངས་སུ་མཆོད་པར་བྱེད་དོ།། རིན་པོ་ཆེ་སྣ་ཚོགས་བཀོད་པའི ་བད་ན་མདའ་ཡབ་ཀྱིས་མཛེས་པར་ཡོངས་སུ་བརྒྱན་པར་གྱུར་ཏོ། ། ཡོངས་སུ་མཆོད་ཅིང་རྒྱས་པར་བྱེད་པ་ཉིད་དོ།། དེ་ནས་དེ་བཞིན་གཤེགས་པ་ཞལ་བཟངས་སངས་རྒྱས་ཐམས་ཅད་ཀྱི་གྲུའི་སྒྲོན་མེ་དག་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕུན་སུམ་ཚོགས་པའི་ཡེ་ཤེས་ལམ།། མཉམ་པ་ཉིད་དུ་གནས་པ་ལ།། རྣམ་པར་ཞིབ་མི་གནས་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཤུགས་གནས་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བདེན་པ་མཐོང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡོངས་སུ་དག་པའི་སྒོ ་དང་ནི། ། མཐའ་དབུས་དག་པ་རྡོ་རྗེའི་དབྱིངས།། མཚུངས་པར་ལྡན་པ་དག་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྡན་པས་སངས་རྒྱས་ཐམས་ཅད་ཀྱིས་ཀུན ་དུ་གཟིགས་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སེམས་ཀྱིས་སེམས་ནི་མི་མཐོང་ཞིང་།། སངས་རྒྱས་རྣམས་ཀྱིས་དོན་དམ་ཆེ།། རྣམ་པར་གཟིགས ་པ་མེད་གྱུར་ཕྱིར། ། བྱང་ཆུབ་སེམས་འདི་གསུངས་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསྲུང་བའི་དབང་པོས་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤེས་རབ་རྣམ་པར་དག་པ་ཡི།། སྡང་བ་ཆེན་པོའི་ཡེ་ཤེས་མེ།། མ་ལུས་སྟོང་ཉིད་རང་བྱུང་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས ་རྣམས་ནམ་མཁའི་ངོ་བོ་ཉིད། ། རྣམ་པར་ཤེས་པ་སྐྱེ་མེད་དེ།། སྐྱེ་བ་ཙམ་དུ་བགྱིད་མ་ལགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོས་སངས་རྒྱུ ་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་ཡེ་ཤེས་རྒྱུ་མ་ལས།། རྣམ་པའི་དྲ་བདག་པའི་ཕྱིར།། དཔེ་བྲལ་བདེ་བའི ་ས་གཅིག་པུ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད་རྩིའི་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལས་མ་བྱུང་བ་རྡོ་རྗེ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས། ། རྒྱུ་རྐྱེན་ཡུལ་དག་མི་དམིགས་པས།། རྡོ་རྗེ་དག་དང་མ་དག་མེད།། སྤྲོས་མེད་ཚུལ་ནི་རྙོག་པ་བྲལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཟིལ་གནོན་དཔེ་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དཔག་མེད་ཡོངས་སུ་བསྡུ ་པ་གནས། ། ཟག་མེད་ཟིལ་མ་གནས་མེད་པ།། ཐམས་ཅད་བྱེད་པ་པོ་མེ་དཕྱིར།། བྱང་ཆུབ་ཆུལ་འདི་བསྟན་པའོ།། ཞེས་གསུངས་ས།། ད་ནས་དཔཞི་དགཤེགས་པ་མཆོད་པར་ལྡན་པས་སངས་རྒྱས ་ཐམས་ཅད་ཀྱི་མངོན་པར་བསྒྲུབས་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐ་སྙད་གདགས་པ་བྲལ་བའི་ཕྱིར།། དངོས་མདངོ་བོས་སྦྱོང་བས་ན། ་ཙམ་ལ་དམིགས་མེད་དེ།། མངོན་པར་མི་གནས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་གནས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དབེན་ཞིང་རྣམ་དག་དེ་བཞིན་ཉིད།། ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་ལས།། འགྱུར་བ་མེད་པའི་ངང་ལ་བཞུགས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཁམས་གསུམ་མཆོད་གནས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། ལུས་དང་ངག་དང་ཡིད་ཀྱི་ལས།། རྣམ་པར་ཟད་མེར་འགྱུར་བ་ལྟར།། སངས་རྒྱས་ཡེ་ཤེས་དེ་བཞིན་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པསྒྲས་ན་ཉི་མའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་འཇིགས་པ་མེད་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདག་མེད་ལས་བྱུང་བའི།། དམ ་ཆོས་སེང་གེའི་སྒྲ་སྒྲོགས་པས། ། འཛིན་པའི་རྟོག་པ་དེངས་པར་བྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་ས་མཆོད་པས་སངས་རྒྱས་ཐམས་ཅད་ཀྱི ་འགྱུར་བའི་བདེན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྡོ་རྗེའི་རླུང་གས་ན།། རིད་མེད་དབང་ཆེན་རྡུལ་ཕྲན་དག། རྡོ་རྗེ་ལ་ཤེས་འབྲུང་མེད་པས།། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོང་བའི་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་དབྱངས་ཀུན་ནས་སྡང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདེན་པར་སྨྲ་བའི་གསུང་གིས་ནི།། ཐོག་མེད་རྡོ་རྗེའི་དབྱངས་གཅིག་གིས།། སྟོང་གསུམ་ཀུན་དུ་སྒྲོག་པར་བྱེད། ཆུབ་ཁས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེནས་དེ་བཞིན་གཤེགས་པ་དགེ་བའི་ཚུལ་གཙུག་གིས་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཐོབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་མོས་པ ་འཇུག་པའི་སེམས་ཅན་ལ། ། མི་རྟག་སྡུག་བསྔལ་སྟོང་པ་ཞི་བ་དང་།། བདག་མེད་ཡེ་ཤེས་སྟོང་ཉིད་སྟོན་པར་བྱེད།། འདི་ནི་ཡེ་ཤེས་དག་པའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད ་ཅི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པའི་བུའི་ཛིརྗེའིཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མངོན་པར་བསྒྲུབ་པ་འཕགས་པའི་ཚིམ།། དེ་ཉིད་མཚན ་ཏོག་བྲལ་བ། ། སྤོང་བ་མེད་ཅིང་ལྷུན་གྱིས་གྲུབ།། བྱང་ཆུབ་ཚུ་ལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དཔལ་ཐུབ་པའི་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་ཆེན། ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཕྱག་རྒྱ་ཆེན་པོ་མཆོག་ཆེན་པོ།། དུས་གསུམ་མི་མཉམ་ཆོས་ཀྱི་སྐུ།། དོན་དམ་རབ་ཏུ་མི་གནས་པ།། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་དཔལ་རྟེན་པ་བཟང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་སྒྱུ་མའི་རྣམ་པར་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣུ་མ་དོན་དམ་པར་མི་གནས།། སྒྱུ་མའི་ཚོགས་གཉིས་འབད་མེད་པས།། དེ་ཉིད་དང་དུ་ཐོབ་ཅིང་གྲོལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་རིན་ཆེན་ཕུང་པོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བརྗོད་ཏུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བཞིན་རྟོག་པ་དག་པའི་ངང་།། ་དེ་ཉིད་སྤང་བླང་ལས་གྲོལ་ཕྱིར།། འོད་གསལ་དང་དུ་སྨྲར་མེད་དོན།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཛེས་པར་གཤེགས་པས་སངས་རྒྱས་ཐམས་ཅ ་ཀྱིས་རྒྱན་མངོན་པར་བསྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལྐོག་གྱུར་གནས་པའི་རྟེན་དག་ཅིང་།། ཚད་མེད་བཞི་ལས་འཆར་བ་གང་།། དེ་བཞིན་གཤེགས ་པས་ཡོངས་སུ་མཁྱེན། ། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པ་ཡི།། སྙིང་པོ་མངོན་པར་བྱང་ཆུབ་པ།། སྟོང་ཉིད་ཡེ་ཤེས་ནམ་མཁའ་ལྟར།། ཆོས ་སྐུ་དང་བྱུང་མཉམ་པ་ཉིད། ། འགོག་པ་མེད་ཕྱིར་སྣང་བ་པོ།། འོད་གསལ་སྙིང་པོ་འབྲས་འབྱུང་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།། གསུང་དང་ཐུགས་རྡོ་རྗེ་གསང་བ་གསང་བ་འདུས་པ་སངས ་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དབྱིངས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་དོན་གྱི་ལེའུ་སྟེ་ལྔ་བཅུ་དྲུག་པའོ། ། ། ་དེ་ནས་དེ་བཞིན་གཤེགས་པ་ཉིས་སྟང་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལུས་ཀྱིས་ལུས ་ཀྱི་རྗེས་ལྟ་ཞིང་། ། དེ་ཉིད་རང་བཞིན་མེད་པར་ཡང་།། ཆ་ཤས་མེད་པའི་རྣམ་པ་ཅན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དག་པའི་འོད་ཀྱིས་སངས་རྒྱས་ཐམས ་ཅད་ཀྱི་ཚོར་བ་དྲན་པ་ཉེ་བར་གཞག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདེ་སྡུག་བཏང་སྙོམས་ཀྱི།། ཚོར་བ་རང་བཞིན་མེད་པར་ནི།། དག་པརྐྱེན་བྲལ་ཚྭ ་ཉིད་དེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་གཙུག་ཏོར་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡུལ་དང་ཡུལ་ཅན་མི་དམིགས་ཤིང་།། འདུ་ཤེས་འདུ་བྱེད་རྣམ་དག་པ།། རང་ལས་བྱུང་བའི་གནས་མེད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་། ་དེནས་དེ་བཞིན་གཤེགས་པ་དཔལ་རྫོགས་པས་སངས་རྒྱས་ཐམས་ཅད་ཀྱི་སེམས་དྲན་པ་ཉེ་བར་གཞག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཟབ་ཅིང་ཐ ་བརྟག་མེད་པ། རྟེན་བྱེད་རྣམ་ཤེས་ས་བོན་ཚུལ།། རྟོག་པ་མེད་པར་གནས་པ་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་ཀྱིས་སངས་རྒྱས་ཐམས ་ཅད་ཀྱི་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་དག་ལམ་ལ་ངེས་པར་ཞུགས་པ་ཡི།། བླ་ན་མེད་པའི་འདུན་པ་མི་བྱེད ་བས། ། གང་དུ་བསྤོད་པར་བྱེད་པའི་མཆོག་འདི་ན།། ཚོགས་པ་འདི་ནི་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྱེན་དུ་འཕགས་པས་སངས་རྒྱས་ཐམས་ཅད ་ཀྱི་བརྩོད་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དཀར་པོའི་ཕྱོགས་རྒྱུན་རབ་འཕེལ་ཅིང་།། དགེ་བའི་རྩ་བ་མི་ཟད་པ།། ཡང་དག་ཡེ་ཤེས ་རློམ་པའི་ཚུལ། ང་ཆུ་ད་འི་ཚུལ་ན་འོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་བྱིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེབྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུན་ཆད་མེད་པའི་བསམ་གཏན་གནས།། ཡེངས་མེད་ཚུལ་ལགནས་གྱུར་ཅིང།། བདེན་དོན་སྤྱོད་པ་རྣམ་པར་འཛིན།། རྣམ་པར་སང་བྱེད་རྟེན་གྱུར་པས།། བྱང་ཆུབ་ཚུལ་འདི་སྐན ་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་འོད་དགྱེས་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་ཁྱད་པར་གྱི་ནི་བསམ་གཏན་ལ། ། སེམས་ནི་ཡེ་ཤེས་དང་གྱུར་པས།། མཚན་མས་སྟོང་པའི་རིག་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་པད་མའི་དཔལ ་གྱིས་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དགེ་བའི་བག་ལ་ཉལ་གྱུར་པ།། རྣམ་པར་སད་བྱེད་རྟེ་གྱུར ་པས། ། བདག་ཉིད་ཐར་པ་ཐོབ་པའི་ཆོས།། བདག་ཉིད་ཐར་པ་ཐོབ་པའི་ཆོས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས ་བའི་ཆོས་སྐྱེས་པ་རྣམ་པར་དག་པར་སྲུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་ངེས་པར་གནས་པ་ཡི།། དག་པའི་དགེ་བ་ཕྱོགས་མེད་པ།། བརྟན་ཞིང་ཕྱིར ་མི་ལྡོག་པར་ནི། ། གནས་པ་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཀོད་པ་མཛེས་པས་སངས་རྒྱས་ཐམས་ཅད་ཀྱི་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་རྡོ་རྗེའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྡིག་ཏོར་གྱུར་པའི་ཕུང་པོ་དག། ལོག་པའི་ལམ་རྣམས་ངེས་སྤོང་བ།། ཚུལ་ཁྲིམས་ངོ་བོ་བསྟན་པའི་མཐུ།། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཏི་མུག་མེད་པར་གཤེགས་པས་སངས་རྒྱས་ཐམས་ཅད་ཀྱི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ནུས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་དག་དངོས་པོ་མི་དམིགས་པས།། ཡོངས་སུ་དག་པས་རྩ་བ་བྲལ།། ལྡོག་པ་མེད་པའི་ཚུལ་གནས་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ན ་དེ་བཞིན་གཤེགས་པ་བླ་ན་མེད་པས་སངས་རྒྱས་ཐམ་ཅད་ཀྱི་དད་པའི་དབང་པོ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྒྱུ་དང་འབྲས་བུས་བསྡུས ་པ་ཡི། ། དངོས་པོ་ཞིང་དག་རྣམ་དག་པས།། ཕྲ་བར་བརྟེན་པ་འདོད་པ་དག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་མཚན་གྱིས་སངས་རྒྱས་ཐམས ་ཅད་ཀྱི་བརྩོན་འགྲུས་ཀྱི་དབང་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དགེ་བ་དང་ནི་ལྷག་པར་སྤྲོ་བའི་ཆོས།། ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ།། སྒྱུ་མའི་ཡེ ་འདིས་ནི་སྤྲོ་བ་གང་། ། བྱང་ཆུབ་ཚུལ་འདི་ངེས་པར་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེ་བར་དགོངས་པས་སངས་རྒྱས་ཐམས་ཅད་ཀྱི་དྲན་པའི་དབང་པོ་རྡོ་རྗེའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་བརྗེད་གཟུངས་སུ་གྱུར་པ་ནི།། བདེ་བ་བསྟན་པའི་ངང་འབྱུང་བ།། ལྷུང་བ་བག་མེད་གནས་སྤོང་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དབང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། མཉམ་པར་གཞག་དང་རྗེས་ཐོབ་ལ།། སྒྱུ་མ་ཁམས་གསུམ་ལམ་སྣང་བ།། དབེན་པའི་དེ་ཉིད་ཐོབ་པས་སོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པཆོག་མཁྱེན་པ་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་དབང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་དང་མྱ་ངན་འདས་པ་ཡི།། སྤྱི་དང་རང་གི ་མཚན་ཉིད་རྣམས། ། ངོ་བོ་ཉིད་དག་རབ་སྟོན་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དག་པའི་རྒྱ་མཚོས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་རྡོ་རྗེ ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་དབེན་དོན་ཀུན་ཤེས་པས།། བསམ་གཏན་བདེ་ལ་མ་ཞེན་ཅིང་།། ཁྱད་པར་བྱང་ཆུབ་སེམས་དཔའ་ཚེས།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་མངའ་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་དགྱེས་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱ ་ཆུབ་ཀྱི་སེམས་འདི་གསུངས་སོ། ། དང་དུ་བླང་བ་རློམ་སེམས་མེད།། གང་དུ་ཆོས་དབྱིངས་དང་འཇུག་པ།། གཅིག་དང་དུ་མར་དམིགས་པས་གྲོལ།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་རྟོག་པ་མི་མང་བས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་གཉིས་སུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བྲལ་བ་མེད་ཅིང་མི་ཤིགས་པ།། འཁྲུག ་མེད་བྱེ་བྲག་མ་སྤངས་ནས། ། འདྲེན་པ་ཆོས་ཀྱི་གཏེར་གྱུར་པའོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། འདི་ནི་གཞལ་ཡས་ཁང་མིན་ཡུལ་ནི་དབང་པོ་མིན་ཅིང་འབྱུང་སོགས་མིན་གཟུགས་ལ་སོགས ་པ་མ་ཡིན། ། སྲོག་གནས་མིན་ཞིང་མིར་གྱུར་འདི་ནི་རྒྱལ་བ་སྟེ།། འཁོར་ལོའི་གཙོ་བོའི་ཆོས་ཉིད་ཡིན་ཏེ་དེས་ནི་དཀྱིལ་འཁོར་དུ་མར་སྤྲུལ།། ཁམས་གསུམ་འདི་ན་སྣ་ཚོགས་འཁོར་ལོར་ཤེས་ན་སེམས་ནི་ཅི་སྟེ ་འཁྲུལ་བར་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་རིགས་ཀྱི་དཀྱིལ་འཁོ། ་འཐུང་གནས་རྡོ་རྗེ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐྱེ་བོ་དགའ་བར་མཛད་པས་སངས་རྒྱས་ཐམས་ཅད་ཀྱི་དད་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཞན་རྐྱེན་ན་བས་མི་རྫི་བའི།། ཡེ་ཤེས་མངོན་པར་འཕེལ་བས་ན།། མཆོག་ཏུ་རྟེན་འབྲེལ་ཡིད་ཆེས་ཡིན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྨ་བྱའི་ང་རོས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ ་སེམས་པ། གཞན་དང་།། དགེ་བའི་ཆུབ་བསྐྲུན་པ་ལས།། བ་ལོ་རྣམ་པར་བླངས་པ་ཅན།། བྷྱང་རྔུབ་ཅུལ་འདིག་པའོ།། ནས་གསུམས།། དེནས་དེ་བཞིན་གཤེགས་པ་མ་ཐུམ་པས་སངས་རྒྱ ་ཐམས་ཅད་ཀྱི་དྲན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་སྤྲོ་བ་ཚད་མེད་པ།། རྒྱུན་དུ་ཆོས་རྒྱུན་གཟུངས་ཐོབ་པས།། རྟག་ཏུ་དགེ་བས་དུས་མཐའ ་གང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྲེད་པའི་དྲི་མ་སྤངས་པས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་གཡེང་བའི་དྲི་མ་བྲལ།། འཁྲིག་པ་བྲལ་བའི་བདེ་བརྒྱས།། གཞན་དུ་དགྲ་པ་ཚད་མེད་པས།། དེ་ཉིད་གསང་བའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས། ་དེ་བཞིན་གཤེགས་པ་སྤྱོད་པའི་ལམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་ཤེས་རབ་འཆལ་སྤངས་ན།། ་རབ་ཏུ་བྱེད་པ་ཐོགས་མེད་པ།། སྟོང་ཉིད་ཡེ་ཤེས་ཐུགས་རྗེའི་བདག། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷ་ཐམས་ཅད་ཀྱིས་སྙན་པར་བསྒྲགས་པས་སངས། ་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྣམ་པ་ཀུན་དུ་ཁྱབ་པ་ཡི།། རང་རིག་ཡེ་ཤེས་འདུ་འབྲལ ་མེད། ཁྱད་པར་མངོན་པར་རྟོགས་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་ཡང་དག། ་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། བྱིན་ཅིམ་ལོག་ཁྱད་པར་ལ།། རང་གི་ལུས་དང་ལོངས་སྤྱོད་ཚོགས།། སེམས་ཅན་ཀུར་ལ་སྟེར་བས་ན། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་པད་མས་སངས་རྒྱས་ཐམས་ཅད་ཀྱི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ལྐོག་ཏུ་གྱུར་པ་ལས་འདས་ཤིང་།། གཞོན་ནུའི་བདེ་བ་རྟོག་བྲལ་བས།། ཟག་མེད་བདེ་བས་རྒྱས་གྱུར་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་དཔལ་རྡོ་རྗེ་འཛིན་པས་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉམས་པ ་མེད་ཅིང་འཕེལ་བའི་ཆོས། ། བདེ་བ་དང་ནི་དགྱེས་དཔྱོད་པ།། ལྡང་བ་དང་ཡང་ཟོ་མདོག་བདེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྲ་ལས་རྣམ་པར་རྒྱལ་བས ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྟེན་འབྲེལ་ལུགས་འབྱུང་ལུགས ་བཟློག་པའི། ། སྤྱི་དང་རང་གི་མཚན་ཉིད་ལས།། ཆོས་ཀུན་རྣམ་པར་འབྱེད་པ་ཡི།། རབ་ཏུ་མི་གནས་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་གྲགས་པས་སངས ་རྒྱས་ཐམས་ཅད་ཀྱི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་གོ་ཆ་དང་ལྡན་ཞིང་།། གོང་ནས་གོང་དུ་འཕེལ་བྱེད་པ ་དེ་ཉིད་འཕེལ་བར་གྱུར་པ་ནི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་བཟང་བ་སངས་རྒྱས་ཐམས་ཅད་ཀྱི་བཏང་སྙོམས་ཡང་དག་བྱ ་ཀྱི་ཡན་ལག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཁའ་དང་མཉམ་པའི་སེམས་ཅན་ལ།། ཕྱོགས་རིས་མེད་པར་ཁྱབ་པ་ཡི།། གཉིས་མེད་མཉམ་པར ་གནས་པའི། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱིན་ཅི་མ་ལོག་ཡེ་ཤེས་ནི།། མངོན་སུམ་དག་པའི་ངོ་བོར་གྱུར།། ལྷག་པའི་སྡོམ་འཕེལ་འགྱུར་བ་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་སེང་གེའི་ང་རོས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་རྟོག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་པ་རྟོག་པས་མི་བྱེད་པས།། ་ཀུན་སློང་ངན་པ་རྣམ་རྟོག་སྟེ།། བྱང་ཆུབ་སེམས་ཀྱི་རྗེས་འགྲོ་བས།། བསྒོམ་པར་བྱ་བའི་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ལྟར་ཤར་བས་སངས་རྒྱས་ཐམས་ཅད་ཀྱི། ་ཡང་དག་པའི་ངག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མ་འདྲེས་དྲི་མ་མེད་པ་ཡི་རང་གི་ཡེ་ཤེས་དེར་སྟོན་མཛད།། རྣམ་པར་དག་པས་ཚུལ་བསྟན་པ། ་བྱང་ཆུབ་དེ་ཉིད་བཤད་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཛིན་པའི་མཆོག་གིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ལས་ཀྱི་མཐའ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདག་ཉིད་བྱང་ཆུབ་ཆེན་པོ་རུ།། རིང་བའི་ཆོས་དག་མངོན་གྱུར་པས།། ཕྱིར་མི་ལྡོག་པའི་སེམས་ཐོབ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ན ་དེ་བཞིན་གཤེགས་པ་མི་གཡོ་བས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་མཚོ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལུས་ངག་ཡིད་གསུམ་གཞན་དོན་དུ།། ངེས་པར ་བསྔོ་བ་བླ་ན་མེད། ། ཡང་དག་དོན་ལ་རྒྱུན་སྤྱོད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཕན་པ་དང་ལྡན་པར་གཤེགས་པས་སངས་རྒྱས་ཐས་ཅད་ཀྱི་ཡང་དག་པར་ཅོས ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཤིན་ཏུ་ངེས་པར་གཞན་གྱི་དོན།། དངོས་དང་བརྒྱུད་པས་མཛད་པ་པོ།། རོ་མཉམ་ཡེ་ཤེས་རོལ་པ་ནི།། བྱང་ཆུབ་ཚུལ་འདི་བསྟན ་བཡིན་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་དྲིན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་ས། ་ལྤགས་རྗེས་ཁྱང་པར་ཡུལ་གྱུར་པ།། དེ་བ་ཉམས་པ་མེད་པ་དང་། བསྐྲུན་པ་སྐྱེང་པོ་འདྲེན་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒོར་མའི་རྒྱལ་པོས་སངས་རྒྱ ་ཅད་ཀྱིས་དདག་པ་ཅི་ང་ཛིན་རྫ་མཚག་ཏུ་དག་པ་ལ་ང་འདུན་ལ་སྐམས་པར་ཤུགས་ཁྱེང་ཆུབ་ཀྱིསེམས་བསུང་། ། གྲགས་རྟོག་པམ་ཨ་པ་ཤེས་སུ་རྡུགས། ་ཆལ་སྐྱོང་དང་གནས་པས།། བྱང་ཆུ་བཆུལ་འདི་བསྟན་པལ།། ཞེས་གསུངས་ས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་བའི་ལེགས་ཀྱི་སྣང་བ་མི་ཟད་པས་དུས་གསུམ་དུ་ན ་འཆད་ཅིང་ཕྱོགས་བཅུ་ཀུན་དུ་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པའི་གནས་ཀྱི་དབང་ཕྱུག་དམ་པས་སྟོན་པར་བྱེད་དོ། ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགྱེས ་པའི་མཆོགཅོལ་བས་དྲི་མ་མེད་པར་སྤྱོད་ལ། ། འཕགས་པ་ཐམས་ཅད་ལ་མཆོད་པ་དང་།། སེམས་ཅན་ཐམས་ཅད་ཡོངས་སུ་སྟོན་པའི་ལམ་མཚུངས་པ་མེད་པར་ཆད་མེད་པའི་འོད་ཟེར་དུ་བས་སྣང་བ་དང་ཡོངས ་སུ་དག་པར་བྱེད་པ་ཉིད་དེ། ། འདིར་གསང་བ་ཆེན་པོའི་ཚུལ་ལ་ཕྱིན་ཅི་མ་ལོག་པས་གནས་ཤིང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་ངེས་པར་ཐོབ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟོན་པ་ཡིན།། བླ་མ་ཡིན་བཀུར་ག་ན ་ཡིན། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན།། ཡེ་ཤེས་མི་ཟད་པའི་གཏེར་ཡིན།། མཚུངས་པ་མེད་པའི་རྒྱ་མཚོ་ཡིན།། ཡོན་ཏན་དྲི་མ་མེད་པའི་གླིང་ཡིན།། གཟི་བརྗིད་མི་ཟད་པའི་ཉི་མ་ཡིན། ་རིན་ཆེན་དུ་མའི་རྒྱལ་མཚན་ཡིན། མི་ཤེས་པའི་རབ་རིབ་སེལ་བའི་ཟླ་བ་ཡིན།། མུན་པ་ལ་གནས་པའི་སྒྲོན་མེ་ལྟ་བུ་ཡིན།། ནད་ཐམས་ཅད་ཞི་བར་ནུས་པའི་སྨན་པའི་རྒྱལ་པོ་ཆེན་པོ་ཡིན་སྲིད་པ་ལས་སྒྲོལ ་བར་བྱེད་པའི་གྲུ་ཆེན་པོ་ཡིན། ། དགོས་འདོད་དུ་མའི་གཞི་རིན་པོ་ཆེ་བསམ་འཕེལ་ཡིན།། ཕུན་སུམ་ཚོགས་པ་དུ་མའི་ལྗོན་ཤིང་ཆེན་པོ་ཚད་མེད་པས་སྐྱོབ་པ་ཉིད་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་རྒྱུད་རྒྱས་པར་བྱེད ་པའི་བླ་མ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ཐ་དད་མེད་ཅིང་དབྱེར་མེད་པ་ཉིད་དོ། ། འདིས་ནི་རིམ་པ་ངེས་པར་སྟོན་པ་ནི་འདི་ལྟ་སྟེ།། ཆོས་ཐམས་ཅད་ཀྱི་ལམ་མ་ལུས་པ་རྫོགས་པར་བྱེད་པ་འདི་ཉིད་ད། ར་པོ་རྣམ་པར ་མཐོང་བའི་ས་དང་། ། རིགས་ཀྱིས་དང་། བརྒྱད་པའི་ས་དང་། སྲབས་པའི་ས་དང་། མཐོང་བའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། བསྲུང་བའི་ས་ཐམས་ཅད་ཡོང་སུ་རྫོགས་པར ་བྱེད་དོ། ། མོས་པར་སྤྱོད་པ་དང་། འཇུག་པའི་སྒོ་ལ་སྤྱོད་པ་དང་།། ལམ་གནས་པ་ལ་སྤྱོད་པ་རྫོགས་པར་བྱེད་དོ།། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འཕྲོ་བ་དང་། འོད་བྱེད་པ་དང་། སྦྱང་དཀའ་བ་དང་། མངོན ་དུ་གྱུར་པ་དང་། རིང་བྱུང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་བར་དུ་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ།། དཔེ་མེད་པའི་ས་དང་། ཡེ་ཤེས་ཆེན་པོའི་ས་དང་། དཔལ་རྡོ་རྗེ་འཛིན་པའི ་བར་དུ་མ་ལུས་པའི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དོ། མངོན་པར་འབྱུང་བ་རོལ་པའི་གསང་བབསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་སྟོན་པ་ཉིད་དོ།། དེ་ཕྱིར་ཀུན་ནས་ཀུན་དུ་ངེས་པར་ཐ་མ་ལ་མཆོད། ་ཅིང་རྟེན་པར་བྱ་བ་ལ་འབད་པ་ཉིད་དོ།། འདི་དག་གིས་ཀྱང་ལུས་གཅིག་གིས་ཡེ་ཤེས་དུ་མ་ཡོངས་སུ་སྡུད་པར་བྱེད་པའི་ཕྱིར་ཚེ་ཅག་གིས་མངོན་དུ་བྱེད་པར་འགྱུར་རོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ ་ཏ་ཧམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྡི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གས་བ་བླན་མེད་པའི་ལམ་ཡོངས་སུ་རྫོགས་པར་སོན ་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དབྱངས་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅ་ཀྱི་ཡེ་ཤེས་རིན་པོ་ཆེའི་མཛོད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། གསང་བ་འཛིན་པ་མ་ལུས་པ།། ཡེ་ཤེས་རྒྱུ་དངོའོ་མ་བཞིན།། རྗེ་ཕྱི་གཅིག་ཏུ་འདྲེས་པ་ཡི།། བྱང་ཆུབ་རྡུལ་འདི་བསྟན་པའོ།། ས་གསུངས་ས།། དེ་ནས་དེ་བཞིན་གཤེགས་པ་གོད་མ ་ཡེ་ཤེས་མངོན་པར་རོལ་པས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སྤྲིན་གྱི་འོད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་འབྱུང་བའི་ཡེ་ཤེས་ཀྱིས།། སྐུའི་རྡོ་རྗེའི ་རོལ་པ་གང་། ། མ་སྐྱེས་དེ་བཞིན་ཉིད་སྦྱོར་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མདངས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ཡེ ་ཤེས་ཀྱི་ཆུ་བོ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བརྗོད་པ་ཐ་སྙད་བྲལ་བ་ཡི།། གསུང་གི་རྡོ་རྗེའི་དབང་ཕྱུག་གང་།། སྐྱེ་མེད་ངོ་བོ་ཉིད་སྟོན་པས།། བྱ ་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བློ་གནས་པའི་རང་བཞིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་ལོག་ལྟའི་རི་བོ་འཛེམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་རྟོག་ལས་གྲོལ་བ་ཡི།། ཡེ་ཤེས་ཕུང་པོའི་རང་བཞིན་ཅན།། མཉམ་ཉིད་བྱང་ཆུབ་མི་ཕྱེད་པས།། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེས་དེ་བཞིན་གཤེགས་པ་ཟབབཟང་པོས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ཀུན་དུ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཟབ་མོའི་གནས་ལ་བསམ་གཏན་གང་། ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས།། ཤིན་དུ་དགྱེས་པར་སྤྱོད་པ་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་མེ་ཏོག་གིས་སངས་རྒྱས་ཐམས་ཅད་ཀྱི་འབྱུང་། ་བར་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གནས་ལུགས་དེ་བཞིན་ཉིད་སྟོང་པས།། རྒྱུ་དང་རྐྱེན་ལས་རྣམ་གྲོལ་ཉིད།། མ་འགགས་ཐ་སྙད་རྙོག་པ་མེད།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཀྲ་ཤིས་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་ཡེ་ཤེས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། རྟོགས་པར་བྱ་བའི་དོན་དམ་ནི།། རྟེན་འབྲེལ་མཚན་ཉིད་སྟོན་པ་ལས།། སྟོང་ཉིད་ཡེ་ཤེས་ཆོས་ཀྱི་སྐུ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་ལེགས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་རབ་ཏུ་ཞིབ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དམིགས་སུ་མེད་པའི་དོན་དམ་ནི།། བསམ་པ་ཤེས་བརྗོད ་ཡུལ་འདས་པ། དམིགས་པ་ཀུན་ལས་འདས་པ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གཟི་བརྗིད་ཀྱིས།། སངས་རྒྱས་ཐམས་ཅད་ཀྱི་འཛམ་བུའི་ཆུ་བོའི ་འོད་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཇིག་རྟེན་སྲིད་པའི་བསྟན་པ་དང་།། གཡོ་བའི་ལྷ་ཚོགས་གང་འབྱུང་བ།། དཔག་མེད་འདི་ཡིས་གནོན་པ་པོ།། བྱང ་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྟོབས་ཀྱི་བརྟུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་བསྐལ་པ་འཁོར་བའི་མུན་པ་སེལ་བྱེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདག་དང་བདག་གིར་འཛིན་པ་ཡི།། བློ་ཡི་མུན་པ་མ་ལུས་པ།། ཡེ་ཤེས་སྣང་བས་འཇོམས་པར་མཛད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས ་སོ། ། དེ་ནས་དེ་བཞིན་གཤེགས་པ་དགེ་བའི་སྒྲོན་མས་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད་སྒྲོན་མེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་གསལ་ཤེས་རབ་མེ་འབར་བས།། ཉོན་མོངས་མ་ལུས་ཁྱོད་ཀྱིས་བསྲེགས།། ཟག་པའི་དྲི་མ་སེལ་མཛད་པ།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཐུའི ་རྩལ་སྟོན་པས་སངས་རྒྱས་ཐམས་ཅད་ཀྱི་ཐོགས་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བདུད་སྡེ་ཤིན་ཏུ་མི་ཟད་པ།། ཐམས་ཅད་འདུལ་མཛད་དཔའ ་པོ་ཆེ། ། སྟོབས་ཆེན་འཇིག་རྟེན་གསུམ་ལས་རྒྱལ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྔ་སྒྲ་ཐུབ་པས་སངས་རྒྱས་ཐམས་ཅད་ཀྱི་གདུལ་དཀའ་མ་ལུས་པ་འདུལ་བར ་མཛད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་མཆོག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བྱམས་པའི་ཏིང་འཛིན་གྱིས།། སྙིང་རྗེས་ཡུལ་གྱུར་གཟིགས་ནས ་ནི། ། ཕ་རོལ་རྟོག་པ་རྩད་གཅོད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་སངས་རྒྱས་ཐམས་ཅད་ཀྱི་ལྷག་པར་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཚུངས་མེད་སྟོན་པ་གཅིག་པ་དང་།། དུ་མ་ལས་ནི་ཡོངས་གྲོལ་ཞིང་། ཀུན་རྫོབ་ཐ་སྙད་ཟད་བྱེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་ཉི་མའི་ཞལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་དག་པའི་ཀློང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ནས་སངས་རྒྱས་མ་ལུས་པའི།། བསྟན ་གཞན་དོན་ཕྱིར་འབྱུང་བ། ། ཐུབ་པ་བརྡལ་བ་ཆེན་པོར་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐར་པའི་བརྟུལ་ཞུགས་ཀུན་ནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། བཅུ་གཉིས་སྤྱོད་པའི་ཚུལ་གྱིས་ནི།། ཡོན་ཏན་སྡུད་པའི་ཚུལ་འཆང་བ།། དམིགས་མེད་ཀུན་རྫོབ་དག་པ་ཆེ།། བྱང་ཆུབ་ཚུལ་འདི ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དྲི་མེད་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཞལ་བཟངས་རྒྱས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུང་སོ། ། ཀུན་ནས་ཞལ་གྱི་སྣང་བའི་སྒོ།། དཔག་མེད་ཞལ་དང་ཕྱག་རྒྱ་དག། དུ་མར་སྣང་བའི་སྟོན་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་གནས་ཀྱིས་སངས ་རྒྱས་ཐམས་ཅད་ཀྱི་ཚུལ་ཟབ་པར་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲང་སྲོང་སྤྱོད་པ་གཙང་མའི་གནས།། རི་སུལ་གནས་ལ་རྟེན་པ་ཡི།། ཆོག་ཤེས་བག་ཡེད ་སྟངས་བྲལ་བ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡུལ་མེད་པས་སངས་རྒྱས་ཀྱི་སྣང་མེད་འོད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། ཞི་བ་སྤྲོས་བྲལ་མཁའ་ཡུ། མཐའ་དབུས་མེད་པའི་ངོ་བོ་ཉིད།། གོ་འབྱེད་ཡེ་ཤེས་ལྷུན་གྱིས་གྲུབ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྙིང་པོ་འཕགས ་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་མི་རྟོག་རང་བྱུང་བ།། སྣང་ལ་རང་བཞིན་མེད ་པ་ནི། ། མ་གྲུབ་གྲུབ་པའི་ལམ་གྱུར་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། སེམས་བསྐྱེད་ངེས་པ་དང་པོ་སྟེ།། ཚོགས་བསགས་པ་ནི་ཟུང་འབྲེལ་འབྱུང་།། ཚད་མེད་དྲོང་ལ་སོགས་པར་འགྱུར།། ་སྟོང་ཉིད་ཡེ་ཤེས་མཐོང་བ་ཉིད།། དང་པོར་རྡོ་རྗེ་སེམས་དཔའ་ནས། དཀྱིལ་འཁོར་ཡོངས་རྫོགས་གོམས་བྱེད་པས།། བསྡུ་བ་ཡོངས་སུ་དག་པ་ཉིད།། བླ་ན་མེད་པའི་ཚུལ་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་ད་ཨང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཡེ་ཤེས་ངེས་པར་བྱེད་པ་གནས་གཏན་ལ་དབབ་པའི་དོན་གྱི ་ལེའུ་སྟེ་ལྔ་བཅུ་དགུ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མིག་སྨན་རྒྱལ་པོས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྟོང་པའི་མཚན་ཉིད་མཚོན་པ་ལས།། ཆུ་ཤིང་སྐེ་མའི་བདུད་རྩི་བཞིན།། སྙིང་པོ་མེད་པའི་སྙིང་པོར་གྱུར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས། ་པ་འཕེལ་བར་མཛད་པས་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྣམ་ཤེས་ཡེ་ཤེས་གཟུགས་ཅན་ནི།། མཚན་མ་མེད་པཾ ་རྣམ་པ་ཅན། ། དྲི་མེདང་ས་བོན་འབྱུང་གནས་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རྟོགས་པའི་ཏིང ་དེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་རྫོགས་པའི་བྱང་ཆུབ་ལམ།། འོད་ཟེར་ཀུན་དུ་འབར་བཅས་པས།། ནཱ་ཌ་འཛིན་མེད་གཉུག་མར་གྲོལ།། བྱང་ཆུབ་ཚུལ་འདི་བསྟན་པན། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དུས་མཁྱེན་འོད་སངས་རྒྱས་ཐམས་ཅད་ཀྱི་ཙན་དན་གྱི་དྲི་རྒྱལ་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྔོན ་དུ་འགྲོ་བ་ཡིད་ཡིན་ཏེ། ། ཡིད་ཀྱིས་འཇུག་པའི་རང་བཞིན་རྣམས།། དག་པ་གསང་བ་ཆེན་པོ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲན་པའི་དབང་པོ་སངས ་རྒྱས་ཐམས་ཅད་ཀྱི་ཐོགས་མེད་སྤྱོད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་གཡོ་འགོག་པའི་ལམ་སྤངས་ཤིང་།། མ་རིག་རྡུལ་དང་བྲལ་བ་ཡིན།། སྙིང་གི ་པད་མ་ས་དབྱེད་པ། ། བྱང་ཆུབ་ཚུལ་འོད་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་སྡུད་པ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཚན་མ་མེད་པའི་སྐུ་གཅིག་པུ་ཉོན་མོངས་བྲལ་བའི་ཕྱག་རྒྱ་ཆེ།། དོགས་པ་མེད་པ་རྟེན་ཅིང་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང ་སོ། ། དེ་ནས་དེ་བཞིན་གཤེག་པ་བྱང་ཆུབ་མཆོག་བསྒོང་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་འབྱུང་བ་རྡོ་རྗེའི་ཏིངངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མི ་རྟག་སྡུག་བསྔལ་བདག་མེད་དང་། ། ཞི་བའི་ཚུལ་གྱིས་ཐབས་མཁས་པས།། སེམས་ཅན་ཇི་སྲིད་སྐྱོ་བསྐྱེད་པའི།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤྱོད་པ ་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་མཆོག་ཏུ་སྤྲུལ་པ། ། ངོ་བོ་ཉིད་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་འཇིག་རྟེན་མ་ལུས་པའི།། སེམས ་ཅན་ཁམས་རང་བསམ་པ་དང་། ། བག་ལ་ཉལ་བ་མཁྱེན་པས་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དགྱེས་པས་སངས་རྒྱས་ཐམས་ཅད་ཀྱི་ཡུལ ་དམིགས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཚད་མེད་ཐུགས་རྗེའི་དབང་གྱུར་པས།། སྣ་ཚོགས་འདུལ་བའི་ཚུལ་ཅན་གྱིས།། ཆོས་ཀྱི་དབྱིངས ་ངང་ཚུལ་གཅིག་པར། ། འགྲོ་དོན་དེ་ཉིད་བསྟན་པའོ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐུབ་པའི་སེམས་ཅན་ཐམས་ཅད་ཀུན།། མ་ལུས་ཟག་མེད་དབྱིངས་ཉིད་དུ།། མ་གྱུར་དེ་སྲིད་བཞུགས་མཛད་ཅིང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུམ ་སོ། ། དེ་ནས་དེ་བཞིན་གཤེགས་པ་ལྷ་ཐམ་ཅད་པའི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འགྲོ་བ་གཅིག ་ཀྱང་མ་ལུས་པར། ། ཡེ་ཤེས་དབྱིངས་སུ་མ་གྱུར་ཚེ།། མྱ་ངན་འདའ་བ་སྟོན་མི་མཛད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཤེས་གཉེན་ཆེན་པོས་སངས་རྒྱས ་ཐམས་ཅད་ཀྱི་ཡེ་ཤེས་བསོད་ནམས་གཞལ་དུ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་དང་གཞན་དང་བདག་དང་ནི།། བདག་གི་འཛིན་པའི་གཉིས ་སྣང་ཞིང་། གཉིས་མེད་མཉམ་པར་རབ་སྦྱོར་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཟང་པོའི་བཤེས་གཉེན་སངས་རྒྱས་ཐམས་ཅད་ཀྱི་དཔག་མེད ་བདེ་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཕན་པ་འབྱུང་བའི་གནས།། རང་བཞིན་འོད་གསལ་འགྱུར་མེད་པས།། གཅིག་ལས་དུ་མར་སྤྲུལ་པ་དག། ་བྱང་ཆུབ་དང་ལས་སྤྲུལ་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འགྲོ་དྲུག་འདུལ་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་མ་ལུས་སྲོག་གྱུར་པ།། སྙིང་པོ་བདུད་རྩི་བྱང་ཆུབ་སེམས།། འཕོ་བ་མེད་པར་རང་འདིར་རྒྱལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་བདུད་ཅིའི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་བ་འགྲོ་བ་སྐྱོབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་ཚད་མེད་པནི་ལྡན་པ། ་རྒྱུ་དང་ལམ་དང་ཡུལ་གྱིས་ནི།། དམིགས་བཅས་དམིགས་མེད་རིམ་པ་དག། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷུན་པོའི་འོད་སངས་རྒྱས་ཐམས་ཅད་ཀྱི་མཛེས་པ ་བླ་ན་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདུས་མ་བྱས་ཤིང་རྣམ་དབྱེ་མེད།། ཆོས་ཉིད་ངོ་བོ་ཉིད་འབྱུང་བ།། དག་པའི་ཕྱིར་ན་འོད་གསལ་བ།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཕགས་པས་བསྟོད་པ་དྲི་མ་མེད་པ་ཡོངས་སུ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་སེམས་ཉིད་ཉོན་མོངས་ཅན་མིན་པ།། གློ་བུར་དྲི་མ་རླུང་ལས་བྱུང་།། དེས་བླངས་འཛིན་པས་རྣམ་འཁྲུལ་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣང་ལྡན་སངས ་རྒྱས་ཐམས་ཅད་ཀྱི་ལྷན་ཅིག་ཏུ་འབྱུང་བ་ཡེ་ཤེས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཉིད་དང་ལ་རང་གནས་པའི།། རླུང་ནི་ཕྲ་རབ་འཇུག་བྱེད་ཅིང་། ་དག་པ་ཡེ་ཤེས་ཚུལ་དུ་འཇུག། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་འབར་བས་སངས་རྒྱས་ཐམས་ཅད་ཀྱི་དག་པ་ཆེན་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྐམས་པར་ཞུགས་ཏེ་བྱུང་ཆུབ་སེམས་འདི་གསུངས་སོ། ། མཐའ་གཉིས་ལས་ནི་རྣམ་པར་གགས།། སྒྲུབ་གཉིས་སྙོམས་པར་འཇུག་བཅས་པ།། ལྷན་ཅིག་འབྱུང་བ་མ་གནས་པས།། ཏན་ཏུ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣང་བ་གཟིགས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་བ་ཡེ་ཤེས་གསང་བའི་མཛོད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་རྒྱ་མཚོའི་ངང་ཉིད་ལས།། དཔའ་རླབས་སྣ་ཚོགས་ཆོ་འཕྲུལ་སྟོན།། འདི་ཉིད་ཡོན་ཏན་འབྱུང་བའི་གཞི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། རྟོག་མེད་ཡེ ་ཤེས་དབྱིངས་གྱུར་པ། ། ནམ་མཁའ་ཀུན་དུ་རྟོག་བྲལ་བས།། རླུང་སེམས་མཉམ་པར་གྱུར་པས་ན།། མཚུངས་མེད་ནོར་བུའི་གཏེར་མཆོག་གྱུར།། ཆོས་ཉིད་དང་དུ་བཞུགས་པ་དག། ཐུན་མོང་ཚུལ་འདི་བསྟན་པའོ།། ་གསུས་སོ། དེ་ནས་དེ་བནན། ཤེགས་པཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས།། སངས་རྒྱས་ཐམ་ཅད་ཀྱི་ནོར་བུའི་རྟོག ་གི་རྒྱལ་པོའི་ངོ་བོའི་ལེའུ་སྟེ་དྲུག་བཅུ་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་སྤྱོད་རྣམ་པར་སྨིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཚིམ་ད་ཕྱོགས་ཆས་སྟོང་པ་རྡོ་རྗེའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རང་བྱུང་ཡེ་ཤེས་གནས་མེད་རྒྱལ།། མཐའ་དབུས་ལས་གྲོལ་དེ་བཞིན་ཉིད།། སངས་རྒྱས་ཉིད་ཀྱིས་མི་གཟིགས་པ།། བྱང་ཆུབ ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལེགས་དགྱེས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། མི་གཉིས་ཐ་དད་མེད་པའི་ཆོས།། གསང་བ་ངོ་བོ་ཉིད་དག་པར།། སྐྱེ་བ་མེད་ལ་ཆོས་འབྱུང་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ ་མྱ་ངན་བྲལ་སངས་རྒྱས་ཐམས་ཅད་ཀྱི་རབ་ཏུ་ཉམས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྣམ་པར་དམིགས་པ་རྟོག་བྲལ་ཏེ།། ཀུན་ནས་ཟད་མེད་འཕེལ་མེད ་བས། ། ཡོན་ཏན་རྒྱལ་བས་བསྡུས་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་འདུ་བ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདིར་ནི་མི་རྡོག་ཡེ་ཤེས་ཉིད།། མཉམ་བཞག་རྗེས་ཐོབ་རྩོལ་བྲལ་ནས།། གཉིས་མི་གཟིགས་པས་རབ་ཏུ་ཀྱེ།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སྤྱོད་པ་དང་ལྡན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་ཡིད་ལ་མི་ཕྱེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཡིད་ལ་བྱེད ་པ་མཚན་མར་བྱུང་། ། དེ་ཉིད་དངོས་མེད་རྟོག་བྲལ་བས།། ཡིད་ལ་མི་བྱེད་བདེ་བ་ཆེ།། དབྱུང་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་སྟོབས་སངས་རྒྱས་ཐམས ་ཅད་ཀྱི་ཀུན་ནས་འབྲེལ་བ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདག་ཉིད་གཅིག་པ་དང་།། རྒྱུ་འབྲས་ཐབས་དང་ཐབས་བྱུང་དང་།། དེ་ལས་བྱུང་བའི ་ཚུལ་མེད་པས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་ཡེ་ཤེས་དྲ་བ་འཛིན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོར་འཛིན་པ་དག་བྱེད་ཅིང་།། དངོས་མེད་ཕྲ་བར་འབྱུང་བ་ནི།། མི་སྐུ་འབྱུང་བ་དགྲ་བཅོམ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་མད་ཅུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱིས་དངོས་པོའི་ཆོས་ཉིད་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གཅིག་དང་དུམ་ལས ་གྲོལ་བ། ། གཉིས་མེད་མཐོང་བས་ཡོངས་སུ་བསྒོམ།། དེ་ཉིད་རྒྱུན་ཆད་མེད་གྱུར་པས།། རྟེན་ཅིང་འབྲེལ་འབྱུང་དོན་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ང་རྒྱལ་སྤོང་སངས ་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མི་ཟད་པའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འདི་ནི་ཡོངས་སུ་དག་པའི་ལམ།། བར་ཆད་མེད་པར་མཐར་བྱིན་པ།། རྣམ་ཤེས ་ཕུང་པོའི་ཡེ་ཤེས་འབྱུང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་བདུད་དྲག་པར་མཛད་པ་བདུད་ཡུ་ལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་དངོས་དང་དངོས་མེད་ལས་གྲོལ་ཞིང་།། སེམས་དང་སེམས་ལས་བྱུང་བ་ཡིན།། འདུ་བྱེད་དག་པའི་སེམས་པ་གང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆགས ་པ་ཐམས་ཅད་ལས་ཡང་དག་པར་རྒལ་བའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཕྱི་ནང་དུ་གནས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྒྱུ་མའི་རྣམ་པ་ལྟ ་བུས་ཀྱང་། ། བདེ་དང་སྡུག་བསྔལ་ཀུན་བྱེད་དེ།། རྒྱུ་འབྲས་བྱེད་པས་སོ་སོར་སྨིན།། དེ་བས་བྱང་ཆུབ་སེམས་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་བྱེད་པའི་བློ་མངའ་བ་སངས་རྣ ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་སྟོང་ཐ་དད་མེད་པ་ཡིད།། ངོ་བོ་རོ་མཉམ་སྒྱུ་མའི་དངོས།། དུས་གསུམ་དངོས་ལས་འདས་པའི་ཆོ ་བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྒྱ་མཚོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་དཔའ་བོའི་འཁོར་ལོ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། བདེན་པ་བརྫུན་པ་ལས་འདས་ཤིང་།། དངོས་སྟོད་དྲི་ཟའི་གྲོང་མཚུངས་དང་།། བྱེད་པ་སྤངས་པའི་ཚུལ་འདི་ནི།། དེ་ཉིད་ཡེ་ཤེས་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་དག་ཅིང་དགའ་བར་མཛད་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གྲུབ་པ་མེད་པའི་ཆོས་ཀྱི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐྱེ་བ་འདི ་ནི་མ་སྐྱེས་པས། ། རང་རིག་བདག་ཉིད་ཇི་ལྟར་བསྐྱེད།། དངོས་མེད་གནས་ལས་གྲོལ་བའི་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་བླ་མེད ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩིའི་ཕྲེང་བ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མོས་པ་དམན་པའི་སེམས་ཅན་ལ།། ཉན་ཐོས་རང་རྒྱལ་ལ ་སོགས་པ། ། རྫས་སུ་གྲུབ་འདོད་དེ་བྲལ་ཆོས།། སྟོང་ཉིད་ཙམ་དུའང་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གྲོལ་བའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྲོས་པ་མེད་པའི ་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐོབ་པ་མེད་ཅིང་འབྲེལ་མེད་པ།། བྱེ་བྲག་མདོ་སྡེའི་རིགས་ལས་འདས། སེམས་ཙམ་དུ་ཡང་བཤད་པས་ན། ང་ཆུ་ཆུལ་འདི་བསྟན་པོའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་དགའ་བའི་འོད་སངས་རྒྱས་ཐམས་ཅད་ཀྱི་དོན་ཡོངས་སུ་སྡུད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དྲན་པའི ་ཐར་ལས་གས་བ་ནི། ། སྐྱོན་མང་ཤིན་ཏུ་ཡོངས་གསལ་བ་།། ཐུབ་པ་ཉི་མ་བདེ་བའི་ལམ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་རྒྱལ་མཚན་སངས་རྒྱས་ཐམས ་ཅད་ཀྱི་རིན་པོ་ཆེའི་རི་རབ་ཀྱི་ཟོབ་ལ་གནས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རིང་གནས་ས་གསུམ་གནས་པ་ཡི།། ཡེ་ཤེས་དཔག་མེད་ནོར་བུ་ཡིས།། བློ་ཡི་གཏེར ་དང་མཚུངས་པར་འགྱུར། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེ་རིན་ཆེན་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བྱང་ཆུབ་མཆོག་གནས་པ།། རྒྱལ་བ་བྱེ་བ་ཁྲག་ཁྲིག་གིས།། བསྔགས་པས་ཡིད་འོང་ཚིག་གཅིག་ཏུ།། བྱང་ཆུབ་ཚུལ་འདི་ལེགས་བསྟན་ཡིན།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་བསིལ་བ་སངས་རྒྱས་ཐམས་ཅད་ཀྱིས་གྲོ་བའི་སྨན་གྱི་སྙིང་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དྲི་མེད་ཞི་བའི ་ངོ་བོ་ཉིད། ། རྣམ་པ་ཀུན་དུ་འགྲོ་བ་ཡི།། དྲི་མ་སེལ་མཛད་སྨན་ཆེན་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ཆོས་རྣམས་ཡིད་ལ་བྱེད་པ་ཀུན་བྲལ་བའི།། གཟུགས་ཅན་མ་ཡིན་དངོས་པོར་མ་གྲུབ ་པ། སྟོང་པ་གཅིག་པུར་མི་གནས་མཉམ་པ་ཉིད།། ཆོས་ཉིད་བདག་མེད་འདི་ནི་རྟོགས་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར ་ཆེན་པོ་གཉིསུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་དེ་བཞིན་ཉིད་ཡིད་ལ་བྱེད་པ་མེད་པར་སྟོན་པ་རྡོ་རྗེའི་ལེའུ་སྟེ་དྲུག་བཅུ་གཅིག་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པཚངས་པ ་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་རབ་ཏུ་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཕྱི་རོལ་གྱི་ནི་ཕྱོགས་མེད་ཅིང་།། སེམས་ལས་གྱུར་པ་མ་གཏོགས་པཔ།། དངོས་པོ་གཞན ་ཡོད་མ་ཡིན་ཏེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་སངས་རྒྱས་ཐམས་ཅད་ཀྱི་རྟོག་གེ་བའི་ཡུལ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་པ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཉིད་དངོས་དང་དངོས་མེད་ཀྱི།། མཚན་མའི་ཆོས་ལས་ཡོངས་གྲོལ་བ།། རྣམ་པར་ཐར་པའི་དོན་བསྟན་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་རྫུ་འཕྲུལ་རྟོག་སངས་རྒྱས་ཐམས་ཅད་ཀྱི་རྟོག་མེད་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སེམས་དང་དེ་ཡི་ཆོས་ཉིད་དག ་རྣམ་དག་སྣང་བ་བསྡུད་པ་པོ། ། བསམ་པ་དེ་ཡི་རྐྱེན་ཅན་ཞེས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྐྱེ་མེད་མཚུངས་པ་སངས་རྒྱས་ཐམས་ཅད་རྣམ་རིག་ཙམ་དུའང ་འོད་མི་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཀྱི་སྤྱོད་པའི་ཁྱད་པར་ལས།། འདས་པ་སྨོན་པ་མེད་པའི་དང་།། མ་གྲུབ་པ་ལ་གདགས་བྱ་མེད། ་བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་བརྟག་པར་དཀའ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། སེམས་ནི་དངོས་པོར་མ་མཆིས་ཏེ།། རྟོག་པ་མི་ལྡན་དབྱིངས་གནས་པ།། བྱང་ཆུབ་ཚུལ་འདི་ལེགས་བསྟན་པས།། ཟག་མེད་སྟོང་པ་ཉིད་གནས་པའོ།། ས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་ཉི་མ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་སངས་རྒྱས་ཞི་བ་དང་།། འཁོར་བའི་སྡུག ་བསྔལ་རྒྱ་མཚོ་དག། དོན་དམ་པ་ལ་འཛིན་མེད་ཕྱིར།། སྤང་བླང་མེད་པར་གྲོལ་བའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲག་ཅན་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་དབེན་པ་རྡོ་རྗེའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྒྲ་ཙམ་ཐོས་པའི་ཡུལ་ཡིན་གྱི།། རྟོགས་པར་བྱེད་པ་སྒྲ་མ་ཡིན།། མི་རྟག་དངས་མེད་ལས་གྲོལ་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་གསུངས་སོ ་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་འོད་སངས་རྒྱས་ཐམས་ཅད་ཀྱི་མྱ་ངན་ལས་འདའ་བ་མ་ཡིན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སངས་རྒྱས་སྐུ་ནི་འགྱུར་མེད་ཅིང། ་དེས་གསུངས་ཆོས་ནི་རྒྱས་པ་ལས།། འདྲེན་པ་ཡང་དག་བྱང་ཆུབ་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྟོགས་པར་དཀའ ་པའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྲོ་བ་ཉོན་མོངས་ནད་ཀྱིས་ནི།། རྣམ་པར་གཟིར་ཞིང་ཉེན་པ་ལ།། འཆི་མེད་བདུད་རྩི་སྟེར་མཛད་པ།། སྙིང་པོའི་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མདངས་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་བདག་མེད་ཞི་བའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས ་སོ། ། དྲི་མེད་པད་མའི་གདན་བཞུགས་ཤིང་།། མཉམ་པ་སེང་གེའི་ཁྲིར་གནས་ལས།། གཡོས་མེད་རྣམ་འཕྲུལ་དུ་མ་ལས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད ་ནམས་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་རེག་ཏུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་རྣམས་གང་ལའང་མི་གནས་པ།། བར་སྣང་རྒྱུ་བའི་བྱ་བཞིན་དུ། ་རྟག་ཏུ་ཐུགས་རྗེས་རྗེས་འགྲོ་ཞིང་།། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགེ་བའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱིས་མས་འདི་གསུངས་སོ། ། རྣམ་པར་དག་ནིང་གཙང་བ་ཡི།། ཞེན་མ་གཞན་དོན་དགེ་སྦྱོང་བ།། ཟླ་བ་ཡང་གྱི་དེ་བཞིན་ཏེ།། བྱང་ཆུབ་ཆུལ་འདི་བསྙད་པ་ཡིན་ཞེས་གསུངས་སོ།། དེ་ནས་དེ་བདིན ་གཤེགས་པ་དབྱངས་སྙན་པས་སངས་རྒྱས་ཐམས་ཅད་ཀྱི་མཆོག་ཏུ་ཞི་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཞི་ཁམས་བྱེ་བ་ཕྲག་བརྒྱ་རུ།། མཛད་ཚུལ་མཐའ་ཡས་སྟོན ་པ་ནི། ། ཡེ་ཤེས་སྤྱོད་པས་དོན་མཛད་པ།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་ཞི་བའི་ཏིང་ངེ་འཛིན་ལ།། ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དྲག་ཅིང་གདུག་པ་རྔམ་པ་ཡི།། ཚུལ་ནི་དག་པ་བདེ་བའི་ལམ།། བླ་མེད་དྲི་མེད་ཚུལ་ཞི་བའི།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་ས ་དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་གཅིག་དང་དུ་མ་ལས་ཡོངས་སུ་གྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ ་ཐ་སྙད་ལས་འདས་ཤིང་། ། རྣམ་པར་མི་ཕྱེད་པ་ཡི་སེམས།། མཚོན་དུ་མེད་ལས་མཚོན་པ་ཉིད།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤྱོད་པ་བཟང་པོ ་སངས་རྒྱས་ཐམས་ཅད་ཀྱི་སྒྲ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨཱ་ལི་ཀཱ་ལི་ལས་བྱུང་བ།། དེ་ཉིད་རྟགས་པ་རྐྱེན་སྦྱོར་བས།། འབྱུང་གནས་མཚོན་པ ་དོན་སྟོན་པས། ། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཁྲུལ་པ་མེད་པའི་བློས་སངས་རྒྱས་ཐམས་ཅད་ཀྱིས་མཐོང་དུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མ་རིག་པ་ལས་རྐྱེན་སྟོབས་ཀྱིས།། རླུང་གིས་བླངས་ནས་འཛིན་བྱེད་པར།། གློ་བུར་དྲི་མ་ཞེས་བྱ་གང་།། སྟོང་པ་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ ་ནས་དེ་བཞིན་གཤེགས་པ་དབྱངས་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་གནས་ཐམས་ཅད་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དྲི་མ་རྣམ། ་ནི་རླུང་ལས་བྱུང་།། རྣམ་ཤེས་བདག་འཛིན་དྲ་བ་གང་།། མཚུངས་པར་དག་པ་མཆོག་གྱུར་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྙན་པར་གྲགས་པ་སངས། ་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་འགྲོ་བ་སྐྱོབ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་རྣམས་སེམས་དང་རླུང་ལས་ནི།། རྣམ་འཕྲུལ་ས་གསུམ་ཁྱབ ་འབྱུང་བ། ། དྲི་མ་ཀུན་ནས་རླུང་ལ་རྟེན།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ཐབས་ཆེན་ཡང་དག་ལྡན་པ་ཡི།། རྣལ་འབྱོར་འཇིག་རྟེན་དོན་གྲུབ་པ།། སེམས་ཅན་ཀུན་གྱིས་སྨད་པ་ཡི།། ་བྱབ་དེ་ལ་མི་བྱ་མེད།། ཤེས་རབ་ཐབས་དང་ལྡན་པ་ལ།། སྡིག་པར་གྲགས་པ་ཡོད་མིན་ཞེས།། རྡོ་རྗེ་སེམས་དཔའི་སྤྲུལ་པ་ལ།། རྡོ་རྗེ་ཅན་ནི་ཉིད་ཀྱིས་གསུངས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་དཔལ་མཆོག་ཆེན་པོ་དེ་ཁོ་ན་ཉིད་འབྱུང་བ་བ། པའི་ལེའུ་སྟེ་དྲུག་བཅུ་གཉིས་པའོ། ་། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏོག་ལྡན་སངས་རྒྱས་ཐམས་ཅད་ཀྱི་མི་འགྱུར་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་སེམས་འདི་གསུངས་སོ། ། ཤིན་ཏུ་གདུལ་དཀའི་དག་བྱེད་པ།། མ་ལུས་བསྐྱེད་བྱེད་རང་བྱུང་སེམས།། གནས་པའི་ངོ་བོ་བྱང་ཆུབ་སེམས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན ་གཤེགས་པ་གཟི་བརྗིད་རྣམ་པར་གྲགས་པས་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡེ་ཤེས་དེ་བཞིན ་ཉིད་ལ་ནི། ། མི་རྟོག་རབ་ཏུ་མི་གནས་པ།། རྒྱུས་སྟོང་ལམ་དང་འབྲས་དག་པའི།། བྱང་ཆུབ་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོ་བའི་དབང་ཕྱུག་སངས ་རྒྱས་ཐམས་ཅད་ཀྱི་མགོན་པོ་དྲི་མ་མེད་པ་ཞེས་བྱ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་ཏུ་སོན་ཞིང་དགེ་བ་ཡི།། དུ་མའི་ངོ་བོ་དག་པའི་གནས།། ཡེ་ཤེས ་སྲུང་བ་མེད་པའི་ཚུལ། ། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོ་བའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་དཔལ་ལྗོན་པ་འདུ་ཤེས་ཡོངས་སུ་དག་པའི ་འཇན་མ་སྙོམས་པར་གྲགས་ཏུ་བྱང་ཆུབ་ཀྱིསེ་མས་འད་གསུངས། ། རྣམ་པར་སྡུད་པའི་དྲུང་དགགས།། འཕྲལ་དུ་བག་ཆགས་རྟོག་པ་གང་།། མཱུ་མ་ལ་བུར་སྡུད་པའི་ཕྱིར།། དག་པ་དེ་ཉིད་ཚུལ ་བསྟན་པའོ། ། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་གཏི་མུག་རབཟང་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་འདུས་མ་བྱས་པའི་ཆོས་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམ ་འདི་གསུངས་སོ། ། ཀུན་མཁྱེན་དབང་པོ་མཆོག་འབྱུང་བ།། དངོས་པོའི་ཆོས་ལས་འདས་པ་ཡི།། དྲི་མ་ཀུན་ནས་སྤངས་པདག། གསང་བ་དེ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་ཤེགས་པ ་དག་ཏུ་མེད་པའི་ཡེ་ཤེས་ཅན། ། སངས་རྒྱས་ཐམས་ཅད་ཀྱི་འཛི་ཡ་ཡིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འདྲེན་པའི་རྒྱལ་པོ་བླ་ན་མེད།། ཐབས་མཁས་ཐུགས་རྫས ་སྐྱོ་བོ། ། ཚད་མེང་བདེ་བའི་འབྱུང་གནས་ནི།། དེ་ཉིད་ཡེ་ཤེས་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམསརྦ ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གདུང་བ་སེལ་བའི་སྨན་གྱི་མཆོག། གསང་བ་འཆི་མེད་ཡེ་ཤེས་ཆུ།། རང་གཞན་མཆོག་ཏུ་ཐོབ་པ་ནི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་སྤོབས་པ་མཐའ་ཡས་ཏོག་སངས་རྒྱས་ཐམས་ཅད་ཀྱི་བརྟག་ཏུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སངས་རྒྱས་ཡེ ་ལྷུན་གྲུབ་པ། ། དེ་བས་མི་རྟོག་པར་བཤད་དེ།། བསམ་པའི་བྱེད་པ་ཡོད་མིན་ཏེ།། མེད་པའི་སེམས་སུ་འགྱུར་མ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་བསྟར་བ་སངས་རྒྱས ་ཐམས་ཅད་ཀྱི་སྤྱོད་ཡུལ་ཀུན་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངསོ། ། ཆོས་རྣམས་རྟོགས་པ་འགག་མེད་པ།། མི་རྟོག་སྙིང་པོ་གསང་བའི་རྒྱན།། ་བདེ་ཆན་བྱང་ཆུབ་དབང་པོའི་གནས།། སྤྱོད་ཡུལ་སྐྱེད་པ་ཚུལ་གནས་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཆོད་པར་གནས་པས་སངས་རྒྱས་ཐམས་ཅད་ཀྱི་གཟོད་མ་ནས་སྟོང་པའི ་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཐུབ་པ་བདག་གཞན་མཉམ་ཉིད་ཏུ།། རྩལ་ལྡན་འཇིགས་པ་ཀུན་སྒྲོལ་མཛད།། བསིལ་བས་ཚད་པ་ཀུན་སྐྱོབ་པ། ་བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མྱ་ངན་རྒྱལ་བས་སངས་རྒྱས་ཐམས་ཅད་ཀྱི་སེམས་པ་ཐམས་ཅད་དང་བྲལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་འདི་ཀུན་གྱི་རྩ་བ་སྟེ།། འཁོར་དང་མྱ་ངན་འདས་པ་ལ།། ལྗོན་པའི་ཤིང་ལྟར་མདབ་རྒྱས་པས།། དམིགས་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ ་བཞིན་གཤེགས་པ་དགེ་བར་དགྱེས་པས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། རྣམ་རྟོག་བདུད་ལས་རྣམ་རྒྱལ་བ།། ་རོག་ཏུད་གྱེས་པ་རིན་ཆེན་མཉེས།། འཁོར་ལོ་ལྟ་བུའི་ཤུགས་འཆང་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འགྲོ་བའི་བློ་ཐོས་ཀྱིས།། སངས་རྒྱས་ཐམ ་ཀྱི་ཆོས་ཐམས་ཅད་ལ་ཐ་དད་མེད་པར་རྟོགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། ། ཤིན་དུ་རྣམ་པར་དག་པ་ཡི།། ཆོས་ལ་དབྱེ་བ་རྡུལ་ཙམ་མེད།། སོ་སོར་བརྟག ་བཅཝོ་ཡི་ལམ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བདེ་བར་འགྲོ་བའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རྫུ་འཕྲུལ་ཆེན་པོའི་རྫུ་འཕྲུལ་གྱིས།། རྨད་ཏུ་བྱུང་བའི་སྤྱོད་པ་དག། བྱེ་བ་དཔག་མེད་སྟོན་མཛད་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་ཞལ་མཛེས་སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་ཀུན་དུ་ཁྱབ་པར་སྟོན། ། བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མཛད་པ་དུ་མའི་སྤྱོད ་ཡུལ་དུ། ། སྣང་གྲགས་སྲིད་པ་རྟོག་གེ་ག།། ཐམས་ཅད་ཟིལ་གནོན་རྡོ་རྗེ་ཆེས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཨུཏ་པ་ལིའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཀུན ་དུ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་མཁྱེན་ས་ནི་འཇིག་རྟེན་དུ།། ཨུ་དུམ་འབར་བའི་མེ་ཏོག་བཞིན།། དུ་མ་མ་ཡིན་གཅིག་པ་ཉིད།། དེ་བས་དམ ་ཆོས་མཆོག་ཏུའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དུས་གནས་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་དཔེ་དང་བྲལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། གང་དུ་དམ་པའི་ཆོས་གནས་ཤིང་།། ཀུན་དུ་དགེ་བ་དག་པས་ན།། རྣམ་པར་འཚེ་བ་དུ་མ་འབྱུང་།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོབས་པ་མཐའ ་ཡས་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྲིད་གསུམ་གནས་པའི་སེམས་ཅན་ལ།། དགེ་བ་ཡེ་ཤེས ་ཚུལ་གནས་ཀྱང་། ། ཐོབ་མེད་དམ་པའི་སྒྲ་སྒྲོགས་བྱེད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་བརྩེ་བསེང་གེ ་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆུ་ཀླུང་འབབ་ཆུ་རྣམས་དང་ནི།། རྒྱ་མཚོའི་ཆུ་ནི་ཐ་དད་པ།། སྣ་ཚོགས་གཅིག་པར་རྒྱུན་འབབ་པས།། བྱང་ཆུབ་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དྲང་སྲོང་གསལ་བས་སངས་རྒྱས་ཐམས་ཅད་ཀྱི་དྲང་སྲོང་འདུལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི ་གསུངས་སོ། ། ལྷའི་དྲང་སྲོང་ཐམས་ཅད་ཀྱིས།། བསྟོད་ཅིང་བསྔགས་པར་གྱུར་པ་གང་།། བདེན་པའི་སྟོབས་ལས་བྱུང་བ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། འདི་ལྟར་དེ་བཞིན་གཤེས། ་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་བརྗོད་ཀྱིས་མི་ལང་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་འདི་ལྟ་སྟེ།། དེ་བཞིན་གཤེགས་པ་དེ་དག་གསང་བ་ཆེན་པོ་འདིའི་ངང་ལས་གནས་ཤིང་ཀུན་ཏུ་སྟོན ་པ་དང་། ། ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་པར་སྒྲུབ་པར་བྱེད་པ་སྟེ།། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གནས་ངེས་པར་ལུང་སྟོན་པ་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བ་དག་པ་ཆེན་པོའི་ཚུལ་བསྟན་པའི་ལེའུ་སྟེ་དྲུག་བཅུ་གསུམ་པའོ། ། །། དེ་ནས་དེ་བཞིན་གཤེས ་པ་ཡོན་ཏན་བརྩོན་འགྲུས་སངས་རྒྱས་ཐམས་ཅད་ཀྱི་དབྱིངས་འབྱུང་བའི་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་ཚང་ཚིང་ཐིབས་པོ་དག། མ་རིག ་རྐྱེན་ཅན་ནང་ལས་བྱུང་། ། འཇིག་རྟེན་དྲབ་གཅོད་པའི་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པ་ལ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྣང་བ་ཐུབ་པས་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མད་པ། ་ཆོས་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། འདིར་ནི་ཀུན་དུ་ཁྱབ་པ་ཡི།། རླུང་ལས་བསྙད་དང་སྤྲོ་བ་དང་།། སྨིན་དང་ཉམས་པར་བྱེད་པ་ཡི།། ཚུལ་འདིས་ཕྲ་བའི་ཚུལ ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་བོ་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ ་ཟག་བཅས་རླུང་ལས་རྟོག་པ་སྟེ། ། ཟག་མེད་ཡེ་ཤེས་ཆོས་ཉིད་རླུང་།། གཉིས་སུ་མེད་པའི་དབྱིངས་གྱུར་པ།། བྱང་ཆུབ་ཚུལ་འདི་བསྟན་པཔོའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འཐོན་པོ ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ངེས་འབྱུང་བླ་ན་མེད་པའི་ལམ།། ཡོངས་སུ་སྨིན་པས་ལམ་རྫོགས་པ།། ཀུན་དུ་སྦྱོར ་བསྤངས་པ་ཡི། ། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གསལ་བའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བསྟན་པའི་སྒོར་འཇུག་པ།། རྗེས་འབྲངས་གཞུང་ལུགས་གཉིས་གསུངས་པ།། གང་ཟག་དང་ནི་ཆོས་ཡིན་ཏེ།། བྱང་ཆུབ་ཚུལ་འདི་བསྟན་པ་ཡིན་ཞེས་གསུངས་སོ།། ། ་དེནས་དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་ཅན་སངས་རྒྱས་ཐམ་ཅད་ཀྱི་རབ་ཏུ་ཞི་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་འཆིང་དང་གྲོལ་མེད་པར།། རླུང་ནི ་རྣམ་པར་འཇུག་ལྡོག་པས། ། བྱང་ཆུབ་མེ་རྟོག་ཆོས་ཉིད་དེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ ་རྫོགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལམ་བཟང་ཐེག་མཆོག་བླ་མེད་པའི།། ཡོན་ཏན་འཕེལ་བྱེད་བཟང་པོ་ཡི།། རྒྱལ་མཚན་གསང་བ་ཆེན་པོ་ཉིད།། བྱང ་བཙལ་འདི་བསྟན་པ་ཡིན། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྦྱིན་ནོ་ནོ་འགྲོས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་རིང་དུ་འགྲོ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང ་ཆུབ་ཀྱི་སེམས་འདི་གསུངས་སོ། ། འགྲོ་བའི་བསམ་པའི་ནོར་བུ་ནི།། ཡེ་ཤེས་རབ་རྫོགས་བྱེད་པ།། ཕྱི་ནས་འབྱུང་མེད་རང་གནས་ཕྱིར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེས ་པ་ཡོན་ཏན་མཐའ་ཡས་སངས་རྒྱས་ཐམས་ཅད་ཀྱི་རྡུལ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་སྟོང་ཉིད་ནམ་མཁའ་སྟེ།། ཤེས་དང་ཤེས་བྱ་རྣམ་པར ་སྤངས། ། བློ་ཡི་བྱེད་པ་དང་བྲལ་བ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོས་སངས་རྒྱས་ཐམས་ཅད་ཀྱི་རྙོག་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམ ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣང་བ་མེད་ཅིང་ཀུན་བརྗོད་བྲལ།། གཉིས་མེད་དག་པའི་སྦྱོར་བ་ཡིས།། སྔགས་ཀྱི་དེ་ཉིད་རབ་གསལ་བ།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུ ་སོ། ། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་བསལ་བ་ཆེན་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དག་པ་མཁའ་དང་མཚུ ་པ་ཉིད། ། རྣམ་ཤེས་རླུང་དང་འདྲེས་པ་ཡིས།། རང་བཞིན་འོད་གསལ་དག་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མི་གཡོ་བས་སངས་རྒྱས་ཐམས་ཅད ་ཀྱི་ཤིན་དུ་གསལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དགེ་དང་མི་དགའི་སྤྱོད་པ་དག། རླུང་ལས་བྱུང་ཕྱིར་འདི་དག་པས།། དྲི་མ་མ་ལུས་དག་པར་བྱེད།། བྱང་ཆུབ་ཚུལ ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རབ་རྩལ་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཐོག་མ་ཐ་མ་མེད་ཞི་བ།། རྐྱེན་བྱུང་ལས་ཀྱི་རླུང་དག་པས།། ཡེ་ཤེས་དང་དུ་ཞི་བ་སྟེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པའོད་སྤྱོད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཤིན་དུ་རྡུལ་མེད ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོར་སྣང་བ་རྒྱུ་ལས་བྱུང་།། དེ་ཉིད་དངོས་མེད་རྐྱེན་བྲལ་བ།། གཅིག་ཏུ་མཚན་ཉིད་མེད་པར་གནས།། བྱང་ཆུབ་ཚུལ་འདི་བསྟན ་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀླུ་དབྱངས་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་དཔེ་མེད་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མི་ཕྱེད་རྡོ་རྗེ ་མཚོན་དུ་མེད། ། ངོ་བོ་ཉིད་དག་འཕྲལ་བྱུང་བའི།། དྲི་མས་གོས་པ་མེད་པ་ཉིད།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཁོར་ལོ་འཛིན་པས་སངས་རྒྱས་ཐམས ་ཅད་ཀྱི་ཡོངས་སུ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་དུ་སྦྱོར་བ་རླུང་ཉིད་དེ།། དེ་ཉིད་བྱ་བ་འཇུག་བྱེད་པ།། ཐམས་ཅད་རྡོ་རྗེའི་དངོས་པོ་རུ།། རྟག་པ་ཡི ་ཤེས་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དབྱིག་གི་མཆོག་སངས་རྒྱས་ཐམས་ཅད་ཀྱི་ཟབ་པ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིས་ཕྲ། ་འདི་གསུངས་སོ།། ཡང་དག་རབ་ཏུ་བསྒྲུབ་པ་ཡི།། སྙིང་པོ་དིན་དུ་བྱུང་བ་ནི།། འཕགས་ལམ་གསང་བ་འདི་ཉིད་དེ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་འཇིག ་རྟེན་དགའ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། འཁོར་བའི་ཆུ་བོ་ཟློག་བྱེད་པ།། སྤྱི་ལས་ཁྱད་པར་སོ་སོར་འབྱུང་།། མན་པར་བརྗོན ་པས་ཐར་པ་ཆེ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུང་སོ།། དེ་ནས་དེ་བཞིན་གཤེགས་པ་མཐའ་ཡས་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ཚད་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ལས་ཀྱི་སྒྲིབ་པ་རྒྱུན་ཆོད་པས།། འདི་ནི་བསམ་གཏན་མཆོག་ཏུ་གསུངས།། ལུས་ཅན་ཀུན་ལ་བྱིན་རློབ་མཛད།། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། ་ནས་དེ་བཞིན་གཤེགས་པ་སྤྲིན་གྱི་ཏོག་སངས་རྒྱས་ཐམསཅད་ཀྱིས་སྲིད་པར་ལྷུང་བ་ངེས་པར་འདོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། གང་དུ་བླང་དང་དོར་མེད་པའི། ་བྱང་ཆུབ་སྐམ་སར་འཇོག་མཛད་པས།། ངན་སོང་སྦྱོར་བའི་རྒྱལ་པོ་ཉིད།། དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། གང་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཆེན་པོ་འི་ཚོགས་དང་བཅས་པའི་དཀྱིལ་འཁོར་དུ་གསང་བ་འདི་ཉེ་བར་ལྟ་ཞིང་སེམས་པ་དང་། ། རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དང་།། ཐོས་ཤིང་འཛིན་པར་བྱེད་པ་ཛཱམ་བུའི་གླིང་འདིའི་ནང་དུ་གནས་པའི་གསད ་བ་མཚུངས་པ་མེད་པའི་བློ་ཅན་དེ་ལ་ཀུན་ནས་ཀུན་དུ་མཁྱེན་ཅིང་གཟིགས་པར་བྱེད། ཆོས་ཉིད་གཅིག་ཏུ་འཇུག་པས་ཉེ་བར་སྤྱོད་པར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་གཅིག་པར་སྟོན་པ་རྡོ་རྗེའི་ལེའུ་སྟེ་དྲུག་བཅུ་བཞི་པའོ། ། ་དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་འགྲོས་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་ཀུན་དངོས་པོ་མེད་པ་ཡི།། ་དེ་བཞིན་ཉིད་ཀྱི་རང་བཞིན་དང་།། གཞན་མ་ཡིན་པའི་ཆོས་ཉིད་དེ།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོས་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ངོ་བོ་ཉིད་ཀྱིས་ཡོངས་དག་པའི།། སྐུ་ནི་ནམ་མཁའི་ཁམས་མཚུངས་པ།། གཟི་བརྗིད་ཟིལ་གྱིས་མི་ནོན་པའི།། བྱང་ཆུབ ་སེམས་ལས་འབྱུང་བ་ཡིན། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་དོན་གྱི་བློ་དང་བྲལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས ་འདི་གསུངས་སོ། ། སོ་སོར་རྟོག་པ་བྲལ་བ་ཡིས།། དམིགས་མེད་སྒོམ་དུ་མེད་པ་ཡི།། མཐར་ཐུགས་ལམ་ལས་འདས་པ་པོ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས ་པ་ཐུབ་པ་ལྷ་སངས་རྒྱས་ཐམས་ཅད་ཀྱི་མཐོང་བ་སྤྱོད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡང་དག་ཏུ་ནི་རྟོག་མེད་པའི།། དུས་གསུམ་དུས་མེད་མཚན ་མ་གྲོལ། ། གྲུབ་པ་རྡོ་རྗེ་དབྱིངས་གྱུར་པ།། བྱང་ཆུབ་སེམས་འདི་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་བརྗོད་ཏུ་མེད་པ་རྡོ་རྗེའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྣ་ཚོགས་དངོས་ལས་བྱུང་བ་ཡི།། མཆོག་དང་མཆོག་མ་ཡིན་པའི་ཚུལ།། མཉམ་ཉིད་ཐ་དད་མེད་པའི་ཕྱིར།། བྱང་ཆུབ ་སེམས་འདི་བསྟན་པ་ཡིན་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ནོར་བུ་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག ་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་བདེ་བའི་མཐར་སོན་པ།། མི་འགྱུར་གཡུང་དྲུང་དཔལ་འབྱུང་བ།། མཁྱེན་དུ་མེད་ཅིང་རྣམ་འབྱེད་བྲལ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་ནོར་བཟངས་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་པའི་ཡེ་ཤེས་ཀྱི་ནོར་བུ་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཁྱད་པར་ཡེ་ཤེས་རིན ་ཆེན་པོ། ། ཆང་མེད་དགེ་བའི་སྟོབས་འབྱུང་བ།། མི་གནས་བྱང་ཆུབ་རྒྱ་མཚོའི་གནས།། ཁྱད་པར་ཡེ་ཤེས་མཆོག་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་སངས་རྒྱས ་ཐམས་ཅད་ཀྱི་མཆོག་ཏུའི་བརྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་རྟོག་བྲལ་བརྗོད་འདས་པ།། འགྲོ་བའི་མཚན་མ་དག་པའི་དོངོས།། ཚད་མྱེད ་རྟོག་པར་བཞི་པ། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ང་རབ་བྱངས་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་དམིགས་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཡུལ་དང་དུས་དང་བསམ་པ་དང་།། རྣམ་པར་རིག་པ་ལས་འདས་ཤིང་།། རྣམ་པ་མ་ལུས་ནུབ་པའི་བདག། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་སྐྱེ་དབང་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྟོག་མེད་རྡོ་རྗེའི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་དང་ཆོས་ཉིད་མེད་པ་ཡི།། རྣམ་པར ་རྟོག་དང་མི་རྟོག་མེད། ། རྡོ་རྗེའི་རང་བཞིན་ཀུན་གྲོལ་བས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྒྲ་གཅན་སྦེད་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེའི་ཏིང། ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངསོ།། དབང་གི་རྒྱལ་པོ་བཻ་དཱུརྱ།། དེ་ཉིད་རིན་ཆེན་བསམ་འཕེལ་ཞེས། བསམ་པའི་དོན་ཀུན་སྒྲུབ་བྱེད་པ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་དགེ་བ་མཛད་པ་སངས་རྒྱས་ཐམས་ཅད་ཀྱི་དམིགས་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དཔེ་མེད་བརྗོད་འདས་བློ་ཡུལ་བྲལ།། ལྷན ་ཅིག་སྐྱེས་པའི་ངོ་བོ་ཉིད། ། གདོང་ནས་སྙིང་པོ་རྫོགས་སངས་རྒྱས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ལྷུན་གྲུབ་རྡོ་རྗེའི་ཏི། ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རང་སེམས་འོད་གསལ་དག་པ་ལས།། འཕྲལ་བྱུང་རྐྱེན་གྲོལ་ཆོས་ཉིད་དང་།། རྒྱུན་ཆད་མེད་པའི་ལམ་གྱིས་རྒྱས།། བྱང་ཆུབ་ཚུལ་འདི ་བསྟན་པའོ་ཞེས་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་བག་ཆགས་གཅོད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྣམ ་པ་ཀུན་དུ་ཤེས་བྱ་དང་། ། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས།། མཁའ་ཡིས་སྤྲིན་ཚོགས་དེངས་པ་ལྟར།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་མཛད་པས་དབ་རྒྱས ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཀུན་གྱིས་མཐོང་མེད་ལྟ་བ་བྲལ།། རྩ་བའི་རྟེན་མེད་སྟོང་ཉིད་དབྱིངས ་དོན་དམ་ཆོས་ཉིད་རྫོགས་སངས་རྒྱས། ། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཛད་མཐའ་གཟིགས་པ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་བྲལ་བ་རྡོ་རྗེའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྐུ་བཞི་ཡེ་ཤེས་ལྔ་ལྡན་པ།། དགེ་བའི་དེ་བཞིན་ཉིད་ལ་རྟེན།། སྣང་ལ་ཞེན་མེད་རྫོགས་སངས་རྒྱས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས ་གསུངས་སོ། ། དེ་ནས་དེ་བཞིན་གཤེགས་པ་སྲིད་པའི་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། མ་སྐྱེས་སྐྱེ ་མེད་སྦྱོར་བ་ཡིས། ། ཆོས་ཀུན་མངོན་གྱུར་བྱང་ཆུབ་ཆེ།། རྣམ་པར་མི་རྟོག་དེ་བཞིན་ཉིད།། ཁྱབ་པ་ནམ་མཁའ་ལྟར་སངས་རྒྱས་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཛོད་སྤུ་ལྡན་སངས་རྒྱས ་ཐམས་ཅད་ཀྱི་རྣམ་གྲོལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་སེམས་སུ་བསྡུ་བ་དང་།། སེམས་ཀྱང་ལུས་ལ་བསྒྲུབ་དང་།། ལུས་ནི་ཡེ་ཤེས་ཉེར་སྦྱོར་བ ་བྱང་ཆུབ་ཚུལ་འདི་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤོབས་པ་མཚུངས་མེད་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་འཕྲུལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། མཐོང་ཆོས་འབྲས་ལྡན་གཞན་གྱུར་དང་།། དེ་ལས་གཞན་པའི་རྒྱུ་ཚུལ་ལས།། སྐྱོབ་པ་འདྲེན་པ་བླ་མེད་གནས། ཡེ་ཤེས་ཚུལ་འདི་བསྟན་པའོ།། ཞེས་གསུས ་སོ། ། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྣམ་འབྱེད་ང་རོ་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་རྩེ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྟག་ཏུ་བྱང་ཆུབ་སེམས ་ལས་ནི། ། མི་གཡོ་འོད་གསལ་ལྷུན་གྱིས་གྲུབ།། ཚད་མེད་ཡེ་ཤེས་མཁའ་ཁྱབ་ཐུགས།། དེ་ཉིད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། སངས་རྒྱས་ཐམས་ཅད་ཀྱི་རང་འབྱུང་གི་གནས་མཚུངས་པ་མེད་པ་རྡོ་རྗེའི་ཏིང ་འཛིན་ལ་སྙོམས་པར་ཞུགས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་ནས་དེ་བཞིན་གཤེགས་པ་སེང་གེའི་མཆེ་བས་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་ལྷུན་རྣམ་པར་ཕྱེ་བའི་ཡེ་ཤེས་རྡོ་རྗེའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སེམས་ཅན་ལུས་སུ་དམིགས་མེད་ཀྱང་།། དེ་དག་སྐྱེ་བ་ཡོངས་གྲུབ་པར།། རང་གི་སྐུ་ནི་དེར་བྱིན་བརླབ།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། ་སེམས་ཅན་མོས་པ་དུ་མ་ཡི།། ཚུལ་གཟིགས་དག་དང་སྐུ་དག་ཀྱང་།། ཕྲ་དང་རགས་དང་ཡངས་དང་དོག། རྣམ་པར་དབྱེ་བ་སྟོན་པར་མཛད།། ཅེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་སྨོན ་མེ་སངས་རྒྱས་ཐམས་ཅད་ཀྱི་ཕྱོགས་ཀྱི་དྲ་བ་རྣམ་པར་ཚད་མེད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ལས་དང་ཡེ་ཤེས་ལ།། འཇུག་པ་ནམ་མཁའི་རང་བཞིན་ཅན།། ་ཕྱིར་མི་ལྡོག་པར་གྱུར་པས་ན།། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་བཀྲ་ཤིས་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་འཇུག་པ་མི་ཟད་པའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་ཀྱི་དབྱིངས་དང་བྱེར་མེད་པའི།། བསམ་གྱིས་མི་ཁྱབ་ལ་གནས་པས།། བདེ་གཤེགས་སྤྱོད་པ་གཅིག་ཉིད་ལ།། འཇུག་པ་ཡེ་ཤེས ་ཚུལ་བསྟན་པའོ། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་མྱ་ངན་མེད་པས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། ཏིང་འཛིན་གཅིག་ལ་མཉམ་གཞག་པས།། འཇིག་རྟེན་ཁམས་ནི་དུ་མ་རུ།། གྲངས་མེད་ཏིང་འཛིན་ལ་འཇུག་པ།། ཟད་མི་ཤེས་པར་བསྟན་པ་ཡིན།། ཞེས་གསུངས་སོ།། དེ་ནས། ་དེ་བཞིན་གཤེགས་པ་བློ་གྲོས་སེམས་པ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་སྣང་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་ས།། མཐའ་དང་དབུས ་མེད་དག་པ་ཡི། ། ཞིང་དང་སེམས་ཅན་ཁམས་རྣམས་དང་།། ཆོས་རྣམས་མཉམ་ཉིད་ཡང་དག་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐོད་ལྡན་པ་སངས་རྒྱས ་ཐམས་ཅད་ཀྱི་མངོན་པར་འདུ་བྱ་བ་དང་བྲལ་བ་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གང་དུ་ཆོས་རྣམས་འབྱེད་མེད་པར།། མཉམ་ཉིད་སྤྱོད་པས་ཀུན ་དྲུ་ཡ་། སངས་རྒྱས་ཞིང་ནི་མཉམ་ཉིད་དེ།། ཕྲིན་ལས་མཉམ་ཉིད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་སངས་རྒྱས་ཐམས་ཅད་ཀྱིས་ཅུ་ཕྱེ་བའི་ན་གྱི་མ ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ནམ་མཁའི་ཁམས་ལྟར་ཆགས་མེད་པས།། མཆགས་ཐོག་མཐའ་མེད་པར་ནི།། སྐྱེ་འཆི་མེད་པའི ་ལུས་སྟོན་ཅིང་། ། ངག་དང་སེམས་ཀྱང་དེ་ལྟར་གསུངས།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྤྱན་ལྡན་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། རབ་ཏུ་གནས་མེད་ཆོས་རྣམས་ནི།། རང་བཞིན་མེད་པས་གཞི་ཡིན་ཏེ།། ཆོས་རབ་ཤིན་ཏུ་ཟབ་པ་སྟེ།། ཡོངས་སུ་རྫོགས་པར་བསྟན་པ་ཡིན།། ཞེས་གསུངས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཤིན་དུ་གཟིགས་པ་སངས་རྒྱས་ཐམས་ཅད་ཀྱི་ཚད་མེད་མཚན་ཉིད་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། རྒྱུན་ཆད་མ ་ཅིང་ཐོགས་མེད་པ། ། སྒྲིབ་པ་མེད་ཅིང་འཕོ་བ་མེད།། ལྡན་དང་མི་ལྡན་མེད་པ་ཉིད།། འཛིན་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་བཤུགས་ཀྱིས་དོར་བ་སངས་རྒྱས ་ཐམས་ཅད་ཀྱི་སྨོན་ལམ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གཞི་མེད་ཐ་དད་མེད་པ་དང་།། དམ་ཆོས་རྒྱ་མཚོ་ཚད་མེད་པས།། རྣམ་པར་སྤྲོས ་པ་ཡང་མེད་དོ། ། དག་པ་བྱང་ཆུབ་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སྟོབས་ཆེན་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ཚད་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཉེར་ལེན་མེད་ཅིང་ཉེ་བར་མི་ལེན་མེད།། རྗེས་འབྲངས་མེད་ཅིང་རྗེས་སུ་ལྡོག་པའང་བྲལ།། ཐོབ་པ་མངོན་པར་ཆགས་པ་བྲལ་བ་གང་།། ཆོས་ཉིད་དེ་བཞིན་། ་ཉིད་འདི་འདྲེས་པས་བསྟན།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་རབ་ཏུགས་པང་དབྱིངས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ ་ཀྱི་སེམས་འདི་གསུངས་སོ། ། གནས་མེད་རྒྱུན་གཅོད་བྲལ་བའི་ཆོས།། ཕྱིར་མི་ལྡོག་པས་འགྱུར་མེད་པ།། སྤྲུལ་ཞིང་གྲུབ་དང་དབང་བྱེད་མེད།། གང་དུ་གཡོ་མེད་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས ་དེ་བཞིན་གཤེགས་པ་བརྟན་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་ལཁོང་ཚད་དང་རྒྱ་ཡོངས་སུ་ཚད་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ཤིན་ཏུ་དང་ཞིང་དམིགས་མེད་པ། ་། འདྲེན་པ་མེད་ཅིང་ཕྱི་ནང་བྲལ།། གོལ་མེར་གཡང་ས་དག་པ་ཡི།། ནམ་མཁའི་དབྱིངས་མཚུངས་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན ་ལྡན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ལེན་པ་མེད་ཅིང་དོར་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། སྒྲ་དབྱངས་མི་ཟད་བརྗོད་མེད་པས།། རྡོ་རྗེའི་ཚིག་ལ་མིག་ན ་པས། ། ཡི་གེ་མེད་པར་རབ་ཤེས་པ།། ཡན་ལག་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དོན་གསུང་བ་སངས་རྒྱས་ཐམས་ཅད་ཀྱི་མཚུང་བ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རྣམ་དག་ཡེ་ཤེས་གང་།། དེ་ནི་དོན་དམ་མ་ཡིན་ཏེ།། སྦྱང་དང་རྒྱུ་དངོས་བསྐྱེད་པའི་ཕྱིར།། དོན་དམ་གནས་མེད་ཚུལ་བསྟན་པའོ།། ་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་གསལ་བ་སངས་རྒྱས་ཐམས་ཅད་ཀྱི་གང་དུ་བསྒྲུབ་པ་མེད་པའི་རྒྱན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།། བསམ་མི་ཁྱབ་པའི་བདག་ཉིད་ཀྱིས།། འདུལ་བ་ཚད་མེད་དག་པ་ལས།། བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་སད། ་གའ་ཞལ་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཐོག་མ་ཐམ་མེད་ཞི་པ།། ངོ་བོ་ཉིད་ཀྱིས་མི་རྟག་ཅིང་།། སུ་གསུམ ་རྡོ་རྗེའི་སྤྱོད་ཡུལ་ལས། ། བྱང་ཆུབ་སེམས་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་གཙུག་པུང་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གསང་བ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་དབྱིངས་ཟད་མེད་ཀུན་རྟོག་བྲལ།། དུ་མར་སྣང་ཞིང་མི་འགྱུར་བ།། ཡང་དག་ཡེ་ཤེས་སྤྱོད་ཡུལ་དུ།། དམིགས་མེད་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན།། ་གཤེགས་པ་སྣང་བར་མཛད་པསངས་རྒྱས་ཐམས་ཅད་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་མི་ཟད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། སྒྲིབ་པ་བཀོད་པ་ཚདས ་པས། དབྱངས་སྒྲ་དུ་མ་བརྗོད་མེད་པས།། མི་ཟད་ཐོག་མཐའ་རབ་ཞི་པ།། གསུང་གི་རྡོ་རྗེའི་ཚུལ་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སེམས་པ་སངས་རྒྱས་ཐམས་ཅད་ཀྱི་རྣམ ་པར་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། གསང་བ་འཛིན་པ་མ་ལུས་པའི།། དབང་བསྐུར་མངོན་ཐོབ་རྡོ་རྗེ་ཅན།། མི་ཕྱེད་མི་ཟད་སྟོབས་གྱུར་པ།། བྱང་ཆུབ་སེམས ་འདི་བསྟན་པ་ཡིན། ། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐུལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ཏེ་བྱ ་ཆུབ་ཀྱིསམས་འདི་ག་སུངས་སོ། ། སངས་རྒྱས་བསྟན་པའི་དོན་བསྐུལ་བ།། ཚངས་པའི་གནས་ཀྱི་བྱེད་པར་དུ།། བརྟུལ་བ་ཅད་མང་བྱང་ཆུབ་སམས།། དེ་ཉིད་ཡང་དག་བསྟན་པ་ཡིད།། ཞེས་གསས་སོ།། ་ངལ་མདུངས་མེད་ལྔ་དང་མིས་མཐོད་པ།། ཡིགས་དྲང་བ་རྣམ་མེད་ཉེ་པར་སྒྲུབ་བར་བཛད།། རྒྱལ་བ་ས་སྒྲུབ་པར་མ་མཐའ་ཡས་གཟུགས་འཛ་ག། དེ་ལ་སྟོར་ཀྱི་བྱང་ཆུ་བ་སྐྲོད་པ་བ་ལོ།། ་ས་ས་ཀྲིས་ས་མཆོག་འདི་བནས།། བླུགས་པན་ཀུ་དྷསང་ཅྀག་གཅིགགས་རྒྱས་འགེངས་པ།། ལེ་གས་གསུང་བང་འདི་པ་ཤེས་པ་གཟུབ་སས།། དྷག་ཉྀད་ད ་གིས་བསྐྱོད་པ་བཞིན། ། ཆེད་ཏུ་བསྐྱོད་སེམས་བྲལ་ཞིང་ཡེ་ཤེས་ཕྲིན་ལས་གནས།། ཞིང་ཁམས་ཀུན་དུ་གནས་པ་རྣམ་པར་སྤྱད་པར་བྱེད།། ཁམས་རྣམས་བཞི་པོ་ཁ་དོག་ཐ་དང་ཡངས་པ་དང་།། ཕྲ་ཞིང ་དང་རྣམ་པར་ཕྱེ་བ་ཡང་དག་འཇུག། སྟོང་གསུམ་ཤིན་དུ་ཕྲ་བ་ཀུན་ལ་འཇུག་བྱེད་དེ།། ཁམས་བཞི་འགྲོ་བའི་ལུས་ཀུན་རྣམ་པར་ཕྱེ་བ་དང་།། རྒྱུད་དྲུག་རིན་ཆེན་རྣམ་པར་ཕྱེ་བའི་རྡུལ་ཕྲན་རྣམས།། རྣམ་པར་བྱེ། ་བའི་ཚད་མེད་འཇུག་བྱེད་པ།། སྨོན་ལམ་བྱིན་གྱིས་བདེ་གཤེགས་ཡང་དག་སྐུལ་བར་མཛད།། རྒྱལ་བ་རྣམས་ཀྱི་སྟོབས་མཆོག་དོན་དྲན་མངོན་འདོད་པ།། ཡེ་ཤེས་ཡོན་ཏན་དབང་བསྐུར་སངས་རྒྱས་ཀུན་གྱིས ་འཐོབ། ། བརྒྱ་སྟོང་ཕྲག་བཅུའི་ཏིང་འཛིན་གྲངས་མེད་གང་ཡོད་པ།། སྤྱོད་ཡུལ་ཤེས་པ་ཚེ་འདི་ཉིད་ལ་ཐོབ་གྱུར་ནས།། དེ་ཡི་རྗེས་ལ་ཐམས་ཅད་མཁྱེན་པར་དབང་སྲུང་འཐག།། ཡུལ་ཡངས་ཏིང་འཛིན་དེ་དག ་པས་གཡོ་མི་མངའ། ། གང་ཚེ་དེ་ཉིད་སངས་རྒྱས་མངོན་པར་དབང་བསྐུར་ཚེ།། པད་མོ་རྒྱ་ཆེན་རིན་ཆེན་ཀུན་སྤྲས་བརྒྱན་པ་འབྱུང་།། དེ་ཡི་འོད་ཟེར་ཁྲག་ཁྲིག་མཐའ་ཡས་སྟོང་ཕྲག་ཅན།། ་ཕྱོགས་བཅུའི་འགྲོ་བའི་སྡུག་བསྔལ་རབ་ཞི་བྱེད།། ཆོས་རབ་དན་དུ་རྒྱལ་སྲས་དབང་བསྐུར་ཐོབ་པར་མཁྱེན།། སངས་རྒྱས་མཛད་པ་རྒྱ་མཚོ་རྣམ་ཐར་ལས།། བདུད་རྩི་དྲི་མེད་ཡེ་ཤེས་མངོན ་དགའ་འཐོབ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅདཡེ་ཤེས་ཀྱི་སྤྱོད་པ་འདི་ཡང་དག་པར་གསུངས་པ་ན་འཇིག་རྟེན་ཁམས་རྡོ་རྗེའི་དཔལ་གྱིས་བརྒྱན་པ་ཞེས་བྱ་བ་དག་ནས་དེ་བཞིན ་གཤེགས་པ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དག་གི་དྲུང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་འདུག་པར་གྱུར་པ་དང་། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན ་པོ་རྣམ་པར་གྲོལ་བའི་ཟླ་བས་འདི་སྐད་ཅེས་སྨྲས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། ལྟ་བ་མཚུངས་པ་མེད་པ་སྤྱོད་པ་ཟབ་པའི་སྙིང་པོ་འདི་འདུལ་བྱ་ལ་ཇི་ལྟར་འཇུག་པར་འབྱུང ་གྲང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ། དེ་བཞིན་གཤེགས་པ་སྟོང་མངོན་པར་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཉིད ་སྟོན་པ་དང་། ། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཡོངས་སུ་སྦྱད་པ་དང་།། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་དང་།། ཚད་མེད་པ་རྣམ་པར་ཐར་པ་བསམ་གྱིས ་མི་ཁྱབ་པའི་ཕྱིར་ལུས་ཅན་ཡེ་ཤེས་ལྡན་པ་དག་ལ་ཀུན་དུ་འཇུག་པར་བྱེད་དོ། ། དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཟབ་པ་བླ་ན་མེད་པ་བརྗོད་ཏུ་མེད་པའི་གནས་ལས་རྒྱ་མཚོ ་ལྟར་རྣམ་པར་གྲོལ་བ་སྟོན་པ་ཤིན་ཏུ་ངོ་མཚར་ཏེ་ལེགས་སོ། ། ལེགས་སོ།། ཞེས་བྱ་བར་བརྗོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྤྱོད་པ་ཚད་མེད་པ་དང་ཏིང་ངེ་འཛིན་འབྱམ་ཀླས ་པ་རབ་ཏུ་བསྒྲུབ་པའི་དགོངས་པས་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་ཀུན་དུ་རོལ་པ་སྟོན་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དཀྲུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉི་སུ་མེད་པ ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་མང་ཏུ་གྲང་བ་སྟོན་པའི་ལེའུ་སྟེ་དྲུག་བཅུ་ལྔ་པའོ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོང་འཇིག་རྟེན་གྱི་ཁམས་མིང། ་ཀྱི་ཞིང་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིང་གསང་བ་ཆེན་པོ་འོག་མིན་གྱི་གནས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྤྲོས་པ་ལས་འདས་ཤིང་བརྗོད་ཏུ་མེད་པའི་ཡང་བརྗོད་ཏུ་མེད་པ་སངས་རྒྱས་སྟོང་མོ་ན ་པར་སངས་རྒྱས་ནས་རེ་རེ་ཞིང་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ། བླ་ན་མེད་པའི་འབུམ་ཕྲག་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ཏེ་གནས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ་བཅས་པ་རིར་ཞིང་ལ་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་།། བྱང་ཆུབ་སེམས་དཔའ་ཚངས་པའི་རྒྱལ་པོ་དྲུང་ན་འཁོད་པ་ཡོངས་སུ་སྣང་བར་གྱུར་ཏོ།། དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་གསང་བ་བླ་ན་མེད་པའི ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཡོངས་སུ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དེ་དག་གིས་སྐུ་གསུང་ཐུགས་ཀྱི་གསད ་བ་བསམ་གྱིས་མི་ཁྱབ་པས་འཇུག་པར་བྱེད་ཅིང་བྱིན་གྱིས་རློབ་པར་བྱེད་ལ། ། ཡེ་ཤེས་ཡངས་པའི་སྤྱན་གྱིས་ཆོས་ཀྱི་དབྱིངས་མི་ཟད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་མཛད་དོ།། གསང་བ་འདི་རབ ་ཏ་ཨུ་བསྟན་པ་ན་དེའི་ཚེ་དེའི་དུས་ནད་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཆེན་པོ་བཅུ་དྲུག་གི་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པའི་འོད་ཟེར་གྱི་སྙིང་པོ་སྒྲོན་མའི་ཏིང་ངེ་འཛིན་ལ་སོགས་པ ་དུ་མ་ཐོབ་བོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་ཞིང་བྱེ་བ་ཕྲག་བརྒྱད་ཀྱི་བྱང་ཆུབ་སེམས་དཔས་གནས་པས་ནི་ཡེ་ཤེས་རྒྱ་མཚོ་མཚུངས་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་དུ་པ་མངོན་པར་ཐོབ་བོ།། ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བྱེ་བ་ཕྲག་བརྒྱད་བཅུའི་གྲངས་དེ་སྙེད་ཀྱང་གསང་བ་ཆེན་པོ་རྡོ་རྗེའི་ཚུལ་གྱི་ཏིང་ངེ་འཛིན་གྱི་ངང་ལས་སྐད་ཅིག་རེ་རེས་མངོན་པར་རྫོགས་པར་བྱང་ཆུབ་ཐོབ་པར་གནས་པ ་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟུང་པོས་གསང་བ་ཉེ་བར་བསྡུ་བའི་དོན་དུ་གསོལ་པ།། སངས་རྒྱས་རྣམས་ཀྱི་གཟུགས་སྒྲ་མཐའ་ཡས་པ།། རྒྱལ་བའི་སྙིང་པོ་ཡེ་ཤེས་སྐུ་གཅིག་ཏུ།། རྣམ་པར་བྱེད ་པ་འོད་གསལ་བ་ཡི་གནས། ། གསད་པ་ཆེན་པོའི་གནས་འདིར་མངོན་སངས་རྒྱས།། གང་དུ་སེམས་ཉིད་བྱང་ཆུབ་མཆོག་གྱུར་པ།། འདྲེན་པ་ཆོས་ཀྱི་རྒྱལ་པོ་ཚུལ་འདི་ཡིན།། ཞེས་སྨྲས་པ་དང་། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དེ་དག་མ་ལུས་པའི་ཐུགས་ཡིད་རངས་ཤིང་རབ་ཏུ་དགའ་བས་རྒྱས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་བླ་ན་མེད་པའི་ཡོངས་སུ་འདུས་པའི་འཁོར་གྱི་དཀྱིལ་འཁོར ་རྣམས་ལ་གཟིགས་ཏེ་བཀའ་སྩལ་པ། ། གསང་བ་ཆེན་པོ་བསྟན་པའི་དཀྱིལ་འཁོར་འཁོར་ལོ་འདི་ལྟ་སྟེ།། ཐུན་མོང་དུ་གྱུར་པའི་བཀོད་པའི་དཀྱིལ་འཁོར་དང་།། ཁྱད་པར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་།། ་མཆོག་ཏུ་གསང་བ་ཐབས་ཀྱི་དཀྱིལ་འཁོར་རོ།། ཡང་དེ་ཉིད་ལས་བྱུང་རྒྱ་ཆེར་སྟོན་པ་དང་།། ཟབ་མོ་དང་ནི་བླ་མེད་ཚུལ་མཆོག་སྟེ།། ཕྱི་ནང་གསང་བ་དེ་ཉིད་ཡེ་ཤེས་ཀྱི།། དཀྱིལ་འཁོར་ཚད་མེད་འདི་ནི་བསྟན་པ་ཡིན ་དེ་ལ་དེ་བཞིན་གཤེགས་པ་སྟོང་དག་གི། སྐུ་ཡི་དཀྱིལ་འཁོར་སྤྲོ་དང་སྡུད་པ་དང་།། གསུང་གི་དཀྱིལ་འཁོར་གསང་སྔགས་འབུམ་ཕྲག་སྟེ།། ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔར་བསྡུས་པའོ།། ཉི་ཤུ་རྩ་ལྔའི་རྣམ ་དཔྱོད་བསལ་བ་ཡིས། ། དམ་པའི་རིགས་ནི་བརྒྱ་རུ་འགྱུར་བ་སྟེ།། དེ་ཉིད་དཀྱིལ་འཁོར་མངོན་པར་ཕྱུང་བ་ཡིན།། རིགས་ཀྱི་དཀྱིལ་འཁོར་ལྔ་ཡི་དབྱེ་བ་ཡིས།། རྩ་བ་གསང་བའི་དཀྱིལ་འཁོར་གསུམ་དུ་བསྡུས།། བོད་དོན ་སྤྱོད་དང་ཐེག་པའི་དོན། ། དེ་ཉིད་བསྡུས་པ་གཅིག་པ་སྡོམ་པ་ཆེ།། ཐ་དད་པ་དང་འབྱུང་བ་ཉེ་བར་གྱུར་པ་ལས།། ལུས་དང་ཡུལ་དང་དབང་པོའི་སྤྱོད་ཡུལ་དུ།། གསང་བ་དུ་པ་ཉེ་བར་སྡུད་པའི་ཚུལ།། སྤྱི་དང་བྱེ་བྲག་དཀྱིལ་འ ་འདིར་གསུངས་སོ། ། བཅོམ་ལྡན་རྣམ་པར་སྣང་མཛད་དཀྱིལ་འཁོར་དུ།། རེག་བྱ་རྡོ་རྗེ་དབུས་སུ་མངོན་གནས་ནས།། རྡོ་རྗེ་མི་བསྐྱོད་ཤར་གྱི་གནས་སུ་དགོད།། རྡོ་རྗེ་དཀྱིལ་དཀྲུང་གཉིས་ཀྱི་སྣོང་བས་བཞུགས།། སྦྱོར ་ནི་དཀོན་མཆོག་དཔལ་ལོ། ། ནུབ་ཏུ་འོད་དཔག་མེད་པའོ།། བྱང་དུ་དོན་ཡོད་གྲུབ་པའོ།། ཤར་ལྷོའི་གྲཝ་ར་ནི་ལྷ་མོ་སྤྱན་མའོ།། ལྷོ་ནུབ་ཏུ་ནི་པཱ་མ་ཀཱིའོ།། ནུབ་བྱང་དུ་ནི་གོས་དཀར་མོའོ།། བྱད་ཤར་དུ་ནི་རྡོ་རྗེ་སྒྲོལ་མའོ།། དེ་ནི་རྐང ་གི་ཕོ་བྲང་ལ་གནས་པའོ། ། དེའི་ཕྱི་ཁྱམས་ཀྱི་གྲཝ་བཞི་ལ། མེའི་ཕྱོགས་སུ་གཟུགས་རྡོ་རྗེ་མའོ།། བདེན་བྲལ་དུ་ནི་སྒྲ་རྡོ་རྗེའོ།། དུབ་ཀྱི་ཕྱོག་སུ་དྲི་རྡོ་རྗེའོ།། དབང་ལྡན་གྱི་ཕྱོགས་སུ་ནི་རེ་རྡོ་རྗེའོ།། ཤར་གྱི་སྣམ་བུ་ལ་བྱམས་པའི ་མགོན་པོ་དང་སའི་སྙིང་པོའོ། ། ལྕེའི་རྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ།། ནུབ་ཀྱི་སྣམ་བུ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་རྡོ་རྗེའོ།། བྱང་གི་སྣམ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ ་བ་དང་། ཀུན་དུ་བཟང་པོ་གནས་པའོ།། ཤར་གྱི་སྒོར་ནི་གཤིན་རྗེ་མཐར་བྱེད་དོ།། ལྷོ་སྒོར་ནི་ཤེས་རབ་མཐར་བྱེད་དོ།། ནུབ་སྦྱོར་ནི་པདྨ་མ་མཐར་བྱེད་དོ།། བྱང་སྒོར་བགེགས་མཐར་བྱེད་དོ།། ཤར་ལྷོ་མཚམས་ཀྱི་ཟླར ་ནི་མི་གཡོ་བའོ། ། ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོའོ།། ནུབ་བྱང་དུ་ནི་དབྱུག་སྔོན་ཅན་ནོ།། བྱང་ཤར་མཚམས་སུ་ནི་སྟོབས་པོ་ཆེ་སྟེ་ཁྲོ་བོའི་རྒྱལ་པོ་ཉིད་དོ།། སྟེང་ཕྱོགས་ཤར་གྱི་སྒོ་དྲུང་དུ་གཙུག་ཏོར་འཁོར་ལོས ་སྦྱར་བའོ། ། འོག་ཕྱོགས་ནུབ་ཀྱི་སྒོ་དྲང་དུ་ནི་གནོད་མཛེས་རྒྱལ་པོ་རྣམ་པར་དགོད་པར་བྱའོ།། དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུའི་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་སོ།། ་བཅོམ་ལྡན་འད་དཔག་མེད་པའི་དཀྱིལ་འཁོར་དུ།། རེག་བྱ་རྡོ་རྗེ་དབུས་སུ་མངོན་གནས་ནས།། བཅོམ་ལྡན་མི་མྱོད་ནུབ་ཏུ་གནས་པ་སྟེ།། བདེ་ཆེན་ཡེ་ཤེས་ཚུལ་མཆོག་ལེགས་པར་བཞུགས།། གང་དྲི་ནི་རྣམ་པར ་སྣ་མཛད་དོ། ། ལྷོར་ནི་དཀོན་མཆོག་དཔལའོ།། བ་ཏུ་འོད་དཔག་མེད་པའོ།། བྱང་དུ་དོན་ཡོད་གྲུབ་འོ།། ཤར་ལྷོའི་གླུར་ནི་ལྷ་མོ་སྤྱན་མའོ།། ལྷོ་ནུབ་ཏུ་ནི་མཱ་མ་ཀཱིའོ།། ནུབ་བྱང་དུ་ནི་གོས་དཀར་པོའོ།། བྱང་ཤར་དུ་ནི་སྒྲོན་མའོ།། དེ་ནི་ནང་གི ་ཕོ་བྲང་ལ་གནས་པའོ། ། དེའི་ཕྱི་ཁྱམས་ཀྱི་གྲཝ་བཞི་ལ་མེའི་ཕྱོགས་སུ་གཟུགས་རྡོ་རྗེ་མའོ།། བདེན་བྲལ་དུ་ནི་སྒྲ་རྡོ་རྗེའོ།། རླུང་གི་ཕྱོགས་སུ་དྲི་རྡོ་རྗེའོ།། དབང་ལྡན་གྱི་ཕྱོགས་སུ་རོ་རྡོ་རྗེའོ།། ཤར་གྱི་སྣམ་བུ་ལ་བྱམས ་པའི་མགོན་པོ་དང་སའི་སྙིང་པོའོ། ། ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ།། ནུབ་ཀྱི་སྣམ་བུ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་ལོ།། བྱང་གི་སྣམ་བུ་ལ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན ་དུ་བཟང་པོའོ། ། ཤར་སྒོར་ནི་གཤིན་རྗེ་མཐར་བྱེད་དོ།། ལྕེ་སྒོར་ནི་ཤེས་རབ་མཐར་བྱེད་དོ།། ནུབ་སྒོར་ནི་པད་མ་མཐར་བྱེད་དོ།། བྱང་སྒོར་ནི་བགེགས་མཐར་བྱེད་དོ།། ཤར་ལྷོ་མཚམས་སུ་ཁྲོ་རྒྱལ་མི་གཡོ་བའོ།། ་ལྷོ་ནུབ་ཏུ་ནི་འདོད་པའི་རྒྱལ་པོའོ།། ནུབ་བྱང་དུ་ནི་དབྱུག་སྔོན་ཅན་ནོ།། བྱང་ཤར་དུ་ནི་སྟོབས་པོ་ཆེ་སྟེ།། དེ་ལྟར་གྱུར་པའི་ཁྲོ་བོ་རྣམས་སོ།། སྟེང་ཕྱོགས་སུ་ཤར་སྒོའི་རྩེ་བར་གཙུག་ཏོར་འཁོར་ལོས་སྒྱུར་བའོ།། ་འོག་ཕྱོགས་ནུབ་སྒོའི་རྩ་བར་གནོད་མཛེས་རྒྱལ་པོ་དགོད་པར་བྱའོ།། དེ་ལྟར་པད་མའི་རིགས་ཀྱི་གསུང་གི་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་སོ།། བཅོམ་ལྡན་འདས་རིན་ཆེན་འབྱུང ་ལྡན་དཀྱིལ་འཁོར་དེ། ། རེག་རྡོ་རྗེ་དབུས་སུ་མངོན་གནས་ཏེ། རྡོ་རྗེ་འཛིན་པ་ལྷོ་ཡི་ལེ་ཙེར་བཞུགས།། དེ་ཉིད་དཀོན་མཆོག་ལེགས་པར་གྱུར་པའོ།། ཤར་དུ་ནི་རྣམ་པར་སྣང་མཛད་དོ།། ནུབ་ཏུ་ནི་འོད་དཔག་མེད ་དོ། ། བྱང་དུ་ནི་གདོན་མི་ཟ་བ་ཉིད་དོ།། ཤར་ལྷོར་ལྷ་མོ་སྤྱན་མ།། ལྷོ་ནུབ་ཏུ་མཱུ་མ་ཀཱི།། ནུབ་བྱང་དུ་གོས་དཀར་མོ།། བྱང་ཤར་དུ་རྡོ་རྗེ་སྒྲོལ་མའོ།། དེ་ནི་ནང་གི་ཕོ་བྲང་ལ་གནས་པའོ།། དེའི་ཕྱི་ཁྱམས་ཀྱི་གྲཝ་བཞི་ལ ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ། ། བདེན་བྲལ་དུ་སྒྲ་རྡོ་རྗེ། རླུང་དུ་དྲི་རྡོ་རྗེ། དབང་ལྡན་དུ་རོ་རྡོ་རྗེའོ།། ཤར་གྱི་སྣམ་བུ་ལ་བྱམས་པ་རྡོ་རྗེ་དང་སའི་སྙིང་པོའོ།། ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི ་སྙིང་པོའོ། ། ནུབ་ཀྱི་སྣམ་བུ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་དཔལ།། བྱང་གི་སྣམ་བུ་ལ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའོ།། ཤར་སྒོར་གཤིན་རྗེ་གཤེད་དོ།། ལྷོ་སྒོར་རྣམ་པར ་རྒྱལ་བའོ། ། ནུབ་སྒོར་རྟ་མགྲིན་ནོ།། བྱང་སྒོར་བདུད་རྩི་འཁྱིལ་པའོ།། ཤར་ལྷོར་མི་གཡོ་བ།། སྣརོན་དོད་པའི་ཐུལ་པོ།། རླུ་བྱ་དུང་དབྱུག་སྔོན་ཅན།། བྱང་ཤར་དུ་སྟོབས་པོ་ཆེའོ།། ཤར་སྟོང་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བའོ། ་ནུབ་སྨད་ཏུ་གནོད་མཛེས་རྒྱལ་པོ་སྟེ།། ཁྲོ་བོའི་རྒྱལ་པོ་བཅུ་དང་ནས་པར་འབྱུང་བའོ།། དེ་ལྟར་རིན་པོ་ཆེའི་རིགས་ཡོན་ཏན་གྱི་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་འདི་གསུངས་སོ།། བཅོམ་ལྡན ་གདོན་མི་ཟ་བའི་དཀྱིལ་འཁོར་དུ། ། རེག་བྱ་རྡོ་རྗེ་དབུ་སུ་གཉིས་མེད་པར།། རྡོ་རྗེ་འཛིན་པ་བྱང་གི་ཕྱོགས་སུ་དགོད།། བདེ་བའི་བསྟན་ལ་ལེགས་པར་བཞུགས་པའོ།། ཤར་དུ་རྣམ་པར་སྣང་མཛད་དོ།། ་ལྷོར་ནི་རིན་ཆེན་འབྱུང་བའོ།། ནུབ་ཏུ་འོད་དཔག་མེད་དོ།། བྱང་དུ་དོན་ཡོད་གྲུབ་པ།། ཤར་ལྷོར་སྤྱན་མའོ།། ལྷོ་ནུབ་ཏུ་མཱ་མ་ཀཱིའོ།། ནུབ་བྱང་དུ་གོས་དཀར་མོའོ།། བྱང་ཤར་མཚམས་ཀྱི་གླར་ནི་ལྷ་མོ་སྒྲོལ ་མའོ། ། དེ་ནི་ནང་གི་ཕོ་བྲང་ལ་གནས་པའོ།། དེའི་ཕྱི་ཁྱམས་ཀྱི་གྲཝ་བཞི་ལ་མེའི་ཕྱོགས་སུ་གཟུགས་རྡོ་རྗེ་མའོ།། བདེན་བྲལ་དུ་སྒྲ་རྡོ་རྗེའོ།། རླུང་གི་མཚམས་སུ་དྲི་རྡོ་རྗེའོ།། འབྱུང་པོའི་མཚམས་སུ ་རོ་རྡོ་རྗེའོ། ། ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོའོ།། ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ།། ནུབ་ཀྱི་སྣམ་བུ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་དཔལ་ལོ།། བྱང་གི་སྣམ་བུ ་ལ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའོ། ། ཤར་སྐོར་དྲི་གཤིན་རྗེ་གཤེད།། ལྷོ་སྒོར་ཤེས་རབ་མཐར་བྱེད།། ནུབ་སྒོར་པད་མ་མཐར་བྱེད།། བྱང་སྦྱོར་བགེགས་མཐར་བྱེད་པ་ཉིད་དོ།། ཤར་ལྷོར་ནི་མི ་གཡོ་བའོ། ། ལྷོ་ནུབ་ཏུ་ནི་འདི་འདོད་པའི་རྒྱལ་པོའོ།། ནུབ་བྱང་དུ་ནི་དབྱུག་སྔོན་ཅན་ནོ།། བྱང་ཤར་དུ་ནི་སྟོབས་པོ་ཆེའོ།། སྟེང་དུ་གཙུག་ཏོར་འཁོར་ལོ་སྒྱུར་བའོ།། འོག་ཏུ་ཁྲོ་བོ་གནོད་མཛེས་རྒྱལ་པོ་གནས་པ་སྟེ། ་ཁྲོ་བོ་བཅུ་མངོན་པར་འབྱུང་བའོ།། དེ་ལྟར་ལས་ཀྱི་རིགས་ཕྲིན་ལས་ཀྱི་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་འདི་གསུངས་སོ།། གང་དུ་ལྷ་མོ་སྤྱན་མ་གཙོར་གྱུར་པ།། དཀྱིལ་འཁོར་དེར་ནི་རྡོ་རྗེ་འཛིན ་པ་གཙོ། ། རེག་བྱ་རྡོ་རྗེ་ཤར་ལྷོའི་གྲཝར་བཞུགས་པས།། དཀྱིལ་འཁོར་ངེས་པར་སྤྲུལ་པའི་ཚུལ་བསྟན་པའོ།། རྡོ་རྗེ་མཱ་མ་ཀཱི་ལས་གཙོར་གྱུར་པ།། རྡོ་རྗེ་འཛིན་པ་དེ་དང་གཉིས་མེད་དེ།། རེག་བྱ་རྡོ་རྗེ་ལྷོ་ནུ་བ ་ར་གནས་ཏེ། ། ལྷག་མ་གཞན་རྣམས་སྔོན་དང་མཚུངས་པའོ།། རྡོ་རྗེ་གོས་དཀར་མོ་དང་རྡོ་རྗེ་འཛིན།། གཉིས་སུ་མེད་པར་དབུས་སུ་བཞུགས་པ་སྟེ།། རེག་བྱ་རྡོ་རྗེ་ནུབ་བྱང་གླར་བཞུགས་པས།། དཀྱིལ་འཁོར ་འཁོར་ལོ་ངེས་པར་སྤྲུལ་པའོ། ། ལྷ་མོ་སྒྲོལ་མ་དང་ནི་རྡོ་རྗེ་འཛིན།། གཉིས་མེད་བདེ་བས་བཞུགས་པ་དེ་ཉིད་དེ།། རེག་བྱ་རྡོ་རྗེ་བྱང་ཤར་གྲཝར་བཞུགས་པ།། ཚད་མེད་ལྷ་མོ་བཞི་ཡི་དཀྱིལ་འཁོར་རོ།། ་གཟུགས་ཀྱི་རྡོ་རྗེ་དང་ནི་རྡོ་རྗེ་འཛིན།། གཉིས་མེད་བཞུགས་པ་དབུས་ཀྱི་གཅ་བ་སྟེ།། རེག་བྱ་རྡོ་རྗེ་མའི་ཕྱོགས་སའོ།། སྒྲ་ཡི་རྡོ་རྗེ་དང་ན་རྡོ་རྗེ་འཛིན།། གཉིས་མེད་བཞུགས་པ་དབུས་ཀྱི་གཙོ་བོར་གྱུར།། ་རེག་བྱ་རྡོ་རྗེ་སྲིན་པོའི་ཕྱོགས་སུའོ།། དྲི་ཡི་རྡོ་རྗེ་དང་ནི་རྡོ་རྗེ་འཛིན།། གཉིས་མེད་དབུས་ཀྱི་གཙོ་བོར་གྱུར་པ་ནི།། རེག་བྱ་རྡོ་རྗེ་རིག་འཛིན་ཕྱོགས་སུའོ།། རོ་ཡི་རྡོ་རྗེ་དང་ནི་རྡོ་རྗེ་འཛིན།། དབས་གནས་མཉམ་པར ་སྦྱོར་བའི་ཚུལ་ཉིད་དོ། ། རེག་བྱ་རྡོ་རྗེ་དབང་ལྡན་ཕྱོགས་གནས་པའོ།། འདི་དག་མཆོད་བྱེད་ལྷ་མོ་བཞི་དག་གི། དཀྱིལ་འཁོར་སོ་སོར་ངེས་པར་བསྟན་པ་ཡིན།། འདི་དག་རིགས་ནི་སོ་སོར་བསྟན་པ་ཡིན།། ་དཀྱིལ་འཁོར་ཐ་དང་རིམ་པ་བསྟན་པའོ།། བྱམས་པའི་མགོན་པོ་གཙོ་བོར་གྱུར་པ་ནི།། རྡོ་རྗེ་འཛིན་པ་ཤར་ཕྱོགས་དང་པོའི་སར།། འཕོ་བའི་རིམ་པ་བསྟན་པ་བླ་ན་མེད།། རེག་བྱ་རྡོ་རྗེ་དབུས་སུ་མཁྲིལ་པར ་བཞུགས། ། ས་ཡི་སྙིང་པོ་གཙེར་གྱུར་དཀྱིལ་འཁོར་ལ།། རྡོ་རྗེ་འཛིན་པ་དེར་གནས་འཕོ་བ་སྟེ།། རེག་བྱ་རྡོ་རྗེའང་དབུས་སུ་གནས་པའོ།། ཕྱག་ན་རྡོ་རྗེ་རེག་བྱ་རྡོ་རྗེ་དང་།། གཉིས་མེད་དབུས་གནས་ཚུལ ་འདི་བསྟན་པཔོ། ། རྡོ་རྗེ་འཛིན་པ་དང་པོའི་གནས་དེར་འཕོ།། རྡོ་རྗེ་དབང་ཕྱུག་རེག་བྱ་རྡོ་རྗེ་དང་།། གཉིས་མེད་དབུས་གྱུར་གཙོ་བོ་འཕྲོ་བའི་ཚུལ།། རྡོ་རྗེ་འཛིན་པ་ནུབ་ཏུ་འཕོ་བ་མཛད།། འཇམ་དབྱངས ་རྡོ་རྗེ་རེག་བྱ་རྡོ་རྗེ་དང་། ། གཉིས་མེད་བདེ་ཆེན་ནུབ་དུ་གཙོ་བོ་བཞུགས།། སྒྲིབ་པ་རྣམ་སེལ་རེག་བྱ་རྡོ་རྗེ་དང་།། གཉིས་མེད་རྡོ་རྗེ་འཛིན་པ་བྱང་དུ་གནས།། ཀཱན་དུ་བཟང་པོ་དགཱ་བྱ་རྡོ་རྗེ་དང་།། གཉིས ་མེད་དབུས་བཞུགས་རྡོ་རྗེ་འཛིན་པ་ནི། ། བྱང་ཕྱོགས་ལྷརྣམས་དག་ཏུ་བཞུགས་པར་མཛད།། འདི་དག་ཀུན་དུ་རིམ་པ་ཤེས་པར་བྱ།། གཤིན་རྗེ་གཤེད་པོ་དང་ནི་རེག་རྡོ་རྗེ།། གཉིས་མེད་བཞུགས་པ ་གཙོ་བོ་འཕོ་བར་བསྟན། ། ཤེས་རབ་མཐར་བྱེད་དང་ནི་རེག་རྡོ་རྗེ། དབུས་བཞུགས་རྡོ་རྗེ་འཛིན་པ་ལྷོར་གནས་པའོ་རྟམགྲིན་དབང་དང་རེག་བྱ་རྡོ་རྗེམ།། དབུས་བཞུགས་རྡོ་རྗེ་འཛིན་པ ་ནུབ་སྒོར་བཞུགས། ། བདུད་རྩི་འཁྱིལ་པ་དང་ནི་རེག་རྡོ་རྗེ།། དབུས་བཞུགས་རྡོ་རྗེ་འཛིན་པ་བྱང་སྒོར་གནས།། མི་གཡོ་མགོན་པོ་དང་ནི་རེག་རྡོ་རྗེ།། དབུས་བཞུགས་རྡོ་རྗེ་འཛིན་པ་ཤར་ལྷོར་གནས།། འདོད་པའི ་རྒྱལ་པོ་དང་ནི་རེག་རྡོ་རྗེ། ། དབུས་བཞུགས་རྡོ་རྗེ་འཛིན་པ་ནུབ་བྱང་གནས།། དབྱུག་སྔོན་ཅན་དང་ལྷ་མོ་རེག་རྡོ་རྗེ།། དབུས་བཞུགས་རྡོ་རྗེ་འཛིན་པ་ནུབ་བྱང་དུའོ།། རྡོ་རྗེ་སྟོབས་པོ་ཆེ་དང་རེག་བྱ་རྡོ་རྗེ་མ།། དབུས་བཞུགས ་རྡོ་རྗེ་འཛིན་པ་བྱང་ཤར་གནས། ། གནོད་མཛེས་རྒྱལ་པོ་དང་ནི་རེག་རྡོ་རྗེ།། དབུས་གནས་རྡོ་རྗེ་འཛིན་པ་འོག་ཕྱོགས་སུ།། གཙུག་ཏོར་འཁོར་ལོས་སྒྱུར་བ་རེག་རྡོ་རྗེ།། དབུས་འགྱུར་རྡོ་རྗེ་འཛིན་པ ་སྟེང་དུ་དགོད། ། འདི་དག་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ།། སུམ་ཅུ་རྩ་གཉིས་རྣལ་འབྱོར་མཁས་པས་དགོད།། རྡོ་རྗེའི་གདུང་དང་རྡོ་རྗེའི་ཀ་བ་ནི།། རིན་ཆེན་བུམ་པ་པད་མར་མཛེས ་བྱས་པ། ། དུ་མས་བཏེག་པའི་ཚད་མེད་ཕྲེང་བ་ཅན།། རེ་རེ་ལ་ཡང་སྒོ་བཞི་རྟ་བབས་ལྡན།། དཀྱིལ་འཁོར་ཆེན་པོ་ཚད་མེད་སྒོ་བཞི་ལས།། ལྷོ་ནི་གསང་བའི་བདག་པོའི་དཀྱིལ་འཁོར་ལ། ་དབུས་སུ་སྣ་ཚོགས་བདེ་མ་དག་དང་ནི།། གཉིས་སུ་མེད་པར་སྦྱོར་བ་བསྟན་པའོ།། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་དྲིལ་བུ་དང་།། ནོར་བུ་འཁོར་ལོ་པད་མ་རལ་གྲི་སྟེ།། ཤིན་ཏུ་མཚུངས་པ་རྡོ་རྗེ ་གདེངས་པོ་སྟེ། ། རྡོ་རྗེ་བེ་ཅོན་རྡོ་རྗེ་འབར་བ་དང་།། རྡོ་རྗེ་དྲག་པོ་བཞི་ཡང་གཙོ་བོར་མཚུངས།། སྒེག་མོ་ཕྲེང་མ་གྲུ་མ་གར་མ་དང་།། མེ་ཏོག་གདུག་སྤོས་མར་མ་དྲི་ཆབ་མ།། ཁྱམས་སུ་རྡོ་རྗེ་གཙུག་ཏོར ་རྡོ་རྗེ་འཇིགས་བྱེད་དང་། ། རྡོ་རྗེ་ཉི་མ་རྡོ་རྗེ་སྤྱན་དང་ནི།། རྡོ་རྗེ་བ་དན་རྡོ་རྗེ་འཆིང་མཛད་དང་།། རྡོ་རྗེ་ནག་པོ་རྡོ་རྗེ་ལས་བཅས་པ།། ཕྱོགས་གནས་ཤིན་དུ་གསལ་བའི་དཀྱིལ་འཁོར་ལོ།། ཐུན་མོང་ཁྲོ་རྒྱལ་བཅུས་ནི ་ཡོངས་བསྐོར་བའོ། ། ཚངས་པའི་རྒྱལ་པོའི་དཀྱིལ་འཁོར་བྱང་དུ་སྟེ།། ལྷ་མོ་ཞིབ་མོ་དང་གཉིས་མེད་པ།། ཞལ་གསུམ་ཕྱག་དྲུག་སེར་ཞིང་ཐལ་མོ་སྦྱར།། འཁོར་ལོ་སྡིགས་འཛུབ་རལ་གྲི་ནོར་བུ་སྟེ།། ཤར་དུ་བརྒྱ ་བྱིན་ཁྲུང་མགོ་ལྷོ་རུ་ཡང་། ། དབང་ཕྱུག་ཤང་ཤང་གདོང་དང་ནུབ་དང་བྱང་།། ཁྱབ་འཇུག་སེང་མགོ་ཅན་དང་གླང་པོའི་མགོ། ཕྱོགས་ཀྱི་བདག་པོ་དག་དང་འཚམས་བཞིར་ཡང་།། ཞི་བ་མོ་དང་དབང་མོ་དྲག་མོ་དང་།། ཙ་མུན ་ཌི་རི་བཅས་རྒན་བྱེད་མ་དང་ནི། ། གཏུམ་པ་མ་དང་ཕྲེང་ལྡན་མེ་ཏོག་མ།། དེ་དག་དང་བཅས་ལྷ་སྲིན་སྡེ་བརྒྱད་དང་།། ཕྱོགས་སྐྲོད་བཅུ་ཡིས་ཡོངས་སུ་བསྐོར་བའོ།། ཁྱམས་ཀྱི་ཕྱི་རོལ་ཁོར་ཡུག་མཚམས་བཞི་ལ། རྒྱལ་ཆེན ་བཞི་བཅས་རོལ་པས་ཡོངས་བསྐོར་བ། ། བཀྲ་ཤིས་དང་ལྡན་པད་མའི་ཤིང་བཅས་པས།། འཇིག་རྟེན་འཇིག་རྟེན་འདས་པའི་ཐུན་མོང་གནས།། དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་བཤད་པ་ཡིན།། དེ་ལྟར་ཡོངསུ་རྫོགས་པའི ་དཀྱིལ་འཁོར་ལ། ། དངོས་པོ་ཐམས་ཅད་ཀྱིས་ནི་བལྟས་ནས་ཀྱང་།། སྙིང་པོ་སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས།། དྲངས་ནས་བདེ་བར་གཤེགས་རྣམས་བསྒོམ་པར་བྱ།། ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མེད་པའི།། ཏིང ་འཛིན་ལས་བྱུང་བུམ་པའི་བདེས་གང་བའི། འཁོར་ལོ་བསམས་ནས་དེ་ནས་གཤིན་རྗེ་ཡིས།། མཐར་བྱེད་ཚོགས་བཅུས་བར་ཆད་བསྲུང་བར་བྱ།། རང་གི་སྙིང་པོ་མངོན་བཟླས་མཆོད་ཡོན་ནི།། ཙན་དན་བཟང་སོགས་མེ་ཏོག་གིས་མཛེས ་དབུལ། རང་ལ་ཇི་ལྟ་བཞིན་དུ་ཀུན་དབང་སྐུར།། ཆོ་ག་འདི་ཡིས་ཐམས་ཅད་མཆོད་པར་བྱ།། པད་མའི་ནང་གི་ས་བོན་འོད་རྣམས་ཀྱིས།། གཟུགས་ལ་སོགས་པ་ཐམས་ཅད་དྲངས་ནས་ནི།། ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ནི།། འོད་ཀྱི་དཀྱིལ་འཁོར ་ངག་ཏུ་བསྒོམ་པར་བྱ། ། ཤེས་རབ་བ་སྤུ་རེ་རེ་ལས་སྤྲོས་པའི།། འོད་ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས།། མ་ལུས་ནམ་མཁའི་ཁམས་ནི་ཀུན་དུ་ཁྱབ།། དེ་ལས་བློ་དང་ལྡན་པས་རབ་ཏུ་སྷོ།། འོད་ཀྱི་སྒོ་ལས་ངེས་པར ་འབྱུང་བ་ཡིན། ། ཡན་ལག་དྲི་མེད་རྒྱན་ཀུན་གྱིས་ལེགས་བརྒྱན།། མཾ་ལོང་བའི་གླིང་བུ་རྫ་རྔ་དང་།། བཞད་མ་གྲུམ་ཕྲེང་མ་གར་མ་དང་།། རྔ་རྔ་ཆེ་དང་མེ་ཏོག་བདུག་སྤོས་དང་།། མར་མེ་དྲི་ཆ་བ་ཞལ་ཟས་སྣོད་འཛིན་དང་།། གོས་དང ་ཆོས་འབྱུང་ལ་སོགས་འཛིན་པ་ཡི། ། བཅུ་དྲུག་རིག་མ་ལྷ་མོ་རྣམ་སྒེག་ཅིང་།། རོལ་པའི་ལག་པས་ཀུན་དུ་སྒྱུར་བ་ནི།། འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི།། མཆོད་པའི་སྤྲིན་གྱི་དྲ་བས་ཁྱབ་པ་དང་།། དངོས་རྣམས་སྒྱུ་མ་ལྟ་བུར ་སོ་སོར་ནི། ། ཡང་དག་རིག་ཅིང་འཇིག་རྟེན་ལྟ་མཁས་པ།། རྟོག་པ་མ་ལུས་ཀུན་ལས་ངེས་གྲོལ་ཞིང་།། མཆོག་ཏུ་བདེ་བ་སྐྱེད་པའི་རྒྱུར་གྱུར་པ།། གཟུགས་ལ་སོགས་པ་ལྷ་མོ་རྣམས་དང་ནི།། དེ་བཞིན་ཕྱི་ཡི་དྲི་སོགས་ཐམས ་ཅད་ཀྱིས། ། རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང་།། ཐ་དད་རྣམ་པར་རྟོག་ལས་ངེས་གྲོལ་བའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་མ་ཀོ་ཏ།། སྒྲ་ཡི་ཡུལ་རྣམས་མ་ལུས་པ་རྣམས་ནི།། བྲག་ཆའི་སྒྲ་དང ་མཚུངས་པར་ངེས་བརྟགས་ལ། ། རང་ཡིད་ལྷག་པའི་ལྷ་རུ་གནས་པ་ལ།། ཆོས་རྣམས་བསྟོད་པའི་སྒྲ་ནི་སྒྲོགས་པར་བསམ།། འབར་བའི་ཨོཾ་གྱིས་བྱིན་རླབས་རླུང་དང་མེ།། དཀྱིལ་འཁོར་ལ་གནས་རབ་འབར ་བདུད་རྩི་ལྔ། ། དེ་ནས་ཡི་གེ་གསུམ་བཟླས་དཔག་མེད་པའི།། ཐུབ་པའི་དབང་པོའི་ནང་དུ་ཆུད་པར་བྱ།། ཡེ་ཤེས་བདུད་རྩིའི་ངོ་བོར་བསམས་ནས་ནི།། ཧཱུཾ་དགད་རྡོ་རྗེའི་ལྕེ་ནི་བཟང་པོ་དང་།། སྙིང་ཁའིཟླ ་བའི་དབུས་སུ་མ་ལུས་པའི། ། རྒྱལ་བའི་འཁོར་ལོ་དེས་ནི་ཚིམ་པར་བྱ།། དད་དང་བརྩོན་འགྲུས་རྣམ་པར་དག་པ་དང་།། དེ་བཞིན་དྲན་དང་བསམ་གཏན་རྣམ་དག་པ།། སྒོ་བཟང་སྲུང་བར་བྱེད་པའི་ངོ་བོ་ཉིད།། ་ཤེས་རབ་རྣམ་པར་མ་ལུས་ཡུལ་དུ་སྣང་།། མཚན་མ་མེད་པའི་དགའ་བ་རྣམ་དག་པ།། མ་ལུས་ལྷ་མོའི་ཚོགས་ཀྱི་ངོ་བོ་ཉིད།། དབང་པོའོ་སྒོ་དང་བདག་དང་ནམ་ཏོག་དང་།། འཇུག་པའི་ནམ་ཤེས་རྣམ་པར ་དག་པ་ཡང་། ། མེ་ལོང་ལ་སྩོགས་དྲི་མེད་ངོ་བོར་བསམ།། སངས་རྒྱས་ཐམས་ཅད་ཀྱི་ཡང་རང་བཞིན་ཏེ།། དེ་ཉིད་རྣམ་དག་རྣལ་འབྱོར་འཁོར་ལོའི་གཙོ།། དེ་ཡི་སེམས་ནི་རྣམ་པར་དག་པ་ཡིན།། གཟུགས་ལ ་སོགས་པ་མི་ཤེས་རྣམ་བྲལ་བས། ། དྲི་མེད་ཕུང་པོ་ལ་སོགས་ངོ་བོར་གྲུབ།། སེར་སྣ་ལ་སོགས་དག་པར་གྱུར་པས་ནི།། ཕ་རོལ་ཕྱིན་པ་དཀར་པོའི་ཆོས་རང་བཞིན།། བདག་བཞིན་རྣམ་རྟོག་མེད་པར་སྣང་བ་ནི།། ་འཆིང་བ་མེད་པར་གྱུར་ཀྱང་གོ་རིམ་བཞིན།། ཟབ་པ་དང་ནི་རྒྱ་ཆེ་བ་ཡིས་ནི།། ཤེས་རབ་ཐབས་ཀྱི་བདག་ཉིད་ཅན་སེམས་ཡིན།། དམ་པའི་དོན་དུ་དབྱེ་བ་མེད་པ་དང་།། ནམ་འབྱེད་མེད་ཅིང་ཅི་ཡང་མི་སྣང་སྟེ།། གང་དུ་གཞན་དུ།། ་འཛིན་པའི་རམ་ལྡོག་པ།། དེ་བཞིན་དབྱེ་བ་ལ་སོགས་ཏོག་བྲལ་ཡིན།། དེ་ལྟར་བཏགས་ན་རང་སྙིང་དྲི་མེད་ལ།། ཟླ་བ་ལ་གནས་མཚན་མ་བསྒོམ་པར་བྱ།། གསང་སྔགས་དམ་པ་ཐིག་ལེའི་གཟུགས་སུ་ནི།། རང་ཡིད ་ཀྱིས་ནི་འོད་ཟེར་དང་བཅས་བསམ། ། རང་སེམས་འོད་ཟེར་དྲི་མེད་ལས་འདས་པའོ།། སྐུ་གསུང་ཐུགས་ཀྱི་མཆོག་གྱུར་པ།། སླར་ཡང་དེ་ཉིད་དུ་ནི་ངེས་བཞུགས་ཤིང་།། ཡེ་ཤེས་བདུད་རྩི་འབར་བས་བསམ་པར་བྱ།། ནང་གི ་ལུས་དང་དེ་བཞིན་ཐམས་ཅད་ཀྱང་། ། དེ་ཡིས་ཀུན་དུ་མཐར་ནི་སྣང་བྱས་ནས།། བ་སྤུ་རེ་རེའི་ཁོངས་ནས་བྱུང་བ་ཡི།། འོད་ཟེར་ཚོགས་ཀྱིས་ཀུན་དུ་དག་པར་བྱ།། ཡང་ན་མཚན་མ་ཕྲ་མོ་བསམ་པ་ནི།། འོད་ལྡན་སྣ་རྩེར ་གནས་པ་ཐུབ་པ་ཡི། ། འཁོར་ལོ་ནང་དུ་ཆུད་བྱས་སྙིང་རྗེ་ཡི།། ནང་གི་ཤེས་རབ་དམ་པ་ཉིན་མཚན་བསམ།། མཚན་མ་བརྟན་པོ་མཐོང་ན་སྤྲོ་བ་ཡི།། འོད་ཟེར་དེ་ཡི་སྤྲུལ་པའི་ཐུབ་དབང་དང་།། རྣམ་པ་སྣ་ཚོགས་པ་ཡི ་ཕྱག་མཚན་བསྣམས། ། བློ་དང་ལྡན་པས་ཡང་དང་ཡང་དུ་སྤྲོ།། ཡང་ན་བཟླས་པ་རྩེ་གཅིག་སེམས་ཉིད་ནི།། དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ།། རང་གི་སྔགས་ནི་སྣ་ཚོགས་འོད་ལྡན་འབར།། དེ ་ཉིད་བློ་དང་ལྡན་པས་བསྒོམ་པར་བྱ། ། ཞེས་གསང་བ་ཉེ་བར་བསྟན་པ་ལས་རྒྱལ་པོ་མཆོག་མངོན་པར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་འདི་བསྟན་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་འབྱུང་བའི་རྒྱལ་པོ་འདི་བསྟན་ཏོ། ། སྐྱེས་བུལ་ལ་བསོད་ནམས་ལྡན་གྱུར་པ་ལ།། གཏེར་གྱི་འབྱུང་གནས་ཆེན་པོ་རྙེད་གྱུར་པས།། བརྒྱན་པའི་གནས ་ཀྱི་རྒྱན་དུ་རབ་སྦྱངས་ནས། ། དེ་དག་ལུས་དང་འཐུན་པའི་རྒྱན་དུ་བྱེད།། དེ་ཉིད་མཁས་པས་ཆོས་ཀྱི་རྒྱན་ཐོབ་ནས།། སེམས་དང་བློ་ཡངས་རྒྱ་མཚོར་གྱུར་བྱས་ཤིང་།། ཇི་ལྟར་སྔོན་ཐོས་ཆོས་རྣམས་རྟོགས་པར་བྱེད།། ་མི་མཐུན་ཚུལ་དུ་མོས་པ་ཚོལ་མི་བྱེད།། དེ་ལྟར་རྒྱན་གྱུར་ཤིན་ཏུ་མཐུན་པར་སྤྱོད།། རྣམ་པར་མི་བསྒོམ་ཆོས་ནི་གང་ཡང་མེད།། དེ་དག་ཆོས་རྣམས་ཇི་བཞིན་རྒྱན་བྱེད་ཅིང་།། ཆོས་ཀུན་ཁོང་དུ་ཆུད་པས་མཛེས་པར ་བྱེད། ། མཁས་པ་རྣམ་དག་རིན་ཆེན་རྒྱན་གྱུར་པས།། རྒྱུད་འདིའི་གནས་ལ་ལེགས་པར་རྒྱན་མཐོང་བས།། དགའ་བའི་སེམས་ཡིད་དད་པས་སྤྲོ་བ་སྐྱེད།། ཆོས་ཀྱི་ཡིད་ལ་བདག་ཉིད་ཆེ་བ་བརྩོན།། རྟེན་ཅིང་འབྲེལ ་འབྱུང་ཆོས་ལ་རབ་ཏུ་འཇུག། ཆོས་རྣམས་མཉམ་པ་ཉིད་ལ་དེ་བརྩོན་ཏེ།། དཀྱིལ་འཁོར་རྣམ་པར་བསྒོམ་ལ་རྣམ་པར་བརྩོན།། རྒྱལ་བ་ཅིག་པུར་གནས་ཐོབ་མི་བྱེད་ཅིང་།། ཆོས་རྣམས་མི་མཉམ་མེད ་པར་རབ་ཏུ་སྤྱད། ། དེ་ནི་བསམ་པ་མཐར་ཐུག་རབ་བརྟན་པས།། རྒྱལ་བའི་བྱང་ཆུབ་སྤྱོད་པའི་གནས་འདི་ཡིན།། རི་རབ་བཞིན་དུ་མི་གཡོ་བརྟན་པ་ཡིས།། དེ་ཡི་བསམ་པ་བྱང་ཆུབ་མཆོག་ལ་བརྟེན།། མཉམ ་བཞག་སེམས་དང་ལྡན་པས་དེ་བརྩོན་ཏེ། ། བསམ་གཏན་ཡེ་ཤེས་ཡིད་ཀྱིས་རབ་ཏུ་སྤྱོད།། བསྐལ་པ་སྟོང་དུ་སྤྱད་པ་སྤྱོད་བྱེད་ཀྱང་།། གསང་བ་འདི་དང་བྲལ་བར་མི་བྱེད་ཅིང་།། དེ་ཡི་བརྩོན་འགྲུས་འཇིག་པར་མི་འགྲུ ་རོ། ། གསང་ཆེན་ཐེག་པ་འདི་ནི་གང་རྙེད་པ།། མི་དེ་ཕྱིར་མི་ལྡོག་ལ་གནས་པ་ཡིན།། སྲིད་པ་ལྟ་བུ་མ་ལུས་གཅོད་བྱེད་པ།། སྐྱེས་བུ་དཔའ་བོ་ཉིད་ནི་འབྱུང་བར་འགྱུར།། འདི་དག་གསང་བ་ཡང་དག་དོན་འཇུག་སྟེ།། ་རྒྱལ་བའི་དགོངས་པས་ཐར་ཐུག་ངེས་རྟོགས་ཡིན།། ཆོས་ཉིད་ཞི་བའི་མཐར་ཐུག་ཐོབ་གྱུར་པས།། དེ་ལ་མི་དགའི་ཡིད་བྱེད་གང་ཡང་མེད།། དཔེ་མེད་ཡེ་ཤེས་ཇི་སྐད་གསུངས་པ་ལྟར།། དེ་ཡིས་ཆོས་རྣམས་མཉམ་པ ་ཉིད་དུ་བྱེད། ། མི་མཉམ་ཚུལ་དུ་རྟོགས་པར་མི་བྱེད་ཅིང་།། ཡེ་ཤེས་མཉམ་ཉིད་ཡོངས་སུ་རྫོགས་པར་བསྒྲུབ།། དམ་ཚིག་གནས་ལ་ངེས་པར་བརྩོན་པ་ཡིས།། ཉམས་པ་མེད་པར་སྡོམ་ལས་རྒྱུད་བསྡམས་ཏེ།། གས ་བའི་ཏིང་འཛིན་མཐའ་ཡས་སྒོ་ཐོབ་པས། ། དེ་བཞིན་གཤེགས་པ་རྩ་བའི་རྒྱུད་དག་ཏུ།། གསུངས་པ་ཐུབ་པའི་དགོངས་པ་མ་ནོར་བར།། དོན་གསལ་ཁོང་དུ་ཆུད་པ་རྒྱལ་བའི་སྲས།། ཚེ་འདིར་བླ་མེད་མངོན་པར་བྱང ་ཆུབ་འཐོབ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བ་བླ་ན་མེད་པའི་ཚུལ་ཡོངས་སུ་འབྱུང་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིས།། སྤྱོད་ལམ་ཀུན་ཏུ་མཉམ་པའི་ཡིད་ཀྱིས་ནི།། སྲོག ་དང་རྩོལ་བ་ཤིན་ཏུ་མ་བསྡམས་པ། ། གསང་སྔགས་རྒྱལ་པོ་གསལ་བར་བརྗོད་པར་བྱ།། སྐུ་ལ་སོགས་པ་བཞིན་དུའང་བསམ་པ་ནི།། གཅིག་ཅར་སྤྲོ་བ་དག་ནི་ལེགས་པར་བྱ།། ནམ་མཁའི་ཁམས་དང་མཉམ ་པའི་སྐུ་སོགས་པའི། ། འོད་ཀྱི་སྒོ་ཡི་སྣང་བས་ཡང་དག་གང་།། དེ་ནས་སྔ་མ་བཞིན་དུ་སྣ་ཚོགས་པའི།། མཆོད་པའི་སྤྲིན་གྱིས་ཀུན་ཏུ་བཀོད་པ་སྤྲོ།། ཡོངས་སུ་སྦས་པའི་རིག་མ་མཆོག་རྣམས་ནི།། བདེ་ཆེན་བཅས ་པས་གཞན་གྱི་དབང་མཐོང་ནས། ། རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི།། མཐར་ནི་རང་གི་ལུས་ལ་གཞུག་པར་བྱ།། རང་གི་སྙིང་པོ་དེ་ཉིད་ངེས་རྟོགས་པས།། སེམས་ཀྱི་སྤྱོད་པ་སྐྱོབས ་ཞུགས་གྱུར་ན། ། རིག་མའི་ཚོགས་ཀྱིས་ཡེ་ཤེས་གླུ་བླངས་པས།། རབ་ཏུ་བསྐུལ་བས་ཡང་དག་མཆོད་པར་བྱ།། སེམས་ནི་བཟང་པོའི་ཆུ་རྒྱུན་སྲོག་དང་ནི།། རྩོལ་བ་འོད་ཀྱི་ལྕགས་ཀྱུས་དྲངས་ནས ་ནི། ། ཇི་བཞིན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སོགས།། བདུད་རྩི་དེས་དབབ་ཡེ་ཤེས་ཉམས་མི་བྱ།། དེ་ལྟར་ལན་རེ་ངལ་སོ་བྱས་ནས་ནི།། སྔར་བཤད་ཚོགས་བསྟོད་པ་དེ་ཉིད་ཤེས།། གསང་སྔགས་དམ་པ་ཉིན ་མཚན་ཟླ་བ་ནི། ། སྔགས་ལས་ཀུན་དུ་ཆགས་པ་མེད་པར་བྱ།། མཆོད་ཅིང་བསྟོད་དང་གཤེགས་སུ་གསོལ་བ་ནི། སྔགས་པས་རབ་ཏུ་འབད་དེ་རྣམ་བྱ་ཞིང་།། ཨོཾ་ལ་སོགས་ལ་འཁོར་ལོ་བསྡུས ་ནས་ནི། ། སྐུ་ལ་སོགས་པ་བརྟག་པ་དག་ཏུ་བྱ།། དེ་ལྟར་དེ་ཉིད་མཐོང་ཞིང་རྣམ་གྲོལ་བས།། སེམས་ཅན་ཁམས་རྣམས་ཀུན་དུ་དམིགས་ནས་ནི།། སྙིང་རྗེས་འགྲོ་བ་ཀུན་ལ་ཕན་པའི་ཕྱིར།། སྨོན་ལམ ་ཀུན་དུ་བཟང་པོ་ཉེ་བར་གནས། ། ལྡང་ཞིང་དགེ་བའི་སེམས་པ་རང་ལྷ་ཡེ།། རྣམ་པའི་ང་རྒྱལ་ཡིད་ལ་བྱས་ནས་ནི།། ཀུན་དུ་སྣང་བར་བྱ་བའི་ཡུལ་རྣམས་ནི།། ཐམས་ཅད་སྔ་མ་བཞིན་དུ་ཡོངས་སུ་བསམ།། འདི ་ནི་གསང་བའི་སྤྱོད་ཡུལ་བྱ་བ་སྟེ། ། ལས་རྒྱལ་མཆོད་ཅེས་བྱ་བའི་ཏིང་འཛིན་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བའི་དཀྱིལ་འཁོར་ཆེན་པོ་རོལ་པ་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་བཅུ་རྩ་དྲུག་པའོ། ། བརྟག་པ་དྲུག་ལ་གསང་བ ་ཡེ་ཤེས་རྡོ་རྗེ་བྱིན་གྱིས་རློབ་པའི་རྒྱལ་པོ་ཞེས་བྱའོ། ། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ནམ་མཁའ་ཡེ་ཤེས་རྡོ་རྗེར་འབྱུང་།། བྱེད་སྐྱེད་དམ་པ་མཆོག་གི་གཙོ།། གསང་བའི་བཟླས་པ་འདིར་རབ་གསུངས། ་ཨོཾ་དྷ་ར་དྷ་ར། དྷ་ར་ཡ་དྷ་ར་ཡ། བར་ཏ་མཏ་བཛྲ་དྷྲྀ་ཀ་བཊ་ཨཱཿཧཱུ~ཾ་མྦྷ་ཏཱ། ཨོཾ་ཤ་ཥ་ཏ་མ་ནཱ་མ་ཤ་ཤ་ཨེ་ཧྱེ་ཧེ་ཛིན་ཛི། ཨཱཿཧཱུ~ཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབཛྲ་དྷརྨ་ས་མ་ཡ་སྟ~ཾ་ཧུ་ལུ་ཧུ་ལུ་ཨ་རོལ་ཀ་ཧཱ་ཕཊ་སྭཱཧཱ། ཨོཾ་ཨཱ ་བཛྲ་སཱུརྱཱ་ཌ་ཏདྷ་རྨ་ནས་མཱ་ཡ་སྟཱ་ཨ་ཧེ་རདན་རྦེཀརྱཱ་པཊ་སྭཱ་ཏཱཾ། ཨེ་ཨཱཿབཛྲ་ཟླ་བ་བྲུབ་བྷྲེ་ཧཱུ~ཾ་པྲཛྙཱ་དྷཀ་ཏྲཱ་ཕཊ་སྭཱ་ཧཱ། ཨ་རུ་རུ་ས+འུ་རུ་དྲི་ལ་ཏེ། སི་ལོ་ཙ་ནས་རྦ་ཨརྠ་སཱ་དྷ་ནི་མ་ཧཱ། ཨོ་གང་།། རེ་བཱན་ཏེ་། རེ་ཥྚ ་ཀཱུ་ཊ་ཊ། ། ཀཱུ་ཊ་ཊི་ནི་གྷུ་ཊ་ཊི་ནི།། གྷཱ་ཏ་ཡགྷཱ་ཏ་ཡ། གྷུ་ཊི་ན་སྭཱ་ཧཱ། ཨོཾ་ཀ་ཊེ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀེ་ཊེ་ཀ་ཊེ་སྭཱ་ཧཱ། ཨོཾ་མ་ཧཱ་སཽ་ཁྱ་ཏཱ་རེ་དུཏ་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སྥ་ར་ཤེ་དྷ་མ་དྷཱ་ཏུ་ཨ་ནུད་བ་ད་ཎི་གཱ་ཐཾ་བིརྱ་དྷ་ར་སྭཱ་ཧཱ། ་ཨོཾ་ཨཱཿབཛྲ་རཱུབ་པཱུ་ཛ་མ་ཧཱ་སཾ་གྷ་ར་བིརྱེ་དྷ་ར་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཤ་པ་ཏ་མ་ཧཱ་པཱུ་ཛ་སེ་གྷ་རཉྫན་བིརྱེ་དྷ་ར་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ག་ན་དྷེ་མ་ཧཱ་ཛྙཱ་ན་སཾ་གྷ་ར་བིརྱཱ་དྷ་ར་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ར་སེ་མ་ཧཱ་ཛྙཱ་ན་སཾ་ཀ་ར་བིརྱ ་དྷ་རཏྣ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མ~ཾ་ཏྲྀ་རཱ་ཐཱ་ཛ་ཡ་བཛ་ཡཾ་ཤུད་དྷ་བི་ཤུད་དྷི་མེད་དྷ་སཏྭ་བྷ་བོ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མ་ཧཱ་ཀྵ་ཏ་གརྦྷ་ཡ་ཛ་ཡ་བི་ཛ་ཡ་ཤུད་དྷི་བི་ཤུད་དྷི་སིད་དྷེ་ས་ཏྭ~ཾ་བྷ་བ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མ་ཧཱ་བཛྲ་ཧཱ ་ཛ་ཡ་བི་ཛ་ཡ་ཤུད་དྷ་བི་ཤུད་དྷེ་སིད་དྷ་མ་ཧཱ་སིད་དྷ་ས་དྲ་བྷ་བ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿབཛྲ་ཨཱ་ཀཱ་ཤ་གརྦྷ་ཡ་ཛ་ཡ་བི་ཛ་ཡ་ཤུད་དྷ་བི་ཤུད་དྷེ་སིད་དྷ་མ་ཧཱ་སིད་དྷ་སཏྭ་བྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར ་ཡེ་ཛ་ཡ་བི་ཛ་ཡེ་ཤུད་དྷེ་སིད་དྷ་མ་ཧཱ་སིད་དྷ་སཏྭ་བྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མཉྫུ་ཤྲཱི་གྷོ་ཥ་ཛ་ཡ་བི་ཛ་ཡ་ཤུད་དྷེ་བི་ཤུད་དྷེ་སིད་དྷེ་མ་ཧཱ་སིད་དྷ་སཏྭ་བྷ་བ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སརྦ་ནི་བ་ར་ཎི་བཻཥྤཾ་བི་ནེ་ཛ ་ཡ་བ་རྡ་ཡ་ཐུང་དྷབ་ཤུད་ན་ཟད་དྷམ་ཧཱ་སད་དྷས་ཏྭཿབ་དྷཱ་ཕཊྚཀྵཥྚ། ཨ་ཨཱཿབརྫས་སན་ཏཿདྲ་ཡ་ཡ་བ་ལ་བད་པ་ཟད་དྷསད་རྣམ་ཨུ0f7fས་ཏྭཿབདྲཱ་ཕཊ་སྭཱཏྨ། ནམཿསས ་ཀཱ་ཡ་བཱ་ཀ་ཙིཏ་ཏཱ་བཛྲརྠ། ཨོཾ་ཁ་ཁ་ཁཱ་ཏི་ཁཱ་ཏི་སརྦ་དུཥྚཱ་ན་སཏྭ་ད་མ་ཀ། ཨ་སི་མུ་། ཥ་ལ་བ་ར་ཤུ་བ་ཤུ་ཧ་སྟ། ཙ་ཏུར་བྷུ་ཛ་ཙ་ཏྲར་མུ་ཥ་ཥ་ཊ་ཙ་རན། ཨཱག་རྨ་ཨ་གཙྪ་སརྦ་དུཥྚ་སྲན། ཨ་བ་ཏ་རི་ཎེ་མ་ཛྫ ་བགྷྣ་བྷཱུ་ཏ་ཀ་ལིཾ་ཏེ་ཨ་ནན་སརྦ་བྷཱུ་ཏ་བྷ་ཡ་ཀཱ་ར། ཨརྡྷེརྠ། ཏཱ་ས་ནཱ་རྟི་ནེ། བྷ་ཀྵ་ཙར་མ་ནི་བས་ན། ཀུ་རུ་ཀུ་རུ། སརྦ་ཀམྦུ་ནི་ཚིན་དྷ་ཚིན་དྷ། སརྦ་མཱན་ཏྲན་བིན་དྷ་བིན་དྷ། བེ་ར་མུ་དཱན། ཨཱ་ཀརཥ་ཡ ་ཨཱ་ཀ་ར་ཥ་ཡ། སརྦ་བྷཱུ་ཏཱན། མ་ཐ་མ་ཐ། ནི་ར་མ་ཐ་ནིར་མ་ཐ། སརྦ་དུཥྚཱ་ན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎ་ཌ་ལ་མ་དྷྱེ་བཻ་ཤྲ་སཱཧྨ། ཛཾ་བིན་ཏཱན་ཏ་ཀ་ར། ཀུ་རུ་ཀུ་རུ། མཱ་མ་ཀཨཱརྱཾ།། ཏ་ར་ཏ། བ་ཙ་བ ་ཙ། མཱ་བི་ལཾ་པ་མཱ་བི་ལཾ་བཾ། ས་མ་ཡ་མ་ནུ་སྨ་ར། ཧཱུཾ་ཧཱུཾ་ཕཊ་ཕཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སནཱན་ན་ཤ་ཡ། རི་བྷུན། ཀ་ར་ཀ་ར། བིགྷྣཱ་ནཾ་སརྦ་ཨཱ་ཤཱ། ས་ར་བྷུ་ར་ཀ། ཧེ་ཧེ་བྷ་གཻ་བཱན། ཀིན་ཙི་ར་ཡ་སི། ་མ་མ་སརྦ་ཨརྠ་སཱ་དྷ་ཡ་བཛྲ་ཡ་མཱན་ཏ་ཀྲིད་ཧཱུཾ་ཕཊ་སྭཱ་ཧཱ།། ན་མཿས་མན་ཏ་ཀཱ་ཡ་བཱཀ་ཙིད་ཏ་བཛྲ་ཎཱཾ། ཨོཾ་ཨཱཿབཛྲ་པྲ་ཛྙཱ་ན་ཏ་ཀྲྀད། ཀ་རོ་མ་ཧཱ་ཀ་རོ། ཙཎ་ཌ་ལ་ནི། ནཱད་ཏཱ་ཀ་ར། བཛྲ་ཁངྒ་ནི ་ཀྲིནྡ་ན། བཛྲ་ས་ར་གྷ་ནཙྪ་བི་དྷྭཾ་ཛ་ཡ་བི་ཛ་ཡ་ཛི་ན་རི་ཎི་ཏ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ན་མཿས་མན་ཏ་ཀཱ་ཡ་བཱཀ་ཙིད་ཏ་བཛྲ་ཎཱཾ། ཨོཾ་པད་མ་ཀྲོ་དྷ་བཛྲ་བད་མཱན་ཏ་ཀྲིད། ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ་བི་ཏ་རུལ ་སརྦ་བི་ཥ་ཀཱ་ཏ་ཀ། ཛྭ་ལི་ཏ། བི་སྥུ་ལིང་ག། ཨནྡྲ་ཧཱ་ས། རཱ་དི་ནི། ཀེ་ཤ་རི་སཊ་ཏོ་བཊ་ཀ་ར། བཛྲ་ཁུ་ར་ནི་རཀཱ་ཏ་ན། ཙ་ལི་ཏ། བ་སུདྷཱ་ཏ་ལིན་ཤྭ་ས་མ་རུ་ཏོད་ཀྵི་བ་ཏ་དྷཱ་རཎཱི་དྷཱ་ར། བྷི་ཤ་ན་ཨ་ཊཊཊཊ ་ཧཱ་ས། ཨ་པ་རི་མི་ཏ། བ་ལ་ས་རཱ་ཀྲ་མ། ཨཱརྱ་ག་ཎ་བྷཱི་ཏ། བྷཱུ་ཏ་གན། ཨདྷྱཱ་ཥི་ཏ། བུད་དྷྱ་བུད་དྷྱ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། བ་ར་མན་ཏཱན། ཚིན་དྷ་ཚིན་དྷ། སིད་དྷི་མ་མེ་ཨིད་ཤ། ཨ་བེ་ཤ་ཡ། སརྦ་ཛ་ར་བི་ཤི ་ཙན། སརྦ་རྦ་ཧེ་ཥྱ་ཨ་པྲ་ཏི་ཧ་ཏོ་བྷཱ་བྡ། བཛྲ་དང་ཥྚ་ཀ་ན་ཙ་རཱ་ཡ་སཾ། ཨཾ་དན་དྲྀཥྚ། པྲ་ཧན་དུཥྚ་སརྦ་བཱ། དྷུན་དྷ་ན། མ་ཐ་མ་ཐ། མ་རད་མ་ར་ད། པཱ་ཊ་ཡ་པཱ་ཊ་ཡ། མ་ཊ་མཊ། བན་དྷ་བན་དྷ། བུད་དྷ་དྷརྨ་སཾ་གྷ། བཱ ་དྷཱདྷཱན་ཏ། ཀ་མ་ཀུ་རུ་ཀུ་རུ། ཤཱཾ་གྷྣཱན་ཏ་ཡ་བྷཱི་བ་ཡ་ཕེཊ། བཛྲཱ་ཡ་ཕཊ། བཛྲ་གྷཱ་ཊ་ཡ། བཛྲཱན་ཏྲ་ཡེ་ཕཊ། བཛྲ་དང་ཥྚཱ་ཡ་ཕཊ། བཛྲ་ཁཱ་རཱ་ཡ་ཕཊ། བཛྲ་ཁུ་ར་ནི་རཏྣ་ཏ་ན་ཡ་ཕཊ། བ་ར་མན་ཛ་བིནྡ་ཤནྡ་ཡ་ཕཊ། སརྦ ་ཏྲཻ་ལོ་ཀྱ་བྷ་ཡ~ཾ་ཀ་རཱ་ཡ་ཕཊ། སརྦ་ཀརྨ་སུ་པྲ་ཏི་ཧ་ཏ་ཡ་ཕཊ། བཛྲ་ཀཱ་ལ་སིན་ཏྲཱ་སནཱ་ཡེ་ཕཊ། དྷཱུ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ན་མཿས་མན་ཏ་ཀ་ཡ་བཱཀ་ཙི་ཏ་ཏ་བཛྲ་ཎཱ། ཨོཾ་ན་མོ་བཛྲ་ཀྲོ་དྷ་ཡ། བིགྷྣཱན་ཏ་ཀྲིད། མ་ཧཱ་དང་ལྗོ ་ཀ་ཊ་ཌྷི་ར་བྷཱ་ཡ། ཨ་སི་མུ་ཥ་ལ་བ་ར་ཤུ་བ་ཤ་ཧ་སྠཱ་ཡ། ཨོཾ་ཨཱ་མྲི་ཏ་ཀུ་ཎ་ཌ་ལཱི། ཁ་ཁ་ཁཱ་ཏི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ་བན་དྷ་བན་དྷ། ཧ་ན་ཏ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་ཡ་གརྫ་ཡ། བི་སྥོ་ཊ་ཡ་བི ་ཊ་ཡ། སརྦེ་བིགྷྣ་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱན་ཏ་ཀ་ར་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ན་མཿས་མན་ཏ་ཀཱ་ཡ་བཱཀ་ཙིཏ་ཏ་བཛྲ་ཎཱཾ། ཨོཾ་ཨཱརྱ་ཨ་ཙ་ལ་ཀཱ་ཎ་ཙཎ་ཌ། ཀྲོ་དྷ་ཀ་བཛྲ། ཎ་ཊ་ཎ་ཊ། མཊྚ་མཊྚ། མོནྡ་མོཊྚ། ་སཿསནྟ། ཏན་ཏཊྚ། ཧན་ཧ་ན། དཏ་དཱཏ། ཏིཥྛ་ཏཾཥྛ། ཨ་བེ་ཤ་ཡཾ་ཨ་བེ་ཤ་ཡ། མ་ཧཱ་མ་ཏི་ཏ་བ་ལ་ཀ། དྷཱ་ན་དྷུ་ན། ཏི་ནི་ཏི་ནི། ཁད་ཁ་ད། བི་ནཱཾ་ཎམ། མ་ར་མ་ར། དྲཥྚ། རཿ་པ།། སརྠེན་ཀུ་རེ་ཀུ་རུ། ་ཀརཾ་ཀ་ར། མ་ཧཱ་བི་ཤ་བཛྲ། སྥོ་ཊ་ཡ་སྥོ་ཊ་ཡ། དྷུ་དྷཱ་ཏྲཱཾ། ཏྲི་བ་ལཱི་ཏ། ར་ག་ན་ར་ཏ་ཀ། ཨ་ཨ་ཨ། དྷཱཏཱ་ཏཱ། ཨ་ཙ་ལ་ཙཊ། སྥོ་ཊ་ལ་སྥོ་ཊ་ཡ། ཧཱུཾ་ཧཱུ~ཾམས་མན་ཏི་ཀ་ཏྲཱ་ཊ་མ་ཧཱ་བ་ལ་ཤཱ་ཏཱ་ཡ། བ་ར་བན་ཏཱན། ་སྒྱུ་། ས་།། མ་། ་ཤཱ། ས་ཀར། ཛལ་བ་ཡྀ། ཀུལ་བ་ལ་ན་། ན་ལྡནཿ། འཕེར།། སིརྦ་ཛྙཱན་མཱར་མ་མྦཱི་མ། བེན་དྷ་ཡིནཿ། ཅན་པན། ད་། ས་(9། ཌཱ་ག་ཡ་ནཱ་ག ་ཧཱུ་རཱུ་ཕཊ་ཕཊ་སྭཱ་ཧཱ། ན་མཿས་མན་ཏ་ཀཱ་ཡ་བཱ་ག་ཙིང་ཏ་བཛྲ་ཎཱཾ། ཨོཾ་ཨེ་ཧྱེ་ཏི་བྷ་ག་བཱན། ནཱི་ལ་ད་རྐ་བཛྲ། ཧུ་རྦ་ཏུ་རུ། ཧུ་ལུ་ཧུ་ལུ། ཧཱ་ཧཱ། གུ་ལུ་གུ་ལུ། གུལཱ་པ་ཡ་གུལ་པ་ཡ། ཐ་མ་ཀྲམ། བྷ་ག་ཏཱ་ན་བཱ་ཡུ་ཏེ ་ན། བྷཱ་ཏཱ་ན་ཤཱི་ཀྵིན། ད་ཧ་དཧ། ད་ར་ད་ར། བ་ཧ་བ་ཧ། བ་ཙ་བ་ཙ། མ་ཐ་མ་ཐ། བཱ་ཏ་ཡ་བཱ་ཏ་ཡ། མ་ཊ་མཊ། མོ་ཌཱ་བ་ཡ་མོནྣ་པ་ཡ། སརྦ་ཀམྦ་ཎི། ཚིན་དྷ་ཚིན་དྷ། བྷཀྵ་ཡ་བྷཀྵ་ཡ། ཨསྠི་མེ་ད་མ་ཨ་སྱ། རཱཿ ་ར་མད་ཛ་མེ་ད། བ་ཤཱ་མ་ད་ཛ། རུ་དྷི་ར་པྲི་ཡ་ཨེ་ཧྱེ་ཧི་བྷ་ག་བཱན། སརྦ་བིགྷྣ་ནི། སརྦ་བི་དྷ་ནི། སརྦ་མན་ཏྲཱ་ནི། སརྦ་མ་ཀརྨ་ནི། གྲི་ཏྲི་མ་ཎི། ཥ་དཱི་ནི། སརྦ་གྲ་ཧཱ་ནཱ། ཧ་ན་ཧ་ན། བྷན་ཛ་བྷ་ན་ཛ། མར་ད་མ་ར་ད། ཨེ ་དམ་མེ་ཀཱ་རཱ་མ་སཱ་དྷཱ་ཡེ། ཧཱུ་ནི་ལཱ་ཡ་ནི་ལཱ་ཡ། ནཱི་ལ་བཛྲ། ཎ་ཌཱ་ཡ། ཧུ་རུ་ཏུ་རུ། བི་བྷ་ན་བི་ན་ཡ་ཀ། ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ། དཱི་བ་ཏ་ཙན་ཌཱ་ཡ། སརྦ་ཤཏྲཱུ་ནཱ་ཧྲིད་ཡཱ་ནི་བཱི་ཊ་ཡ། ཆེན་རྟ་ཆེན་དྷ། བ་ར ་བིདྱཱ་ནཱ་མ། ཙྪེ་དཀ་ཙཱུ་བིདྷྭ་ནཱ་མ་ཤིཥྞ་ཀ། ས་མ་ཡ་མ་ནུ་སྥར། བཛྲ་དྷ་ར་བ་ཅན་ཙ། མར་མཱ་ནི་ནི་ཀྲིན་ཏ། ཧཱུ~ཾ་ཧ་ན་ཧ་ན། ད་ཧད་ཧ། བཙ་པ་ཙ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུཀཧུ་རུ་ཧུ་རུ། ཕཊ་ཕཊ། ཧཱུཾ་ཧཱུཾ་ཀྱི་ཏྲན ་དཱ་ཡ། དེ་བ་རི་ཥི་བི་དྲཱ་བ་ཀཱ་ཡ། ཧ་ན་བཛྲ་ད་ཎ་ཌེ་ན་སྭཱཧཱ།། ན་མ་སྭ་མན་ཏ་ཀཱ་ཡ་བཱཀ་ཙིཏ་ཏ་བཛྲ་ཎཱཾ། ཨོཾ་ཤྲི་བིཛྲ་ཀྲྀ་དྷཱ་ཡ་བཛྲ། བ་ལ་མ་ཧཱ་ཕེ་ལཾ་བ་ལ། ཧཱུ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨུ་ཀྲ་ཤཱུ་ལ་པཱ་ཎི་ནཱཾ་ནཱཾ་ཧཱཾ། ཕཊ ་ད་། སྒྱུ་། ས་།། མ་། ་ཤཱ། ས་ཀར། ཛལ་བ་ཡྀ། ཀུལ་བ་ལ་ན་། ན་ལྡནཿ། འཕེར།། སིརྦ་ཛྙཱན་མཱར་མ་མྦཱི་མ། བེན་དྷ་ཡིནཿ། ཅན་པན། ད་། ས་(9། ཌཱ་ག་ཡ་ནཱ་ག ་ཧཱུ་རཱུ་ཕཊ་ཕཊ་སྭཱ་ཧཱ། ན་མཿས་མན་ཏ་ཀཱ་ཡ་བཱ་ག་ཙིང་ཏ་བཛྲ་ཎཱཾ། ཨོཾ་ཨེ་ཧྱེ་ཏི་བྷ་ག་བཱན། ནཱི་ལ་ད་རྐ་བཛྲ། ཧུ་རྦ་ཏུ་རུ། ཧུ་ལུ་ཧུ་ལུ། ཧཱ་ཧཱ། གུ་ལུ་གུ་ལུ། གུལཱ་པ་ཡ་གུལ་པ་ཡ། ཐ་མ་ཀྲམ། བྷ་ག་ཏཱ་ན་བཱ་ཡུ་ཏེ ་ན། བྷཱ་ཏཱ་ན་ཤཱི་ཀྵིན། ད་ཧ་དཧ། ད་ར་ད་ར། བ་ཧ་བ་ཧ། བ་ཙ་བ་ཙ། མ་ཐ་མ་ཐ། བཱ་ཏ་ཡ་བཱ་ཏ་ཡ། མ་ཊ་མཊ། མོ་ཌཱ་བ་ཡ་མོནྣ་པ་ཡ། སརྦ་ཀམྦ་ཎི། ཚིན་དྷ་ཚིན་དྷ། བྷཀྵ་ཡ་བྷཀྵ་ཡ། ཨསྠི་མེ་ད་མ་ཨ་སྱ། རཱཿ ་ར་མད་ཛ་མེ་ད། བ་ཤཱ་མ་ད་ཛ། རུ་དྷི་ར་པྲི་ཡ་ཨེ་ཧྱེ་ཧི་བྷ་ག་བཱན། སརྦ་བིགྷྣ་ནི། སརྦ་བི་དྷ་ནི། སརྦ་མན་ཏྲཱ་ནི། སརྦ་མ་ཀརྨ་ནི། གྲི་ཏྲི་མ་ཎི། ཥ་དཱི་ནི། སརྦ་གྲ་ཧཱ་ནཱ། ཧ་ན་ཧ་ན། བྷན་ཛ་བྷ་ན་ཛ། མར་ད་མ་ར་ད། ཨེ ་དམ་མེ་ཀཱ་རཱ་མ་སཱ་དྷཱ་ཡེ། ཧཱུ་ནི་ལཱ་ཡ་ནི་ལཱ་ཡ། ནཱི་ལ་བཛྲ། ཎ་ཌཱ་ཡ། ཧུ་རུ་ཏུ་རུ། བི་བྷ་ན་བི་ན་ཡ་ཀ། ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ། དཱི་བ་ཏ་ཙན་ཌཱ་ཡ། སརྦ་ཤཏྲཱུ་ནཱ་ཧྲིད་ཡཱ་ནི་བཱི་ཊ་ཡ། ཆེན་རྟ་ཆེན་དྷ། བ་ར ་བིདྱཱ་ནཱ་མ། ཙྪེ་དཀ་ཙཱུ་བིདྷྭ་ནཱ་མ་ཤིཥྞ་ཀ། ས་མ་ཡ་མ་ནུ་སྥར། བཛྲ་དྷ་ར་བ་ཅན་ཙ། མར་མཱ་ནི་ནི་ཀྲིན་ཏ། ཧཱུ~ཾ་ཧ་ན་ཧ་ན། ད་ཧད་ཧ། བཙ་པ་ཙ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུཀཧུ་རུ་ཧུ་རུ། ཕཊ་ཕཊ། ཧཱུཾ་ཧཱུཾ་ཀྱི་ཏྲན ་དཱ་ཡ། དེ་བ་རི་ཥི་བི་དྲཱ་བ་ཀཱ་ཡ། ཧ་ན་བཛྲ་ད་ཎ་ཌེ་ན་སྭཱཧཱ།། ན་མ་སྭ་མན་ཏ་ཀཱ་ཡ་བཱཀ་ཙིཏ་ཏ་བཛྲ་ཎཱཾ། ཨོཾ་ཤྲི་བིཛྲ་ཀྲྀ་དྷཱ་ཡ་བཛྲ། བ་ལ་མ་ཧཱ་ཕེ་ལཾ་བ་ལ། ཧཱུ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨུ་ཀྲ་ཤཱུ་ལ་པཱ་ཎི་ནཱཾ་ནཱཾ་ཧཱཾ། ཕཊ ་ད་། ས། ་ཨ.ཱརྒྷ་སརྦྦ་དྷཱ་དྷཱ་ཡེ+ེ། བྷྲྀ་གན་། པ་ས་ས59། མཱན་པ་ཧ~ཾ། ན་དྷུ་།། རྣམས། 515 ་ན། ། ་ཧ་ན། དི་ཧ་ད་ཧ། བཙ་བ་ཙ། ཀ་བྷ་ཡ་ཀ་བྷ་ཡ། བི་དྷྭན་མ་ཡ་བི་དྷཱ་ན་ས་ཡ། ཤ་ས་ཧ་ས་པྲ་ཏ་བ~ཾ་ཙུ་རྞ། ཨུཥྞཱི་ཤ་བི་ཛ་ཡ། ཙཀྲ་ཝ་ཏི། དྷཱདྦྷབྷྱ། ཧཱུཾ་ཧཱུཾ་ཧཱུཾ། ཨ་མུ་ཀཾ་སརྦ་ཤ་ཏཱནྟཱ་ཤ་ཡ། སྟ་བྷ་ཡ་སྟཱ་བ་ཡ། ་འདུག་པ་ཅན་ཐམས་ཅད་མཱ་ར་ཡ་རྦད་ཕཊ་སྭཱ་ཧཱ། ན་མ་སྟྲཻ་ཡ་དྷི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱ། སཏྲ་ཨ་པྲ་ཏི་ཧ་ཏཱ་ཝཱ་བ་ཏི་དྷརྨ་ཏེ། བ་ལི་ནཱཾ། ཨོཾ་ཨ་ས་མ། སེམ་ས་མ་མན་ཏ་ཏོ།། ནན་ཏ་ཏཱ་ཝཱ་བ་ཏི་ཤཱ་ས་ནི། ཧ་ར་ཧ་ར། སྨ་རས? ་ར་ཎི། བི་ག་ཏ། རཱ་ག་བུད་དྷ། ས་ར་ས་ར། ས་མི་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མ་ཧཱ་བ་ར་ལ་ཀྵ་ཎི། ཛྭ་ལ་ཛྭ་ལ་ན། སཱ་ག་རེ་སྭཱཧཱ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། བརྟན་གཡོ་ཁྱབ་པའི་དེ ་བཞིན་གཤེགས། ། རིགས་རྣམས་བརྒྱ་ཡི་བདག་ཉིད་འགྱུར།། དེ་ལས་ཡེ་ཤེས་ལྔ་བདག་ཉིད།། རྡོ་རྗེ་རིན་ཆེན་པད་མ་དང་།། སྣ་ཚོགས་རྒྱལ་བ་ལྷའི་སྐུ།། ཕྱག་རྒྱ་བསྡུས་པ་ཉིད་དུ་གནས།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ལས། ། སྙིང་པོ་གསང་ཆེན་གཅིག་ཏུ་བསྡུས།། ཆོས་ལྔ་དག་གི་ཕུང་པོ་ཅན།། བག་ཆགས་བཅས་པའི་ཉོན་མོངས་པ།། དེ་དག་རྣམ་པར་སྦྱོང་བྱེད་པ།། ཆོས་ཀྱི་སྒོ་ལས་གྱུར་པ་ཡི།། ཁྲི་པྲག ་བརྒྱད་དང་། ཟག་པའོ།། མི་གདམ་པསྟོན་པ་ཉིད།། ཏིང་འཛིན་ཡན་ལགས་ལྡན་པའི།། མཉམ་ཉིད་དག་ཆགས་སུ་བརྗོད།། ཇིས་ས་པས་ཎྜི་ག་ཡང་།། བུས་མངགས་རྣམ ་མེད། དེ་བཞིན་མ་གྱི་རྟགས་རྣམས་ཀྱང་།། བློ་ཐོས་ལྡན་པ་དེ་དག་ལས།། ཀུན་གྱིས་མཐོང་བའི་ཡུལ་མ་ཡིན།། རབ་རིབ་མེད་ན་དེ་མཐོང་འགྱུར།། བྱང་ཆུབ་སེམས་དཔའི་ལམ་རྟགས་གང་།། དེ་ཉིད་དག་པའི་སྤྱོད ་ཡུལ་ཏེ། ། རང་གཞན་གཉི་གས་མ་མཐོང་ཡང་།། དེ་ནི་མེད་པར་མི་འགྱུར་ཏེ།། ཞིང་ཁམས་དག་པ་རྣམས་སུ་འཆར།། རྫུ་འཕྲུལ་སྦས་པའི་ཚུལ་དུ་གནས།། ཐབས་དང་ཤེས་རབ་གཉིས་མེད་མཉམ་སྦྱོར་རྣམ ་རྒྱལ་ཐུགས་རྗེ་སྟོང་ཕ་རོལ་མཉམ་སྲིད་དང་ཞི་བའི་རྒྱ་མཚོ་ལས་རྒལ་རབ་ཏུ་མི་གནས་བདེ་བ་ཆེ། ། མཁའ་དང་མཚུངས་པས་འགྲོ་འོང་རྣམ་བྲལ་དུས་གསུམ་ལས་འདས་དངོས་དང་དངོས་མེད་ཕྱོགས ་མཐའ་དང་དབུས་ལས་རྣམ་གྲོལ་དག་ཅིང་དྲི་མེད་རྣམ་པར་དབེན། ། གསང་བ་ཆེན་པོ་མི་ཟད་དཔལ་ལྡན་འདུས་འདིར་རྟོགས་དཀའ་ཟབ་ཅིང་རྒྱ་ཆེ་དེ་བཞིན་གཤེགས་ཀུན་མཐའ་ཡས་པས་ནི་ཡང་དག་དོན། ་རྒྱལ་བ་ཐམས་ཅད་བླ་མེད་གནས་འདིར་བྱང་ཆུབ་དམ་པ་བདག་དང་གཞན་དོན་སྐུ་བཞི་རབ་རྫོགས་ཡེ་ཤེས་མངོན་གྱུར་གཏེར་མཛོད་གསང་ཆེན་དགའ་བའི་སྙིང་པོའོ།། དཀྱིལ་འཁོར་འཁོར་ལོ་དུམ་རབ་ཏུ ་འབྱེད་ཅིང་སྤྲོ་དང་བསྡུ་བས་རྒྱུད་ཀུན་མ་ལུས་འདུས་པའི་བདག། རྒྱུ་དང་མི་རྒྱུ་ཀུན་ལ་རྣམ་པར་གཡོགས་ཏེ་བཞུགས་པའི་རྡོ་རྗེ་འཆང་ཆེན་བདག་ཉིད་དངོས་ཆོས་རྣམས་དཔལ་ལྡན་བླ་མའི་ཞབས་ལས་ཡང ་དག་གསལ་བའི་རིམ་པ་ཀུན་ལྡན་མཆོག་སྤྱོད་ཡུལ། ། བྱིན་རླབས་དངོས་གྲུབ་རྒྱ་མཚོའི་ཆུ་ལས་སྐལ་ལྡན་འཐུངས་ཏེ་རྣལ་འབྱོར་དབང་ཕྱུག་ཚེ་འདིར་སྐད་ཅིག་དག་གིས་ཐོབ།། སློབ་དཔོན་ལས་ནི་དྲིན་ཐོབ ་བླ་མེད་བརྟན་པའི་བློ་ལྡན་དངོས་པོ་ཀུན། ། གསལ་དག་ཤིན་དུ་ཕྲ་བ་མཆོག་ཞིའི་རང་བཞིན་སངས་རྒྱས་བདེ་བ་ཆེན་པོའི་གནས།། གཉིས་མེད་ཏོག་ཟལ་དཔེ་མེད་ཡེ་ཤེས་དེ་ཉིད་རྣལ་འབྱོར་པས་མཉམ ་བཞག་བསོད་ནམས་མིན་གྲོལ་རང་བྱུང་དཔལ་ལྡན་གཙོ་བོ་རྡོ་རྗེ་སེམས་དཔར་འགྱུར། ། སེམས་ནི་རབ་དང་ཕན་པའི་སེམས་ཀྱིས་རྡོ་རྗེ་ཉིད་དུ་གྱིས།། རང་གི་སྡོམ་པ་མི་ཟད་དེ་བཞིན་བསླབ་པ་རབ་བསྟེན་གྱིས། ་དེ་རིང་ཚོགས་ཆུང་བདེ་བས་ཤིན་ཏུ་མྱུར་དུ་འགྲོ་བའི་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་མཚུངས་ལ་དཔེ་མེད་རྟག་པ་ཆེན་པོ་ཉིད་དུ་རྟོགས་པར་འགྱུར།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏིཏཏ་ཨུད་པ་ཏ་ཡ་མི ་སུང་ཤེ་ས་མ་མ་ཡ་སྟྭཾ་ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་ལྟ་ཞིང་རྡོ་རྗེ་བཞག་སྟེ། ཏིཥྛ་བཛྲ་ཡ་ཏ་སུ་ཁམ་ཞེས་པས་འཁོར་ལོ་བསྐུར་བ་བྱའོ།། དེང་ཁྱོད་ལ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ་མཆོག་ཏུ་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད ་ཅིག། དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ།། ཨོཾ་ཏིཥྛ་བཛྲ། ཌི་ཌྷོ་མེ་བྷཱ་བ། སཱ་ས་ཏེ་སི་བྷ་བ། སཏྭ་མེ་ལེ་བྷཱ་བ། ཧྲྀ་ད་ཡ་མྨེ། ཨ་དྷི་ཏིཥྛ་སརྦ་སིད་དྷི་མ་མ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། ཨ་ཁཾ་དྷིར ་པྲཱ་ཏྟཾཀཱསྠཱ་མ། རྦ་ཏིཙྪ། ཨཱནཱ་ཛ་ལིན་པ་ཧོ་ཞེས་པས་མེ་ཏོག་དོར་བར་བྱའོ།། ཨོཾ་ཤྲཱི་སྱཱརྠ་ཏ་ཐཱ་ག་ཏཱ་ཡ་མ་ཧཱ་མྲ་ཁ་དྷྲྀ་ག་ཨ་ཥྞཱི་ཤེ་ཀུན་ཏཱ། བཛྲཱ་སྱཱཏྨ་ཨ་དྷི་དྷཱམཱ.་བྷཱིཥིཥྛ། ཨ་དྷི་བདྷིཏྟེནྡོརྟིནྟ ་སེམལ་ནུ། ཨོཾ་བརྦ་ཏཀ་མ་ཨུ0f88ུ0f90།། ཨུ0f7fཱ། ཨོཾ་ཤཱ་ཎྜ་ཤཱས་། མས་ས་ཏེ་ག་ཏི་རྦ།། 9། ས་བ ་ཛྲག་རྦ་ཨ་ཥྞཱི་ཀཉྫ2། ཨོཾ་གྷ་གྷ། ཥཱ་ཏ་ཡ་ཥྚཱཏཡ། སརྦ་དུཥྛནརྦྷུ་ཧཱུཾ་ཕཊ། ཀཱིལ་ཡ་ཀཱི་ལ་ཡ་སརྦདྲཱ་རྦནྡ་དྷུ་ཕཊ། ནརྀ་ཏྲཱུཾ་དྲཱ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏ་སརྦ་བ་གྷྣ་ཀྵ་ཡ་བཱཀ་ཙི་ཏ་ཏ་བཛྲ་ཛྭལ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཨཱཿབཛྲ་མུ་དགར་བཛྲ་ཨཱ་ཀོ་ནྡ་ཡ་ཧཱུཾ་ཧཱུ~ཾ་ཕཊ།། ཨོཾ་ན་མཿསརྦྦ་ཏ་ཐཱ་ག་ཏ་ཨཱ་ཏ་མ་ནཾ་ནིརྱཱ་ཏན་བྷུ་ཛ་སྥ་ར་ཎ་ཀ་མ་བཛྲི་ཧཱུཾ་ཨ། ཨོཾ་ཨཿབཛྲ་པྲྀཥྚི་ནཱཾ། ཨོཾ་ན་མཿསརྦ་ཏཐཱ་ག ་ཏཱ་ཨཱ་ཏ་མ་ནཾ་ནིརྱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨ་བཛྲི་ནི་ཛཱ། ཨོཾ་ཨཱཿབཛྲ་དྷཱུ་བེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཏ་མ་ན~ཾ་ནིརྱ་ཏ་ན་ཨ་རུ་རཱ་ག་པཱུ་ཛ་སྥ་ར་ཎ་ཀརྨ་བཱན་ཧཱུཾ་ཧོ། ཨོཾ་ཨཱཿབཛྲ་དཱི་བེ་ཧཱུཾ། ཨོཾ་ན་མཿ ་སརྦ་ཏ་ཐཱ་ག་ཏ་ཨཱ་ཏ་མན་ནིརྱཱ་ཏ་ན་སདྷུ་ཀར་པཱུ་ཛ་སྥ་ར་ཎ་ཀརྨ་རུ་ཏྲི་ཨ། ཨོཾ་ཨཿབཛྲ་གན་དྷེ་ནྟུ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ཨ་བྷི་ཥེ་ཀ་རད་ནེ་བྷྱོ་བཛྲ་མ་ཎི་ཨཾ། ཨོཾ་ཨཱཿབཛྲ་ནི་བིད་ཧཱུ~ཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ ་སཱུརྱ་བྷྱོ་བཛྲ་ཏེ་རྡོ་ཛྭ་ལ་ཧི། ཨོཾ་ཨཱཿབཛྲ་བེ་ཤེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཤ་བ་རི་སུ་ར་ཙིན་ཏྱ་མ་ཎི་དྷྭ་ཛ་གྲ་བྷྱོ་ཧི་མཾ། ཨོཾ་ཨཱཿབཛྲ་མཱ་རན་ཙེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་པྲ་མརྱཱ་ཀ་རེ་བྷྱོ་བརྡྷ ་ཧ་སྱཻ་ཧ~ཾ། ཨོཾ་ཨཱཿབཛྲ་མུ་ཀུ་ཊེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་དྷརྨ་ཏ་ས་མཱ་དྷི་བི་སཱུ་ནོ་མི་མ་ཧཱ་དྷརྨ་སྭ་ཨ་ཀྲི་དྷི། ཨོཾ་ཨཱཿབཛྲ་ལཱ་སྱཻ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱ་ནིར་ཧ་རེ་སཱུ་ནེ་མི ་མཧཱ་གྷོ་ཥ་བྷཱ་གེ་དྷཱ། ཨོཾ་ཨཱཿབཛྲཱ་མཱ་ལ~ཾ་ཧཱུཾ། ཨོཾ་ན་མཿསརྦ་ཏཐཱགྷཱ་ཏ་ཙཀྲ་ཨཀྵ་བྷ་ར་བ་དྷ་ཏི་སརྦ་པུ་ནན་ཏ་ན་ཡེ་དྷུ་ནོ་མ་སརྦ་མཎྜ་ཌེ་ལེ་ཙྪ། ཨོཾ་ཨཱཿབཛྲཱི་གཱི་ཏི་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སན་ཏེ་བཱ་ཤ་ཤུདདྷ ་སཾ་གི་ཏི་གྷ་ཡཾ་སཱུ་ནོ་ནི་བཛྲེ་བཛྲེ་བཾ། ཨོཾ་ཨཱཿབཛྲ་ནིར་ཏེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་རཱུ་པ་མེ་གྷམྦ་ར་ཎ་པཱུ་ཛ་ཀརྨ་ཨ། ཨོཾ་ཨཱཿབཛྲ་ཨཱ་དར་ཤེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུ་ལུ་པྲ་ས་ར་སྥ་ར་ཎ་པཱ་ན ་ཀརྨ་ཀི་ཀི་རི་མཾ། ཨོཾ་ཨཱཿབཛྲ་ར་ས་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་མོ་གྷཱ་ཛྭ་ལ་སྭ་རཎ་པཱུ་ཛ་ཀ་མཿརདྷ་ར་མཾ། ཨོཾ་ཨཱཿབཛྲ་སཱར་ཥནཱཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གྷན་ཨུ0f7fབ་ས་མུ་དྲཱ་སྥ་རཎ་ཐཱ་དྷ ་ཀརྨ་ཀུ་རུ་ཀུ་རུ་མཾ། ཨོཾ་ཨཱཿབཛྲ་དྷརྨ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ་ཡ། ཨོཾ་ས་མ་ཡ་ཐུཛ་སརྦ་ཀམ་ནཻ་ར་མ་ཏ་སྟྭ~ཾ། ཨ་ན་ཡ་སྭཱ། ཨ་ཧོ་སུ་ཁཾ། སཱངྐུ་སཱདྷུ། སུ་བ་ཧད་ཏཱཾ། རཱུ་བོ་ཏྱ་ཏྱ་ཨརྠ་པྲ་བ་ཏཾ། ་ཧ་ཧཱ་ཧཱུཾ་ཧེ། སརྦ་ཀ་རི་དུཿཁ་ཚེ་ད། བུད་དྷ་བོ་དྷི་པྲི་ཏ་ཤས་ཏེ། སུ་པ་ཤིད་ཏཱཾ། ཤ་ཏྲཱུཾ་བ་ཥ། སརྦ་སིད་དྷི་མ་མ་ཧ་ར་ཏི། སུ་བོ་ཤོ་བྷ་ཤྲོ་སྟ་སཱུ་ཁྱ་སརྦ་པཱུ་ཛ་པྲ་ཧ་ད་ནི་ཕ་ལ་ག་མི་སུ་ཏ་ཛ་གྲྀ། སུ་གན་དྷ་གྲྀ། ་ཨ་ཡ་ཧི་ཛ། ཨ་ཡ་ཧཱི་ཧཱུཾ་ཧཱུཾ་ཧོ། སྥོ་ཊ་བཾ་གྷན་ཊ་ཨ་ཨ། ཨེ་ནུ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ། ས་རཾ་པ་ར་ཨ་ནུ་པྲཱ་བ་ཏི་སརྦ་དྷརྨ་ཨཱརྱཱ་ན་ཏ་ཨ་ནུ་པྲ་ཏིཥྛ་སརྦ་དྷརྨ། ཨོཾ་སུ་སཱུ་པྲ་ཏི་ཐཱ་ཤྲཱི་བཛྲ་སྭཱ་ཧཱ། ཨོཾ་སརྦ་བིདྱཱ ་སུ་ར་སུ་ར། སུ་རུ་སུ་རུ། ཨ་བར་དྷ་བརྡྷ་ཧོ།། ན་མཿས་མན་ཏ་བྷ་དྲ་བུདདྷ་ནཱཾ། ཨ་བིཤྩཱ་ཡེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨེ་ཀ་ཤ་ས་མན་ཏ་ས། སརྦ་ཏ་ཐཱ་ག་ཏ་ཐཱ་ཨ་བ་རི་ཤོ་དྷ་ལི་མ་ཎ་ཌ་ལི་མཱ་མ ་བྲིན་ཏེ། སུ་བྱ་དྷི་ཛྙཱ་ན་བ་ལེན། སརྦ་ཏ་ཐཱ་ག་ཏ་བ་ལེན་ཏ། བྷན་དྷ་སསྭ་ནན་པ་ལི་ན་ཙ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས།། དེ་བཞིན་གཤེགས་པའི་ཚོགས་རྣམས་དང་།། རིག་པའི་ལྷ་མོ་དུ་མ་འཚོགས།། ་ཁྲོ་རྒྱལ་དུ་མར་བཅས་པ་ལ།། ཡེ་ཤེས་ཡོངས་སུ་དག་པའི། གསང་བ་ཚད་མེད་རྒྱ་མཚོ་ཡི།། མཆོད་པ་མ་ལུས་ཚོགས་ཀྱིས་ནི།། ཀུན་དུ་བཟང་པོའི་ཚུལ་བསྟན་པ། ནམ་མཁའི་ཁམས་ནི་མི་ཟད ་པའི། ། ཀུན་ནས་ཀུན་དུ་སྤྲིན་གྱུར་པས།། རྣམ་དག་ཞིང་ཁམས་ཁེངས་གྱུར་པས།། འཇིག་རྟེན་ཁམས་ནི་མ་ལུས་པའི།། སངས་རྒྱས་མཆོད་ཅིང་སེམས་ཅན་དོན།། འཁོར་བ་སྟོངས་པར་མགྱུ ་ཚེ། བླ་མེད་མཆོད་པས་རྒྱས་པར་འགྱུར།། དེ་ཉིད་ཏིང་འཛིན་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར ་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་སྔགས་དང་མཆོད་པ་བསྟན་པའི་ལེའུ་སྟེ་དྲུག་བཅུ་བདུན་པའོ། ། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་སངས ་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་བླ་ན་མེད་པའི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་སྟོན་པ་གསང་བ་ཚད་མེད་པ་མངོན་པར་འབྱུང་བ་འདི་རབ་ཏུ་གསུངས་སོ། ། དེ་ནས་གསང་བ་རྡོ་རྗེ་འཛིན།། དཀྱིལ་འཁོར ་དུ་མའི་བདག་ཉིད་ཅན། ། བྱང་ཆུབ་མཆོག་དུ་གནས་པ་ཡི།། ཡེ་ཤེས་དྲི་མེད་དྲ་བ་གསུངས།། འགྲོ་ཀུན་འཁོར་བའི་མུན་པ་ཡི།། ཉོན་མོངས་རྟོག་པ་གཞོམ་པ་དང་།། ཚེ་འདིར་མཆོག་དོན་ཐོབ་བྱའི་ཕྱིར། ་དགྱེས་པ་ཆེན་པོ་འདིར་གཞུག་བྱ།། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས།། གསང་བའི་དོན་ལ་གསོལ་བ་གང་།། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། ཐར་པའི་གྲོང་ཁྱེར་བསྟན་དུ་གསོལ།། དེ་སྐད ་ལན་གསུམ་བརྗོད་པ་ཡི། ། གཞན་དོན་ཚུལ་འདི་བསྟན་པ་སྟེ།། བསྙེན་པ་ཉེ་བར་སྒྲུབ་པ་དང་།། སྒྲུབ་པ་སྒྲུབ་པ་ཆེན་པོ་སྟེ།། རྣལ་འབྱོར་བཞིར་ནི་བརྗོད་པ་ཡིན།། དང་པོའི་མཚན་ཉིད་གསང་བ་དང་།། ཉེར ་སྤྱད་ཆོ་ག་ཚུལ་བཞིན་ཏེ། ། བྱང་ཆུབ་སེམས་ལས་རབ་བྱུང་བ།། གསང་བ་ཚུལ་འདི་བསྟན་པའོ།། གསང་བ་ཆོ་ག་ངེས་བསྟན་བྱ།། ས་བཙལ་བ་དང་ས་བརྟག་པ།། ས་བླངས་གཟུངས་གནས་པ།། སྦྲང་དང་དག ་ཁྱོད་རིམ་པས་བྱ། ། རི་བོའི་ངོགས་དང་དབེན་གནས་དང་།། ཚལ་དང་སྐྱེ་བོ་མེད་གནས་པ།། དུར་ཁྲོད་ཆུ་དོགས་གླིང་དག་དང་།། བྱིན་རླབས་ལྡན་སོགས་གནས་སུ་ཤིས།། ཤར་དང་ལྷོ་དང་ནུབ་དང་བྱང་། ་རིམ་པས་དུས་ཀྱི་དབྱེ་བ་ཡིས།། ཉམས་དགའ་བ་ཡི་ས་ཕྱོགས་སུ། ཡེ་ཤེས་ལྡན་པས་ཉེ་བར་འགྲུབ།། སྣུམ་ཞིང་མཉམ་ལ་ཆ་སྒོ་མེད།། སྐྱོན་མེད་ཕྱོགས་ན་ཡིད་འོང་ཡིན།། རིང་དུ་བརྐོས་ས་སླར་ཁེངས ་ཤིང་། ། ལྷག་པར་འཕེལ་ན་ཤིས་པར་གྲགས།། ཕྱེད་གྱུར་མཉམ་དང་བྲེ་དང་མཐོ།། རིམ་ཤེས་ལྟོ་འབྱེ་ཆེན་པོ་ཡི།། མདུན་ཕྱོགས་ལྟོ་བར་ཁ་བལྟས་བཀོ།། ཡུལ་དེར་གནས་པཱིལླ་ཀླུ་དང་།། གང་ཡང་རུང་བ་ས་ལ ་མོ། ། མཆོད་བསྟོད་གཏོར་མ་སྔོན་འགྲོ་བས།། ངེས་པར་གནང་བ་བྱིན་པར་བསམ།། ཁྲོ་བོ་ཆེན་པོ་དུ་མ་དང་།། ཡང་ན་བདུད་ཅི་འཁྱིལ་བ་ཡིས།། བསྲུང་ཞིང་བདག་ལ་མཆོག་སྩོལ་བར།། བསམ་པ་ཡེ་ཤེས་རྣལ ་འབྱོར་ཡིན། ། དེ་རྗེས་ས་ཡི་ལྷ་མོ་དག། བདག་ལ་གནང་བ་བྱིན་ནས་ནི།། བར་སྣང་བཞུགས་པ་དེ་ཉིད་ཀྱང་།། ཤིན་ཏུ་དགྱེས་པས་བརྟན་པར་བཞུགས།། ཐུན་མོང་བ་དང་ཁྱད་པར་གྱིས།། སྦྱང་བ་སྔོན་དུ་འགྲོ་བ་ཡིན།། ་དེ་ནས་དཀྱིལ་འཁོར་དབུས་ཉིད་ཏུ།། ཁྱད་པར་ཞི་བའི་སྦྱིན་བསྲེག་བྱ།། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས།། སྔགས་བརྗོད་རེག་པས་གནས་པར་གྱུར།། དེ་ནས་སྤྱན་དྲང་མཆོད་བསྟོད་པ།། སྔོན་འགྲོ་གསོལ་བ་གདབ ་པ་ནི། ། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱིས་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ།། མཚན་རྣམས་ཐམས་ཅད་ཡང་དག ་རྫོགས། ། མཚན་མིན་ཐམས་ཅད་ཡང་དག་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ།། ཞི་བའི་མཆོག་ནི་ཆོས་ལས་བྱུང་།། སྤྱོད་པ་ཡེ་ཤེས་རྣམ་སྦྱངས་པ།། ཀུན་ཏུ ་བཟང་པོ་གསུང་གི་མཆོག། གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། སྤྲོས་མེད་ཡེ་ཤེས་དག་པ་ཡི།། ཀུན་བཟང་ཐུགས་མཆོག་ཁ་ལོ་སྦྱར།། དཀྱིལ་འཁོར་དམ་པ ་ག་དུ་གསོལ། ། དེད། ཅེས་ནི་ཕྱོགས་བཞིནས།། གསོལ་བ་བཏབ་ཅིང་ཕྱུག་བྱས་ནས།། མཐོང་བ་གཟིགས་ཕྱིར་བྲེ་ཟེ་ཡིས།། ཤིན་དྷ། སྟངས་བགེགས་གཟིར་ཞིང་།། བརྟུལ་ཞུགས་དྲག་པས་རྡོ་རྗེ་གང།། ཛཿ། ་སེམས་དཔའ་ཁྲོས་པས་བྱ།། དེ་ནས་བགེགས་ལ་བཀའ་བསྒོ་ཞིང་།། རོལ་པའི་སྐུར་བས་བལྟ་བར་བྱ།། གསང་སྔགས་ཕྱག་རྒྱར་བཅས་པ་ཡིས།། སློབ་མའི་བགེགས་འབྱུང་བར་ཆད་གསལ།། སྦྱིན་བསྲེག་གཏོར་མ ་སྔོན་འགྲོ་བྱ། ། ཁྲོ་བོའི་ཕུར་པས་གདབ་པ་དང་།། གཏོར་མས་བགེགས་བསལ་ཆོག་བསྟན།། དེ་ནས་བསྒྲུབ་པ་ལྷག་པར་གནས།། ས་ཡི་ལྷ་མོ་ལྷག་གནས་པ།། ཕྱག་རྒྱས་བཅས་ཤིང་མཆོད་གྱུར་པས།། བསྐྱེད་ཅིང ་བསྟོད་པ་བརྩམ་པར་བྱ། ། ཨོཾ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་གྱིས།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཤཱཀྱ་སེ་གེ་སྐྱོབ་པ་ཡིས།། དཔའ་བོ་བྱང་ཆུབ་ཤིང་། ་དྲུང་ངུ།། མི་བཟང་བདུད་ཀྱི་སྡེ་བཅོམ་ལྡན།། དེ་བཞིན་བདག་གིས་བདུད་ཀྱི་སྡེ། ཕམ་པར་བྱ་ཕྱིར་བླ་མེད་པའི།། རྒྱལ་བ་གསང་ཆེན་དཀྱིལ་འཁོར་བྲི།། དེ་ཝཱར་ལན་གསུམ་བརྗོད་པ་ཡིས།། དེར་ནི་ཐིམ་པར་རྣམ་པར་བསམ ་དེནས་དཀྱིལ་འཁོར་དེ་ཉིད་ཀྱི། ། ཀུན་ཏུ་བདུད་རྩི་ལྔ་དང་ནི།། མ་དཱ་ནཾ་གིས་ལེགས་པར་བྱུག། རྡོ་རྗེཔ་དྲི་ཡི་ཐིག་ལེ་བྱ།། ལྷ་གནས་གོར་མ་ཤེས་པར་བྱ།། མེ་ཏོག་སིལ་མས་གཏོར་བར་བྱ།། བསྐྱེད་ཅིང་བསྟིམ་དང་བཞུགས་པ ་ལ། ། སྤྱན་དྲངས་དབང་བསྐུར་མཆོད་པ་དང་།། བསྟོད་པ་ལས་སོགས་སྔོན་འགྲོ་བྱ།། ལྷ་ལ་གསོལ་བ་བཏབ་པར་བྱ།། གནང་བ་བྱིན་ནས་བཞུགས་སུ་གསོལ།། རྡོ་རྗེ་བུམ་པའི་མཚན་ཉིད་ལྡན།། ཁྱད་པར་ལྡན་པ་རྩ་བ་ཡི།། ལྷ ་གྲངས་དག་དང་མཉམ་པའམ། ། ཡང་ན་ཉི་ཤུ་རྩ་ལྔའི་པར།། ལས་བུམ་དང་ནི་བཀྲ་ཤིས་པའི།། བུམ་པ་དག་དང་ལྡན་པ་སྟེ།། འདི་དག་ཁ་རྒྱན་མགུལ་ཆིངས་ཅན།། སྙིང་པོ་ལྔ་དང་སྨན་ལྔ་དང་།། འབྲུ་ལྔ་སྤོས་ལྔ་རིན་ཆེན ་ལཱ། ། ཆུ་ཀྲུང་ཆུབ་ཅས་ཁྱད་པར་སྟེ།། ཐ་དད་པ་དང་གཅིག་པ་ཡི།། ཏིང་ངེ་འཛིན་གྱིས་སྟ་གེན་བྱ།། ཁྱད་པར་བར་ཆད་བསྲུང་དོན་དུ།། བསྲུང་བའི་ཕུར་བུ་ཁྲོ་བར་བསྐྱེད།། མཆེད་བསྙེད་གཉིས་མེད་ལྡན་བྱས་ལ།། ་གཏོར་མ་ལྡན་པས་བཀའ་བསྒོ་བྱ།། དེ་ནས་སློབ་མ་འཇུག་པའི་རིམ།། སྤྲོ་བ་བསྐྱེད་དང་གནང་བ་སྦྱིན།། སྡོམ་པ་དཔག་དང་བསྲུང་བ་གདགས།། སོ་ཤིང་དོར་བར་བྱ་བ་དང་།། དེ་ལྟས་ལུང་བསྟན་ཀུ་ཤ་ལས།། སྔས ་དང་སྟན་སྦྱིན་གཟེང་བསྟོད་ནས། ། རྨི་ལམ་གདབ་ཕྱིར་ཉལ་དུ་གཞུག། སློབ་མས་མཎ་ཌ་ལ་མོ་ཏོག་བྱས།། བྲུས་བྱས་ཕྱག་འཚལ་མདུན་གནས་ལ།། ཁྱད་པར་སྤྲོ་བསྐྱེད་རྗེས་འཇུག་བྱ།། རིགས་ཀྱི་སྡོམ་པ་སྦྱིན་པར ་བྱ། ། བྲང་བ་བྱེ་བྲག་ཤེས་པར་བྱ།། རང་གི་ལུས་ཚད་མཉམ་པ་ཡི།། སུམ་སྒྲིལ་སྲང་བུ་བཅོས་པ་ཡིས།། གསང་སྔགས་བརྗོད་ཅིང་བཅིང་བར་བྱ།། སོ་ཤིང་ཚད་ལྡན་གཏང་བྱས་པ།། ལྷོ་ཕྱོགས་ངོགས་སུ་མ ་ཌལ་ལ། ། ལྟུང་བའི་རྗེས་སུ་བརྟག་པར་བྱ།། རྩ་མཆོག་བྱིན་པ་མི་སྨྲ་བར།། སེང་གེའི་སྟོབས་ཀྱིས་ཉལ་བར་བྱ།། ནུབ་མོའི་རྨི་ལམ་ཅི་བྱུང་བ།། ཅི་བྱུང་ནང་བར་སྨྲ་བར་གྱིས།། ཁྱད་པར་གཟེང་བསྟོང་ཉལ་དུ་གཞུག། ་ནང་པར་རྨི་ལམ་ངན་གྱུར་གང་།། གསང་སྔགས་སྦྱིན་བསྲེག་རིམ་པས་ཟློག། དེ་ནས་རྡོ་རྗེ་སློབ་དཔོན་དང་།། སྒོ་བཞིའི་ཕྱོགས་ཀྱི་རྣལ་འབྱོར་དང་།། ལས་ཀྱི་སྐྱེས་བུར་བཅས་པ་ཡིས།། མཆོད་བསྟོད་ལྷ་ལ་གསོལ ་བ་བཏབ། ། མ་ལུས་ཕྱོགས་བཅུར་བཞུགས་པ་ཡི།། དུས་གསུམ་སངས་རྒྱས་བདག་ལ་དགོངས།། རྡོ་རྗེ་འཛིན་པ་འདི་ཞེས་པས།། གསང་ཆེན་དཀྱིལ་འཁོར་འབྱུང་བ་ཡི།། དེང་འདིར་སངས་རྒྱས་ཀུན་གཤེགས ་ཤིག། དངོས་གྲུབ་མ་ལུས་བདག་ལ་གསོལ།། ཞེས་ནི་ལན་གསུམ་བརྗོད་པར་བྱ།། དེ་ནས་ལས་ཀྱི་ཆོ་ག་ནི།། སར་པ་ལེགས་པར་བཀལ་པ་དང་།། ཚད་ལྡན་མཛེས་པའི་སྲད་བུ་ཡིས།། རང་འདོད་ལྷ་ཡི་གཟུགས ་གནས་པས། ། ཤེས་རབ་ཅན་གྱིས་ཐིག་གདབ་བྱ།། ཁྱད་པར་ཡེ་ཤེས་ལྡན་པས་ནི།། སློབ་དཔོན་ཤར་ལྟ་སློབ་མ་ནུབ།། སློབ་དཔོན་ལྷོར་འདུག་སློབ་མ་བྱང་།། གཉིས་པ་ཡང་ནི་གདབ་པར་བྱ། ་ཚངས་པའི་ཐིག་ནས་བརྩམས་ནས་ནི།། མཁས་པས་ཆ་ཤེས་གདབ་པར་བྱ།། མེ་ཡི་ཕྱོགས་སུ་གནས་པ་ཡིས།། བྱང་ལྟས་ཤར་གྱི་ཐིག་གདབ་བྱ།། རླུང་དུ་གནས་ཏེ་ལྷོར་བལྟས་པ། ནུབ་ཀྱི་ཐིག་ནི་གདབ་པར་བྱ། ་དེ་ཉིད་ནས་ནི་བྱང་ངོས་གདབ།། མེར་གནས་ལྷོ་ཕྱོགས་ཐིག་བྱ་ཞིང་།། དེ་ནས་རླུང་གི་ཕྱོགས་སུ་བྱ།། བདེན་བྲལ་གནས་པས་དབང་ལྡན་པར།། ཚད་ལྡན་རིམ་པས་གདབ་པར་བྱ།། ཀུན་ནས་ཡོངས་སུ ་ཟླུམ་པོ་ཡི། ། ཕོ་བྲང་ལེ་ཙེ་དགུ་པར་བྱ།། སོ་སོའི་ལྷ་ཁྱམས་དང་བཅས་པ།། སྒོ་བཞིས་ཀུན་ནས་བརྒྱན་པར་དགོད།། སྤྱི་ཁྱབ་ཕོ་བྲང་ནང་མ་ལ།། ལང་རྩེ་ཉི་ཤུ་རྩ་ལྔ་པའི།། དཀྱིལ་འཁོར་སོ་སོར་ཤེས་པར་བྱ།། བར ་ཁྱམས་ལ་ནི་དཀྱིར་འཁོར་དྲུག། གསང་བའི་བདག་པོའི་དཀྱིལ་འཁོར་དང་།། ཚངས་པ་ཆེན་པོའི་ཕོ་བྲང་སྟེ།། སུམ་བཅུ་གསུམ་དུ་བྲི་བར་བྱ།། བར་བར་ཤར་དུ་རྡོ་རྗེ་དང་།། འཁོར་ལོ་སངས་རྒྱས་ཀུན་དང་བཞིན།། ལྷོར ་ནི་ནོར་བུ་རིན་ཆེན་འབར། ། ནུབ་ཕྱོགས་པད་མ་ཨུཏ་པ་ལ།། བྱང་དུ་རལ་གྲི་རྒྱ་གྲམ་བཅས།། སྟོང་དག་གི་ནི་གནས་ཡིན་ནོ།། དེ་ནས་སྒོ་བཞི་ཏ་བབས་བཅས།། བཅུ་དྲུག་ཀ་བས་བཏེག་པ་ཡི།། གཟུགས་སྒྲ་དྲི ་རོ་ལྷ་མོ་དང་། ། རིམ་པས་ཟུང་དུ་སྟེང་དུ་དགོད།། རུ་སྦལ་རྡོ་རྗེ་རྒྱ་གྲམ་བཅས།། རིན་ཆེན་པད་མ་ནོར་བུ་ཡིས།། སྤྲས་པ་བསྣོལ་མའི་སྟེགས་བྱེད་པ།། སྟེགས་བུ་དག་ལས་གླང་ཆེན་དང་།། ཤ་ར་བྷ་དང་པད་མ་ཡི།། ་ལྕུག་ཕྲན་ཡལ་གར་བཅས་པ་ཡི།། བཀྲ་ཤིས་དང་ལ་ཟུང་གྱུར་པས།། མུ་ཏིག་ཆུན་འཆང་མཛེས་པས་བརྒྱན།། དེ་སྟེངས་རིན་ཆེན་བརྩེགས་པ་ལ།། བྱ་ཁྱུང་ལོགས་གནས་ཕྱིར་བལྟས་པའོ།། ཟུར་གཉིས ་ཆུ་སྲིན་བསྣོལ་མ་དང་། ། སེང་གེ་ཤང་ཤང་དེ་སྟེང་དུ།། རུ་རུ་གཉིས་དང་ཆོས་འཁོར་ཆེ།། གདུགས་དང་བཅས་པས་ཀུན་ནས་བརྒྱན།། འདོད་ཡོན་པཉྩ་རེ་བ་དང་།། བཀུ་ལ་ཡི་ཅིག་པའི་གསེང་།། རིན་ཆེན་ཤར་བུ ་སྣ་ཚོགས་དང་། ། དྲ་བ་དྲ་བ་བྱེད་པས་བརྒྱན།། རིན་ཆེན་ཕ་གུ་བ་གམ་ཅན།། རྩེ་མོར་མདའ་ཡུབ་བཀོད་པ་ལ།། ཀར་མ་ཤིར་ཥའི་ཕྲེང་བ་དག། ཡོངས་སུ་བཀོད་པ་མཛེས་པར་གྱུར།། ཚད་མེད་ཐར་པའི་གྲོང་ཁྱེར ་གྱི། ། མཚན་ཉིད་ཡོངས་སུ་རྫོགས་པར་བསམ།། དེ་ནས་རིན་ཆེན་རྣམ་ལྔ་སོགས།། ནོར་བུའི་ཚོགས་ནི་དུ་མ་ཡིས།། བྱིན་གྱིས་བརླབ་ཅིང་ཚུལ་ཤེས་པས།། ཉི་ཤུ་རྩ་ལྔའི་ཚོན་གྱིས་བྱ།། ཁྱབ་པར་སྒྲུབ་ཅིང ་རྒྱན་བཀོད་པ། ། མཆོད་པ་དུ་མས་ཡོངས་སུ་བསྐོར།། སྒྲུབ་པ་ཆེན་པོ་སླར་བསྟན་པ།། དཀྱིལ་འཁོར་བསྒྲུབས་ནས་བདག་འཇུག་བྱ།། དེ་ནས་སློབ་མ་འཇུག་དོན་དུ།། ཡན་ལག་འདི་དག་ལྡན་པར་བྱ།། སྟོང ་གཡོགས་སླད་གཡོགས་གཏང་བ་དང་། ། གསོལ་བ་གདབ་ཅིང་གདོང་གཡོགས་བཅིང་།། མེ་ཏོག་ཕྲེང་གཟུང་སེམས་བསྐྱེད་ཅིང་།། དོན་དྲི་ཁས་བླངས་ནང་དུ་གཞུག། ཚོགས་བསག་མནའ་བསྒག་ངས ་ཆུ་བླུང་། ། དམ་བསྒྲག་བཀའ་སྒོ་ཡེ་ཤེས་དབབ།། མེ་ཏོག་དོར་རྗེས་མཐོང་བ་དྲི།། སྤྱི་གཙུག་མེ་ཏོག་ཕྲེང་བ་གདགས།། གདོང་གཡོགས་བཀྲོལ་ནས་ལྷ་ངོ་བསྟན།། དཀྱིལ་འཁོར་རྣམ་ངག་དོན་བསྟན་ཅིང་།། ་འདོད་ལྷ་ངེས་གཟུང་རིགས་ཤེས་བྱ།། འདི་དག་ཆོག་རྟོགས་པར་བྱ།། རྒྱུ་དང་འབྲས་བུའི་ལམ་འཇུག་པས།། སེམས་བསྐྱེད་མཆོག་ཏུ་དམིགས་ལྡན་ཞིང་།། ཚད་མེད་བློ་བསྐྱེད་བསླབ་པར་བྱ།། གསང་བར ་ཡེ་ཤེས་རྡོ་རྗེར་བསླབ། ། སྐུ་དང་གསུང་དང་ཐུགས་དང་ནི།། ཡེ་ཤེས་ཡོན་ཏན་ཕྲིན་ལས་ཀྱི།། བྱིན་གྱིས་བསླབ་པ་ལྔ་བྱ་སྟེ།། རྡོ་རྗེ་འཁོར་ལོ་པད་མ་དང་།། རིན་ཆེན་རལ་གྲིའི་སྤྲོ་བསྡུ་དང་།། རིགས་ལྔ་ལྷ་མོ་ལྔར ་བཅས་ལས། ། གསང་བའི་དཀྱིལ་བང་ཆེན་པོ་འདིར།། མ་ལུས་འདུས་པའི་ལྷཚོགས་ཀུན།། ཡེ་ཤེས་ཆེན་པོ་འབྱིན་རླབས་ཀྱིས།། ངོས་གྲུབ་སྐལ་བ་འབབ་པར་མཛོད།། རྟགས་དང་བརྡ་དང་མཚན་མ་ཀུན། ་རྣམ་པ་ཡོངས་སུ་ཤེས་པར་བྱ།། ཞི་བ་འམ་ནི་རྒྱས་པ་ཡི།། སྦྱིན་བསྲེག་ཉེ་བར་དབུལ་བར་བྱ།། ཐུན་མོང་དང་ནི་ཁྱད་པར་གྱི།། ཕྱག་བྱ་སློབ་མ་མདུན་གནས་ཏེ།། ལྷ་སྲས་ཉིད་དུ་བསྐྱེད་བྱ་སྟེ།། ཤར་ནས་འཇུག་པའི་ཚུལ་གྱིས ་མེ་ཏོག་ཕྲེང་བ་དང་པོར་སྦྱིན། ། མཎཎྜ་ལ་མེ་ཏོག་སྔོན་འགྲོ་བས།། མདུན་གནས་དེ་ལ་དབང་བསྐུར་སྟན།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་ཆེ་བའི་བྱིན་བརླབས་པ།། བདག་ཅིག་བསྐྱབ་པའི་དོན་གྱི་ཕྱིར།། གས་དཔའ ་པ་དེང་བདག་གསོལ། ། ལན་གསུམ་བར་དུ་གསོལ་བ་གདབ།། བླ་མེད་དབང་ནི་བསྐུར་མཛད་དོ།། རྡོ་རྗེ་གསང་ཆེན་དབང་བསྐུར་བ།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། གནས་ལས་བྱུང་བ་སྦྱིན་པར་བྱ།། དེ་ནས་གང ་དུ་རྡོ་རྗེ་དཔལ་མཆོག་ཆེན་པོ་འདུས་པ་གསང་བའི་དཀྱིལ་འཁོར་ཆེན་པོར་དབང་ཡང་དག་པར་བསྐུར་བར་བྱ་སྟེ། ། དེ་བཞིན་གཤེགས་པ་སྟོང་མངོན་པར་འབྱུང་བ་དེ་དག་ཀྱང་ཡེ་ཤེས་ཀྱི་སྣང་བ་ལས་ཡང་དག་པར་འབྱུང་བའི ་རྡོ་རིན་པོ་ཆེའི་སྡོང་པོ་དུ་མ་ལས་སྣ་ཚོགས་པའི་པད་མ་འབར་བ་དུ་མས་རྒྱས་པ་ཁ་ཕྱེ་བ་ལ་སེང་གེའི་ཁྲི་དང་བཅས་པ་གསང་བ་འཛིན་པ་པོ་དང་། ། ལྷ་ཚངས་པ་ཡང་རེ་རེ་ཞིང་དུ་གནས་པ་ལས་འདི་ལྟ་སྟེ།། རྡོ་རྗེའི་རིགས་ཉིས ་བརྒྱ་ཕྲག་གཅིག་དང་། ། རིན་པོ་ཆེའི་རིགས་ཉིས་བརྒྱ་ཕྲག་གཅིག་དང་།། པད་མའི་རིགས་ཉིས་བརྒྱ་ཕྲག་གཅིག་དང་།། ལས་ཀྱི་རིགས་ཉིས་བརྒྱ་ཕྲག་གཅིག་དང་།། དེ་བཞིན་གཤེགས་པའི་རིགས་ཉིས་བརྒྱ་ཕྲག ་གཅིག་སྟེ། ། འདི་ན་མས་དེ་བཞིན་གཤེགས་པ་རེ་རེའི་སྐུའི་བ་སྤུའི་བུ་ག་ལས་ཀྱང་འོད་ཟེར་བྱེ་བ་ཕྲག་དུ་མ་བྱུང་སྟེ།། དེ་རེ་རེ་ལས་ཀྱང་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད ་སྣང་བ་ཆེན་པོས་ཁྱབ་པར་བྱས་ཤིང་མཛད་པ་མཐའ་ཡས་པའི་རོལ་པ་མངོན་པར་འབྱུང་བར་མཛད་དོ། ། ཐམས་ཅད་ཀྱང་བླ་ན་མེད་པའི་ཐེག་པ་ལ་འཛུད་པར་མཛད་དེ།། མཆོག་ཏུ་སྐྱབས་སུ་འགྲོ་བ་སྟོན་ཅིང་འཇིག་རྟེན ་པའི་ལྟ་བ་ལ་མངོན་པར་ཞེན་པ་དག་ལ་ནི་ཚངས་པ་དང་། ། ཁྱབ་འཇུག་དང་།། དབང་ཕྱུག་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་མངོན་པར་དབང་བསྐུར་བར་བྱེད་དོ།། ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་རྣམས་ལ་ནི་ཆོས ་ཐམས་ཅད་བདེན་པ་བཞིའི་སྒོ་ནས་དབང་བསྐུར་བར་བྱེད་དོ། ། རང་རྒྱལ་བའི་ཐེག་པ་ལ་མོས་པ་རྣམས་ལ་ནི་རྟེན་ཅིང་འབྲེལ་པ་བཅུ་གཉིས་ཀྱི་སྒོ་ནས་དབང་སྐུར་བར་བྱེད་དོ།། དེ་དག་གི་ལམ་དང་ལྟ་བ་དང་སྤྱོད་པ་ཡང ་དག་པར་བསྟན་ཅིང་དེ་དག་གི་ཚུལ་གྱིས་འདུལ་བར་བྱེད་དོ། ། གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་མོས་པ་ནས་ས་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ།། སྦྱིན་པ ་ཆེན་པོ་གཏོང་བའི་སྒོ་ནས་དབང་སྐུར་བར་བྱེད་དོ། ། ཚུལ་ཁྲིམས་ཡོངས་སུ་མི་ཉམས་པའི་སྒོ་ནས་དབང་སྐུར་བར་བྱེད་དོ།། བཟོད་པ་ལ་གནས་པའི་སྒོ་ནས་དབང་སྐུར་བར་བྱེད་དོ།། བརྩོན་འགྲུས་རྒྱུན་མི་མ་ཆད་པའི ་སྒོ་ནས་དབང་སྐུར་བར་བྱེད་དོ། ། བསམ་གཏན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྒོ་ནས་དབང་སྐུར་བར་བྱེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པས་དབང་སྐུར་བར་བྱེད ་དོ། ། དེ་དག་ཀྱང་ཚད་མེད་གྲངས་མེད་པའི་ནམ་མཁའི་ཁམས་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་སྟོན་ཅིང་དབང་སྐུར་བར་བྱེད་པའོ།། བྱང་ཆུབ་སེམ། ་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ཚད་མེད་པ་བཞིའི་སྒོ་ནས་ཆོས་སྟོན་ཅིང་དམིགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་རྣམ་པར་དག་པའི་ཚུལ་གྱིས་དབང ་སྐུར་བར་བྱེད་དོ། ། ཆོས་ཐམས་ཅད་ལ་མི་གནས་པའི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ཚུལ་གྱིས་དབང་སྐུར་བར་བྱེད་དོ།། འདིར་ནི་རིན་པོ་ཆེའི་གཞལ་ཡས་ཁང་ཞིང་ཁམས་རྣམ་པར་དག་པར་དཔལ ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་འབྱུང་བའི་སྒོ་ནས་དབང་སྐུར་བར་བྱེད་དོ། ། བླ་ན་མེད་པའི་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་ལ་ནི་ཐབས་དང་སྟོབས་དང་ཡེ་ཤེས་དང་སྔོན་ལམ་རྣམ་པར་དག་པའི་ཚུལ་གྱིས ་ཕྱིར་མི་ལྡོག་པའི་ལམ་ལ་ས་བཅུའི་རྣམ་པར་དག་པའི་ཚུལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡོངས་སུ་དབང་སྐུར་བར་བྱེད་དོ། ། གང་དེ་སངས་རྒྱས་ཀྱིས་མི་འབུལ་ཞིང་པུས་ལ་མ་བབ་པ་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ ་བོ་རིན་པོ་ཆེ་སྣ་བདུན་དང་དཔུང་ཆེན་པོ་བཞི་དང་བཅས་པ་ཐམས་ཅད་ལ་དགེ་བ་བཅུའི་ལས་ཀྱི་ལམ་མངོན་པར་འབྱུང་བས་བསྟན་ཅིང་དབང་སྐུར་བར་བྱེད་དོ། ། དེ་བཞིན་གཤེགས་པའི་རིགས་དེ་དག་ཀྱང་བསྡུས་པའི་ཚུལ ་གྱིས་ཉི་ཤུ་རྩ་ལྔ་པོ་རེ་རེ་ལས་ཡང་ལྔ་ལྔར་རིགས་བརྒྱའི་སྒོ་ནས་དབང་སྐུར་བར་བྱེད་དོ། ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ་ནི་སངས་རྒྱས་རིགས་ལྔའི་ཚུལ་གྱིས་རིན་པོ་ཆེའི་རྒྱན་ཐམཅད་ཀྱིས་ཉེ་བར་བརྒྱན་པའི ་སྣང་བས་རིག་མ་དང་ལྷ་མོའི་ཚོ་གས་དུ་མས་འདོད་པའི་ལོངས་སྤྱོད་མི་ཟད་པ་ཡོངས་སུ་དག་པ་ལ་དགྱེས་པས་ཡོངས་སུ་སྤྱོད་པས་མཛད་ཅིང་ཁྲོ་བོའི་རྒྱལ་པོ་དུ་མ་དང་། ། བྱང་ཆུབ་སེམས་དཔའ་སོ་སོའི་རིགས་དང ་བཅས་པས་རིག་པ་དང་བརྟུལ་ཞུགས་བརྟན་པར་བྱེད་པ་དང་། ། ཆོས་ཀྱི་རྒྱལ་པོར་དབང་སྐུར་བ་བླ་ན་མེད་པ་ཁྱད་པར་དུ་བསྟན་ཏོ།། དེ་བཞིན་གཤེགས་པའི་ཚོགས་འདུས་པ་ཆེན་པོ་བླ་ན་མེད་པ་ལ་རྡོ་རྗེ་བཙུན་མོའི་བྷ་གའི ་ན་ཨང་དུ་ཆུད་པར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཚད་མེད་པ་ཆོས་ཀྱི་ཕོ་བྲང་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་གསང་བ་ཡོངས་སུ་རྫོགས་པ་སྐུ་གསུང་ཐུགས་ཡོན ་ཏ་ཨ་ཕྲིན་ལས་དུ་མའི་བདག་ཉིད་དུ་དབང་སུར་བར་མཛད་པའི་དཔལ་རྡོ་རྗེ་འཆང་ཆེན་པས་ཕྱག་མཚན་དང་ཞལ་ལ་སོགས་པའི་རྣམ་པར་སྣང་བར་གྱུར་པ་ནི་འོད་ཟེར་དཔག་ཏུ་མེད་པ་དཀྱེ་བ་དེ་དག་ཚུར་བསྡུས་པས་བཅོམ་ལྡན་འདས ་ཉིད་ཀྱི་སྐུའི་དཀྱིལ་འཁོར་དང་། ། དེ་བཞིན་གཤེགས་པ་དེ་དག་སོ་སོའི་དཀྱིལ་འཁོར་གྱི་རྣམ་པ་སྣང་བྱེར་བྱས་ཤིང་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་སྙིང་པོའི་དཀྱིལ་འཁོར་དུ་རིགས་ཀྱི་འཁོར་ལོ་ནམ་མཁའ་ལ་གསལ་བར་སྣང ་བ་ཨ་བཀོད་པའི་དཀྱིལ་འཁོར་དང་ཐ་དད་པ་མེད་པའི་སྤྱོད་པས་ཐམས་ཅད་གཉིས་སུ་མེད་པ་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་བདེ་བ་ཆེན་པོའི་བདེ་བའི་སྒྱུ་མའི་སྒྲས་བཀུག་པའི་ཞིང་ཁམས་ཡོངས་སུ་སྦྱངས་པའི་སྐུ་རྣམས་སོ་སོར ་སྤྱི་བོ་ནས་ཞུགས། ། རྩ་དབུ་མ་བརྒྱུད་དེ་ཡུམ་གྱི་པད་མར་བྱོན།། དེ་ནས་གྱེན་དུ་གཤེགས་ཏེ་ནམ་མཁའི་ཁམས་མ་ལུས་པ་ཁེངས་པའི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བར་བྱེད་དོ།། དེ་ཡང་བར་སྣང་གི་ཕྱོགས་མཚམས ་ཁྱབ་པར་བྱས་ཏེ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་གསང་བ་ཆེན་པོའི་དབང་བསྐུར་བར་བྱེདདོ། ། སངས་རྒྱས་སྤྱན་མའི་རྣམ་པ་ཡིས།། ས་ཡི་ཁམས་རྣམས་དབང་བསྐུར་ཏེ།། རྡོ་རྗེའི་ལུས་སུ་བྱིན ་གྱིས་བརླབས། ། མཱ་མ་ཀཱི་ཡི་བདག་ཉིད་ཀྱིས།། ཆུ་ཡི་ཁམས་ལ་དབང་བསྒྱུར་སྟེ།། རྡོ་རྗེ་དག་བྱེད་བྱིན་གྱིས་བརླབས།། ལ་ལ་གོས་དར་མོར་སྣང་བས།། དྲོད་ཀྱི་ཁམས་ནི་དབང་བསྐུར་ཏེ།། རྡོ་རྗེའི་འོད་དཔུང་བྱིན་གྱིས་བརྗོག།། ་ལྷ་མོ་སྒྲོལ་མའི་བདག་ཉིད་ཀྱིས།། གཡོ་བ་དབུགས་ལ་དབང་བསྐུར་ཏེ།། རྡོ་རྗེ་སྐྱོང་བྱེད་མར་བྱིན་བརླབས།། ལྷ་མོ་གཟུགས་ཀྱི་རྡོ་རྗེ་མས།། སྣ་ཚོགས་གཟུགས་རྣམས་དབང་བསྐུར་བས།། སྡང་སྟོང་གཉིསུ་མེད་པར་བསྒྱུར ་ལྷ་མོ་སྒྲ་ཡི་རྡོ་རྗེ་མས། ། སྣ་ཚོགས་བཅུད་ལེན་དབང་བསྐུར་བས།། གྲག་སྟོང་གཉིས་སུ་མེད་པར་གྱུར།། དྲི་ཡི་རྡོ་རྗེ་ལྷ་མོ་ཡིས།། སྣ་ཚོགས་དྲི་ཡིས་དབང་སྐུར་བས།། གསལ་སྟོང་གཉིས་སུ་མེད་པར་གྱུར།། ལྷ་མོར ་ཡི་རྡོ་རྗེ་ཡིས། ། སྣ་ཚོགས་བཅུད་ལེན་དབང་སྐུར་རབས།། མྱོང་སྟོང་གཉིས་སུ་མེད་པར་གྱུར།། ལྷ་མོ་རིག་བྱ་རྡོ་རྗེམས།། འཁོར་འདས་རེག་བྱའི་དབང་བསྐུར་བས།། ལྷན་ཅིག་སྐྱེས་པའི་ཡེ་ཤེས ་ལས། ། བདེ་སྟོང་གཉིས་སུ་མེད་པར་འགྱུར།། མིག་གི་རྣམ་ཤེས་ས་སྙིང་པོ།། རྣ་བའི་རྣམ་ཤེས་གསང་འཛིན་པས།། སྣ་ལ་ན་མཁའི་སྙིང་པོ་དང་།། ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ།། ལུས་ལ་སྒྲིབ་པ་རྣམ་པར་སེལ།། ་ཡིད་ལ་ཀུན་ཏུ་བཟང་པོས་སོ།། ཉོན་མོངས་ཅན་ཡིད་བྱམས་པ་སྟེ།། ཀུན་ག་ནི་འཇམ་པའི་དབྱངས་ཀྱིས་ནི།། དེ་ལྟར་བྱིན་རླབས་དབང་བསྐུར་སྟེ།། ནམ་ཤེས་བརྒྱད་ནི་དག་ཕྱིར་རོ།། དངོས་པོར་འཛིན་པའི་རྟོག་པ་ད།། ་འཇོམས་བྱེད་ཁྲོ་བའི་རྒྱལ་པོ་བཅུས།། ཚིགས་ཚོགས་དག་པར་དབང་བསྐུར་རོ།། དེ་ལྟར་ཕྲིན་ལས་ཚུལ་གྱིས་ནི།། གསང་བ་བླ་ན་མེད་པར་གྱུར།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས ་ནིསྲིད་པ་དང་ཞི་བ་མཉམ་པ་ཉིད་གཉིས་སུ་མེད་པ། ། ཐོག་མ་དང་བར་དང་ཐ་མར་རྒྱུན་མི་འཆད་པ།། ཆོས་ཐམས་ཅད་ལ་འདུ་བྲལ་མེད་ཅིང་ཐ་དད་པར་རྟོག་པ་མེད་པ། འགྲོ་བ་དང་འོང་བ་མེད་ཅིང་རང་བཞིན་གྱིས ་འོད་གསལ་བ་རྣམ་པར་དག་པ། ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ། མཉམ་པ་ཉིད་མི་གནས་པ་བདེ་བ་ཆེན་པོའི་ཚུལ་དུ་ཡང་དག་པའི་སྙིང་པོའི་གསང་བ་ཆེན་པོའི་དབང་བསྐུར་བ་གྱུར་ཏོ།། འདི་ལྟར་ཡང་དག་པ་དབང ་བསྐུར་བ་འདི་བསྟན་པ་ན་སོ་སོའི་སྐྱེ་བོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུས་མངོན་པར་སངས་རྒྱས་པའི་དོན་ལ་གནས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཅུས་ཆེ་དེ་ཉིད་ཡུལ ་འཇིག་རྟེན་གྱི་ཁམས་འོག་མིན་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་འཇིག་རྟེན་གྱི་ཁམས ་བསམ་གྱིས་མི་ཁྱབ་པར་སུ་གསུ་ཕྱི་རོལ་མོ་མངོན་པར་སྟོན་ཅིང་མི་ཟད་པའི་ངང་ལས་ཡང་དག་པར་རྫོགས་པར་འཚང་རྒྱ་བ་དང་། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱའི་བར་དུ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དུ་མའི་སྐར་བསྟན ་ནས་ཐོགས་པ་མེད་པར་དེ་བཞིན་གཤེགས་པ་ཉིད་ཏུ་མངོན་པར་སྤྱོད་པར་མཛད་དོ། ། དེ་ནས་གསང་བ་འཛིན་པ་པོས།། གསང་ཆེན་ཡེ་ཤེས་དབང་བསྐུར་བ།། མཉམ་ཉིད་བདེ་བ་ཆེན་པོ་ཡིས།། ཡེ་ཤེས་དྲི་མེད་དབང ་བསྐུར་བའོ། ། རྡོ་རྗེ་དང་ནི་དྲིལ་བུ་དང་།། ཅོད་པན་ཉི་ཤུ་རྩ་ལྔ་ཡི།། རིག་པའི་དབང་ནི་སྟོན་པར་མཛད།། བླ་མ་རྡོ་རྗེ་འཛིན་པར་གྱུར།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ།། དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པའི།། ་མི་བསྐྱོད་རང་བྱུང་བྱང་ཆུབ་སེམས།། རྡོ་རྗེ་རིགས་ཀྱི་དབང་བསྐུར་བའོ།། དཔལ་ལྡན་རྣམ་པར་སྣང་མཛད་འོད།། འཁོར་ལོ་འདུས་པའི་རྒྱལ་ཆེན་པོར།། རྡོ་རྗེ་རྟག་པ་ཡེ་ཤེས་ཅན།། དེ་བཞིན་གཤེགས་པས་དབང་བསྐུར་རོ།། ་དཔལ་ལྡན་ཡིད་བཞིན་གཏེར་འཆང་བ།། དབང་ཕྱུག་ཆེན་པོ་ཆགས་པ་མེད།། རིན་ཆེན་འབྱུང་གནས་ནོར་བུ་འཛིན།། རིན་ཆེན་རིགས་ཀྱི་དབང་བསྐུར་རོ།། དཔལ་ལྡན་པད་མ་འབར་བའི་མདངས།། རབ་འབར་རྒྱལ་བའི ་སྤྱན་འཆང་བ། ། འོད་དཔག་མེད་པ་ཐུབ་པ་ཆེ།། པད་མ་རིགས་ཀྱི་དབང་བསྐུར་རོ།། དཔལ་ལྡན་སངས་རྒྱས་ཕྲིན་ལས་སྐུ།། ཡེ་ཤེས་རྒྱལ་པོ་སྒྱུ་འཕྲུལ་ཆེ།། གདོན་མི་ཟ་བ་ཐོགས་པ་མེད།། ལས་ཀྱི་རིགས་ཀྱི་དབང་བསྐུར ་རོ། ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ས་མ་ཡ་ཤཱི་ཡེ་ཧཱཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་དྷི་ཏིཥྛ་བཛྲ་བུད་དྷ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏྲ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་རཏ་ན་ཨ་བྷི་ཥིཉྩ ་མ་ཡ་ཤཱི་ཡེ་ཏཱཾ། ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་པད་མ་ཨ་བྷི་ཥིཉྩ་ས་མ་ཡ་ཤཱི་ཡེ་ཧྲཱིཿོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཁ།། དེ་ཡང་ཆུའི་དུས་སུ་ནི་མི་བསྐྱོད་པའི། ་བུམ་པའི་ཆུས་བཀྲུ་བར་བྱེད་དོ།། རིན་ཆེན་གྱི་ནི་མེ་ཏོག་ཕྲེང་བ་རྣ་ལྷག་གཡས་པར་རོ།། པད་མ་ཡི་ནི་བུམ་པ་རྡོ་རྗེ་དང་བཅས་པའོ།། ལས་ཀྱི་ནི་རོལ་མོ་སྣ་ཚོགས་སྒྲོགས་པའོ།། དེ་བཞིན་གཤེགས་པ་ནི་བཀྲ ་ཤིས་དུ་མའོ། ། རིན་ཆེན་འབྱུང་ལྡན་གྱིས་ནི་དབུ་རྒྱན་རྩེ་ལྔ་པ་ཉིད་དོ།། རྡོ་རྗེ་མི་བསྐྱོད་པ་ནི་བུམ་ཆུས་ཆར་དབབ་པའོ།། པད་མ་ནི་རྡོ་རྗེ་བུམ་པའི་སྟེང་དུ་བཅས་པའོ།། ལས་ཀྱིས་ནི་སྒྲ་སྒྲོགས་པའོ།། བརྟག་པའི་བཀྲ ་ཤིས་བརྗོད་པ་ཉིད་དོ། ། སྣང་བ་མཐའ་ཡས་ཀྱི་ནི་རྡོ་རྗེ་འབར་བ་གཏད་པའོ།། རྡོ་རྗེའི་ནི་ཁྲུས་ཆར་རོ།། རིན་པོ་ཆེ་ནི་མེ་ཏོག་རབ་ཏུ་གཏོར་བའོ།། ལས་ཀྱི་ནི་སྒྲ་བརྙན་གྱི་ཚོགས་སོ།། སངས་རྒྱས་ཀྱི་ནི་གསང་སྔགས་བརྗོད ་པའོ། ། དོན་ཡོད་གྲུབ་པ་ནི་དྲིལ་བུ་གཏད་པའོ།། རྡོ་རྗེའི་ཁྲུས་ཆར་རོ།། རིན་པོ་ཆེས་ནི་མེ་ཏོག་ཆར་རོ།། པད་མས་ནི་རྡོ་རྗེ་དང་བཅས་པའི་ལོ་མས་སོ།། སངས་རྒྱས་ཀྱིས་ནི་ཚིགས་སུ་བཅད་པ་བརྗོད་པའོ།། རྣམ་པར་སྣང ་མཛད་ཀྱིས་ནི་གསང་མཚན་གདགས་པའོ། ། རིན་ཆེན་གྱིས་ནི་མེ་ཏོག་སྤྱི་བོར་རོ།། པད་མའི་རྡོ་རྗེ་མགོ་ཐོག་ཏུའོ།། ལས་ཀྱི་ནི་དྲིལ་བུ་མགོ་ཐོག་ཏུའོ།། རྡོ་རྗེ་ནི་རྡོ་རྗེ་དྲིལ་བུ་བསྣོལ་བས་མགོ་ཐོག་བཞག་ཅིང་བུམ་ཆུས་གཏོར། ་བ་ཉིད་དོ།། དེ་ལྟར་རིགས་ཀྱི་དབྱེ་བས་ཉི་ཤུ་རྩ་ལྔའི་བར་དུ་རབ་ཏུ་ཤེས་པར་བྱ་བ་ཉིད་དོ།། གསང་སྔགས་དང་རིག་སྔགས་དང་གཟུས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་སྣ་ཚོགས་ལྟས་ནི་ཀུན་དུ་སྐུའི་དབང་ངོ་།། གསང་སྔགས། ་དང་རིག་སྔགས་དང་གཟུངས་སྔགས་དུ་མའི་སྔགས་བརྗོད་པ་དང་།། སྒྲ་དུ་མས་ནི་ཀུན་དུ་གསུང་གི་དབང་ངོ་།། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱི་སྙིང་པ་དང་ཏིང་ངེ་འཛིན་དུ་མས་ནི་ཀུན་དུ་ཐུགས ་ཀྱི་དབང་ངོ་། ། ཆོས་ཀྱི་རྒྱལ་པོ་མངོན་པར་ཐོབ་པར་འདོད་པས་ནི་རྡོ་རྗེ་སླེབ་དཔོན་གྱི་དབང་བསྐུར་བར་བྱའོ།། གསང་བའི་དམཆེག་སྦྱིན་པར་བྱའོ།། སྤྱོད་པ་བཅོམ་པར་འདོད་པ་ལ་ནི་བརྟུལ་ཞུགས་ཀྱི་དབང་བསྐུར་བར ་བྱའོ། ། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར།། འཇིག་རྟེན་ཁམས་ནི་སྟོང་དག་ཏུ།། ཇི་ལྟར་ཐབས་ཀྱིས་འདུལ་གྱུར་པ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། གཞན་དག་དྲུག་དང་བླ་མ་ནི།། དགེ་སློང་རྡོ་རྗེ་འཛིན་པ་ཡིས།། ་ཆོས་གོས་རི་དགས་རྣ་བ་ལྟར།། མར་མེ་མཛད་དཔལ་ཕྱག་རྒྱ་ལས།། གསང་བ་ཆེན་པོའི་ཚུལ་བསྟན་པས།། འདི་ལྟར་ང་ཡིས་ལུང་བསྟན་ཏེ།། ཐུབ་པ་དེ་བཞིན་གཤེགས་པའི་གཙོ།། གང་གཉིས་གཙོ་བོར་འབྱུང་བར ་འགྱུར། ། མི་འཇིགས་ཕྱག་རྒྱ་སྦྱིན་མཛད་དེ།། དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོང་རྣམས་ལས་བཏོན།། དབང་མཆོག་ཐོབ་པ་ཙམ་གྱིས་ནི།། སློབ་མ་ཡོན་ཏན་བདག་པོར་གྱུར།། ཁམས་གསུམ་གྱི་ནི ་རྒྱལ་སྲིད་ཆེ། ། རྒྱལ་བའི་བདག་པར་བསྟན་པ་དང་།། དེར་ནི་བདུད་ལས་རྣམ་རྒྱལ་ཞིང་།། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིས།། དེང་འདིར་སངས་རྒྱས་ཉིད་ཐོབ་པར།། ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན།། དེ་ནས་གས ་བའི་དཀྱིལ་འཁོར་དུ། ། རིག་མ་རྣམ་པར་གཞུག་བྱ་ཞིང་།། བླ་ན་མེད་པའི་བླ་མ་ལས།། བདུད་ཅི་དག་པའི་བློ་བླང་བྱ།། ཐབས་དང་ཤེས་རབ་སྦྱོར་བ་ཡི།། བདེ་བའི་བྱང་ཆུབ་སེམས་ཀྱི་རྒྱུན།། རང་འབབ་ཡེ་ཤེས ་བཅུད་ཀྱི་ལེན། ། འཆི་མེད་ཡེ་ཤེས་དབང་བསྲུང་བ།། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས།། བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར།། དེ་བཞིན་བྱང་ཆུབ་སེམས་བཟང་པོས།། བུ་ཁྱོད་དབང་ནི་བསྐུར ་བར་བྱ། ། དེ་ཉིད་ལོངས་སྤྱོད་རྩལ་སྦྱངས་ཏེ།། གསུང་གི་རྡོ་རྗེ་རབ་བསྒྲུབ་ཕྱིར།། རྟོག་མེད་བདེ་བའི་གནས་ལས་སྐྱེས།། དྲི་མེད་གསང་བའི་དབང་བསྐུར་བའོ།། དེ་ནས་རིག་མའི་དབྱེ་བ་ནི།། ཉི་ཤུ་རྩ་ལྔའི ་དབྱེ་བ་ཡིས། ། གླང་པོ་ཅན་དང་རི་ངོགས་མ།། དུང་ཅན་མ་དང་སྣ་ཚོགས་ཅན།། པད་མ་ཅན་ནི་རིམ་ཤེས་པས།། ཕྱག་རྒྱའི་དབང་ནི་ཐོབ་བྱེད་ཡིན།། ལས་ཀྱི་ཕྱག་རྒྱ་མ་ཤེས་རབ་མ་སྟེ།། ལོ་བཅུ་གཉིས་མ ་འམ། བརྒྱད་གཉིས་མ་འམ། བཅུ་གཉིས་གཉིས་མའི་རིམ་པ་སྟེ། དེ་ཡང་གནས་དང་ཉེ་བའི་གནས་ལ་སོགས་པར་སྐྱེས་པ་འམ།། སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་སྟོབས་ལས་གྲུབ་ཅིང་ཡེ་ཤེས ་ཀྱིརྒྱུ་མཐུན་ལས་བྱུང་བ་འམ། ། དབུས་ཀྱི་ཡུལ་དུ་སྐྱེས་པ།། དབང་པོ་ཚང་བ། ཡན་ལག་ཉིད་ལག་ཡོངས་སུ་རྫོགས་ཤིང་མཚན་དང་ལྡན་པ།། དབང་བསྐུར་བ་ཐོབ་ཅིང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས་པ་ལས་ཨ་བ ་དྷཱ་ཏཱི་སྟེན་པའམ་སྟོན་པའི་ནུས་པ་དང་ལྡན་པའི་རྣལ་འབྱོར་མ་དེ་ལས་ཀུན་དྷར་གྱི་སྣ་ཙེ་ལས་བསྐྱོད་པའི་བདེ་བ་ལས་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ལས་ཡེ་ཤེས ་མངོན་སུམ་དུ་ཉམས་སུ་མྱོང་བ་སྐྱེད་ཅིང་དེ་ལས་ཐོབ་པ་དེས་སྣང་གྲགས་བརྟན་གཡོ་མ་ལུས་པ་ལ་རྒྱས་བཏབ་པའི་ཡེ་ཤེས་རོ་གཅིག་པའི་ངང་དུ་རྟག་ཏུ་གནས་པར་བྱ། ། དེས་ནི་གསང་བའི་སྤྱོད་པ་ལ་གནས ་ད་ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་སེམས་དཔའ་གྲུབ་པར་བྱེད་དོ། ། ཆོས་ཀྱི་ཕྱག་རྒྱ་ནི་འོད་ཀྱི་རིག་མ་ལས་བྱུང་བ་རང་སྣང་བའི་ལྷ་མོ་ལས་རྟོགས་པར་འགྱུར་རོ།། ཕྱག་རྒྱ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱིན ་རླབས་བླ་མའི་བརྒྱུད་པ་ལས་ཐོབ་པར་བྱེད་དོ། ། དམ་ཚིག་གི་ཕྱག་རྒྱ་ནི་ཐབས་དང་ཤེས་རབ་མི་ཕྱེད་པའི་ཡེ་ཤེས་ལས་འདའ་བ་མེད་པར་སྤྱོད་པ་སྟེ། གསང་བ་ཟབ་དང་རྒྱ་ཆེ་བའི།། ཡེ་ཤེས་རབ་ཏུ་མི་གནས་པ། ཞི ་གནས་ལྷག་མཐོང་རོ་གཅིག་ཏུ། ། བླ་མི་གསང་ཆེན་དབང་བསྐུར་བའོ།། དེ་བཞིན་གཤེག་པ་ཐམས་ཅད་ཀྱི།། སྲས་བཅས་འབྱུང་བའི་དཀྱིལ་འཁོར་དུ།། དཔལ་མཆོག་འདིར་ནི་གང་བསྟན་པ།། རྡོ་རྗེ་འཛིན ་པའི་སྤྱོད་ཡུལ་དུ། ། རིགས་ཀྱི་དབྱེ་བ་བསྡུས་པའི་ལམ།། བསམ་མི་ཁྱབ་པའི་ཁྱད་པར་གང་།། བྱ་བ་སྤྱོད་པའི་ཚུལ་ཀུན་གྱི།། རྒྱུད་སྡེ་སྣ་ཚོགས་ལྷ་རྣམས་ཀྱི།། དབང་བསྐུར་རབ་ཏུ་ཐོབ་པས་ན།། གཉིས ་སུ་མེད་པའི་རྒྱལ་ཞེས་བརྗོད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད ་ལས་དབང་བསྐུར་བ་ཆེན་པོ་ཚད་མེད་པ་རྡོ་རྗེའི་ལེའུ་སྟེ་དྲུག་བཅུ་བརྒྱད་པའོ། ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། གསང་བ་བདག་པའི་ཚུལ་གནས་ཏེ།། ཕྲིན་ལས་སྣ་ཚོགས་སྦས་པ་ཡི།། དེ་ཉིད་རབ ་ཏུ་བསྟན་པའོ། ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གསང་བའི་དབང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་ཚུལ་ཡང་དག་པར་དབང་བསྐུར་བ་རྡོ་རྗེའི་ཏིང་ངེ་འཛིན་མི ་ཕྱེད་པ་སྟེ། ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཐུ་བོར་གྱུར་པ་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་ཀྱིས ་གྲོགས་ཚངས་པར་མཚུངས་པར་སྤྱོད་པར་བལྟ་སྟེ། ཁྲོ་བོའི་རྒྱལ་པོ་དུ་མས་ནི་ཡང་དག་པར་སྲུང་བར་བྱེད་དོ།། ལྷ་མོའི་ཚེགས་རྒྱ་མཚོས་ནི་ཀུན་ནས་དེ་ལ་ཡོངས་སུ་མཆོད་པར་བྱེད། ཚངས་པ་དང་། བརྒྱ་བྱིན་དང ་དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། གུ་ལ་ང་ལ་སོགས་པ་དུ་མ་ལྷ་མ་སྲིན་སྡེ་བརྒྱད་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དཔག་ཏུ་མེད་པ་དུ་མ་རྣམས་ཀྱིས་ཡོངས་སུ་བསྲུང་བ་དང་བསྐྱབ་པ་དང ་མཆོད་པའི་རྟེན་དུ་བྱེད་ལ། ། དངོས་པོ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱེད་དོ།། དེའི་ཕྱིར་དེའི་གནས་ཀྱི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་དགེ་བའི་རྩ་བ་རྣམས ་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྙིང་པོར་བླ་ན་མེད་པར་གནས་པ་ཀུན་དུ་བཟང་པོའི་སྤྱོད་པ་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་གནས་པ། དཀྱིལ་འཁོར་དུ་མའི་སྒོ་ནས་སེམས ་ཅན་གྱི་བསམ་པ་རྫོགས་པར་བྱ་སྟེ། གདུལ་བྱ་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་ཚད་མེད་པ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་།། ཡང་དག་པར་དགའ་བར་བྱ་བ ་དང་། ཡང་དག་པར་དབུགས་དབྱུང་བ་དང་གཟོང་བསྟོད་པ་དང་།། ལུང་བསྟན་པ་ཐོབ་པར་བྱེད་པས་འབྲས་བུའི་ལམ་ལས་མངོན་པར་དགའ་བས་རྒྱས་པར་བྱེད་པའོ།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། རྡོ་རྗེ་སེམས་དཔའ ་ངོ་བོར་བཞུགས། ། དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པས།། ཡང་དག་ཡེ་ཤེས་མཚན་ཉིད་ཅན།། གཉིས་མེད་མཉམ་པ་ཉིད་སྦྱོར་བས།། སྣ་ཚོགས་དུ་མ་ལས་འཕྲོ་བ།། འཇིག་རྟེན་ཁམས་ནི་མ་ལུས་པར།། དཔག ་མེད་འོད་ཟེར་ཚོགས་ལས་ནི། ། དབང་བསྐུར་གྱུར་པའི་ལྷག་པའི་ལྷ།། འགྲོ་བ་ཀུན་གྱི་རང་བཞིན་གྱིས།། ལུས་ངག་ཡིད་ལ་གནས་ནས་ནི།། ཡེ་ཤེས་རྡོ་རྗེའི་རྒྱུ་ལས་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དབྱེར་མེད་ངོ་བོ་ཉིད ་གཅིག་པ། ། བདེ་བ་ཆེན་པོའི་ངང་བཞུགས་པས།། རྡོ་རྗེ་བཙུན་མོའི་བྷ་ག་ལས། མཉམ་པར་སྦྱར་བའི་ཡན་ལག་གིས།། བདེ་དང་བདེ་ཆེན་ལྷན་ཅིག་སྐྱེས།། དཔལ་མཆོག་རང་བྱུང་ཕྱག་རྒྱ་ཆེ།། འདི་ལས་བཅོམ་ལྡན་འདས ་བདག་བྱེད། ། སངས་རྒྱས་རོལ་པ་བསམ་མི་ཁྱབ།། ཡང་དག་དབང་ནི་སྐུར་བྱེད་པ།། དེ་ཉིད་བླ་མ་ཡིན་པར་བརྗོད།། འདིར་དབང་སྒྱུར་བའི་རྣལ་འབྱོར་པ།། སློབ་དཔོན་དེ་ལས་གཅེས་པ་ཡི།། སྲོག་ནི་གཞན་དུ་ཡོད་མ ་ཡིན། ། རྡོ་རྗེ་བྱང་ཆུབ་སེམས་ཉིད་དང་། ཐ་དད་མེད་ཕྱིར་བླ་མ་ནི།། རྒྱུན་དུ་མཆོད་ཅིང་བསྟེན་བྱར་གསུངས།། དངོས་པོ་ཐམས་ཅད་ཡོངས་སུ་ནི།། བླ་མ་ལ་ནི་ངེས་པར་དབུལ།། འདིས་ནི་དངོས་གྲུབ་མ་ལུས་པའི།། འབྱུང ་གནས་དེ་བཞིན་གཤེགས་པར་བསྟན། ། དཔལ་ལྡན་དབུས་ཀྱི་གནས་གྱུར་པ།། འཁོར་ལོ་མཆོག་གི་འཁོར་ལོ་ཉིད། བླ་མ་མཆོག་ལ་དུས་རྟག་ཏུ།། སྤྱི་བོས་བཏུད་དེ་ཕྱག་བྱར་འོས།། འདི་ནི་སྤྱོད་པ་བསྟན་པ་ལ།། ་ཟབ་པ་ཡི་ནི་སྤྱོད་པ་དང་།། དེ་བཞིན་རྒྱ་ཆེ་བ་ཡི་ཚུལ།། གཉིས་མེད་བདེ་བ་ཆེན་པོ་ཡིས།། བཏུལ་ཞུགས་ཚུལ་འདི་བསྟན་པའོ།། ལྷ་མོ་ཉི་ཤུའི་བདག་ཉིད་ཀྱིས།། འདོད་པའི་ཡོན་ཏན་ཀུན་རོལ་པ།། འདིར་ནི་རྒྱ་ཆེར་གྱུར་པ ་ཏེ། ། ཏོང་ཆེན་རབ་ཏུ་འཇོམས་མ་དང་།། སོ་སོར་འབྲང་དང་རབྱ་ཆེ། ཚལ་འཛིན་མ་དང་རྗེས་འཛིན་མ།། ཙུན་དུ་དང་ནི་རལ་གཅིག་མ། ནོར་རྒྱུན་མ་དང་རིན་ཆེན་སྐྱོན།། འོད་ཟེར་ཅན་དང་དྲུག་སེལ་མ།། རི་གྲོད་ལམ ་ཅན་དང་ནི། ། གཙུག་ཏོར་རྣམ་པར་རྒྱལ་མོ་དང་།། མཐའ་ཡས་སྒོ་དང་རྡོ་རྗེ་ལྗགས་སྒྲོགས་མ།། ཤེས་རབ་འཕེལ་བྱེད་ལས་སྒྲིབ་སེལ།། ཡེ་ཤེས་མི་ཟད་ཟ་མ་ཏོག། སངས་རྒྱས་ཆོས་ཀྱི་མཛོད་དང་ནི།། ཀུ་ར་ཀྵ་མྦེ ་གདུགས་དང་མོ། ། འདི་དག་གཟུངས་ཀྱི་ལྷ་མོར་བརྗོད།། ཟབ་མོའི་སྤྱོད་ཚུལ་བྲན་མོད།། ལྷ་མོ་དགུ་དང་ལྷན་གཅིག་དུ།། གསལ་བའི་ཡེ་ཤེས་རོལ་པ་ནི།། མགོན་པོ་ཀུན་དུ་སྤྱོད་པའོ།། གཉིས་མེད་ཡེ་ཤེས་བདེ་བ ་ཆེ། ། ལྷ་མོ་ལྔ་དང་བཅས་པ་ཡི།། ཚོགས་ཀྱི་དཀྱིལ་འཁོར་འདུས་པ་ནི།། མཉམ་གཞག་ཆེན་པོའི་སྤྱོད་པ་ཡིན།། འདི་དག་སྤྲོས་བཅས་སྤྱོད་པ་དང་། སྤྲོས་མེད་ཡེ་ཤེས ་ཚུལ་གྱུར་པ། ། ཤིན་དུ་སྤྲོས་པ་མེད་པས་ནི།། འདོད་དང་བསམ་པ་འཇུག་པ་དང་།། དུས་ཀྱི་ཁྱད་པར་རྣམ་དབྱེ་བས།། བྷཱ་སུཾ་ཀུ་དང་ཀུན་ཏུ་བཟང་།། རིག་པའི་བཏུལ་ཞུགས་སྤྱད་པ་ཡིས།། ཉོན་མོངས ་བའི་ཉོན་མོངས་དག། ཚར་བཅད་པ་དང་རྗེས་འཛིན་གྱི།། ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།། བརྟན་གཡོ་དབང་དུ་བདུད་པའི་པྱོད། པ་མེད་འཚེ་བ་རྣམ་སྣང་བས།། ཐམས་ཅད་སྒྱུ་མའི་ཚུལ་སྦྱོར་བ། སྟོང་ཉིད ་ཡེ་ཤེས་ཤེས་རབ་མས། ། ཁྱོགས་དང་བརླབས་དང་ཁང་ལྡིང་དང་། བཀབ་པ་དང་ནི་བསྐྱོད་པ་ཡིས།། ཚངས་པར་སྤྱོད་དང་བདེ་བར་རོལ།། དེ་ནས་གསང་བའི་ཚུལ་གནས་མ།། རྫོགས་པར་རླུང་གི་རྣལ་འབྱོར ་བསླབ། ། རྣལ་འབྱོར་རྟག་ཏུ་མཉམ་གཞག་ལས།། འཇུག་པའི་རླུང་ནི་བགྲང་བྱ་ཞིང་།། ཇི་སྲིད་འབུམ་གྱི་བར་དུ་ནི།། སྒྲ་དང་བྲལ་བར་རྟག་ཏུ་བཟླས།། སྒྲུབ་པོས་སྒྲ་དང་བྲལ་བ་ནི།། འབུམ་བཟླས ་ཡོངས་སུ་རྫོགས་པ་ན། ། འཆི་བདག་འཇོམས་པར་འགྱུར་བ་སྐྱེ།། ཡེ་ཤེས་ལྔ་ཡི་བར་དག་ཏུ།། འཆི་བ་བསླུས་པར་ཐེ་ཙོམ་མེད།། རྟག་ཏུ་ནང་པར་ཐོ་རངས་དུས།། སྟོང་ཕྲག་གཅིག་ཏུ་ཕྱག་མེད་པར།། དེ་ཉིད་རྡོ་རྗེ ་བཟླས་བྱས་པས། ། བར་དུ་གཅོད་ལས་བཟློག་པས་ན།། དེ་ཕྱིར་རླུང་གི་རྣལ་འབྱོར་ལ།། ཀུན་དུ་མཉམ་བཞག་གནས་པར་བྱ།། དེ་ཉིད་བུམ་པ་ཅན་བཅིངས་པས།། བདུད་ལས་རྣམ་པར་རྒྱལ་བ་འཐོབ།། དེ་ཉིད་རིག་ཕྲ ་ལུས་ཀུན་ལས། ། ལུས་ཀྱི་ཁོང་སྟོང་རྩ་སྦུབས་དག། རླུང་གིས་ངེས་པར་དག་བྱས་པས།། དེ་ཉིད་རྔུབ་པ་དང་བཅས་པས།། ཁྱད་པར་འཇོམས་པ་རླུང་གི་ལས།། དབུ་མ་ཉིད་ཏུ་གནས་པ་ནི།། འབྱུང་བ་ཟག་པ་མེད་པ་དང་།། ་ཤིན་ཏུ་བདེ་བ་སྐྱེད་བྱེད་ཡིན།། རླུང་གིས་སེམས་ནི་བསྐྱོད་མེད་པར།། རབ་ཞི་འབྱུང་བ་ལྡོག་པ་དག། གཅིག་ཏུ་གནས་པར་བྱེད་པའི་ལས།། འདི་ནི་རྣལ་འབྱོར་ལམ་དུ་གསུངས།། སྒོ་ལྔའི་རླུང་ནི་བསྡུ་བ་ཡང་།། དབང་པོ་ནང ་དུ་ཟློག་པ་ལས། ། ཕྱི་རོལ་ཉེ་བར་དམིགས་མི་འགྱུར།། འདི་ནི་ཡིད་ཀྱི་རླུང་ཟིན་པའོ།། གཡོ་བཅས་རྣམས་ལ་རེངས་བྱེད་པ།། སྲོག་ནི་བརྟན་པའི་ཚུལ་གྱིས་སུ།། འགྱུར་བ་མེད་པར་གྱུར་པ་གང་།། སྣང་བའི་རླུང་ནི་བརྟན་པའོ།། ། ་བརྟན་པའི་ཡལ་ག་རླུང་གི་ལམ།། རབ་ཏུ་གཏོང་བའི་སྦྱོར་བ་ཡིས།། སྲོག་རྩོལ་འབོག་པར་གྱུར་པ་ན།། གཡོ་མེད་བརྟན་པ་ནུས་པ་ཐོབ།། ཚད་དང་གྲངས་ལས་འདས་པ་ཡི།། མཉམ་མེད་ཀུན་དྷ་ར་མར་གནས་པས། ་རྟོག་པ་མ་ལུས་ནུབ་པའི་ཚེ།། ཉོན་མོངས་བདུད་ལས་རྒྱལ་བ་ཉིད།། རྟོག་པ་ཀུན་ལས་མི་གཡོ་བ།། དེ་ཉིད་ཡེ་ཤེས་རྒྱལ་བ་ཆེ།། སྐྱིལ་ཀྲུང་གཅིག་ལ་གནས་བྱས་ཏེ།། བྱང་ཆུབ་ཤིང་ལ་རྒྱ་བརྟེན་ནས།། མཉམ་བན ་བར་བཅིངས་པ་ལས། ། བསྡམས་གྲོལ་ཀྱད་མེད་གྱུར་པ་དང་།། ཁ་ཟས་གོས་ཀྱི་རྩོལ་མེད་ལ།། ཕུང་པོའི་བདུད་ལས་རྒྱལ་བ་ཡིན།། རླུང་ནི་རྒྱུབ་མི་ཚོར་དང་།། དབུ་མར་འབྱུང་བ་བརྟན་པ་ཡིས།། དངོས་རྣམས་སྒྱུ་མར ་མཐོང་བ་ཡིས། ། ལྷ་ཡི་བུ་ཡི་བདུད་ལས་རྒྱལ།། རང་རིག་ཡེ་ཤེས་ཀྱིས་དག་པ།། ཉོན་མོངས་དུག་གསུམ་རླུང་དག་ལ།། ཚར་བཅད་པས་ནི་འཇིག་རྟེན་ལྷའི།། གཟུགས་དག་འགས་པར་བྱེད་པ་ཡིན།། རྗེས་བཟུང་བས་ནི་སླར ་སྡུད་པ། ། གཅིག་ཏུ་བྱེད་པ་འདི་ལས་འགྲུབ།། ནང་དུ་ཟླ་བའི་རླུང་བཟུང་ནས།། འཁྲུལ་འཁོར་དྲག་སྤྱོད་གཏུམ་པ་ཅན།། ཨཱ་ལི་ལས་བྱུང་དག་པ་ལས།། ཟླ་བས་འཕོ་བར་མི་ནུས་སོ།། གསང་བ་བཟློག་པའི་ཏིང་འཛིན ་ལས། ། ཆུ་ཚོད་ལྔ་ཡི་བར་དག་ཏུ།། ཉི་མའི་རླུང་ལ་ཀཱ་ལི་ཡིས།། བཅིངས་པས་ཉི་མ་འཕོ་མི་འགྱུར།། གཟུང་དང་འཛིན་པ་རྣམ་བྲལ་བར།། རགས་པ་སྒྲ་ཞེས་བཤད་པ་ཉིད།། ཕྲ་བ་སེམས་ཀྱི་རྣམ་པ་ལས།། རྣམ་རྟོག་རི། ་བོ་བཅོམ་པའི་ཕྱིར།། ཕྱི་རོལ་རི་བོ་འཇོམས་པ་དང་།། ཐལ་བར་ཡང་ནི་བྱེད་ནུས་པ།། བསམ་པ་ཕུན་སུམ་ཚོགས་པས་སོ།། དུག་གསུམ་ལས་ནི་རང་བཞིན་རྣམས།། ལོག་རྟོག་དྲི་མུ་མ་ལུས་པ།། གཞོམ་བྱེད་མི་གཡོར ་གནས་བྱས་ནས། ། དཔུང་ཆེན་རེངས་པར་ཐེ་ཚོམ་མེད།། འཁོར་བའི་ཆོས་ཉིད་སྤངས་པ་ན།། དུག་ཉིད་བདུད་རྩིར་སྦྱར་བ་དང་།། རང་བྱུང་བདུད་རྩི་སྦྱངས་གྱུར་པས།། བཀྲེས་སྐོམ་མེད་པར་འགྱུར་བ་ཡིན།། བསམ་པ་རྣམ ་པར་དག་གྱུར་ལ། ། དུག་སྦྲུལ་འཚེ་བར་མི་འགྱུར་སྟེ།། དེ་ལས་གཞན་དུ་བཟློག་པ་ཡིས།། དུག་སྦྲུལ་གཞན་ལ་སྤོང་བར་བྱེད།། ཤིན་ཏུ་ཁྲོས་པར་གྱུར་ནས་ཀྱང་།། ཀླུ་རྣམས་ལ་ནི་བཀའ་བསྒོ་བས།། ལོག་པར་ལྟ་བའི་རྒོལ ་བཀུན། ། དུག་སྦྲུལ་ཆེན་པོས་ཟ་བར་འགྱུར།། གལ་ཏེ་དང་མུར་དེ་དགལ།། ཏིང་འཛིན་པོ་པའི་སྦྱོར་བ་ཡི།། དུག་རྣམས་སྐད་ཅིག་གཅིག་གིས་སེལ།། ཡེ་ཤེས་རླུང་ལས་གྱུར་པ་ཡི།། འཕོ་མེད་མི་ཆོད་རྡོ་རྗེ་ལས།། སེམས ་ཅན་གདུག་པའི་སྲོགས་ཆགས་ཆེ། ། སྟག་སོགས་ཁ་ནི་འཆིང་བར་བྱེད།། གང་དུ་ཐབས་དང་ཤེས་རབ་ལས།། མཉམ་སྦྱོར་ཁུ་བའི་རྣམ་པ་ནི།། བཙུན་མོའི་བླག་དེ་ལས་ནི།། བསྐྱིལ་དང་བཟློག་པའི་སྦྱོར་བ ་ཡིས། ། གང་གཱ་ལ་སོགས་ཆུ་བོ་རྣམས།། གང་ཞིག་བཟློག་སྟེ་འབབ་པར་གྱུར།། རྩ་གསུམ་ལས་ནི་བྱུང་བ་དང་།། རྩ་ཕྲན་གཞན་ལས་འབབ་པ་དག། གལ་ཏེ་བཟློག་པར་གྱུར་པ་དག། ཤིན་དུ་ཆུ་བོ་སྐེམས་པར་བྱེད།། ་སྲིད་རྩེ་ལ་སོགས་འཇིག་རྟེན་པའི། བསམ་གཏན་ཏིང་འཛིན་གནས་བྱས་ལ།། དེ་ཉིད་སྟོང་པར་བཅུག་ན་ནི།། ལྷ་ཆེན་དག་ཀྱང་འཇིག་འགྱུར་ལ།། གཞན་དུ་ཨརྫ་ཀ་བཞིན་བྱེད།། དེ་ཉིད་ཏུ་ནི་གསང ་ཆེན་གྱི། ། ཕྲིན་ལས་ཕྲན་ཚེགས་བསྟན་པ་སྟེ།། རྒྱུད་ཀུན་དུ་ནི་མ་བསྟན་ཅིང་།། སྦས་པ་ལྐོག་ཏུ་གྱུར་པ་ཡིན།། གཟུང་འཛིན་རྩ་ལས་རླུང་འཇུག་པས།། འཁོར་བའི་སྲིད་པ་སྐྱེད་པར་མཛད།། ཡང་དག་ཀུན་འདང་ཉིད་གནས། ་ན།། རྣམ་གྲོལ་ཞིབ་མཆོག་ཐོབ་འགྱུར།། ལྟེ་བའི་གནས་སུ་སྲིད་ཞི་དག། སྣ་ཚོགས་འདུས་པར་འབྱུང་གནས་ཏེ།། རྩ་བཅིངས་ལྷ་ཡི་བུ་ཡི་བདུད།། འབྱུང་པོ་བྱེ་བ་ལ་སོགས་པ།། ཕྱི་རོལ་དུ་ནི་འདུལ་བར་འཛད།། ་སྐྱོན་དག་ཡོན་ཏན་གྱུར་པས་ན།། མཚོན་ཆའི་ཆར་ལས་སོགས་པ་ཡང་།། རིན་ཆེན་མེ་ཏོག་དག་ཏུ་འབབ།། སྡུག་བསྔལ་བདེ་བར་ཤར་བའོ།། སྙིང་ཁར་ཡང་དག་ཡོངས་གསལ་བར།། མཚན་མའི་རྟོག་པ་ནུབ་གྱུར ་པས། ། ཡིད་བཅིངས་པས་ནི་ཕྱི་རོལ་དུ།། ཉོན་མོངས་དྲི་མས་མི་གོས་པ།། སྤངས་པ་རྣམ་དག་ལམ་གནས་པས།། ཉོན་མོངས་བདུད་ནི་བཅོམ་པའི་ཕྱིར།། མཉམ་པ་ཉིད་དུ་བཞུགས་པ་ལས།། རྣམ་པར་སྐྱོད་པ ་མི་མངའ་བའོ། ། མགྲིན་པར་ལོངས་སྤྱོད་ཡོངས་གྲུབ་པས།། རླུང་བཅིངས་པས་ནི་རོ་དྲུག་ལ།། ལོངས་སྤྱོད་བཀྲེས་རྒུད་མི་མངའ་བ།། གནོད་པ་སྣ་ཚོགས་ཟིལ་མ་ནོན་ཅིང་།། ཡན་ལག་དྲུག་བཅུའི་དབྱངས་འབྱུང ་ཞིང་། ། ཕུང་པོའི་བདུད་ལས་རྒྱལ་བས་ན།། མདངས་དང་འོད་ཟེར་ལྷག་པར་འབྱིན།། རླུང་འབོག་ཟག་མེད་གནས་ཐོབ་པའོ།། སྤྱི་བོ་གཙུག་ཏོར་འབྱུང་གནས་དེར།། ཐིག་ལེ་འགྱུར་བ་མེད་བརྟན་པས།། མཆེ་བ་དག ་བདུད་ལས་རྒྱལ་བ་སྟེ། ། དགེ་བ་ཡེ་ཤེས་དྲི་མེད་ལམ།། མཐར་ཕྱིན་རྣམ་པར་རོལ་པ་ཡི།། གསང་བ་བསམ་གྱིས་མི་ཁྱབ་པ།། བཅིངས་པ་མེད་ཅིང་གྲོལ་བ་མེད།། འགྱུར་བ་མེད་པར་བཞུགས་པའོ།། ཉི་ཁྲི་དང་ནི ་ཅིག་སྟེང་དང་། ། དྲུག་བརྒྱ་བཅས་པའི་རླུང་དག་ནི།། ཐམས་ཅད་དབུ་མར་ཐིམ་པ་ནི།། མི་གནས་མྱ་ངན་འདས་པ་ཐོབ།། སྟེང་དང་འོག་ཏུ་རྒྱུ་བའི་རླུང་།། ཁ་སྦྱོར་དུ་ནི་གྱུར་པ་ལས།། སྦྱོར་བ་དེ་ལ་གོམས་བྱེད་ན།། ་དེས་ནི་འོད་གསལ་གོ་འཕང་གནས།། གང་གི་རྣལ་འབྱོར་སྤངས་པ་དང་།། རླུང་གི་རྣལ་འབྱོར་སྤོང་བྱེད་པ།། དེས་ནི་བདེ་བ་མི་འཐོབ་ཅིང་།། སྐྱེས་བུ་ཐ་ཤལ་དེ་དག་བརླག། དུས་ཀུན་དུ་ནི་གཡོ་བ་ཡི།། རླུང་ལ་རྣམ ་པར་གོམས་པས་ནི། ། ལུས་སེམས་གནས་རྣམས་བྱིན་རླབས་ཕྱིར།། ཀུན་ཏུ་སོན་པར་གྱུར་པའོ།། དེ་ལས་བདེ་དང་སྡུག་བསྔལ་དང་།། མཐོ་རིས་ངན་སོང་གར་འཇུག་པ།། ལུས་ཀྱི་སྒོ་ནས་འཕོ་བ་ཉིད།། རང་དབང ་དུ་ནི་འབྱུང་བར་བསྟན། ། སྙིང་ཁའི་རྩ་ཡི་ཡན་ལག་ནི།། བརྒྱད་པོ་བཀྲ་ཤིས་ཡན་ལག་གྱུར།། དེ་ཉིད་ལྷ་མོ་ལུས་གནས་པས།། དཔལ་བེའུ་ལས་སོགས་མཛེས་པར་བྱེད།། འགྲིན་པའི་གནས་སུ་སྐྱེས་པ་ཡི།། ་རྩ་ཡཾ་ཡིན་ལག་འབྱུང་བ་ལས།། རྡོ་རྗེ་རིན་ཆེན་པད་མ་དང་།། ལས་ཀྱི་རིགས་ལས་བྱུང་བ་ཡི།། སེམས་དཔའ་བཞི་བཞིར་ཡང་དག་འབྱུང་།། དེ་ཉིད་རྣལ་འབྱོར་རྒྱུད་ཏུ་བསྟན།། ལྟེ་བར་མ་ངན་པར་འབྱུང་བ་ལ།། ་རྩ་ཡི་ལྗོན་ཤིང་མདབ་རྒྱས་པ།། རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ།། དྲུག་བཅུ་རྩ་བཞིར་འབྱུང་བའོ།། སྤྱི་བོའི་གནས་སུ་སྐྱེས་པ་ཡི།། ཚུལ་ནི་ཡན་ལག་སུམ་བཅུ་གཉིས།། མཁའ་འགྲོ་སུམ་བཅུ་རྩ་གཉིས་དག། ཡུལ ་དང་ཡུལ་དུ་འབྱུང་བ་ཡིན། ། ནང་དུ་དབུ་མའི་ཁོང་སྟོང་དུ།། དུ་བ་ལྟ་བུའི་སྣང་བ་འཆར།། དེ་ལས་རྣམ་པར་མངོན་གྱུར་པས།། གནོད་པ་སྲ་བའི་སྐྱོན་བྲལ་ཏེ།། ཅིག་པ་དག་ལ་མི་དྲུག་སྟེ།། བར་སྣང་བཞིན་དུ་ཐོགས ་པ་མེད། དང་དྲ་དབུ་མར་དང་བྱུང་བའི།། སྡིག་ཏུ་ལྟ་བུའཆར་བ་ནི།། བརྟན་པས་ལུས་ལ་དབང་ཐོབ་བྱེད།། རྡུལས་བཞིན་བྱ་བ་ལ།། ངེས་པ་ཉིད་ཏུ་མངོན་པར་འབྱུང་།། ཀུན་འད་མ་ཡི་སྟོང་དེར།། འབྱུང་བ་མེ་ཡི་རང་བཞི ་ལས། ། སྲིན་བུ་མེ་ཁྱེར་མཐོང་གྱུར་པ།། འབར་བ་དེ་ཉིད་བརྟན་པ་ལས།། བསྲེགས་ཀྱང་མི་འཚིག་གྲོགས་སུ་འཆར།། བརྒྱལ་བར་གྱུར་པའི་བདེ་བར་འགྱུར།། དབུ་མའི་ཁང་པའི་མཐོངས་སུ་ནི།། མར་མེ་འབར་བ ་གང་གིས་མཐོང་། ། ཕྱི་ནང་རྟེན་འབྲེལ་འཇོམ་པ་ནི།། སྣ་ཚོགས་རླུང་གི་སྟོབས་ཆེན་གྱིས།། བསྐྱོད་པར་མི་ནུས་ཕྲིན་ལས་ཏེ།། གལ་ཏེ་མྱུར་བར་ཡེ་ཤེས་འགྲོ།། གལ་ཏེ་ཨ་བ་དྷཱུ་ཏིའི་ནང་།། གཞལ་ཡས་ཡེ་ཤེས་དག་པ ་དེ། ། ཐམས་ཅད་ནམ་མཁའ་ལྟ་བུ་ཡི།། སྟོང་པ་ཉིད་དུ་འཆར་བ་ལ།། ཡེ་ཤེས་སྤྲིན་མེད་ནམ་མཁའ་ལྟང། ཆགས་མེ་མ་འའ་ལྡིང་བར་འཟུར་། བུག་ཀུན་པ་ཅུ་བ་དྲུང་།། རྣལ་འབྱོར་པས་ནི་མཉམ་ཟིན་པས།། འབྱུང་བ་སྤངས་པས་གནས ་པཉྀད། དེ་ཚེ་དྲོ་ཆེན་དྲི་ཆུ་དང་།། དང་སྐབས་མི་འབྱུང་སྟོབས་སུ་འགྱུར།། སྐུའི་རྡོ་རྗེའི་རྟགས་ཡིན་ནོ།། གང་དུ་ལུས་ཀྱི་འབྱུང་བ་བཞི།། མོ་རླུང་འགྲན་པར་བརྟན་གྱུར་པས།། དེ་ཉིད་དུ་ནི་སྤྲུལ་པ་དང་།། སྟོང་ལས་མེ ་འབར་འོད་ཟེར་སྟོང་། ། དགུག་པའི་ལས་ཀྱི་འགྲུབ་པ་ཡིན།། ཆུ་རླུང་སྙིང་ཁར་བརྟན་པ་ལས།། འབྱུང་བ་ཆུ་རུ་འབབ་བྱེད་ཅིང་།། ཀུན་དུ་སྡུད་པར་བྱེད་པ་དང་།། ཞི་བ་སྤང་ནས་ཆུ་འབྲུབ་འཆར།། རླུང་གི་རླུང་ནི་ལྟེ་བ་རུ། ་མཉམ་པར་ཟིན་ན་ཕྱི་རོལ་དུ།། དུམར་སྤྲུལ་པར་ནུས་པ་དང་།། རྡོ་རྗེ་ནང་མགྱོགས་ཉིད་ཐོབ་བྱེད།། ས་ཡི་རླུང་ནི་གས་གནས་སུ།། ཟིན་པ་དེ་ལ་རི་བོ་ལྟར།། མིག་ཡོ་སྐྱིལ་ཀྲུང་མི་བྱེད་ཅིང་།། གླང་པོ་ལྟ་བུའི་ནུས ་པར་འགྱུར། ། དེ་ཉིད་སྲོག་དང་རྩོལ་བ་རུ།། རབ་ཏུ་ཐིམ་བྱེད་རྡོ་རྗེ་ཡིན།། སྙིང་གི་རྩི་མདུང་གྲོལ་བ་ལས།། པད་མའི་མངབ་ལྟར་རྒྱས་པར་བྱེད།། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས།། མཛོད་སྤུ་ཀུན་ཏུ་འབྱུང་བར་བྱེད།། འདིས། ་ནི་འགྲོ་བའི་ལུས་ཀུན་ལ།། འཇུག་པ་རྫུ་འཕྲུལ་ཆེར་སྟོན་ཏོ།། འཕེལ་བར་བྱེད་པའི་རླུང་གིས་ནི།། ཡོན་ཏན་རྒྱས་པའི་གཏེར་ཐོབ་པས།། བུམ་པ་བཟང་པོ་གྲུབ་པའོ།། ཡོན་ཏན་དྲི་མ་མེད་པའི་རླུང་།། སྣ་ཚོགས་ལྷ་མོ་རོལ་པ ་ཅན། ། བཅུ་དྲུག་ཕྲག་ནི་བཞི་དག་ཏུ།། བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ།། དེ་ལས་ཀུན་དུ་སྤྱོད་པ་ཡིས།། གནོད་སྦྱིན་མོ་ལ་སོགས་པ་འགྲུབ།། འདིར་ནི་བདུད་རྩི་བཅུད་ལེན་དུ།། ཉམས་པ་མེད་པས་དབང་ཐོབ་པས།། མི་སྣང་བར ་ནི་བྱེད་པ་ཡི། ། རྡོ་རྗེ་བཅུད་ལེན་མཆོག་ཡིན་ནོ།། རྟོག་པའི་ཚོགས་ནི་བདེ་དོན་དུ།། མེ་རྟོག་ཡེ་ཤེས་རྒྱལ་པོ་རུ།། བསྒྱུར་བ་རླུང་གིས་བྱེད་པ་ཅན།། གསེར་འགྱུར་རྩིའི་མཆོག་ཏུ་འགྱུར།། གང་དུ་དངོས་པོ་ཡོངས་བསྒྱུར་ནས།། ་བདེ་བ་ཆེན་པོར་སྤྱོད་པ་ཅན།། མི་རོ་ལུས་ལས་དངོས་གྲུབ་བརྟེན།། ཡེ་ཤེས་རོ་ལངས་དངོས་གྲུབ་ཡིན།། ཆོས་ཀུན་སྒྲིབ་མེད་རང་གསལ་དུ།། རྒྱུ་འབྲས་མཚན་ཉིད་དོན་སྤྱོད་པས།། ས་འོག་གཏེར་མཐོངས་ལེ་བ།། དངས ་པའི་ཏིང་འཛིན་དང་ལས་བྱུང་། ། ཏིང་འཛིན་ཡེ་ཤེས་ལོག་རྟོག་ལ།། རྣམ་གཅོད་རལ་གྲིའི་དངོས་གྲུབ་སྟེ།། གར་འདོད་དབང་ཕྱུག་གྲུབ་པའི་རྒྱལ།། འདིར་ནི་རླུང་སེམས་སྦྱངས་པས་འགྲུབ།། དཔག་ཚད་བྱེ་བའི་ཕ ་རོལ་དུ། ། སྐད་ཅིག་གིས་ཕྱིན་ཉི་ཟེར་ཞོན།། དངོས་པོ་དུ་མའི་སྣང་བ་ལ།། སྒྱུ་མས་སྤྲུལ་པ་ཆེར་སྟོན་པས།། མཆིལ་ལྷམ་དངོས་གྲུབ་ཕྲ་མོ་ཡིན།། རིགས་པ་མཆོག་ནི་མཁའ་ལ་སྤྱོད།། གང་དུ་རིག་པ་འཛིན་པའི་གནས།། ་མཁའ་ལ་བརྟེན་པའི་ཕོ་བྲང་ལས།། དག་པའི་ཚུལ་གྱུར་ལུས་ཀྱིས་ནི།། ལོངས་སྤྱོད་རྫོགས་པའི་གཞལ་མེད་ལ།། ཁྱད་པར་མཁའ་སྤྱོད་ཞེས་བརྗོད་དོ།། ས་འོག་ལྷ་མིན་ཕུག་སྟོང་ལས།། གང་དུ་བརྒྱད་པ་རྙེད་ནས ་ནི། ། རི་རབ་ལ་ནི་མངོན་འཛེགས་ནས།། གནས་པ་ཐུན་མོང་མཁའ་སྤྱོད་དེ།། གཞན་དུ་རྣལ་འབྱོར་དབང་ཕྱུག་གི། དཀྱིལ་བཀྲུང་རྡོ་རྗེ་སངས་རྒྱས་པ།། སྙིང་པོ་མི་འགྱུར་འབྱུང་གནས་ཡིན།། གནས ་གཞན་ལོངས་སྤྱོད་འཕགས་པའི་ཡུལ། ། རི་རབ་ཞེས་བྱ་མི་ཡི་ལུས།། འབྱུང་བ་བཞིས་ནི་བསྡུས་པ་དག། རིན་ཆེན་སྣ་བཞིའི་རང་བཞིན་ཅན།། སུམ་བཅུ་རྩ་གཉིས་དཀྱིལ་འཁོར་བའི།། ལྷ་ཚོགས་དག་ཏུ་གྱུར་པ་སྟེ།། དེ་ལ ་རྡུལ་ཕྲན་ལུས་ལས་བྱུང་། ། དེ་ཉིད་རྟེན་དང་རྟེན་པར་བཅས།། དེ་སྙེད་བཅས་པར་ཡང་དག་འབྱུང་།། དུར་ཁྲོད་བརྒྱད་དང་བཅས་པར་ན།། ཁོར་ཡུག་འཇིག་རྟེན་སྤྲུལ་པ་དག། ངེས་པར་འབྱུང་བ་བསྟན་པ་ཡིན། དབུག ་རྒྱུ་ཞེས་བྱའི་རིག་པ་ནི། ། དུར་ཁྲོད་ཏུ་ནི་མགོན་པོ་རོལ།། ཕྱི་ནང་སྤྱོད་པའི་དབྱེ་བ་ཡིས།། ལུས་ཀྱི་གནས་སུ་ཀུན་དུ་རོལ།། མར་མེའི་རྩེ་དང་རབ་འབར་བཅས།། ཆུ་བོའི་རྒྱུན་ནི་འབབ་པའོ།། རྩ་ནི་རྒྱས་བཞིང་སྐྱོང་ལ།། ་རླུང་བཅུ་ཕྱོགས་བཅུར་གནས་པ་ལས།། ཕྱོགས་མཚམས་དབྱེ་བས་ཕྱེ་བ་ཡིན།། ཤིང་ནི་རྡོ་རྗེ་ཅན་གྱི་རྩ།། དྲུང་ནི་སྤྲོས་པ་མེད་པ་སྟེ།། བྱང་ཆུབ་འོད་གསལ་ཞེས་བྱ་བ།། རྩ་ནི་དབུ་མ་ཉིད་ལས་སྟོན།། རྟེན་དང་རྟེན་པར་བཅས ་པ་དང་། ། སྲིད་ཞི་མཉམ་པར་སྤྱོད་པའོ།། འགྲོ་བ་ཀུན་ལ་ཁྱབ་པ་ཡི།། བླ་མེད་བྱང་ཆུབ་སེམས་ཀྱི་མཐུས།། ཞེ་སྡང་གི་ནི་གཉེན་པོ་ཆེས།། ཁྱབ་འཇུག་འདུལ་བར་མཛད་པའོ།། བདག་ཉིད་ཕུང་པོ་ཁམས་དང་ནི།། སྐྱེ་མཆེད་ལྷ ་གསལ་བ་ལས། ། འདོད་ཆགས་རྟོག་པ་དང་བྲལ་བའི།། དབང་ཕྱུག་ཆེན་པོ་འདུལ་བའོ།། ཐ་མལ་རྟོག་པ་དག་ནས་ནི།། ཞེན་མེད་སྐུ་རུ་གནས་པ་ཡིས།། ཚངས་པའི་རྒྱལ་པོ་འདུས་བྱེད་པ། གཏི་མུག་དག་པའི་ངོ་བོ་ཉིད།། ་རྡོ་རྗེ་ར་བ་ལ་སོགས་པས།། བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ།། ངེས་པར་འདུལ་མཛད་བསྲུང་བ་ཆེ།། བཀའ་ཡི་འཁོར་ལོ་བསྟན་པ་ཡིན།། ཚད་མེད་བཞི་ནི་གོམས་པ་ཡི།། ཡེ་ཤེས་མཐུ་ཡིས་སྐར་མདའ་གཏོང་།། ་འདི་ཡིས་དགའ་རབ་དབང་ཕྱུག་ནི།། ཕྲག་དོག་བཅོམ་པས་དེ་བཞིན་གཤེགས།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། གསང་བ་འདིར་ནི་མངོན་བརྗོད་པས།། འདིར་ནི་སྐྱེས་བུ་གང་འཇུག་པ།། བློ་གྲོས་ལྡན ་པས་ཆོས་འབྱུང་བའི། ། ཀུན་དུ་བཟང་པོ་ངེས་པར་ནི།། འགྲོ་བའི་དོན་དུ་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་ལས་ཕྲན་ཚོགས་བསྟན་པ་དང་སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་བཅུ་རྩ་དགུ་པའོ། ། །། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།། དེ་བཞིན་གཤེགས་པ་ཀུན་གྱི་མཆོག། སངས ་རྒྱས་ཀུན་བདག་མཆོག་མཁྱེན་པས། ། གསང་བའི་ཡེ་ཤེས་བཀའ་སྩལ་ཏོ།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པས།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ།། དཀྱིལ་འཁོར ་འཁོར་ལོ་བསམ་པ་ཡིས། ། དཀྱིལ་འཁོར་གྱི་ནི་ངོས་རེ་ཞིང་།། དཔག་ཚད་རེལ་ཆ་ཆེན་ཏེ།། ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས།། ལོགས་རེལ་ནི་གནས་པ་སྟེ།། དཔལ་ལྡན་འདུས་པའི་དཔལ་མཆོག་ལས།། རྣམ་པར་རྒྱལ་བའི ་དཀྱིལ་འཁོར་ཆེ། ། རྣམ་པར་མཁས་པས་རྟག་པར་ཡང་།། རིགས་རྣམས་རབ་ཏུ་དགོད་བྱ་བ།། སངས་རྒྱས་དང་ནི་ལྷ་མོ་དང་།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་པ།། གཟུགས་ཀྱི་རྡོ་རྗེ་ལ་སོགས་དང་། ཁྲོ་བོའི ་རྒྱལ་པོ་བཞིར་བཅས་པའི། ། སོ་སོའི་དབུ་མས་གྱུར་པ་ཡི།། འདུས་པའི་དཀྱིལ་འཁོར་དགོད་པར་བྱ།། རེ་རེ་ཞིང་དུ་རིགས་ཀྱི་བདག། གསང་བ་རིགས་ཀྱི་བདག་པོ་ཡིས།། རྒྱས ་གདབ་དཀྱིལ་འཁོར་ཁྱད་པར་བྱ། ། ལྷ་རྣམས་ཁྱབ་ལ་དགོད་པ་ནི།། ཁྲོ་བོ་དྲུག་དང་བཅས་པ་ཡི།། དཀྱིལ་འཁོར་གཉིས་ལས་བསྡུས་པ་ཡི།། ཚངས་པ་དང་ནི་གསང་འཛིན་གྱིས།། དཀྱིལ་འཁོར་ཡང་དག་འབྱུང་བས་ནི། ་སཱ་ར་ཅུ་རྩ་གསུམ་བརྗོད་པའོ།། དེ་བཞིན་གཤེགས་པ་སྟོང་དག་ནི།། དབུས་སུ་ཉེ་བར་གཟིགས་པ་གང་།། རྡོ་རྗེ་རིན་ཆེན་པད་མ་དང་།། རལ་གྲི་འབར་བས་ཁྱབ་པ་དང་། དེ་བཞིན་གཤེགས་པའི་འཁོར ་ལོན། ། ཕྱོགས་བཞིར་ཁྱབ་པར་གནས་པ་སྟེ།། ཤིན་ཏུ་རྒྱ་ཆེའི་རྣམ་པ་ཡིས།། དཔག་ཚད་དབྱེ་བའི་ཁྱོན་ཙམ་དུ།། གྲུ་བཞི་ཤིན་དུ་གསལ་བ་ཡི།། མཛེས་པ་རྟ་བབས་དང་ལྡན་པའི།། ཡོངས་སུ་རྫོགས་པའི་ཕོ་བྲང་ལས།། མཆོད ་རྟེན་རིན་ཆེན་སྣ་བཞི་པ། ། འོད་ཟེར་ཕྲེང་བས་ནམ་བརྒྱན་པ།། གསལ་ཞེང་རང་བཞིན་དྲི་མ་མེད།། དམ་པའི་རིགས་ནི་བརྒྱ་ལ་སོགས།། གསང་བ་རབ་ཏུ་མཆོད་པའི་ཕྱིར།། ཤེས་རབ་ཅན་གྱིས་གནས་སུ་བསམ།། འདོད་པའི ་ཡོན་ཏན་ལྔ་རྣམས་ཀྱིས། ། དེ་ལ་མཆོད་པ་རྒྱ་མཚོ་དབུལ།། དེ་ཉིད་ཕྱི་ནང་གསང་བ་ཡི།། རིམ་པས་རབ་ཏུ་ཕྱེ་བ་ཡི།། ཕྱོགས་དང་དུས་ཀྱིས་གནས་པ་ཡི།། ལྷ་མོ་དྲུག་བརྒྱ་བདུན་ཅུ་དང་།། རྩ་ལྔ་ཡི་ནི་མཆོད་པ་ཉིད།། ངེས་པར་བསྡུས ་པས་ཉིད་འགྱུར་དུ། ། རིན་ཆེན་ན་བཟའ་ལ་སོགས་པས།། བྱང་ཆུབ་འདོད་པས་རྟག་ཏུ་མཆོད།། ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི།། གནས་དེ་ཡིན་པ་རྣམ་པར་བསམ།། བདག་ནི་ཐུགས་ཁའི་ས་བོན་ལས།། མཆོད་པའི ་སྤྲིན་རྣམས་སྤྲོས་ནས་ནི། ། ཉེ་བར་གསང་བའི་རིམ་པ་ཡིས།། མཆོད་པ་རྣམ་པ་ལྔ་རྣམས་ཀྱིས།། རྟག་ཏུ་ལུས་ཀྱི་ལྷ་རྣམས་མཆོད།། དེ་ནས་དེ་ཉིད་འདུས་པ་ཡི།། སྙིང་པོ་བསྐུལ་བར་བརྗོད་པར་བྱ།། གང་ཡང་ཕྱོགས་བཅུའི་འཇིག ་རྟེན་གྱི། ། ཁམས་ཀྱི་སངས་རྒྱས་ཐམས་ཅད་ཀུན།། སོ་སོའི་འཁོར་གྱི་དཀྱིལ་འཁོར་དུ།། དཔག་མེད་བྱེ་བ་ལ་གནས་ཏེ།། ཡེ་ཤེས་མངོན་པར་སྟོན་མཛད་ཀྱང་།། མི་ཟད་ཁམས་ཀྱི་ཡེ་ཤེས་ལས།། འདོད་ཡོན་སྒྱུ་མར་རོལ་པ ་ཡིས། ། ཡོངས་སུ་སྤྱད་པ་སྤྱོད་བྱེད་པ།། དེ་ཉིད་རྣམ་པར་མི་རྟོག་པས།། བསྐུལ་བ་མེད་པས་མི་གཡོར་བཞུགས།། གང་དུ་གསང་བ་ལ་སྤྱོད་པའི།། རིག་འཛིན་མངོན་པར་བརྩོན་གྱུར་ལ།། སྤྱན་རས་ཀྱིས་ནི་མི་གཟིགས་ཏེ། གང་བྱ། ་མངོན་པར་མི་འཚལ། སྐྱེ་མ་རིགས་ཀྱི་བུ་འདི་དག། གསང་བ་དེ་བཞིན་གཤེགས་པ་ཡི།། གསང་ཆེན་སྤྱོད་པའི་ཚུལ་གནས་ལ།། ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས། སྤྱོད་པ་མེད་ཕྱིར་ཆུ་འདི་རུ།། སྙིང་པོ་རབ་ཏུ་བསྐུར། ་བར་བྱ།། གང་དུ་མི་མཇེད་ལ་སོགས་པ།། བྱེ་བ་ཕྲག་ནི་བརྒྱར་གནས་པའི།། སངས་རྒྱས་ཆོས་འཛིན་རྒྱལ་པོ་ནི།། སྤྲུལ་བའི་སྐུར་ནི་གྱུར་པ་ཡེ།། སྐུ་གསུང་ཐུག་ཀྱི་དམ་ཚག་ས།། དགས་པ་ཚིག་གི་ལམ་བརྗོད་པས།། གསང་སྔགས ་མཆོག་གི་སྙིང་པོ་ཡི། ། སྙིང་པོ་རབ་ཏུ་གསང་བ་གསུངས།། གཟུགས་ཀྱི་ཁམས་ཉིད་ཨོཾ་དུ་བསྡུ།། འདོད་ཁམས་ཀྱི་ནི་ཨཱཿལས་ཏེ།། གཟུགས་མད་ཧཱུཾ་དུ་བརྗོད་པར་བྱ།། ཁམས་གསུམ་བདག་ཉིད་གཅིག་པའི་དང་། མཆོག་གི་ཁྱད་ལྔ ་གསང་བ་ཡི། ། སྙིང་པོ་བསྐུལ་བ་ཉིད་ཡིན་ནོ།། རྒྱལ་བ་དེ་བཞིན་གཤེགས་པ་ཡི།། དཀྱིལ་འཁོར་གསང་བའི་འབྱུང་གནས་ཉིད།། སྐུ་གསུང་ཐུགས་ནི་རོ་གཅིག་པུ་དམ་ཚིག་ལ་ནི་དམིགས་པར་གསུངས།། སྤྱོད་ཡུལ་བྱུང་བ ་ཨོཾ་ཡིན་ཏེ། ། དམིགས་པ་མེད་པ་ཨཱཿཡིན་ནོ།། མི་ཤིགས་ཧཱུཾ་དུ་གྱུར་པའི་ཕྱིར།། ཐ་དད་མེད་པར་སྤྱོད་པའོ།། འདི་ནི་ལོངས་སྤྱོད་རྫོགས་སྐུ་ཡི།། སྙིང་པོ་མཆོག་ཏུ་བསྐུལ་བར་གསུངས།། གསང་བ་རིགས་ཀུན་བདག་པོ་ཡི།། ་རྡོ་རྗེ་འཛིན་པའི་རྒྱལ་པོ་ལ།། མི་གཡོ་གནས་མེད་རྟག་པ་ལས།། གཅིག་ཏུ་གྱུར་བྱེད་དོན་དུ་ནི།། གས་རབ་སྐུའི་ངོ་བོ་ཨོཾ།། དྲི་མེད་འབྱུང་བ་སྐྱེ་མེད་ཨཱ།། རྟོག་མེད་སྟོང་ཉིད་ཡེ་ཤེས་ཧཱུཾ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། མི ་བྱེད་གཅིག་གྱུར་ལམ་འདི་ལས། ། རྒྱུན་མི་འཆད་དུ་བསྐུལ་གྱུར་ན།། ཞག་བདུན་གྱིས་ནི་ཉེར་འགྲུབ་སྟེ།། དམ་པའི་རིགས་ནི་བརྒྱ་དག་གིས།། ཐུན་མོངས་མ་ཡིན་གནས་པའོ།། ཡེ་ཤེས་ཡོངས་སུ་དག་པའི་གནས།། ་མུ་ཡི་སྙིང་པོ་རབ་ཏུ་སྐུལ།། རང་གི་དཀྱིལ་འཁོར་བྱེ་བྲག་ཏུ།། རང་གི་རྡོ་རྗེ་འཛིན་པ་ཡིས།། མ་འདྲས་དག་པར་བསྐྱེད་པ་ལས།། རྣམ་པར་སྣང་བར་སྟོན་པའོ།། དེ་ཉིད་རིགས་ནི་ལྔ་དག་གི། རྣལ་འབྱོར་ཡོངས་སུ ་སྤྱོད་པ་ལས། ། བླ་མེད་ཕྱག་ཏུ་ཆེན་པོར་གནས།། གསུང་གི་སྙིང་པོ་བསྐུལ་གྱུར་པས།། ཚད་མེད་བྱང་ཆུབ་དང་ལས་བསྐུལ།། འདི་ནི་དམ་ཚིག་ཆེན་པོ་ཡིན།། མཆོག་ཏུག་སང་བ་བདག་མེད་པས།། ས ་གསུམ་དུ་ནི་ཁྱབ་པ་ཡིས། ། བདེ་བསྟན་ཅིག་སྐྱེས་པར་བསྐུལ།། དེ་ཉིད་དབྱེར་མེད་སྒྱུ་མའི་ལམ།། ཡི་གེ་མཆོག་གྱུར་གཅིག་པ་ལས།། རླུང་སེམས་གཉིས་སུ་མེད་པར་ནི།། ཐུགས་ཀྱི་སྙིང་པོ་མཆོག་ཏུ་བསྐུལ།། གང ་དུལྷག་པའི་ལྷར་གྱུར་ཅིང་། ། རྡོ་རྗེ་འཛིན་པར་གནས་པ་ལས།། འོད་ཟེར་ལྕགས་ཀྱུ་མ་འདྲེས་པ།། ཉི་ཤུ་རྩ་ལྔས་སྤྲོས་པ་ལས།། བསམ་གཏན་ཏིང་འཛིན་ཉེར་སྤྱོད་པ།། སྤྱི་བོ་ནས་ནི་བསྐུལ་བར་མཛད།། འདི་ཉིད་དྲི་མེད ་དབྱངས་གྱུར་པ། ། འོད་ཟེར་ཁ་དོག་ལྔ་དག་གིས།། གསུང་གི་སྒོ་ནས་བསྐུལ་བ་གང་།། ཡེ་ཤེས་སྤྲིན་ནི་འཕྲོ་བྱེད་པའོ།། འདིར་ནི་རྣལ་འབྱོར་དབང་ཕྱུག་གིས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཁྱད་པར་ཐུགས་ལས་བསྐུལ། ་གྱུར་པ།། ས་གསུམ་དུ་ནི་ཁྱབ་བྱེད་ཡིན།། མི་ཕྱེད་རྡོ་རྗེ་སེམས་དཔའ་ནི།། དངོས་གྲུབ་ཀུན་གྱི་གཏེར་གྱུར་ཕྱིན།། གྲུབ་པའི་རྡོ་རྗེ་འབར་བ་ཡིས།། ཐམས་ཅད་རོ་མཉམ་དང་དུ་བསྐུལ།། གང་དུ་རྣལ་འབྱོར་མཆོག་འདོད ་པས། རྡོ་རྗེ་དང་ནི་བྷ་ག་དག། ཐབས་དང་ཤེས་རབ་ཚུལ་དག་ཏུ།། མཉམ་པར་སྦྱར་བའི་དབང་པོ་ཡིས།། སྙོམས་པར་ཞུགས་པའི་བདེ་ཐོབ་པ།། ཟླ་བ་དང་ནི་ཉི་མ་དག། རྩ་གཉིས་འདས་པར་དབུ་མར་ནི།། གཅིག་ཏུ་གྱུར ་པའི་དངོས་པོ་ཡིས། ། སྲོག་ཅོལ་གཉིས་ཀྱི་རླུང་དག་དང་།། ཨེ་བ~ཾ་ཁ་སྦྱོར་སྦྱར་བ་གང་།། དེས་ནི་ཆོས་ཀུན་མ་ལུས་ལ།། ཡོངས་སུ་རྒྱས་གང་བ་གྱུར་པ་ཡིན།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། གསང་སྔགས་དམ་ཚིག ་ཏིང་འཛིན་ཡིན། ། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་མ་ལུས་པའི་སྙིང་པོ་རབ་ཏུ་བསྐུལ་བ་བསྟན་པའི་ཏིང་ངེ་འཛིན་ཏོ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། མི་ཕྱེད་ཡེ་ཤེས་རབ་བསྒྲུབ་པས།། འདུས་པའི་འཁོར་གྱི་དཀྱིལ ་འཁོར་དུ། ཡང་དག་ཡེ་ཤེས་འདི་གསུངས་སོ།། འདོད་ཁམས་དབང་ཕྱུག་འཇིག་རྟེན་ན།། གོ་འཕང་ལ་ནི་བྱེད་འགྱུར་བ།། དབང་དང་དེ་བཞིན་དགུག་པ་དང་།། བསྐྲད་དང་བསད་པ་ཉིད་དང་ནི།། རྨུགས་བྱེད་རེངས་བྱེད་རྨོངས ་བྱེད་པ། ། ཚིག་འཕྲོག་བྱ་དང་བརྒྱལ་བ་དང་།། སྣ་ཚོགས་གཟུགས་སུ་སྦྱར་བ་དང་།། གཞོགས་སྐམས་བྱེད་དང་ནུས་མེད་དུ།། བྱེད་པ་ལས་ཀྱི་ཆོ་ག་ཡིན།། འདི་དག་ཉེར་འགྲུབ་ཚུལ་འདི་ནི།། རྒྱུ་དང་མཚན་མ་ཐབས་དང་ནི།། ་ལས་དང་སྤྱོད་ཚུལ་རིམ་པ་སྟེ།། ཕྱག་རྒྱ་རིག་སྔགས་འཁྲུལ་འཁོར་ཏེ།། ལྷ་ས་དང་ངེས་པ་བཟློག་པར་བྱེད།། རྣལ་འབྱོར་པས་ནི་གྲུབ་དཀྱིལ་འཁོར།། ཡེ་ཤེས་ཕྲིན་ལས་བསྟན་པའོ།། འདི་གྲུབ་པ་ཡི་ངེས་པ་ཡང་།། ་རྡོ་རྗེ་སློབ་དཔོན་དག་གིས་ནི།། རྗེས་སུ་གནང་བ་བྱིན་པ་དང་།། དབང་གི་དུས་སུ་ཕྲིན་ལས་ཀྱི།། རིག་པའི་ཚུལ་ཞུགས་ཐོབ་པས་འབྱུང་།། ལམ་དུ་ལྷག་པའི་ལྷ་ཡིས་ནི།། བརྟན་པས་བྱིན་གྱིས་བརླབ་པ་དང་།། རིག་སྔགས་ཕྲེང་བ ་འཛིན་པ་ལས། ། གྲངས་བཤད་པ་ལས་བདུན་འགྱུར་དུ།། བསྙེན་པ་ཉེ་བར་གྲུབ་པར་འགྱུར།། ཁ་ཅིག་ཕྲན་ཚེགས་ལས་རྣམས་ལས།། བཞི་འགྱུར་བསམ་གཏན་ལྡན་པས་འགྲུབ།། རླུང་གི་ནུས་པ་བརྟན་པ་དང་།། ལྷ་སྟངས ་ཐོགས་མེད་འབྱུང་བ་ཡི། ། ཉེ་བར་འཚོ་བའི་གནོད་པ་དག། བལྟས་པ་ཙམ་གྱིས་ཞི་བ་ཡི།། རང་སེམས་གཉུག་མའི་ཤེས་པ་ལ།། དབང་ཐོབ་རྡོ་རྗེའི་སྟོབས་གྱུར་པས།། འབྱུང་བའི་སྐྱེ་མཆེད་ཟིལ་ནོན་ཕྱིར།། ལས་ཆོ་ག ་ཐམས་ཅད་ངེས་པར་འགྲུབ། ། བྱང་ཆུབ་སེམས་ནི་རྗེས་ངན་ཞིང་།། ཕ་རོལ་གནོད་བྱེད་གྱུར་པ་ཡི།། སྲིན་མོ་ཤ་ཟ་གཏུམ་མོ་དང་།། འབྱུང་པོ་དག་གིས་གནོད་པར་བཅས།། དེ་དག་ཀྲོན་ལ་དཔའ་བོ་ཡི།། རྡོ་རྗེ་སེམས ་ཀྱིས་རབ་སྦྱར་ན། ། གནོད་པར་ནུས་པ་མ་ཡིན་ཏེ།། མེ་དང་ཆུ་དང་གཅན་ཟན་དང་།། རྒྱལ་པོའི་ཆད་པ་མི་རྒོད་དང་།། སེང་གེ་གླང་པོ་སྲིན་པོ་སྟེ།། འཇིག་པ་བརྒྱད་སོགས་མི་འབྱུང་བྱེད།། སངས་རྒྱས་དཀྱིལ་འཁོར ་རྡོ་རྗེ་ཅན། ། ནམ་ཁའི་དབྱིངས་ཀྱི་དབུས་གནས་པའི།། ཁྲོ་བའི་རྒྱལ་པོ་གཤིན་རྗེ་གཤེད།། ཞལ་གསུམ་ཕྱག་དྲུག་སྦྲུལ་གྱིས་བརྒྱན།། སྐུ་མདོག་ནག་པོ་འབར་བའི་སྐུ།། རང་གི་ཡུམ་དང་གཉིས་མེད་པ།། ་རང་གི་འཁོར་ལོའི་དབུས་གནས་པས།། ཨོཾ་ཡ་མཱན་ཏ་ཀྲིཏ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ།། འདིས་ནི་རྡོ་རྗེ་ཅན་གྱི་བཀའ།། དཀྱིལ་འཁོར་ཀུན་གྱི་ལས་རྣམས་ལ།། མ་ལུས་འགྲུབ་པར་བྱེད་པ་ཡི།། གསང་བ་ཉེ་བར་འགྲུབ་པ་ཡིན། ་དེནས་བཅོམ་ལྡན་དམ་ཚིག་ཆེ།། རྡོ་རྗེ་ཁྲོ་བོ་ཞེས་བྱ་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ཁྲོ་བོའི་ཆགས་རྣམས་མ་ལུས་པ།། ཀུན་དུ་སྐྲག་པར་བྱེད་པ་ཡི།། རྡོ་རྗེ་ཁྲོ་བོ་འཇིགས་བྱེད་པ།། ཉིད་ཀྱི་སྐུ་གསུང་ཐུགས ་ལས་ཕྱུང་། ། ཁྲོ་བ་ཐོད་པའི་ཕྲེང་བ་ཅན།། ཁ་དོག་ནག་པོ་འཇིགས་ཆེན་པོ།། བདུད་དང་ལོག་འདྲེན་མ་རུངས་པ།། གང་གིས་གདུལ་དཀའ་གདུལ་མཛད་པ།། མི་སྲེན་མ་ཧེའི་ཞལ་ཕྱུང་ཞིང་།། གཙིགས་པ་ཁྲག་འཛག་ཁ་དོག་དམར།། ་སྟེང་དུ་མངོན་པར་ཕྱུང་བ་དང་།། དབང་ཕྱུག་བརྒྱད་དང་ལྡན་པའི་སྐུ།། རིགས་ཀྱི་ཞལ་དྲུག་འབར་བ་མངའ།། བཅུ་དྲུག་ཞབས་ཀྱིས་གཤིན་རྗེ་གནོན།། དེ་ཕྱིར་འཇིགས་བྱེད་ཆེན་པོར་བརྗོད།། ཚངས་པའི་རྒྱལ་པོ་གདུལ་དོན་དུ།། ་སུམ་བཅུ་རྩ་བཞིའི་ཕྱག་རྒྱ་ཅན།། དབང་ཕྱུག་དྲུག་པོ་གདུལ་བའི་ཕྱིར།། གསང་བ་རྐྱེན་དུ་བསྒྲེང་བའོ།། ཁྱབ་འཇུག་གདུལ་ཕྱིར་མ་ཧེའི་ཞལ།། སྣ་ཚོགས་བརྒྱན་གྱིས་སྤྲས་པ་དང་།། རང་གི་འཁོར་ལོ་རོ་དབུས་བཞུགས་ཆེ། ་ལྷ་མོ་རྡོ་རྗེ་བདེ་མ་དང་།། གཉིས་སུ་མེད་པར་གནས་པའོ།། དེ་ཉིད་ཞལ་གཅིག་ཕྱག་གཉིས་མ།། གྲི་གུག་ཐོད་པ་འཛིན་པ་ཡིས།། ལྗོན་ཤིང་འཛེག་ལྟར་སྦྱོར་བར་མཛད།། གསང་སྔགས་རྒྱལ་པོ་འདི་ཡིས་ནི།། བསམ་གྱིས ་མི་ཁྱབ་གསང་བ་འགྲུབ། ། ཨོཾ་ཧྲཱིཥྚིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ།། མེ་ཐབ་དང་ནི་དུར་ཁྲོད་རས།། གསལ་ཞིང་སྐྱོན་དང་རྡོ་རྗེ་ཡིས།། ཐོབ་རྡོ་རྗེའི་སྦྱོར་བ་དང་།། རྡོ་རྗེ་དྲག་སྟ་ཐོད་ཚལ་དང་།། རླུང་གིས་ཁྱེར་བའི་རས་དག་གིས། འདུས ་པར་དགུག་དང་ངེས་སྟེར་བ། ། གསད་དང་རབ་ཏུ་བརྡུང་བ་དང་།། རྣམ་པར་མནན་དང་ཤིན་ཏུ་བསང་།། ཆུ་བོ་བཟློག་དང་དྲུང་བཅིང་བ།། ལས་ཀྱི་སྦྱོར་བ་བསྟན་པ་ནི།། རྣལ་འབྱོར་པ་ཡིས་ཤེས་པར་བྱ།། དེ་ལས་གཞན་དབུར ་བ་ཡི་ལས་ཀྱི་སྦྱོར་བ་སྣ་ཚོགས་པ། ། འདིར་ནི་མི་འགྲུབ་གང་ཡང་མེད།། དེ་ལྟར་ཆར་གཅད་ལས་མཛད་ཅིང་།། ཐུགས་རྗེས་ཉེ་བར་མི་གཏོང་ཕྱིརརོ།། ཞི་བའི་ཞལ་ནི་སྤྱི་གཙུག་ནས།། ཀུན་ནས་ནོར་བུའི་སྙིང་པོ་མཛད།། རྡོ་རྗེ ་ཁྲེ་བོ་རབ་ཏུ་འབར་བ་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལས་ཡང་དག་བསྟན་པའོ། ། གནས་དང་ཉེ་བའི་གནས་དང་ནི།། ཞིང་དང་ཉེ་བའི་ཞིང་དག་དང་།། ཚན་དེ་ཉེ་བའི་ཆན་དོ་དང་།། འདུས་ཉེ་བའི་འདུས་དང་།། འཐུང ་གཅོད་ཉེ་བའི་འཐུང་གཅོད་དང་། ། དུར་ཁྲོད་ཉེ་བའི་དུར་ཁྲོད་དང་།། ཕྱི་ནང་བསླབ་པའི་ཚུས་ན་ག་ཟིས།། ས་ནི་བཅུ་གཉིས་ཚུལ་དུ་བརྗོད།། གནས་ནི་སུམ་བཅུ་རྩ་གཉིས་སུ།། ཆོས་རྣམས་རྨིལ་མ་ཚུལ་འཆར་བ།། སློབ་མི ་ཟུང་འཇུག་ཐོབ་བྱེད་ཕྱིར། ། སྒྱུ་མ་ལྟ་བུའི་ཚུལ་དུ་འབྱུང་།། དེ་ཉིད་རིམ་པ་ཤེས་པར་བྱ།། རྟེ་ནི་ཅང་འབྲེལ་པར་འབྱུང་བ་ཡི།། ཡན་ལག་བཅུ་གཉིས་དག་གྱུར་པ།། ཚུལ་འདི་རྟོགས་པར་བསྟན་པའོ།། མིང་དང་གཟུགས ་དང་སྐྱེ་མཆེད་དྲུག། རེག་པ་དག་པས་སྐུ་རྡོ་རྗེ།། ཚོར་བ་སྲེད་པ་ལེན་པ་དག། མི་དམིགས་གསུང་གི་རྡོ་རྗེར་དག། སྲིད་པ་སྐྱེ་བ་རྒ་ཤི་རྣམས།། རྡོ་རྗེ་ཐུགས་ཀྱིས་དག་བྱེད་པའོ།། མ་རིག་པ་དང་འདུ་བྱེད་དང་།། རྣམ་པར ་ཤེས་པ་རྣམ་པ་གསུམ། ། ཡེ་ཤེས་དག་པའི་ངོ་བོ་ཉིད།། དབྱེར་མེང་རང་བྱུང་ངོ་བོར་གྱུར།། རྟོག་པ་མེད་པར་བདེ་བའི་རོ།། སྡང་བ་དེས་གཟུང་མེད་པ་ཡི།། གཉིས་མེད་བདེ་བའི་རྣམ་པར་སྣང་།། བཅོམ་ལྡན་ཡེ་ཤེས ་གཅིག་ཏུ། ། སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི།། ཡེ་ཤེས་རྡོ་རྗེ་རང་བྱུང་བའི།། དེ་ཉིད་ངང་ལས་སྤྲུལ་པ་སྟེ།། སངས་རྒྱས་ཆོས་ཉིད་དག་པ་འདི།། རྒྱུ་དང་འབྲས་བུའི་སྣང་བ་ལ།། མི ་འགག་ལམ་ནི་མངོན་གྱུར་ཅིང་། ། གསང་རྫོགས་པའི་ལམ་དག་པས།། ཡང་དག་ཡེ་ཤེས་འབྱུང་བར་གནས།། འདི་དག་སངས་རྒྱས་སྐྱེས་བུ་སྟེ།། སྔགས་ཀྱི་རིག་པ་ཞེས་བསྒྲགས་པ།། རྡོ་རྗེ་མི་བྱེད་གསུམ ་བསྒོམས་པས། ། དམ་ཚིག་དག་གིས་རྫོགས་གྱུར་པ།། གསང་བ་ཆེན་པོའི་ལམ་གྱུར་ནི།། སྔགས་ཀྱི་རིམ་པ་ཡན་ལག་བཞིས།། ལམ་གྱི་སྤྱོད་པའི་ཚུལ་མཆོག་གིས།། ཚ་གཅིག་གིས་ནི་བྱང་ཆུབ་འཐོག། ་གསང་བའི་པད་མར་ཉི་མ་འཁྱིལ།། མཛོད་སྤུའི་གནས་སུ་བདུད་རྩི་ཡི།། ཟླ་བ་སངས་རྒྱས་ཀུན་གྱི་ཉ།། སྲིད་དང་མྱ་ངན་འདས་ལས་གྲོལ།། གང་དུ་རྡོ་རྗེའི་དཀྱིལ་འཁོར་ལས།། ཞི་བར་བྱེད་པའི་རྣལ་འབྱོར་ནི།། མཱ་མ་ཀཱི་དང ་གཉིས་མེད་པས། ། ཚད་མེད་བུམ་པ་བཟང་པོ་འཐོབ།། རིན་ཆེན་ནོར་བུའི་དཀྱིལ་འཁོར་ལས།། རྣལ་འབྱོར་རྒྱས་པའི་འཕེལ་བྱེད་པ།། སངས་རྒྱས་སྤྱན་གྱི་སྦྱོར་བ་ཡིས།། དཔག་བསམ་ཤིང་ཆེན་རབ་གྲུབ་པའོ།། པད ་མ་འབར་བའི་དཀྱིལ་འཁོར་ལས། ། སྔགས་པས་ཆགས་མེད་དབང་སྡུད་པ།། གོས་དཀར་ལྷ་མོ་ཡེ་ཤེས་ཆེ།། འདོད་འཇོའི་བ་ལྟར་རབ་གྲུབ་བྱེད།། རལ་གྲི་འབར་བའི་དཀྱིལ་འཁོར་ལས།། གང་དུ་སྣ་ཚོགས་ཕྲིན་ལས་སྤྱོད།། ་རྡོ་རྗེ་སྒྲོལ་མའི་ཁྱད་པར་ལས།། ཅང་ཤེས་རྟ་ཡི་སྟོབས་ཀྱིས་འགྲོད།། འཁོར་ལོ་འཕར་བའི་དཀྱིལ་འཁོར་དུ།། ཡེ་ཤེས་དེ་བཞིན་གཤེགས་པའི་རླུང་།། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མས།། བས་མ་འཕེལ་ནོར་བུ་ཐོབ ་བྱེད་པའོ། ། རྒྱུ་བའི་རླུང་ནི་རབ་ཟིན་པས།། འཇིག་རྟེན་གསུམ་པོ་ཀུན་གྱི་ནི།། གཟུགས་གསུམ་ཕྲ་རགས་མེད་པར་ནི།། བློ་ཡི་ཡུལ་དུ་མཐོང་བར་བྱེད།། རབ་ཏུ་རྒྱུ་བ་རབ་ཟིན་པས།། ཕྱོགས་བཅུ་ཀུན་ཏུ་ཁྱབ་གྱུར ་པའི། ། རྡོ་རྗེ་དྲི་ཡི་བྱེ་བྲག་ཀུན།། མ་ལུས་ཚོར་བར་གྱུར་པ་ཡིན།། མངོན་པར་རྒྱུ་བ་ཟིན་པས་ན།། ས་གསུམ་པོ་ནི་གྲག་པ་ཡིན།། སྒྲ་ཡི་ཚེགས་རྣམས་ཇི་རྙེད་པ།། དེ་ཀུན་དྲུང་ན་ཟག་བཞིན་འབྱུང་།། ཤིན་ཏུ་རྒྱུ་བཟིན ་པ་ཡིས། ། རྡོ་རྗེ་རོ་ཡི་བྱེ་བྲག་ཀུན།། མ་ལུས་ལུས་པ་མེད་པ་དག། བྱོས་འགྱུར་རྡོ་རྗེ་འཛིན་པ་ཀྱེ།། ཡང་དག་རབ་ཏུ་རྒྱུ་བ་ནི།། ཤིན་དུ་བརྟན་པ་ཐོབ་པ་ལས།། སྲིད་ཞི་རེག་བྱར་གྱུར་པ་དག། དེ་ཡིས་ངེས་པར་ཚོར་བར ་འབྱུང་། ། གང་དུ་རྡོ་རྗེ་བརྟན་པ་ལས།། མི་ཕྱེད་སྲོག་ནི་གཅིག་གྱུར་པ།། དེ་སྙེད་སྙིང་ལས་འོད་འབྱུང་བའི།། བསིལ་ཟར་རྟ་བདུན་ཆ་མཉམ་པས།། ཨཱ་ལི་ཀཱ་ལི་ལས་བྱུང་བ།། སྣ་ཚོགས་རྡོ་རྗེ་གར་བཅས་པའི།། ཟབས་དང་། ་ཐབས་ལྡན་བསྐྱོད་པའི་རླུང་།། འདིས་ནི་མཁའ་ལ་རབ་ལྡིང་འགྱུར།། ཉིན་དང་མཚན་མོའི་ཆ་ལས་ནི།། ཕྱག་རྒྱའི་ཤུ་ཏྲ་ལེན་བྱེད་པ།། གསང་བ་རྡོ་རྗེ་ནང་དུ་ནི།། བདེ་བ་སྐྱེས་པ་ཏིལ་འབྲུ་བཞིན།། དེ་ཉིད་ཡོངས་སུ་དག ་པ་ནི། ། ཀུན་འད་མར་ནི་དེ་བཞིན་གཤེགས།། མཁའ་དང་ཐིག་ལེ་སངས་རྒྱས་སྐུ།། རབ་ཏུ་མཐོང་བྱེད་རྣལ་འབྱོར་ཆེ།། བདེ་བ་ཉམས་པ་མེད་པ་ལས།། བཅུ་དྲུག་ཆ་ཡི་རིན་ཆེན་རྩེ།། རི་རབ་སྟེང་དུ་དབང་པོ་ནི།། མཐུང་བ་ལྟས ་སུམ་བཅུ་རྩ་གསུམ་པས། ། རི་བོང་འཛིན་ཕྱིར་མི་ལྡོག་པས།། དེ་ཉིད་ཟག་མེད་ཁང་བཟངས་ན།། བདེ་བ་ཆེན་པོར་གནས་གྱུར་པའོ།། ཁམས་རྣམས་ལས་ནི་གྱུར་པ་ཡིན།། སྡུད་དང་འབར་དང་སྨན་པ་དང་།། འདེགས་པ་བརྟན ་བྱེད་འཁྲུལ་འཁོར་ལས། ། ཟག་བཅས་རླུང་ནི་ལྡོག་པ་དང་།། ཟག་མེད་ཏིང་འཛིན་ཐོབ་པ་ལས།། སྦ་བ་སྦུབས་སུ་ནུབ་པ་དང་།། བརྟན་བྱེད་རྒྱུ་མཐུན་རྟགས་མཐོང་ཕྱིར།། འཇུག་ཅིང་ལྡོག་པ་མེད་པས་ན། དབུ་ཡི་གཙུག་ཏོར ་དེ་ནས་འབྱུང་། ། རང་གི་ངོ་བོའི་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་ཐམས་ཅད་ཀུན།། སངས་རྒྱས་སྟོང་དང་གཉིས་བཅས་པའི།། རྣམ་འཕྲུལ་ཡེ་ཤེས་ལས་བྱུང་བའོ།། དེ་སྐད་ཅེས་ནི་གསུངས་པ་དང་།། བྱང་ཆུབ ་སེམས་དཔའ་ཆེན་པོ་ནི། ། ཀུན་དུ་བཟང་པོས་ལེགས་ཐོབ་པ།། གསང་བའི་དོན་ནི་འདི་ཞུས་ཡིན།། གང་དུ་སུམ་བཅུ་རྩ་གཉིས་ཀྱི།། གནས་སོགས་དབྱེ་བ་ས་ཡི་ཆེ།། དེ་ཉིད་ཉེ་བར་བསྟན་པ་དང་།། སྒྱུ་མའི་དཔེ་ནི་བཅུ ་གཉིས་ལས། ། ཆོས་ཉིད་ཇི་ལྟར་རྟོགས་པར་འགྱུར།། རོ་ཧི་ཏིལ་སོགས་པ་ཡི།། དུས་སྦྱོར་བཅུ་གཉིས་དག་ལས་ནི།། ཁྱད་པར་ཇིགད་ཐོབ་པའི་ཚུལ།། འདིར་ནི་ཉེ་བར་བསྟན་དུ་གསོལ།། དེ་ཉིད་རྡོ་རྗེ་འདིན ་པ་ཡིས། ། ཁྱད་པར་དོན་དུ་བཀའ་སྩལ་བ།། གནས་ནི་པུ་ལི་ལ་ཡང་བརྗོད།། དེ་བཞིན་ཛ་ལན་དྷ་རཾ་དང་།། ཨོཾ་རྒྱན་ཨ་བུཊ་ཉིད་དེ།། རབ་ཏུ་དགའ་བའི་སར་བརྗོད་པའོ།། བགླང་བདག་པོ་ཉེར་གནས་ཏེ།། ར་མི་ཤྭ་རི་ཉིད་དང་ནི།། དེལ ་ཀོ་ཊ་མཱ་ལ་བྷེ། ། དྲི་མ་མེད་པའི་ས་རབ་གནས།། ཀ་མ་རུ་པ་ཨོཊ་ནི།། ཞིང་དུ་བརྗོད་པ་ངེས་པ་ཡིན།། འོད་འགྲོའི་ས་ནི་འདིར་ཐོབ་བྱེད།། ཏྲི་ཤ་ཀུ་ཎེ་ཀོས་ལ།། ཉེ་བའི་ཞིང་སྟེངས་བཞི་པ།། ཀ་ལི་ར་ཀ་དང་ལ་མ་ཀ། ཚན་དོ་ཧ་སྟེས་ལྔ ་བ། ། ཀན་རྩི་ཧི་མ་ལ་ཡ་ར་ནི།། ཉེ་བའི་ཚན་དོས་དྲུག་པའོ།། པྲེ་ཏ་བུ་རི་ཁྱིམ་གྱི་ལྷ། འདུས་པ་ཅན་ཏེ་ས་བདུན་པ།། སཽ་རཥྚ་གསེར་གླིང་སྟེ།། ཉེ་བའི་འདུས་པ་ས་བརྒྱད་པ།། ན་ག་ར་དང་སིན་དྷུ་སྟེ།། དུར་ཁྲོངས་ནི་དགུ་པ་ཡིན།། མ ་རོ་ཀུ་ལུ་ཐ་འདི་དག། ཉེ་བའི་དུར་ཁྲོ་དས་བཅུ་པ།། ཆོས་ཀྱི་སྤྲིན་དུ་མངོན་པར་བརྗོད།། ཀོང་ཁ་ན་དང་ཁ་བའི་རི།། ཙ་རི་ཏྲ་དང་ཀཾ་པོ་རྩེ།། འཐུང་བཙོ་ས་ནི་བཅུ་གཅིག་པ།། ཧ་རི་ཀི་ལ་ཏཾ་བྷ་ལ།། ཙ་ར་སིད་ཧ་རི་ལྡན་པ།། ནི་རི་ཏི་བའི་གླིང་། ་གྱུར་པ།། ཉེ་བའི་འཐུང་གཅོད་བརྗོད་པར་བྱ།། འདི་དག་ས་ནི་བཅུ་གཉིས་ཏེ།། ཁྱད་པར་འབིགས་བྱེད་གཞོན་ནུའི་གནས།། བཅུ་གསུམ་པ་ཡིས་བརྗོད་ལ།། ཡོངས་སུ་གནས་པ་བདེ་བ་ཆེ།། ཁྱད་པར་གླིང་ནི་བཅུ་གཉིས་སུ།། གསང་བའི ་རྒུད་རྣམས་བསྟན་པ་ནི། ། ཀླ་ཀློའི་གླིང་ནི་བཅུ་གཉིས་སུ།། རྡོ་རྗེ་འཆང་གིས་བསྟན་པ་ཡིན།། ཐམས་ཅད་སྒྱུ་མའི་སྣང་བ་ལས།། ཡང་དག་ཏུ་ནི་སྟོན་པར་བྱེད།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ ་བྱེད། ། རྒྱུ་དང་ལས་ལ་ཀུན་ཏུ་བྱུང་།། ངོ་བོ་མེད་ཅིང་གནས་མེད་པས།། དེ་ལྟར་ཆོས་རྣམས་ཤེས་གྱིས་ལ།། སེམས་ཅན་དོན་ལ་བླ་མེད་བྱོས།། འོན་ཀྱང་སངས་རྒྱས་རིགས་སྐྱེ་བར།། འདིར་ནི་ཐེ་ཙོམ་ཡོད་མ་ཡིན།། ཆོས་རྣམས ་སྤྲུལ་པ་ལྟ་བུ་སྟེ། ། དེ་ཉིད་རྗེས་སུ་སྤྱོད་པ་ནི།། རྣམ་པ་ཀུན་ཏུ་ཞི་བ་ཡི།། ཚུལ་གནས་ལས་དང་མཉམ་པར་འབྱུང་།། འདི་ཉིད་མཐར་རྟོགས་ཤིན་ཏུ་དབེན།། རྣམ་པར་མི་རྟོག་བྱེ་བྲག་ལས།། ཁྱད་པར་བྱིན་རླབས་སྤྲུལ་པ་ཡིས།། ་དངོས་པོ་རྒྱས་འདེབས་གྱུར་པའོ།། ཆོས་རྣམས་སྒྲ་བརྙན་ལྟ་བུ་སྟེ།། བྲག་ཆ་ལྟ་བུར་རང་སྟོང་ཞིང་།། ཕྱི་ནང་མེད་པའི་རང་བཞིན་གྱིས།། བརྗོད་དུ་མེད་པའི་སྒྲ་རྣམས་ལ།། རྣམ་དག་སྒྲ་མེད་སླར་འཇུག་མེད།། ཆོས་རྣམས་རང་བཞིན ་མེད་པའི་གནས། ། མངོན་པར་སྟོན་པའི་ཚུལ་གནས་ཀྱང་།། དེ་ཉིད་སྦྲུལ་ལ་གནས་པ་མིན།། ཆོས་རྣམས་དྲི་ཟའི་གྲོང་ཁྱེར་ལྟར།། ཕྱི་དང་ནང་དང་བར་དུ་ཡང་།། དངོས་པོ་མེད་དེ་ངེས་པར་སྣང་།། སྒོ་གླང་མེད་དེ་ཐ་སྙད་འདས།། ཆོས ་ཉིད་མངོན་པར་བསྒྲུབ་དག་པས། ། ཚད་མེད་བསླབ་པ་ནུས་མ་ཡིན།། ཆོས་རྣམས་ཆུ་ཟླ་ལྟ་བུར་ནི།། སྣང་བ་ངོས་གཟུང་མེད་པའི་དངོས།། ཡང་དག་གྲུབ་པར་གནས་མེད་དེ།། དེ་ཉིད་ཁྱབ་པས་སྟོང་པའི་སར།། གཟུང་མེད་བཅིང ་དང་གྲོལ་མེད་པས། ། ཡང་དག་སྣང་བ་འདིར་མཚོན་ནོ།། ཆོས་རྣམས་སྨིག་རྒྱུ་ལྟ་བུ་སྟེ།། གྲུབ་པ་མེད་པའི་དངོས་པོ་ལས།། དེ་ཉིད་ཆུར་མཐོང་འཁྲུལ་པའི་ལམ།། དེ་ལྟར་སྣ་ཚོགས་སྣང་བ་ཡང་།། གྲུབ་མེད་སྟོང་པའི་སྣང་བ་ལས།། ་གཞན་མེད་འཁྲུལ་པར་མ་བྱེད་ཅིག། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ།། རྨི་ལམ་དུ་ནི་འཇིག་རྟེན་དང་།། འཇིག་རྟེན་འདས་པ་མ་གྲུབ་སྟེ།། ཁམས་གསུམ་བརྟན་དང་གཡོ་བར་བཅས།། འཕོ་བ་མེད་ཅིང་སྐྱེ་བ་མེད།། ཀུན་ནས་ཉོན ་མོངས་རྣམ་བྱེད་མེད། ། དེ་ཉིད་མེད་བཞིན་སྣང་བ་ཡང་།། འགག་པ་མེད་པར་འབྱུང་བའི་ཕྱིར།། རྣམ་དག་གནས་མེད་སྣང་བ་བྲལ།། དེ་ལྟར་ཆོས་ཀུན་རྨི་ལམ་དང་།། ངོ་བོ་ཉིད་གཅིག་ཤེས་བྱ་སྟེ།། རྨི་ལམ་གྱི་ནི་ཚུལ་དུ་ཡང་།། ་ཀུན་ནས་སྤྱོད་པས་ཁྱབ་པར་བྱ།། དངོས་སྡང་མ་ལུས་ཆོས་ཁྱབ་པ།། ཐམས་ཅད་རྨི་ལམ་རི་མོ་ལྟར།། དངོས་མེད་སྣང་བ་རབ་ཤེས་བྱ།། རྨི་ལམ་གྱི་ངོ་བོ་ཉིད་ཀྱི་ཚུལ་དང་།། རྨི་ལམ་ལ་མངོན་པར་ཆགས་པ་སྤོང་བ་དང་།། རྨི་ལམ ་རབ་ཏུ་དབེན་པར་ཤེས་པ་དང་། ། རྨི་ལམ་གྱི་རང་བཞིན་ཤེས་པར་བྱ་བ་དང་། ཆོས་ཐམས་ཅད་ལ་རྨི་ལམ་ལྟ་བུར་བྱིན་གྱིས་རློབ་པ་དང་།། ཆོས་ཐམས་ཅད་རྨི་ལ་མ་དང་ཐ་མི་དད་པར་འཆར་བའི་དོན་དང་།། ཆོས་ཐམས ་ཅད་རྨི་ལམ་ལྟ་བུའི་འདུ་ཤེས་སྔོན་དུ་འགྲོ་བ་དང་། ། རྨི་ལམ་ཉིད་དུའང་རྣམ་པར་མི་རྟོག་ཅིང་།། མི་སྤྱོད་པ་དང་།། རྨི་ལམ་གྱི་འཇིག་རྟེན་ཁོང་དུ་ཆུད་པ་ལྟ་བུར་རབ་ཏུ་རྟོགས་པར་བྱ་བ་ཉིད་དོ།། དེ་ཉིད་བླ་མེད་ཚུལ་འདི་རྟོགས་པར་བྱ།། ་འདི་དག་རྨི་ལམ་ལྟ་བུར་ཁོང་ཆུང་ཅིང་།། ཆོས་ཀུན་སྲིད་པ་མ་ལུས་སྣང་བ་ཡང་།། རྨི་ལམ་ངོ་བོ་ཉིད་ཏུ་རབ་ཏུ་རྟོགས།། འདི་ནི་ཡུལ་དང་ཕྱོགས་ལ་མི་གནས་ཏེ།། རྨིལ་པ་རབ་ཏུ་ཞིལ་དེ་དག་གཞོལ།། རང་བཞིན་མཁས་ཤིང ་རྣམ་པར་རྟོག་མེད་ལྡན། ། རྟོགས་པའི་ཡིད་ལྡན་སེམས་ལ་འགྱུར་བ་མེད།། ཀུན་ཏུ་རྨི་ལམ་ལྟ་བུར་ཤིན་ཏུ་སྤྱོད།། དུས་གསུམ་མ་ལུས་བག་ཆགས་གཟུགས་བརྙན་རྣམས།། ཤིན་ཏུ་ཉེར་འབྱུང་ལུས་འདས་སྦྱང་བར་བྱ།། ་རྨི་ལམ་སྒྱུ་མ་ལྟ་བུར་རབ་ཤེས་བྱ།། དེ་ལུས་ཤི་མད་འགྱུར་མེད་སྐྱེ་བ་མེད།། ཕྱོགས་རྣམས་ཀུན་དུ་ཡོད་མིན་མེད་པའང་མིན།། ཁམས་གསུམ་ཐམས་ཅད་མི་ལམ་ཚུལ་ལྟ་བུ།། འདི་ལ་རྣམ་པར་རྟོག་མེད་ཚུལ་བྱས་ཤིང་།། ཤིན་དུ་མཁས ་དེའི་སེམས་ལ་བཅིངས་པ་མེད། ། འགྲོ་ཀུན་རྨ་ལམ་རང་བཞིན་ཚུལ་འདྲལ།། དེ་དག་མི་གནས་འཇིག་རྟེན་ལས་རབ་དབེན།། རྟེན་མེད་མི་རྟོག་འཇིག་རྟེན་རྣམ་རྟོག་མེད།། རྨི་ལམ་ཆོས་རྟོགས་མཁས་པས་སྤྱོད་པ་བྱ།། རྨི་ལམ ་འགྲོ་བ་རྣམ་པ་དུ་མ་སྣང་། ། ཐ་དད་རྣམ་པ་གཞན་དང་གཞན་དག་ཏུ།། བྱེ་བྲག་རྣམ་མང་རྟོག་པ་ཡོངས་སུ་སྦྱང་།། དེ་ཉིད་ཚུལ་གྱིས་རྣམ་པར་རབ་ཏུ་རྟོགས།། མཚན་ཉིད་རྣམ་འདས་སྐལ་པ་མཉམ་པ་ཉིད།། གཅིག་ལས་སྣང ་མེད་དུ་མར་གང་སྣང་ལྟོས། ། རྣམ་དགོད་རྣམ་པར་འགྲོ་བ་རབ་ཏུ་ཤེས།། ཀུན་ལ་རྨི་ལམ་འདྲ་བའི་ཆོས་ཅན་དང་།། ཞིང་རྣམས་རྨི་ལམ་ཆོས་རྣམས་རྨི་ལྟར་བྱེད།། ཀུན་ཉོན་མོངས་དང་རྣམ་བྱང་ཚུལ་འདི་ལ།། རབ་ཏུ་རྟོག་མེད་རྨི ་ལམ་སྤྱོད་པ་ཡིས། ། ཡང་དག་འགྲུབ་པར་འགྱུར་བའི་ལམ་ཡིན་ཏེ།། རྨི་ལམ་སྨོན་ལམ་རྣམ་པས་གནས་མེད་པ།། དེ་ནི་ཆོས་རྣམས་ཀུན་ལ་མི་གནས་སོ།། ཚུལ་འདི་ལ་ནི་ཅུང་ཟད་བྱེད་གནས་མེད།། འཇིག་རྟེན་འདི་འདྲར་འབྱུང ་བར་ཤེས་ཤིང་དག། ཚུལ་རྟོགས་འགྲོ་ཀུན་མི་འཇིགས་ཆོས་ལ་སྦྱོར།། འདིར་སྤྱོད་སྲིད་པ་ཀུན་དུ་ཆུད་མི་ཟ།། རྨི་ལམ་བརྒྱུད་བཞིན་དེ་དག་རབ་ཏུ་ཤེས།། དེ་ཉིད་རྨི་ལམ་མཛད་པས་སངས་རྒྱས་ཞིང་།། ཡོངས་སུ་སྦྱངས་ཤིང ་སེམས་ཅན་སྨིན་བྱེད་ལ། ། རྣམ་ཐར་སྒོ་ཐོབ་ཆོས་ཀྱི་འཁོར་ལོ་ཡིས།། ཚད་མེད་ཡེ་ཤེས་གཞལ་མེད་གནས་འདིར་འཐོབ།། ཆོས་ཐམས་ཅད་ལ་རྨི་ལམ་ཡང་དག་པའི་ཏིང་ངེ་འཛིན་མངོན་དུ་བསྟན་པ་སྟེ།། མངོན་པར་འབྱུང་བའོ།། ་ཆོས་རྣམས་དབང་པོའི་གཞུ་ལྟ་བུར།། རང་བྱུང་དངོས་པོ་མེད་པ་ཡི།། འོད་སྣང་ལུས་ཀྱིས་སྤྲོས་པ་མེད།། བདེ་བཞི་པའི་གནས་ཤེས་བྱ།། ཆོས་རྣམས་ན་མཁའི་སྤྲིན་བཞིན་དུ།། སྟོང་པའི་ངང་ནས་ཀུན་ནས་ལྡང་།། རླུང་ལས་ཡང་དག ་འབྱུང་བའི་ཕྱིར། ། ཉེར་ལེན་རང་སར་གྲོལ་བས་གནས།། ཆོས་རྣམ་པར་སྣང་གློག་བཞིན་དུ།། རང་རིག་ཡིད་ཀྱི་རྣམ་ཤེས་ཀྱིས།། ཀུན་ཏུ་ཁྱབ་པར་རྒྱུ་བ་ནི།། རྩ་བ་ལས་རླུང་དག་པར་བྱ།། ཆོས་ཀུན་ཆུ་ཡི་ཆུ་བུར་ནི།། རྒྱ་མཚོ་ལས ་བྱུང་ཇི་བཞིན་པར། ། ཆོས་ཉིད་སྣ་ཚོགས་རྒྱ་མཚོ་ལས།། རྟོག་པའི་དྲ་བ་དག་པར་བྱ།། ཆོས་རྣམས་སྒྱུ་མ་ལྟ་བུར་འཆར་བ་ཡང་།། གང་དུ་ཆུང་སེམས་གཅིག་ཏུ་མ་དག་ན།། འཁྲུལ་བ་སྒྱུ་མ་ལྟ་བུར་དངོས་ལ་ཞེན།། དེ་ཉིད་སྲིད་པ ་ཀུན་ཏུ་སྟོན་པ་ཡིན། ། དེ་ཉིད་དག་པས་སྣང་བའི་མངོན་ཞེན་བྲལ།། རྟོག་པ་ལོག་པས་བརྟན་གཡོ་སྣ་མང་འཆར།། དངོས་རྣམས་ཀུན་ལ་ཆགས་པ་མེད་པ་ནི།། རྣམ་པ་སྣ་ཚོགས་སྒྱུ་མའི་ཚུལ་ཤེས་ཕྱིར།། སྒྱུ་མ་རབཞི་སྤྲོས ་པ་མེད་པ་སྟེ། ། གནས་མེད་ཆོས་ཀྱི་དབྱིངས་ལ་དེ་གནས་བྱེད།། ཆོས་རྣམས་ཀུན་དང་སྒྱུ་མ་ཐ་དད་མེད།། དབྱེ་བ་རྡུལ་ཙམ་དུ་ནི་དམིགས་མི་འགྱུར།། རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས།། འགྲོ་ཀུན་སྐྱེས་པ་བུད ་མེད་སྣ་ཚོགས་པ། ། ཐམས་ཅད་གཟུག་ནི་སྨྲ་བའི་སྣང་བ་ལས།། མཁས་པས་སུ་དག་དེ་ལས་གཞན་དུ་སྤྱོད།། དེ་ལྟར་སྣུམ་ཆགས་མེད་སྣ་ཚོགས་པའི་གནས་ཀྱི་དབང་ཕྱུག་དེ་ལ་ཞེན་མི་བྱེད།། འཇིག་རྟེན ་དངོས་དང་དངོས་མེད་གང་གནས་པ། ། སྒྱུ་བའི་ཚུལ་གྱིས་གནས་པ་མེད་པར་གནས།། སྒྱུ་མ་ཉིད་དུ་ཡང་དག་རབ་གྲོལ་བས།། དེ་བཞིན་ཉིད་ལ་མཉམ་པར་གཞག་པ་དང་།། རྗེས་ཐོབ་གཉིས་མེད་སྒོམ་དང་བསྒོམ་པ་བྲལ། ་སེམས་མེད་དེ་ལ་སེམས་ལས་གཞན་པའི་ཆོས།། འཇིག་རྟེན་ཐ་སྙེད་ཙམ་དུའང་མི་བརྗོད་དེ།། ངོ་བོ་ཉིད་ཀྱིས་མ་སྐྱེས་སྒྱུ་མའི་སྐུ།། སྐྱེ་མེད་ན་མཁའི་སྒྱུ་མ་འདི་ལ་བལྟོས།། ཐམས་ཅད་སྟོང་ཉིད་གཟུགས་ཀྱི་གླང་པོ་དང་ཞིང ་རྟམ་ཧེ་འཁོར་ལོས་སྒྱུར་རྒྱལ་གྱི། ། རིན་ཆེན་བདུན་དང་དཔུང་ཆེན་ཐམས་ཅད་ཀུན།། སྒྱུ་མའི་གཟུགས་ཉིད་དེ་ཡི་འབྲས་བུ་ལས།། གང་དུ་འབྱུང་ཞིང་གང་དུའང་སོང་བ་མེད།། འགྲོ་འོང་གནས་སྒྱུ་རྒྱུ་འབྲས་སྒྱུ་མའི ་ཆོས། ། འདི་ནི་ལྗོན་ཤིང་རིན་ཆེན་འབྲུ་འབབ་ཅིང་།། འཛམ་བུའི་ཆུ་བོས་ཤིང་གི་འབྲས་བུ་ཡང་།། མི་མཉམ་མཉམ་མེད་དུས་གསུམ་ཕྱོགས་བཅུ་པོ།། རྒྱལ་བའི་ཞིང་ཁམས་སྒྱུ་མའི་བཀོད་པས་སྦྱོང་།། སེམས་ཅན ་སྨྲ་མར་ཚོགས་གཉིས་རབ་རྫོགས་པས། ། འབྲས་བུ་སྐུ་བཞི་སྒྱུ་མའི་ཡེ་ཤེས་ཅན།། འདི་ལྟར་གང་ཤེས་འདི་ནི་མི་སྐྱེ་བའི།། ཆོས་ལ་བཟོད་པ་ཐོབ་པ་རིག་པར་བྱ།། ཕྱིར་མི་ལྡོག་པ་ས་ལ་གནས་པའོ།། སྒྱུ་མ་ལྟ་བུའི ་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའོ། ། རོ་ཧི་ཏ་སྟེ་བརྒྱལ་བར་བྱེད།། མོ་ཧི་ཏེ་ནི་ཡན་ལག་འབྱུང་།། བྷ་དྲ་བ་ཀྲ་ཤིས་བྱེད་པའོ།། ཁྲེག་པ་ནི་དགེ་བསྙེ་ཟིག་པ་ནི་འདུས་པ་ལ།། ཀུརྦ་བ་པ་འཚོ་བསྐྱོད་མི་ཀང་དྷ་ར ་དྷ་པ་ནི། ། མི་ཕྱེད་དབང་པོ་འབྱུང་བའོ།། མ་ཀར་ནི་དག་པར་བྱེད།། བིང་ཏྲི་ཀ་ནི་རྣམ་པར་རྒྱལ།། བྷ་ཀུ་ལ་ནི་རྟེན་པ་སྟེ།། སྭ་པ་ནཱ་ཞེས་པྲ་བ་གང་།། ཀ་མ་ནི་ཞེས་རྒྱན་ཡིན་ཏེ།། འདི་དག་ལུས་ངག་ཡིད་དག་ལ།། དཀར་ཕྱོགས་བདེ ་བ་འཕེལ་བྱེད་ཡིན། ། དེ་ལས་རྣམ་པར་ལྡོག་པ་ནི།། ནག་པ་མ་རུངས་མངོན་བརྩོན་པ།། པར་མས་གཏི་མུག་མོངས་པར་གནས།། རྣལ་འབྱོར་པས་ནི་འདིར་ཤེས་པས།། ལས་རྣམས་ཐུན་གྱིས་འདིར་དག་པས།། བཅུ་གཉིས་རྟག། ་ཏུ་བསྟན་པ་ཡིན། ཁྱབ་པར་བསྡུས་པའི་ཚུལ་ཤེས་པས།། རྒྱུ་དང་ཐབས་དང་ཁྱད་པར་གྱི།། བླ་མེད་ཡེ་ཤེས་ཚུལ་འདི་བསྟན།། འཁོར་བའི་རྒྱ་མཚོ་ཆེན་པོ་ལས།། དེ་ཉིད་རྣམ་པར་འཁྲུལ་གྱུར་པས།། རྟེན་འབྲེལ་ཡན་ལག་བཅུ ་གཉིས་སུ། ། ལུགས་སུ་འབྱུང་བས་འཁོར་བ་ཡིན།། ཆོས་ཉིད་སྣ་ཚོགས་འཁོར་ལོར་ནི།། ལམ་དུ་སྤྱོད་པར་མི་ཤེས་བྱ།། ལོག་པས་ལྷ་དང་བརྟུལ་ཞུགས་འཛིན།། དེ་འབྲལ་གོལ་བས་ཐར་པ་མེད།། དམན་པས་མངོན ་མཐོང་སྤྱོད་པ་ལས། ། དཀར་པོའི་ཕྱོགས་གནས་སྐྱབས་གསུམ་ལས།། མོས་པས་ཉན་རང་ཞི་བའི་ལམ།། དལ་སོ་ཙམ་ལས་རྣམ་དག་མིན།། ཁྱབ་པར་བྱང་ཆུབ་སེམས་དཔའི་ལམ།། རྩབ་ས་བོན་བྱང་ཆུབ་སེམས།། ་དེ་ལས་རིན་ཆེན་ལྡོང་ཤིང་གི། པད་སྡོང་ལོ་མང་བ་མེ་ཏོག་རྒྱས།། འབྲས་བུ་བདེ་གཤེགས་ཡིད་བཞིན་ནོར།། དགོས་འདོད་དྲི་མ་མེད་པའི་གཏེར།། རྟེན་འབྲེལ་ལུགས་བཟློག་ཆོས་འབྱུང་བའི།། ཟབ་དང་རྒྱ་ཆེའི་སྙིང་པོ་ནི།། ་གྲུབ་མཐའ་དུམ་རྟོགས་པའི་གནས།། དེ་ནི་ཡང་དག་གནས་མི་ཐོབ།། གསང་བ་རྡོ་རྗེ་ཐེག་པ་ལས།། རྒྱུད་སྡེའི་སྙིང་པོ་འདུས་པའི་དོན།། དུག་ལྔའི་རྟོག་པ་སྦྱངས་གྱུར་པས།། དབང་དང་ལས་ཀྱི་རིམ་པ་ལས། ་སྐུ་གསུམས་ཡི་དབང་ཕྱུག་འཐོབ།། ཕྱི་ནང་སྤྱོད་པའི་དོན་གནས་ལ།། དམ་ཚིག་གནས་པའི་ཚུལ་བཞིན་སྤྱོད།། སྤྱི་དང་ཁྱད་པར་སྐུ་གསུམ་དང་།། སྐུ་བཞི་ཡེ་ཤེས་རྫོགས་པའི་གནས།། མངོན་པར ་བྱང་ཆུབ་ལྔ་དང་ནི། ། དྲུག་པ་དང་པོའི་མགོན་པོ་ལས།། ཡེ་ཤེས་རྒྱ་མཚོ་སྤྲིན་འཕོ་ལས།། རིགས་ནི་བརྒྱ་ནི་སྟོང་དག་ཏུ།། སྤྲོས་དང་སྡུད་པ་གསང་ཆེན་གྱི།། གཅིག་པ་མི་ཟད་སེམས་བསྐྱེད་པ།། བྱང་ཆུབ་སེམས ་འདི་བསྟན་པ་ཡང་། ། དཀྱིལ་འཁོར་སྙིང་པོར་འབྱུང་བ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ ་པར་རྒྱལ་བའི་རྒྱུད་ལས་སྙིང་པོ་མཆོག་ཏུ་བསྐུལ་བ་དང་། ཡོངས་སུ་དག་པར་སྟོན་པའི་ལེའུ་སྟེ་བདུན་ཅུ་བའོ།། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོད་པ་གསང་བ་བླ་ན་མེད ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རབ་ཏུ་ཕྱུང་ངོ་། ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། བདག་གི་ཁུ་བ་ལ་སོགས་པས།། ཆོ་ག་བཞན་དུ་ཀུན་མཆོད་ན།། སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར།། རིག་མ་གཟུགས ་བཟང་མདངས་དང་ལྡན། ། ལོ་གྲངས་བཅུ་དྲུག་ལོན་པ་ལ།། བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས།། དབེན་པར་མཆོད་པ་རབ་ཏུ་བརྩམ།། དེ་བཞིན་གཤེགས་པའི་བཙུན་མོ་མཆོག། སྤྱན་ལ་སོགས་པར་སྒོམ་པར་བྱ། ་ཡི་གེ་ཧཱུཾ་དང་ཨོཾ་དག་དང་། ཨཱཿདང་ཕཊ་ཀྱང་རབ་ཏུ་སྒོམ།། འོད་ཟེར་སྣ་ལྔས་ཁྱབ་པ་ཡིས།། པད་མ་རྡོ་རྗེ་རྩེ་གཅིག་པ།། འབར་བཅས་ཟླ་འོད་བཞིན་དུ་དཀར།། ཡིད་ཏུ་འོང་བ་བསྒོམ་པར་བྱ།། དབང་པོ་གཉིས་མི་མཉམ ་སྦར་བས། ། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།། བྷ་ག་ལ་ནི་ལིང་ག་གཞག། སངས་རྒྱས་གཟུགས་ནི་རྣམ་གསམས་ནས།། བ་སྤུའི་བུ་ག་ཐམས་ཅད་ནས།། རང་རིགས་ལས་བྱུང་རབ་ཏུ་སྤྲོ།། འདི་ནི་བདེ་བ ་མཆོག་གྱུར་པ། ། གསང་བ་ཡེ་ཤེས་གྲུབ་པའི་གཙོ།། དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་བྱ།། རབ་ཏུ་དབེན་པའི་ས་ཕྱོགས་སུ།། དཀྱིལ་འཁོར་བདུད་རྩི་ལེགས་བྱུགས་པ།། ཤེས་རབ་ཡུམ་གྱི་བྷ་ག་ཡིས།། དཀྱིལ་འཁོར ་པད་མའི་དབྱིབས་གནས་པ། ། ཁ་དོག་དམར་པོ་ཨེ་ཡི་དབྱིབས།། དེ་ལ་གསང་བའི་ལྷ་ཚོགས་ཀྱི།། ཐིག་ལེ་དཀར་པོ་སུམ་ཅུ་གཅིག། བཾ་གི་རྣམ་པར་བརྗོད་པ་ཡིན།། དེར་འཇུག་ཆོ་ག་རྟག་པ་ཡིས།། མཁས་པས ་རིམ་པ་ཤེས་པར་བྱ། ། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་།། དམངས་རིགས་གདོལ་པའི་རིགས་ཅན་ལས།། སྨེ་ཤ་ཅན་ནི་བཅུ་གཉིས་མ།། ལང་ཚོར་ལྡན་ཞིང་སྒེག་པ་དང་།། བཞིན་བཟངས་མིག་དཀྱུས་རིང་བ་ནི།། མཐ ་བས་མཚན་ཉིད་ཡོངས་ཤེས་པས། ། རིག་མ་ཡོངསུ་སྦྱངས་པ་གཞུག། བླ་མ་ལ་ནི་དབུལ་བྱ་ཞིང་།། གང་དུ་མཎ་ཌ་ལ་མེ་ཏོག་དང་། མཆོད་པ་ཡེ་ཤེས་སྔོན་བྱས་ཏེ།། བྷ་གའི་དཀྱིལ་འཁོར་དེ་ཉིད་དུ།། རྡོ་རྗེ་སློབ་དཔོནགས ་པ་འཛིན། ། བེ་ཏོག་བཅས་པའི་ལྷ་མོ་ལ།། མཉམ་པར་ཕྱག་བྱ་གསོལ་བ་གདབ།། མགོན་པོ་གསང་བ་འཛིན་པ་པོ།། སེམས་དཔའ་ཆེན་པོ་བདག་འཚལ་ལོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ།། ཐམས་ཅད་སྟོན་པ ་བླ་ན་མེད། ། མཚན་ཉིད་ཉམས་མྱོང་གཅིག་པ་ཉིད།། རྡོ་རྗེ་གསང་བས་བདག་ལ་གསོལ།། ལས་དང་སྐྱེ་བ་ལས་གྲོལ་བའི།། ཚེ་འདིར་བྱང་ཆུབ་མཆོག་ཐོབ་ལ།། ཁྱོད་ཞབས་པད་མ་སྤངས་ནས་ནི།། གཙོ་མོ་གཞན་དུ ་སྐྱབས་མ་མཆིས། ། འགྲོ་བའི་དཔའ་བོ་ཐུབ་ཆེན་པོ།། དེ་བས་བློ་མཆོག་མཉེས་པར་མཛོད།། དེ་ལྟར་གསོལ་བ་གདབ་པ་མཆོག། དམ་པ་དེས་ནི་ཐོབ་གྱུར་ནས།། དཔལ་ལྡན་བླ་མ་ཡོན་ཏན་འཆོས།། སྙིང་རྗེ་སློབ་མ་ལ ་སྐྱེད་དེ། ། བཞིན་ནི་རབ་ཏུ་དང་གྱུར་ནས།། རང་གི་བརྩེ་བར་རབ་དགའ་ཞིང་།། གསང་བ་རྒྱུད་ལས་བདེ་ཐོབ་པ།། བཟང་པོའི་དམ་ཚིག་དཀྱིལ་འཁོར་བསྟན།། དེ་ནས་སློབ་དཔོན་སྙོམས་ཞུགས་ནས།། ཀ་ལ་ཤའམ་རུང་ཆོས ་སུ། ། བྱང་ཆུབ་སེམས་ནི་རབ་དབྱུང་སྟེ།། ཨོཾ་ཨཱཿབཛྲ་དྷིཀ་ཧཱུཾ།། བཟང་པོའི་ཕྲེང་བ་ཉེ་བར་སྤྲིན།། དེ་ནས་སློབ་མ་དེ་ལ་ནི།། རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་ཏེ།། རྒྱལ་བའི་ཕྱག་རྒྱར་བཅས་པ་ཡིས།། དམ་ཆིག ་གསང་བ་སྦྱིན་གྱུར་པ། ། རྡོ་རྗེ་ཅན་ནི་ཕྱེད་དུས་སུ།། དབང་བསྐུར་བ་ནི་སྦྱིན་པར་བྱ།། བཀྲ་ཤིས་སྒྲ་ནི་བསྒྲགས་པ་དང་།། རོལ་མོའི་སྒྲ་སྐད་སྣ་ཚོགས་ཀྱིས།། དཀྱིལ་འཁོར་འཁོར་ལོའི་རྒྱལ་པོ་ཡིས།། ཁམ ་གསུམ་རྡོརྗེས་དབང་བསྐུར་བ། སྐབམ་བདུད་ཅིང་བལ་སྣང་བ།། འདིར་ནརབ་ཏུ་བསྐུལ་བ་ལས།། ཁྱད་པར་ནང་དུ་ངེས་དབང་སྐུར།། བྲང་བརྒྱང་རྒྱགམས་སཅ། རྡོ་རྗེ་དྲིལ་བུ་མང་དང་ནི།། སློབ་དཔན ་ངག་དང་གནང་བ་སྦྱིན། ། དབུགས་དབྱུང་གཟེང་བསྟོད་ལུང་བསྟན་པས།། དབང་བསྐུར་རིམ་པ་ད་སྦྱིན་བྱ།། དེ་ནས་བདག་བྱིན་བརླབ་པའི་རིམ།། བཅུད་དུ་བྱ་བའི་ཐབས་བསྟན་པ།། ཀུན་རྫོབ་བདེན་པ་ཡང་དག ་སྦྱིན། ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཁྱད་པར་བདེ་ཆེན་དབང་བསྐུར་བ།། རིག་མ་དག་པར་སྦྱངས་པ་དང་།། མཎ་ཌ་ལ་མེ་ཏོག་བཅས་པ་ཡིན།། དེ་ནས་གསོལ་བ་གདབ་པར་བྱ།། སླར་ཡང་བླ་མས་གསང་བ་བརྗོད།། ་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ།། དེ་རིང་བཤད་པའི་རིན་ཆེན་གྱིས།། གཙོ་བོས་བདག་ལ་བཀའ་དྲིན་གསོལ།། ཁྱོད་ཞབས་པདམ་སྤངས་ནས་ནི།། གཙོ་བོ་གཞན་ལ་སྐྱབས་མ་མཆིས། ་འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས།། བདག་ལ་ངེས་པར་དབང་བསྐུར་ཅིག། དེ་ལྟར་ལན་གསུམ་བརྗོད་ནས་ནི།། བླ་མ་ལ་ནི་བཀའ་སྩལ་ཞུ།། ལྷ་མོ་གཟུགས་བཟང་མདངས་ལྡན་པ།། ལོ་གྲངས་བཅུ་གཉིས་ལོན་རྙེད་ལ། ་རིགས་ཀྱི་སྦྱོར་བས་རབ་བསྒོམས་ཏེ།། བདག་གི་ཁུ་བས་མཆོད་པར་བྱ།། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེས།། དེའི་ལག་པ་དེར་གཏད་དེ།། གཟུངས་མ་ཤིན་ཏུ་ཉམས་དགའ་འདི།། སྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། ་རྡོ་རྗེ་པད་མ་རབ་སྦྱོར་བས།། བདེ་བ་དམ་པ་ཡང་དག་མྱོང་།། བདེ་བ་དཔག་མེད་འབྱུང་བའི་བཞི།། ཡེ་ཤེས་ཆེན་པོ་འདིར་རྟོགས་བྱ།། ཐབས་གཞན་གྱིས་ནི་སངས་མི་རྒྱ།། འདི་ལས་གཞན་པ་མཆོག་མེད་དེ།། འགྲོ་བ ་གསུམ་པོ་དག་རིག་པར། ། དགའ་བ་ཡང་དག་རྟོགས་པར་གྱིས།། དེ་བས་ནམ་ཡང་འདི་དང་ནི།། ཁྱེད་ཀྱིས་བྲལ་བར་མ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་དེ།། རིག་པའི་བརྟུལ་ཞུགས་བླ་ན་མེད།། ་རྨོངས་པ་གང་ཞིག་འདི་སྤོང་བ།། དེ་ལ་མཆོག་གི་དངོས་གྲུབ་མེད།། དེ་ནས་དྲི་ཞིམ་མེ་ཏོག་སྦས།། གཅེར་བུ་ཆུ་སྐྱེས་སྟོན་པར་མཛད།། གཞང་གཅིལ་སོགས་ཟ་བ་དང་།། ཁྲག་དང་ཁུ་བ་དེ་བཞིན་ཤ། རྟག་པར་བུད་མེད་པ་རོག ་གུས་པས། ། བྷ་གའི་པང་པར་འབྱེད་དང་།། ཇི་ལྟར་སྤྲོ་བར་བྱེད་དམ་ཅི།། ཇི་ལྟར་བདེ་བར་སྨོས་ཤིག་བུ།། དེ་ནི་ཉེ་བར་གཟུང་བྱ་བ།། བཤང་གཅིའི་བདུད་རྩི་བཟའ་བྱ་བ།། བུད་མེད་རྟག་གུས་ཅིས་པི་བགྱིད།། གསང་བའི་པད་མར་འབྱེད་པ། ་ལྷ་མོ་བདག་ནི་ཅེས་མི་སྒོ།། དེ་ནི་ཉེ་བར་བསྟན་པ་ཡིས།། གསང་བའི་ཚིག་འདི་བརྗོད་པར་འགྱུར།། ཨེ་མ་ཧོ་བདག་གི་པད་མ་འད།། བདེ་བ་ཐམས་ཅད་ཀྱིས་ནི་གནས།། གང་ཞིག་ཆོག་བཞིན་སྤྱ་གདེ་འི་མདུན་ན་བདག་གནས ་ཏེ། ། སངས་རྒྱས་བསྟེན་པ་ལ་སོགས་པ།། པད་མར་བྱ་བ་ཇི་བཞིན་གྱིས།། བདེ་ཆེན་རྒྱལ་པོར་རང་ཉིད་ནི།། འདི་ཉིད་ཏུ་ནི་རྟག་ཏུ་བཞུགས།། བྷཛྙཱ་པོ་ཀྵ་ཧོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ།། འདོད་ཆགས་བྲལ ་བལྟ་བུ་ཡི། ། ཁམས་གསུམ་ན་ནི་སྡིག་པ་དེ།། དེ་བས་འདོད་ལ་ཆགས་བྲལ་བབ།། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག། བདེ་ཆེན་རང་བྱུང་ཕྱག་ཎྜཱིའི་དབུས།། རྡོ་རྗེ་དཀྱིལ་དཀྲུང་ལ་སེམས་ནི།། ནོར་བུའི་ནང་དུ་བརྟག་པར་བྱ།། ཆུ་འཐུན ་ལ་སོགས་བདེ་བ་ལས། ། ཡེ་ཤེས་སྐྱེ་བས་དེ་བཞིན་དུ།། དྲི་མ་མེད་པའི་དོན་དུ་ན།། ཐོབ་པར་སྦྱོར་བ་ལས་བྱུང་བ།། བྷ་གར་ལིང་ག་གཞག་བྱ་སྟེ།། བྱང་ཆུབ་སེམས་ནི་དབྱུང་མི་བྱ།། ཁམས་གསུམ་མ་ལུས་ཐམས་ཅད་ལས།། སངས ་རྒྱས་གཟུགས་སུ་བསྒོམ་པར་བྱ། ། མི་འགྱུར་མཆོག་ཏུ་བདེ་འཐོབ་པའོ།། ཚངས་སྤྱོད་བརྟེན་པས་གནས་པ་ནི།། ཡོངས་སུ་སྡོམ་པ་རིག་པ་འཛིན།། རྣལ་འབྱོར་དབང་ཕྱུག་གར་མཁན་ཏོ།། སྡོམ་པ་བཅོམ་ལྡན་ཡང་དག ་འཛིན། ། འདིར་ནི་རིམ་པ་འདི་ཤེས་བྱ།། ཤ་ཆེན་དམ་ཚིག་མཆོག་གིས་ནི།། རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ།། རྡོ་རྗེའི་རིགས་ལས་ངེས་བསྟན་པའི།། སྤང་བྱ་སྟོབས་ལྡན་མཆོག་འདི་ཡིན། ལྷོ།། སངས་རྒྱས་རིགས ་ནི་དག་པ་ཡི། ། ལྷ་མོ་རྣམས་ཀྱིས་བྱིན་རླབས་པ།། བགླང་ཤ་ཡི་རིགས་དག་པས།། རྡོ་རྗེ་དཀྲུག་པའི་དམཚིག་ཡིན།། བྱེད་འཐུང་ཞིང་ཀུན་དནྟ།། རིན་ཆེན་རིགས་ལ་ངེས་འབྱུང་བའི།། ཁྱི་ག་དག་གི་དམ ་ཚིག་གྲི། ། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དྷ། མྱུར་དུ་འགྲོ་ཞིང་ཤུགས་དང་ལྡན།། པུད་པའི་རིགས་ཀྱིས་བྱིན་རླབས་པའི།། རྟ་ཤ་དག་གི་དམ་ཚིག་གས།། མི་སྣང་བའི་བདག་པོར་འགྱུར།། གཡུལ་དུ་དཔའ་ཞིང་མི་ལྡོན ་པ། ། ལས་ཀྱི་རིགས་ཀྱིས་བྱིན་རླབས་པའི།། གླང་པོའི་ཤ་ཡི་དམ་ཚིག་གིས།། མངོན་ཤེས་ལྔ་དག་ཐོབ་འགྱུར་རོ།། མུ། ཕྱག་རྒྱ་ཆུ་ཡི་རྣམ་པ་ལས།། ཞེ་སྡང་དཔའ་བོ་རྡོ་རྗེ་འཛིན།། བཤང་གཅིང་མཚིག་མཆོག་འདིས་ནི།། རིག ་པ་འཛིན་པའི་གཙོ་བོར་འགྱུར། ། བྷི། གཞི་མཉམ་ལུས་ལས་འབྱུང་བའི་གནས།། གཏི་མུག་འདྲེན་པ་འཁོར་ལོ་ཆེ།། རྣམ་སྣང་དམ་ཚིག་མཆོག་གིས་ནི།། ཡིད་བཞིན་ནོར་བུའི་དཔལ་ལྡན་འགྱུར།། མཿསྒོ་དགུ་ནས་བྱུང ་ཆུངས་པ་དང་། ། གླད་པ་རྐང་དུ་བཅས་པ་ལས།། རིན་ཆེན་ང་རྒྱལ་འཛིན་པའི་སྐུས།། འདིས་ནི་པད་མའི་མདངས་ཅན་འགྱུར།། རཱ་ཛའི་བུ་གར་རང་བྱུང་བའི།། རཱ་ག་འབར་བའི་འོད་ཅན་ནི།། འདོད་ཆགས་ཆེན་པོའི་འབྱུང ་གནས་ལས། ། འཛམ་བཱའི་ཆུ་བོའི་འོད་ལྟར་འགྱུར།། ཤུ། ལུས་ཀུན་ལས་ནི་འབྱུང་བའི་རྒྱུ།། ཀུན་དྷ་ལྟ་བུའི་བྱང་ཆུབ་སེམས།། ལས་ཀྱི་ཕྲིན་ལས་རལ་གྲི་ཆེ།། ཕྲིན་ལས་སྣ་ཚོགས་དབང་ཐོབ་འགྱུར།། མཾ། ཀུན་དུ ་བྱེད་བཅུད་བསྡུས་པའི། ། སྙིང་པོ་འཆི་མེད་རྟོག་མེད་པའི།། ཡེ་ཤེས་འབྱུང་གནས་ཁུ་བ་འདི།། རྣལ་འབྱོར་པ་ཡི་གྲོལ་བའི་རྒྱུ།། འཇིག་རྟེན་ཀུན་དུ་རྒྱལ་བྱེད་པ།། གསང་བདག་པདམ་ཚིག་གནས།། ཧཱུཾ་བྷྲཱུཾ་ཏྲཱཾ་ཧྲཱི ་ཁལྨ་མ་པ་ཏཾ། ཨཱཿ།། སྒྲོན་མ་ལྔ་ནི་རྣམ་དག་པས།། ཡིད་བཞིན་ནོར་བུ་མཆོག་སྟེར་བྱེད།། དུག་ལྔ་བདུད་རྩིར་དག་པས་ནི།། ཡེ་ཤེས་ལྔ་ཐོབ་ཕྱིར་མི་ལྡོག། འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན།། རང་གི་སྡིགས ་ཀྱིས་རབ་སྒོམས་ནས། ། སངས་རྒྱས་ཐམས་ཅད་གཞུག་པར་བྱ།། འདིས་ནི་གསང་བ་འཛིན་པར་འགྱུར།། གསང་བ་ཤེས་རབ་ལ་བརྟེན་པའི།། སྦྱངས་པའི་ཡོན་ཏན་དག་པ་ནི།། རྣལ་འབྱོར་དབང་ཕྱུག་ཀུན་གྱི་གནས།། ་འདི་དག་རིམ་པས་སྤྱད་པར་བྱ།། ཇི་བཞིན་གཞི་ལ་སྤྱོད་པ་ལས།། དངོས་པོའི་གནས་ལུགས་ལ་མ་གྱུར་པའི།། ཐབས་དང་ཤེས་རབ་རོལ་པས་ནི།། འདོད་ཡོན་ལམ་དུ་བྱེད་པའོ།། གང་དུ་ཕྱག་དར་ཁྲོད་པ་ཡི།། གོས ་ཆང་སྤྱོད་པ་ཀུ་སུ་ལུ། ། སྐུས་ཏེ་བོར་བའི་སྨན་ཟ་བས།། འདིར་ནི་སྣ་ཚོགས་ཆོས་སུ་སྤྱད།། སྤྱོད་ལམ་ཀུན་ཏུ་འདྲིས་པ་ལས།། ཕྱིང་བུ་ཚལ་པ་ཙམ་འཛིན་པ།། འདི་ནི་ཕྱོགས་མེད་གོས་ཅན་ཏེ།། རྣམ་པ་ཐལ་བ ་ཡིས་བླུགས་ཡིན། ། གང་དུ་ཆོས་གོས་གསུམ་པ་ནི།། སྟོད་གཡོགས་གླང་པོའི་ལྤགས་པ་དང་།། མི་ཡི་ལགས་པ་ཉིད་ལ་རྟེན།། སྨད་དཀྲིས་སྟག་གི་ཀོ་བས་དཀྲིས།། ཕྱིས་མི་ལེན་པ་ལན་ཅིག་སྟེ།། སྤྲོས་པ་གཅོད་པར ་བྱེད་པ་ཡིས། ། བྱིན་གྱིས་མ་བརླབས་ཟས་དང་གོས།། སྐད་གཅིག་ཙམ་དུ་སྟེན་མི་བྱེད།། རང་ཉིད་ལྷན་གཅིག་ཕྱག་རྒྱར་བཅས།། སྣོད་གཅིག་ཟ་བའི་གཙང་སྦྲ་ལས།། དུ་མར་འབྱུང་བ་མ་ཡིན་པ།། ཚོགས་ཀྱི་འཁོར ་ལོ་གཅིག་ཏུ་གྲགས། ། ལམ་གྱི་གཞི་མདོའམ་ཤིང་གཅིག་དྲུང་།། གདུག་པ་མ་ལུས་གདུལ་དོན་དུ།། ཕྱག་རྒྱར་བཅས་པའམ་གཅིག་ཏུ་ཡང་།། བརྟུལ་ཞུགས་སྦྱོར་བས་གནས་པར་བྱེད།། ཆུ་གླིང་རི་སུལ་བླ ་གབ་མེད། ། དེར་ནི་གཅེར་བུའི་རོལ་པ་ཡིས།། བདུད་རྩི་ཟ་ཞིང་རིག་མ་དང་།། གཅིག་པར་གནས་པའི་སྤྱོད་པ་ཆེ།། ཎཱ་ཊྭཱཾ་མ་རུ་ར་བཅས་ཤིང་།། ཐོད་པའི་ཚལ་བུས་རྫས་ཁྱེར་ཏེ།། ཤིན་ཏུ་གསང་བས་སྤྱོད་པ་ནི།། བས་མཐར་གནས ་པ་དབེན་པའོ། ། དུར་ཁྲོད་རབ་སོན་དགེ་འདུན་སར།། ཆོས་ཀུན་བདག་མེད་མི་རྟོག་པས།། རྟོག་པ་དོར་བས་གནས་པ་གང་།། དུར་ཁྲོད་པ་ཞེས་བརྗོད་པའོ།། ཐ་དད་མེད་པའི་ཏིང་འཛིན་གྱིས།། དུ་མོའི་སྣང་བ་རོ་མཉམ་པས།། ཀུན ་དུ་བསོད་ནམས་བྱེད་པ་དག། ང་སྙོམས་ཡེ་ཤེས་སྤྱོད་པ་ཡིན།། འདི་དག་ལྡན་པའི་རྣལ་འབྱོར་པ།། དགེ་སློང་ཆེན་པོར་ཤེས་པར་བྱ།། ཚངས་པར་སྤྱོད་པ་མི་ལྡོག་པས།། ཀུན་དུ་ཡེ་ཤེས་འབྲལ་མི་བྱེད།། འཇིག ་རྟེན་སྒྱུ་མའི་སྣང་བ་ལས། ། ཆགས་པ་མེད་པའི་དགྲ་བཅོམ་པ།། བྱང་ཆུབ་སེམས་དཔའི་ཚུལ་ཐོབ་པའོ།། གསང་བ་སྦྱངས་པའི་ཚུལ་འདི་ནི།། གཞན་དུ་རྟོགས་པར་མི་འགྱུར་བ།། རྡོ་རྗེ་འཛིན་པས་བསྟན་པ་ཡིན། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་མཆོག་ཏུ་གསང་བའི་དབང་དང་སྤྱོད་པ་བསྟན་པའི་ལེའུ ་སྟེ་དོན་གཅིག་པའོ། ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཆོས་རྣམས་ཐམས་ཅད་མི་འགྱུར་ཏེ།། ཐམས་ཅད་དབང་བསྐུར་ཡེ་ཤེས་མཆོག། ཡེ་ཤེས་དཀྱིལ་འཁོར་གསང་བ་བཤད།། ཞིང་འདིར་རིན་ཆེན ་བདུན་དག་གིས། ། མཁས་པས་ཁྱབ་པར་ཡོངས་བཀང་སྟེ།། ཁྱད་པར་ཡེ་ཤེས་བདེ་དོན་དུ།། ཤེས་རབ་ལྡན་པས་བླ་མར་དབུལ།། དེ་མདུན་ཡན་ལག་རྣམ་དག་པས།། དབ་མེད་རོལ་པས་དབུལ་བར་བྱ།། ཁུ་བ་བྱུང ་བས་རང་ལུས་ལས། ། དཀྱིལ་འཁོར་ལྷ་ཚོགས་སྤྲོ་བ་སྟེ།། རིགས་ཀྱི་ལྷ་རྣམས་ཆོ་ག་བཞིན།། ལུས་ལ་ཉེ་བར་དགོད་པའོ།། ཡེ་ཤེས་འབྲས་བུ་ཐོབ་འདོད་པས།། གཉིས་སུ་མེད་པར་བཏུང་བར་བྱ།། དེ་བཞིན་གཤེགས་པའི ་འཁོར་ལོའི་ཚོགས། ། བསྡུ་བ་ཉིད་ཀྱིས་ཉེར་གསད་པ།། འདི་ནི་དངོས་གྲུབ་རྒྱ་མཚོ་ཡི།། བླ་མེད་འབྲས་བུ་ཐོབ་འགྱུར་བའོ།། མཐའ་དབྱིངས་རྡོ་རྗེ་སྟོང་པ་ཉིད་། དབུས་གནས་མངོན་པར་བྱང་ཆུབ་བརྗོད། དེ་ཉིད་མེ་ལོང་མེ ་ཤེས་ལྡན། ། ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག། ཉི་མ་མཉམ་ཉིད་ཡེ་ཤེས་ཏེ།། བདུན་དང་ལྡན་པའི་དབུས་ཉིད་དོ།། སྔགས་ནི་དབུས་སུ་གནས་གྱུར་གང་།། ས་བོན་སོ་སོར་རྟོག་པ་སྟེ།། མངོན་པར་བྱང་ཆུབ་པ་ཉིད་དོ།། རྡོ་རྗེ ་ལ་སོགས་གང་གནས་པ། ། སངས་རྒྱས་དཀྱིལ་འཁོར་སྒོམ་པར་བྱ།། ཡོངས་སུ་རྫོགས་པའི་སྐུ་གསུང་ཐུགས།། ཞལ་གསུམ་རྩ་གསུམ་བརྗོད་པར་བྱ།། སྐུ་གསུམ་ལུས་ངག་ཡིད་ཡིན་ཏེ།། དེ་ཉིད་མངོན་པར་བྱང་ཆུབ་བརྗོད།། ་རྡོ་རྗེ་འཁོར་ལོ་པད་མ་དང་།། ནོར་བུ་རལ་གྲི་འབར་བ་ལས།། རྣམ་པར་འཕྲོ་བ་བསམ་བྱ་སྟེ།། བླ་མེད་ཡེ་ཤེས་བྱང་ཆུབ་བརྗོད།། སྤྲོ་དང་སྡུད་པར་བྱེད་པའོ།། རྣམ་པའི་མཆོག་ནི་ཀུན་ལྡན་པ།། སྐད་ཅིག་གཅིག་ལ་རབ་རྫོགས ་པ། ། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ།། བྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔགས་ས་བོན་སྐྱེད་པ་ཅན།། ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིས།། རིམ་གྱིས་གཟུགས་ནི་རྫོགས་བྱེད་པ།། དེ་ནི་བསྐྱེད་པར་བརྗོད ་པ་སྟེ། ། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། དེ་ནས་གསང་བའི་དངོས་བསྡུས་པའི།། ཡེ་ཤེས་བསམ་གཏན་གཉིས་ཀྱིས་ནི།། བདག་དང་བདག་གིར་འཛིན་པ་ཡི།། དངོས་པོ་སྲེག་བྱེད་ཡེ་ཤེས་མེ།། བསམ་གཏན་གཉིས ་པོས་གཅིག་ཏུ་ཡང་། ། སྟོང་ཉིད་ངང་དུ་གནས་བྱེད་པའོ།། རིལ་པོར་འཛིན་པའི་ཏིང་འཛིན་གྱིས།། གཟུང་བའི་རྟོག་པ་སྤོང་བྱེད་ཅིང་།། ཤེས་རབ་ཟབ་མོའི་ངོ་བོ་ཉིད།། དེ་ཉིད་བསྡུ་བའི་ཚུལ་གྱིས་ནི།། སྒྱུ་མའི་ལུས་ཀྱི་སྣང་བ ་ཉིད། ། དངོས་པོའི་ཆོས་ཉིད་སྟོང་ཉིད་འཇུག། རྗེས་སུ་གཞིག་པའི་ཏིང་ངེ་འཛིན།། འཛིན་པའི་རྟོག་པ་འཇོམས་བྱེད་པས།། ཐབས་ཉིད་རྒྱ་ཆེའི་རང་བཞིན་ཅན།། དེ་ཉིད་སྤྲོས་པའི་ཚུལ་བསྟན་པས།། སྟོང་ཉིད་གཅིག ་ཏུ་གནས་པ་ནི། ། ཀུན་ཁྱབ་ཡེ་ཤེས་མཁའ་མཉམ་འགྲོ།། སྟོང་ཉིད་ཡེ་ཤེས་ཆེན་པོའི་མེས།། རང་བཞིན་རྟོག་པའི་གནས་ངན་ལེན།། མངོན་རྒྱུ་བག་ཆགས་བཅས་པ་ཡི།། རང་བཞིན་བརྒྱ་དང་དྲུག་བཅུ་དང་། ཐོག ་མཐའ་མེད་པའི་བྱང་ཆུབ་སེམས། ། རང་འབྱུང་ལྷན་ཅིག་སྐྱེས་པའི་ངང་།། དངོས་དང་དངོས་མིན་རྟོག་པའི་ཚོགས།། སྣང་བ་ཙམ་དུ་འཛིན་མེད་པར།། སྟོང་ཉིད་འོད་གསལ་ན་མཁའ་ལ།། དབྱིངས་དང་ཡེ་ཤེས་དབྱེར་མེད ་5ས། ། དེ་བར་གཤེགས་པའི་དྲུང་དུ་འགྲོ།། དེ་ཉིད་ཀུན་ཁྱབ་ཀུན་གྱི་གནས།། བརྗོད་དུ་མེད་པའི་ཆོས་ཀྱི་སྐུ།། ཐམས་ཅད་འོད་གསལ་མངོར་བྱང་ཆུབ།། དེ་ལྟར་མ་རྟོགས་མ་རིག་པས།། སྒྱུ་མ་ལྟ་བུའི་ཏིང་ངེ ་འཛིན། དེ་དག་རབ་ཏུ་མི་ཤེས་ཤིང་།། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི།། བག་ཆགས་རབ་ཏུ་སྐྱུགས་བྱེད་པ།། དེ་དག་མངོན་གྱི་ལས་ཀྱིས་ནི།། སྐྱེ་དང་འཆི་བར་ཡང་དག་འབྱུང་།། རིག་པ་འོད་གསལ་དབྱིངས་གནས་ཀྱང་། ་འབྲུ་བྱེད་རླུང་ལས་མ་རིག་བྱུང་།། དེ་ལས་སྣ་བ་དང་པོ་དང་།། མཆོད་པ་དག་དང་ཐོབ་པ་དག། ལུགས་སུ་འབྱུང་བས་རྣམ་ཤེས་ལ།། རླུང་གིས་བསྐྱོད་པ་ཤིན་ཏུ་འཁྲུལ།། ང་དང་བདག་ཏུ་འཛིན་པ་ཉིད།། ཡིད་ཀྱི་རྣམ་ཤེས ་འགྱུ་བ་ཡི། ། རླུང་ལས་ཀུན་ཏུ་འཁྲུལ་པའི་ལས།། འབྱུང་བའི་དེ་ཉིད་ཁོ་ན་ལ།། མ་རིག་རྨོངས་པས་ལྟུང་བ་ནི།། བླ་མ་མེད་ཕྱིར་འཁྱམས་པའོ།། ཀུན་ཏུ་བཏགས་པའི་མ་རིག་པ།། དངོས་སྙིགས་གཉིས་སུ་རླུང་གིས་བྱེ།། ་དངོས་མ་སྟོང་ཉིད་ཡེ་ཤེས་སེམས།། ཀུན་ཀའི་རང་བྱུང་ཆོས་ཉིད་གནས།། སྙིགས་མས་སྣོད་བཅུད་ཁམས་གསུམ་དུ།། དུག་གསུམ་ངང་ལས་འབྱུང་བ་ནི།། སྲོག་འཛིན་རླུང་ལས་ཞེ་སྡང་སྐྱེས།། གྱེན་རྒྱུ་ལས་ནི་འདོད ་ཆགས་བྱུང་། ། གཏི་མུག་ཁྱབ་བྱེད་དུས་ཀུན་དུ།། འབྲལ་བ་མེད་པས་གནས་པ་ཡིན།། དེ་ནས་མེ་དང་མཉམ་པ་ལས།། ཕྲག་དོག་འབྱུང་བར་གྱུར་པ་ཡིན།། ཐུར་སེལ་ལས་ནི་ང་རྒྱལ་དང་།། སེར་སྣ་མངོན་པར་བྱུང་བ་ཡིན།། ། ་རླུང་རྣམས་གང་ལས་འབྱུང་བ་ནི།། རིག་པ་ཀུན་དུ་རྟེན་གྱུར་པ།། ས་བོན་ཆ་ལས་འབྱུང་བཞི་གནས།། དེ་ལས་རྩ་བའི་རླུང་དུ་བྱུང་།། ཕྱི་རོལ་འོད་ལྔའི་སྣང་བ་ལས།། ཞེན་པས་རྒྱུ་འབྲས་ལ་རྨོངས་ཤིང་།། མ་རིག་པས ་ནི་དེ་དག་ལས། ། རྟེན་འབྲེལ་བཅུ་གཉིས་ཚུལ་དུ་འཁོར།། དུག་གསུམ་ལས་ནི་རྩ་གསུམ་སྟེ། ཆགས་སྡང་དབང་གིས་པོ་མོར་བྱུང་།། དེ་ཕྱིར་མངོན་གྱི་ལས་ཀྱིས་ནི།། སྐྱེ་བ་དང་ནི་མཆི་འཕོར་འགྱུར།། རབ་ཏུ་དངོས་པོ་རྣམ ་པར་ཤེས། ། འོད་གསལ་བྱང་ཆུབ་གནས་འདི་ཡིན།། ཅུང་ཟད་ཙམ་དུ་དངོས་པོ་ལས།། བདེ་བ་ལས་ནི་འདོད་པར་གྱུར།། གསལ་བས་གཟུགས་ཁམས་ཀུན་དུ་སྐྱེ།། མི་རྟོག་པས་ནི་གཟུགས་མེད་དུ།། ངེས་པར་འཆར་བ་ཆོས ་ཉིད་ཅན། ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན།། ཁམས་ནི་སྙིགས་མར་གྱུར་པ་ལས།། ཀུན་ཏུ་འཕོ་ཞིང་རྒྱུ་བྱེད་པའི།། ནུས་པ་ཡོན་ཏན་ཅུང་ཟད་ཅན།། བསྐལ་པ་དང་པོའི་མི་ལྟར་འབྱུང་།། ཡུལ་གྱིས་འདོད་ཆགས་སད་པ་ལས། ་ཚོགས་པ་མ་རྙེད་དེ་སྲིད་ཏུ།། བར་མ་དོ་ཡི་སྲིད་པར་གནས།། སྲིད་པར་ལྟུང་བའི་སེམས་ཅན་ནི།། བགྲོད་པས་འགྲོ་བ་ཇི་བཞིན་དུ།། ལས་ཀྱི་དྲ་བའི་ཞགས་པ་ཡིས།། འགྲོ་བ་དྲུག་ཏུ་འཇོམས་པར་བྱེད།། དེ་ཉིད་རྒྱུ་རྐྱེན་སྔོན་འགྲོ ་བས། ། ཉེར་ལེན་འཇུག་པར་འདོད་པ་དང་།། རང་དབང་མེད་པར་འཇུག་པ་དང་།། སྐྱབས་གནས་ཚོལ་བའི་ཡིད་འགྲོ་བས།། འཕེན་པ་སྟོབས་བྱུང་འཇུག་པར་འགྱུར།། གལ་ཏེ་མི་རུ་སྐྱེ་བ་ན།། ཕ་མའི་ཀུན་ཏུ་འཁྲིག་མཐོང་བས།། ་སྡུག་བསྔལ་ཉིད་ཀྱིས་གདུངས་གྱུར་ཏེ།། བཞོན་པར་བཅས་པའི་མྱུར་འགྲོ་ལྟར།། རླུང་གི་གཞོན་པ་ལ་བརྟེན་ཏེ།། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ།། ཤིན་ཏུ་མྱུར་བར་འོངས་གྱུར་པ།། དགའ་དང་བཅས་པའི་བསམ་པ་ཡིས།། ་བདེ་བའི་ངང་དུ་སེམས་ཞེན་པས།། ཁ་ཡི་ལམ་ནས་ཐུར་དུ་འཇུག། ངན་འགྲོའི་གནས་ལ་པ་ཡི་ནི།། བཤང་བའི་ལམ་ནས་ཁང་བཟངས་སུ།། མཐོང་ནས་ཀུན་དུ་འཇུག་པར་འགྱུར།། དུས་དེར་ཕ་མ་གཉིས་དང་ནི།། དུས་ཅིག ་བདེ་བ་མྱོང་བྱས་པའི། ། རྩ་ཕྲན་སྟོང་ཕྲག་བདུན་བཅུ་ལས།། རབ་བརྒྱུད་དེའི་སྐད་ཅིག་ལ།། ཨཱ་ལི་ཀཱ་ལིར་ཞུགས་གྱུར་སྟེ།། མཆོག་ཏུ་དགའ་བ་ཡང་དག་འཐོབ།། ཁུ་བ་དང་ནི་ཁྲག་བཅས་པའི།། དབུས་སུ་བར་དོའི་ཤེས་པ་ནི།། ་འདུས་པ་ཐིག་ལེའི་གཟུགས་སུ་གནས།། དང་པོའི་རྣམ་པ་ནུར་ནུར་པོ།། དེ་ལས་མེར་མེར་པོ་རུ་གྱུར།། ལྟར་ལྟར་པོ་དང་གོར་གོར་པོ།། རླུང་རྣམས་ཀྱིས་ནི་བསྐུལ་གྱུར་པས།། ཤ་ཡི་རྣམ་པ་མཁྲར་གྱུར་དུ།། ལྔ་པའི་དུས་སུ་རྐང ་ལག་འགྱུར། ཡན་ལག་ལྡ་ནི་དདགྱུར་བས།། བདུན་དུ་གྱུར་ཚེ་མཚན་མ་དང་། སྒྲ་དང་སེན་མོ་བསུཾའི་ཚོགས། མཐང་པའི་ཆགས་རྫོགས་བྱུང་བའོ།། བརྒྱད་པའི་དུས་སུ་ཆེར་རྟོག་ཤིང་།། ཟླ་བ་དགུ་ནི་ལུས་ཀུན་རྔོག། ་བཅུ་པ་ཡུལ་གྱི་རྩོལ་བ་བྱེད།། ནུར་ནུར་རང་བཞིན་མི་བསྐྱོད་པ།། མེད་མེར་པོ་ནི་དཀོན་མཆོག་དཔལ།། ལྗང་ལྟུང་བ་ནེ་འདོད་པག་མེད།། གདོན་མི་ཟ་བ་གོར་གོར་པོ།། རྣམ་སྣང་འཐད་གྱུར་དག་ཏུ་བརྗོད།། གནས་སྐབས ་འབྱུང་བ་ལྔ་ལྡན་པས། ། ཆུ་དང་རླན་གྱིས་སྡུད་པ་དང་།། དྲོད་དང་མེ་ཡིས་སྨིན་པར་བྱེད།། སྲས་ནི་བརྟན་དང་སྐྱེད་པ་ལས།། རླུང་གིས་གཡོ་ཞིང་འཕེལ་བར་བྱེད།། ནམ་མཁའ་ཀུན་དུ་རྟེན་གྱུར་པའོ།། དྲི་ཆུ་ཁྲག་ནི་འདུས ་པ་ཡི། ། དྲི་ཆུའི་ཆ་ནི་མི་བསྐྱོད་ཞུགས།། གཞི་མཉམ་རྣམ་པར་སྣང་མཛད་དེ།། ཁྲག་ནི་འོད་དཔག་མེད་པའི་ཆ།། ཤ་ནི་རིན་ཆེན་རྒྱལ་པོ་ཉིད།། ཁུ་བ་གདོན་མི་ཟ་བའི་ལུས།། ཟླ་བ་མེ་ལོང་ཡེ་ཤེས་ཏེ།། ཉི་མ་མཉམ་པ་ཉིད ་གྱུར་པ། ། ས་བོན་རྣམས་པོ་སོ་སོར་རྟོག། ཕྱག་མཚན་ལས་ནི་དེ་ཉིད་དེ།། ཐམས་ཅད་གཅིག་གྱུར་ནན་ཏན་བརྗོད།། ལུས་ཀྱི་གོང་བུ་བསྡུས་པ་ཡི།། སྟོང་ཉིད་ཆོས་དབྱིངས་ཡེ་ཤེས་བརྗོད།། མངོན་པར་བྱང་ཆུབ་ལྔ ་ཡིས་ནི། ། བསྐྱེད་དང་གནས་དང་བསྡུས་པར་མཛད།། དེ་ཉིད་ཡེ་ཤེས་ཡོངས་དག་པ།། སངས་རྒྱས་ལྔ་ཡི་བྱང་ཆུབ་སེམས།། གསང་བ་མཆོག་ཏུ་བསྟན་པ་ཡིན།། སྐྱེ་གནས་དབུས་སུ་རྩ་གཉིས་ནི།། གཡས་དང་གཡོན ་ན་དེ་བཞིན་གནས། ། གཡོན་ནས་ཁུ་བ་དེ་བཞིན་ཏེ།། གཡས་ནས་དེ་བཞིན་ཁྲག་ཡིན་ནོ།། དེ་དག་གཅིག་ཏུ་གྱུར་པ་ནི།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། ལས་ཀྱི་སོ་བོན་དབང་ཐོབ་པས།། རླུང་གིས་ཡང་དག་བསྐྱར ་ནས་ནི། ། ཆོས་ཀྱི་འབྱུང་གནས་པད་མའི་སྣོད།། གདོང་ནི་ངེས་པར་ཕྱོགས་པར་གྱུར།། དགུ་གཡས་སུ་ནི་བརྟེན་ནས་སུ།། ཙོག་པུར་མངོན་པར་ཕྱོགས་ཏེ་གནས།། དགུ་གཡོན་ཡང་དག་བརྟེན་ནས་ནི།། ཤེས་རབ་ས ་སུ་མངོན་པར་ཕྱོགས། ། ས་བོན་ལྟུང་བའི་དུས་ཀྱིས་ནི།། མཁས་པས་དུས་ཀྱིས་སྐད་ཅིག་ལས།། ངེས་པར་རྟག་པར་བྱ་བ་ཡིན།། གཡོན་ནས་རླུང་ནི་རྒྱུ་བ་ནི།། ཐམས་ཅད་དུ་ནི་སྐྱེས་བུར་བྱེད།། གཡས་ནས་ངེས་པར་རྒྱུ་བ་ནི།། ་ཀུན་དུ་བུ་མོར་འབྱུང་བ་ཡིན།། ཐབས་དང་ཤེས་རབ་ཆ་ལས་ནི།། བཟློག་པའི་གོ་རིམས་ཤེས་པར་བྱ།། གཉིས་ཀའི་དབུས་སུ་རྒྱུ་བ་ན།། མ་ནི་ང་དང་ནི་ཟར་མ་འབྱུང་།། འདི་དག་འགྱུར་བ་ངོ་ཤེས་པས།། ཐོབ་པ་མཚན་ཉིད་བརྟག ་པར་བྱ། ། འདི་ལྟར་གསང་བའི་ལུས་འབྱུང་བ།། བསྐྱེད་དང་གནས་པ་འཇིག་ཚུལ་དུ།། འདིར་ནི་རྒྱས་པར་བསྟན་པའོ།། དེ་ལྟར་བཅོམ་ལྡན་མགོན་གསུངས་ལ།། སངས་རྒྱས་བྱང་ཆུབ་སེམས་དཔའི་ཆོགས།། ཐམས་ཅད་དགྱེས ་པ་བསྐྱེད་གྱུར་ཅིང་། ། ཀུན་ཏུ་བཟང་པོའི་ཚུལ་འདི་ཞུས།། མངོན་པར་བྱང་ཆུབ་ཡེ་ཤེས་ལས།། རིགས་ཀྱི་ཁྱད་པར་འབྱུང་བའི་དོན།། འགྲོ་བ་སངས་རྒྱས་རྣམ་པ་ཅན།། ངོ་བོ་ཉིད་ཤེས་སྙིང་པོའི་གནས།། རྡོ་རྗེ་འཛིན་པས་གང ་གསུངས་པ། ། གཟུགས་དང་ཚེ་རབ་འདུ་ཤེས་དང་།། འདུ་བྱེད་རྣམས་ནི་ཕུང་པོ་རུ།། རིགས་དང་པྲ་དང་ཤིན་ཏུ་ཕྲ།། ལུས་འདི་དངོས་པོའི་ཚུལ་རྟོགས་པས།། ཕུང་པོར་ངེས་པར་སྐྱེས་པ་ཡིན།། སྲིད་པ་སྐྱེ་བའི་རིམ་ཤེས་པས།། ་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར།། འདི་ནི་རྣམ་པ་ཀུན་མཁྱེན་པའི།། ཡེ་ཤེས་མཆོག་གི་གཉེན་གྱིས་གསུང་།། དེ་དག་སྒྲིབ་པ་རྣམ་སེ་ལ་སོགས།། ཀུན་གྱིས་ཐོབ་ཤིང་ཁོང་ཆུང་ལ།། ལེགས་སོ་ལེགས་སོ་ཞེས་བརྗོད ་ཅིང་། ། ངོ་མཚར་གྱུར་ཅིང་རྨད་བྱུང་བའི།། དགོངས་པ་ཅང་ནི་མི་གསུང་བཞུགས།། འདི་དག་ཆོས་ཀུན་རབ་ཏུ་ཞི་ཞིང་གཉིས་མེད་པ།། ཕྱོགས་བཅུ་ཀུན་ནས་སྣང་བའི་རྒྱལ་བ་དེ་བཞིན་གཤེགས།། དུས་གསུམ་སེམས ་ཅན་ཁམས་རྣམས་འདུལ་བའི་དབང་བསྐུར་བ། ། ལམ་ཆུང་མ་ལུས་གནས་ལས་གྲོལ་བྱེད་མཆོག་འདིར་རྒྱལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུ་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས ་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་ཁམས་བསྐྱེད་པ་དང་བསྡུ་བའི་དོན་བསྟན་པའི་ལེའུ་སྟེ་བདུན་བཅུ་རྩ་གཉིས་པའོ། ། ། དེ་ནས་རྒྱལ་པོ་རྡོ་རྗེ ་འཛིན། ། གསང་བ་དཔལ་ལྡན་བྱང་ཆུབ་སེམས།། སྲིད་ཞི་མཉམ་པར་སྡུད་མཛད་པ།། འབར་བ་དྲག་པོས་ཚུལ་འདི་གསུངས།། དཔལ་ལྡན་ཡིད་བཞིན་ནོར་བུའི་གནས།། སྤྱོད་པ་སྦྱིན་པའི་ཚུལ་བསྟན་པ།། གསང་བ་འགྲོ་བའི་དགོས ་འདོད་སྐོང་། ། ནོར་སྟེར་ལྕམ་དྲལ་འདིར་བསྟན་པའོ།། ཛཱཾ་ཀྵྨཱཾ།། འཕགས་པ་ཡིད་བཞིན་ནོར་བུའི་མདོག། ཞལ་གསུམ་ཕྱག་དྲུག་གསེར་གྱི་མདོག། རིན་ཆེན་སྣ་ཚོགས་རྒྱན་སྦས་པ།། སྐུ་མདོག་ལས་བྱུང་རིགས་འཕྲོ ་པས། ། དོན་གྲུབ་རྒྱལ་པོས་དབུ་བརྒྱན་པ།། གཡས་པ་དྲོ་ཞིང་གཡོན་དམར་བ།། དང་པོ་གཉིས་ཀྱིས་ནེའུ་ལེ་ཡི།། ཁ་ནས་སྐྱུག་བྱེད་ནོར་བུ་འཛིན།། གཡས་གཡོན་གཞན་གྱིས་རྒྱལ་མཚན་དང་།། བི་ཛ་བུ་རི་རིན་ཆེན་གྱི། ་བཟང་པོའི་སྣོད་བཅས་འཛིན་པར་བསམ།། དེ་ལས་གསང་བ་བདུད་རྩིའི་ཆུ།། རྩ་ལམ་ལག་མཐིལ་རྒྱུད་ནས་ནི།། དབུལ་བ་མཁས་པ་དག་གིས་བྱ།། ཉིན་རེ་ཞིང་དུ་མཆོད་བྱས་ན།། དེ་ལ་དངོས་གྲུབ་དེས་སྟེར་བྱེད།། འཕགས་མ་ནོར་ལྡན ་བསྐྱེད་པ། ། ཞལ་གསུམ་ཕྱག་དྲུག་གུར་གུམ་མདོག། གཡས་དཀར་གཡོན་དམར་ལྗང་སྤྱན་གསུམ།། དང་པོ་བཙུབ་ལ་དང་།། གཡོན་པས་འབྲུའི་སྙེམ་འཛིན།། ལྗག་མས་བུམ་པ་པ་མ་སྟོད།། ཡིད་བཞིན་ནོར་བུར་བས ་བའུ་ཆེན། ། འདིན་རིན་ཆེན་ས་ཚོགས་པའོ།། ཕྲེང་བ་འང་འགྲོབསམ་པར་བྱ།། དེ་ལས་སྤྲི་ང་བསྲུ་བ་སྟེ།། གནོད་རྒྱུན་མོན་ནམ་མང་པོ།། ཟླབ་བཾ་ཟང་དང་རབ་བམངས།། བདེ་སྦྱིན་པ་དང་སྟོས་ཆེན་ནོ།། མོབ་ཤེས་སྦྱིན ་གོ། དཔས་སྦྱིན་མ་དང་དོན་གྲུབས།། བང་གྱེས་པ་སྦྱིན་མི་འབྲུགས།། ཡང་དག་རྒྱན་མ་འདི་རྣམས་ཏེ།། དེ་ཁོ་མ་ས་ཡོངས་སུ་ལེགས་པསྐོངས།། རིན་ཆེན་གཞས་ལས་ཡང་གནས་པའི།། ལྷ་མོ་རྣམས་ས་དུས་པ་སུམ ་རུ། ། བསྲེག་སྤོས་དབུལ་ཞི་ཕྲིན་ལས་གཞོལ།། འདི་ནི་གསང་བ་མ་ལུས་པའི།། གནོད་སྦྱིན་མོ་ཡི་རྟོག་པར་གསུངས།། འདི་ལས་འདའ་བར་བྱེད་པ་ནི།། གསང་བ་ཚུལ་གནས་མ་ཡིན་ནོ།། དེ་ནས་བཅོམ་ལྡན་དེ་བཞིན ་གཤེགས། ། འཇིག་རྟེན་དབང་ཕྱུག་རྒྱལ་བ་ཡིས།། གསུང་གི་རྣམ་པར་འཕྲུལ་པ་ཡེ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ་འདི་ཉིད་དེ་མཐག་ཕྱུང་ནས།། ཡེ་ཤེས་དམ་པ་བཀའ་སྩལ་ཏོ།། ཧྲཱིཿཤིན་དུ་དབེན་ཞིང་རབ་ཏུ་ཉམས་དགའ་བབ་རཔལ་ལྡན་འཇིག་རྟེན ་དབང་ཕྱུག་བསྒོམ་པར་བྱ། ། དེ་ཉིད་ན་མཁའི་དབྱིངས་ཀྱི་དབུས་གནས་པར།། གསལ་བའི་དཀྱིལ་འཁོར་རབ་ཏུ་བསྒོམ་པར་བྱ།། དེའི་དབུས་གནས་ས་བོན་དམར་པོར་འཕྲོ།། དེ་ལས་སྤྲོ་བསྡུའི་འོད་ཀྱི་སྣང་བ་ལས།། མ ་ལུས་འགྲོ་ཚོགས་ལེགས་པར་སྦྱངས་ནས་ནི། ། དག་པར་བྱས་པའི་ས་བོན་ལ་ཞུགས་ཏེ།། པད་མ་གེ་སར་འོད་བཅས་ཡོངས་གྱུར་པས།། སྐད་ཅིག་དེ་ལས་རྗེ་བཙུན་སྤྱན་རས་གཟིགས།། ཞལ་གསུམ་ཕྱག་དྲུག་པད་མ་རཱ ་གའི་མདངས། ། གཡས་པ་ཀུན་དྷ་ཨུད་པལ་སྔོ་འདྲ་གཡོན།། རིན་ཆེན་སྣ་ཚོགས་རྒྱན་སྤྲས་ཐུགས་རྗེ་ཅན།། དང་པོ་གཉིས་ཀྱིས་ཡེ་ཤེས་རིག་མ་ལ།། རྡོ་རྗེ་སོ་གོལ་སྦྱོར་བས་འཁྱུད་མར་མཛད།། བར་མས་པར ་མསྡོང་བུ་ནོར་བུ་མཛིན། ། ཐམས་རལ་གྲི་འཁོར་ལོ་བསྣམས་པའོ།། དར་གྱི་ཅོད་པན་སྣ་ཚོགས་ཀྱིས་བརྒྱན་མཛེས།། དེ་ཡི་ཐུགས་ཁར་ཟླ་བ་ལ་གནས་པ།། རང་སྲོག་ས~ཾ་བོན་ཧྲཱིཿཡིག་རྣམ་པར་བསམ།། དེ་ཡི་འོད ་ཟེར་མ་ལུས་ཚོགས་སྤྲོས་པས། ། འགྲོ་བ་མ་ལུས་དོན་ནི་ཕུན་ཚོགས་པའོ།། རྟོག་པའི་རྙོག་མ་མ་ལུས་སེལ་བྱེད་པ།། ཐུབ་པའི་དབང་པོའི་ཕྱོགས་མཚམས་རབ་འཕྲོ་བས།། སྣ་ཚོགས་ནོར་བུས་འགྲོ་བའི་དོན་མཛད ་ནས། ། སླར་འདུས་རང་ལས་ཕྱུང་བའི་དཀྱིལ་འཁོར་བའི།། འཁོར་ལོའི་ལྷ་ཚོགས་དུ་མ་བསམ་པར་བྱ།། རྡོ་རྗེ་ཆེན་པོའི་སྙིང་པོ་ཡི།། ཁ་དོག་དཀར་པོ་རྣམ་པར་བསམ།། ཧཱུཾ་འོད་ཀྱི་སྤྲིན་གྱིས་ཤིན་དུ་འབར།། ཟླ་བའི་འོད ་ཟེར་བཞིན་དུ་བསིལ། ། གནས་བཞི་དག་དུ་སྦྱོར་བ་ཡིས།། དེ་མ་ཐག་ཏུ་འབྱུང་བར་བྱེད།། ལན་གསུམ་ལེགས་པར་བསྒོམས་པས་ནི།། སྐྲག་བདག་ཏུ་རྣམ་བསམས་ན།། ན་མཁའ་གང་བའི་དུག་ཀུན ་ཡང་། དེམ་ཐག་ཏུ་མེད་པར་བྱེད།། འདི་ནི་དངོས་ཀྱི་དུགཞི་བར་བྱེད་པའོ་ས་འབྲས་དང་བོལ་མིག་འབྲུས་བུ་དང་།། གང་གཞན་ནང་དུ་བཤད་པ་རྣམས།། ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ།། བསམས་པ་ཙམ་གྱིས་མེད་པར་འགྱུར།། ་པད་མ་འབར་བ་མད་བ་བརྒྱད་པ།། དེ་ཡི་དབུས་སུ་དྲུག་བསམས་ནས།། འོད་ཟེར་ལྔ་ནི་རྫོགས་པར་སྤྲོ།། དྲག་བསྲུབ་ནི་ཁ་དོག་ནག། བསྐུལ་བས་ཞི་བྱེད་དཀར་པོ་ཡིན།། བསམ་གཏན་གནས་ནི་གསང་བ་གང་།། ཡེ་ཤེས་དྲི ་མེད་གསང་ཆེན་ཡིན། ། དེ་ལ་འདིས་ནི་ཉེ་བའི་དུག། ཐམས་ཅད་དྲང་བའི་སྙིང་པོའོ།། གང་དུས་བདག་ཀླུ་ལས་གྱུར།། གནོད་པ་ངན་པ་བྱུང་གྱུར་པ།། འདིས་ནི་སྐད་ཅིག་དག་གིས་ཀྱང་།། ངེས་པར་ཞི་བར་བྱེད་པ་ཡིན།། དཔལ ་ལྡན་སེང་གེ་སྒྲ་སྦྱོར་བས། ། གདུག་པའི་འཚེ་བཞི་བྱེད་པ།། པད་སྡོང་ཐོད་པ་བདུད་རྩིར་བཅས།། དེ་ནི་མེ་ཏོག་རབ་བཀང་བ།། ཏྲི་ཤུལ་ས་གསུམ་གནས་ལས་སྐྱོབ།། རྒྱལ་པོ་རོལ་པའི་ཚུལ་བསྟན་པའོ།། ཐུགས ་རྗེས་དུ་གསེལ་བར་མཛད་པ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། ། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོའི་རྡོ་རྗེ་གསུམ་གྱི་གསང ་བབསང་བ་གསུམ་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའོ། ། ན་མཿས་མན་ཏ་ཀཱ་ཡ་བཱ་ག་ཙིཏ་ཏ་བཛྲ་ཎཱཾ།། ཨོཾ་ཨཱ་ཨུཥྞཱི་ཥ་བཛྲ་ཙཀྲ་ཝར་ཏི།། བ་ཙཱུ་ར་ཨུ་ཥྞཱི་ཥ་བི་ཛ་ཡ།། ཙཀྲ་ཝར་ཏིཙྪ ་ཧཱུཾབྷྲཱུཾ། ཧཱུ~ཾ་ཧཱུཾ་ཧཱུཾ། ཨ་མུ་ཀེ་སཱ་ར་ཡ་བཊ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། རིག་པའི་རྒྱལ་པོ་རྗེས་སུ་དྲན།། སངས་རྒྱས་རྡོ་སྐུ་གསུམ་ལ།། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།། ཞགས་པ་རྡོ་རྗེ་ལྕགས་ཀྱུ་འཛིན། ་སངས་རྒྱས་དགུག་པ་དམ་ཚིག་ཡིན།། སངས་རྒྱས་སྐུགས་མ་སྦྱོར་བ་ཡི།། འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ།། རྟག་ཏུ་ངེས་པར་འགུག་པར་འགྱུར།། འདི་ནི་ཡེ་ཤེས་མེ་སྦྱོར་བའི།། སྤར ་བས་དངོས་གྲུབ་གནས་ཐོབ་བྱེད། ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མོ།། རྡོ་རྗེ་ལུགས་ཀྱུའི་འོད་ཟེར་གྱིས།། སྔགས་རྣམས་ཐམས་ཅད་འགུགས་པའི་མཆོག། རྡོ་རྗེ་ལས་བྱུང་ཐམས་ཅད་པ།། ་རང་སྔགས་སྐྱེས་བུར་བསྒོམས་ནས་ནི།། རབ་ཏུ་མཛེས་མའི་མཆོག་རྣམས་ཀྱི།། སྙིང་ཁར་རྡོ་རྗེ་འབར་བ་སྦྱར།། རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས།། ངེས་པར་རྟག་དུ་འགུགས་པར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། 8ང ་སྔགས་དོན་གྱི་ཡོན་ཏན་གྱིས། ། གཙུག་ཏོར་འཁོར་ལོས་སྒྱུར་སྦྱོར་བས།། བཀའ་ཡི་འཁོར་ལོ་སྦྱར་བར་བྱ།། སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག། རྡོ་རྗེ་ཅན་གྱིས་བྱ་བ་སྟེ།། འདི་ནི་རྡོ་རྗེ་མ་ལུས་པའི་བྱང་ཆུབ་བསྲུང་བའི ་ནོན་ཆེན་བྱ། ། བཅོམ་ལྡན་འདས་ཀྱི་སྐུ་ཡེ་ཤེས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ།། ཉི་མའི་དཀྱིལ་འཁོར་དམ་པ་ནི།། ནམ་མཁའ་རྡོ་རྗེའི་དབུས་སུ་བསམ།། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ།། རྡོ་རྗེ་རྟ་མགྲིན་དུ ་བསྒོམ་པ། ། ཁྲོ་བོའི་འོད་ཟེར་མང་པོ་དག། ཐམས་ཅད་ཏུ་ནི་རྣམ་པར་འགྲོ།། ཀླུནམས་མ་ལུས་ཞབས་ཀྱིས་མནན།། མཐོང་བ་དང་ནི་རེག་པ་དང་།། ཁ་དྲངས་དུག་རྣམས་ཞི་བྱེད་པ།། ཀླུན་མས་ཀྱི་ནི་རྒྱན་དུ་བྱས།། ཁ་དོག་འ ་བ་མར་བའི་སྐུ། ། རྫོགས་སངས་དཔག་མེད་དབུ་རྒྱན་ཅན།། བསམས་ན་རྡོ་རྗེ་ཅན་འདི་མཉེས།། འདི་ནི་ཡེ་ཤེས་རྡོ་རྗེ་ཅན།། ཁྲོ་བ་ཀུན་གྱི་དམཚིག་སྟེ།། གསང་བ་ཉེ་བར་བསྟན་པ་ཡིན།། དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་ཆེ་དཔག ་ཏུ་མེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་པད་མོ་འབྱུང་བའི་ཁྲོ་བ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རབ་ཏུ་ཕྱུང་ངོ་། ། ཨོཾ་ན་མཿས་མས་ཏ་ཀཱ་ཡ་བཱ་ག་ཙི་ཏ་ཏ་བཛྲ་ཎཱཾ།། ་ཨོཾ་ཙཱབདྷ་ཀློད་བྱུང་སྟན་ཏ་ཀྲིཏྟ་དྱ་ཡ་ཤྲཱི་བ་ཏཱ་ཧཱུ~ཾ་ཧྲུལ་བུས་ཧཱུ~ཾ་ཕཊ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཆོས་ཀྱི་རི་རྗེ་མཆོག་སྐྱེས།། ནས་འཇིགས་ཤིང་བརྟུལ་བར་འགྱུར།། ཡེ་ཤེ་ག་རྒྱལ་པ་ངས་སུ་དྲན། ་མཁའ་དབྱིངས་དྲུག་གིས་ཡོངས་གང་བ།། རྡོ་རྗེ་ཧྲ་ལ་ཏ་ལིའི་འོད།། ཐོ་བོའི་རྒྱལ་པོ་བསྐུལ་བ་ཡིས།། དྲག་ནམས་སྐད་ཅིག་གིས་མེད་བྱེད།། དོ་རྗེ་ཏ་མཆོག་བསྐྱེད་པ་འབྱུང་བ་རྡོ་རྗེས་གསུངས་སོ།། ཉམ་དཀྱིལ་འཁོར་དཔས ་ནི། ། ན་མཁའ་རྡོ་རྗེའི་དབུས་སུ་བསམ།། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ།། རྡོ་རྗེ་བདུད་རྩི་བཅུད་གྱུར་མཆོག། འབར་བའི་འོད་ཟེར་འཕྲོ་བ་ཅན།། རྡོ་རྗེ་སྤྲིན་ནི་ཀུན་དུ་འཁྲུག། ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། ་མཆེ་བ་རབ་ཏུ་རྣོ་བ་ནི།། རྔ་སྒྲའི་དམ་ཚིག་དབུ་བརྒྱན་པ།། བསྒོམས་ན་ཁྲོ་བོ་མཆོག་འདི་མཉེས།། འདི་ནི་ཁྲོ་བོ་ཐམས་ཅད་ཀྱིས།། འདའ་བར་དཀའ་བའི་དམ་ཚིག་ཡིན།། བཅོམ་ལྡན་འདས་སྐུ་རྡོ་རྗེའི་དམ་ཚིག་གི་འོད་གཟེར ་སྡུག་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་མའི་ཚིགསང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འདི་རབ་ཏུ་བྱུང་ངོ་། ། ཨོཾ་ཨཱཿཧཱུཾ། ཨོཾ་ཨཿབིགྷྣཱན་ཏ་ཀྲྀཏ་ཨ་མྲྀ་ཏ་ཀུན ་ཌ་ལ་ཧ་ན་ཧ་ན་ཧཱུཾ་ཧཱུ~ཾ་ཕཊ། ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ།། འབར་བ་མེ་ཏོག་འཕྲོ་བ་ཡི།། ཕྱོགས་བཅུའི་དཀྱིལ་འཁོར་ལ་གདབ་བྱ།། རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི།། གདུག་ཅིང་ཁྲོ་བོ་ཚར་བཅད་ལ།། ་སངས་རྒྱས་གཟུགས་ཀྱི་དངོས་གྱུར་པ།། རྡོ་རྗེའི་སྦྱོར་བས་བྱས་པ་ན།། སྤྱི་བོ་དང་ནི་མགྲིན་པ་དང་།། སྙིང་ཁཱ་ནས་ནི་རྐང་པའི་བར།། རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ།། དམ་ཚིག་འདི་ལས་འདའ་མི་བྱ།། འདི་ནི་ཕུར་བུའི་རྣམ་པར་འཕྲུལ།། ་བསམ་གཏན་རྡོ་རྗེ་ཕུར་བུ་ཡིས།། སངས་རྒྱས་དག་ཀྱང་ངེས་པར་འདེབས།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཕུར་བུས་བཏབ་ན་མེད་པར་འགྱུར།། མི་ཡི་རུས་པའི་ཕུར་བུ་ནི།། རྡོ་རྗེ་སྐུ་ཡི་ཕུར་བུ་སྟེ།། ་གཏི་མུག་གནས་པ་གདབ་པར་བྱ།། པོ་རླུང་དག་པའི་གནས་གྱུར་པའོ།། སེང་ལྗང་རྩེ་ཡི་ཕུར་བུ་ནི།། རྡོ་རྗེ་གསུང་གི་པུར་བུ་སྟེ།། འདོད་ཆགས་གནས་ལ་གདབ་བྱ་བ།། མོ་རླུང་དག་པའི་གནས་གྱུར་པའོ།། ལྕགས་ལས་བྱས་པའི ་རྡོརྗེ་བཅས། ། རྡོ་རྗེ་ཐུགས་ཀྱི་ཕུར་བུ་སྟེ།། མ་ནིང་དྲུང་ནི་གནས་གྱུར་བྱེད། ན་རྫ་ནས་གང་པ་། ས་པ་ཤཱ་ཛིན་པ་ཡི། ཡེ་ཊེ་སྐུ་གསུམ་འཇིག་བྱེད་འགྱུར།། རྡོ་རྗེ་སེམས་དཔར་མཉམ་བཞག་པ།། རྡོ་རྗེ་གསུམ་གྱི་སྒྲའི་མཐར།། རིག ་མའི་བྷ་གའི་དཀྱིལ་འཁོར་དུ། ། གསང་བའི་དཀྱིལ་འཁོར་གནས་གྱུར་པ།། དེ་དག་གསལ་བར་དམིགས་ནས་ནི།། ལྷ་རྣམས་གནད་ལ་དབང་བྱ་བ།། བྱིན་རླབས་ཤིན་ཏུ་མྱུར་འདོད་པས།། འོད་འཕྲོ་འཁྲུག་ཅིང་མདངས་ལྡན ་པཔའི། ། གཟུགས་བརྙན་རྡོ་རྗེའི་ཕུར་བུ་ཡིས།། བྷ་ག་ལ་ནི་ངེས་བདབ་པ།། འདི་ཉིད་སྐུ་གསུང་ཐུགས་གྱུར་པའི།། རྡོ་རྗེ་ཕུར་བུའི་སྦྱོར་བ་ཅན།། སྐུ་གསུང་ཐུགས་གསུམ་ལྷ་བསྐྱེད་པ།། གནས་ཁང་དུ་ནི་སྙོམས་འཇུག་པས།། ཕུར་བུར ་གདབ་པར་གྱུར་པ་ཡིན། ། གསང་བའི་པད་མ་ཉམས་དགའ་བར།། རྡོ་རྗེ་ཕུར་བུ་ལིང་ག་ཡིས།། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས།། བདུད་རྩི་འབབ་པས་ཕུར་གདབ་ཡིན།། བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས།། རང་གི་ཕྱག་རྒྱའི་བྷ་གར ་ནི། ། བདེ་བས་ཕུར་བུ་ངེས་པར་འདེབས།། དེ་ཡི་དེ་མ་ཐག་ཏུ་ཡང་།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ལུས་ཀུན་ལ་ནི་གནས་གྱུར་པའི།། ལྷ་རྣམས་བདུད་རྩིའི་ཆ་དག་ཏུ།། ངེས་པར་ཞུ་བས་དེ་ལས་བསྐུལ།། ཤིན་ཏུ་ཞུ་བར་གྱུར ་པ་ལས། ། བྱང་སེམས་བདེ་བའི་ཁུ་བ་དག།། སྣང་བ་དཀྱིལ་འཁོར་བདག་ཉིད་དེ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཕུར་བུས་བཏབ་ན་ངེས་པར་འཆི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ།། གསང་བའི་ཚུལ་ལ་གནས་པ་ཡིས།། ་ཅཆུང་བྱང་ཆུབ་སེམས་རྣམས་ནི།། བདེ་སྟོང་གཉིས་མེད་གྱུར་པས་ན།། འཆི་བ་ཞེས་ནི་བརྗོད་པ་ཡིན།། ཕྱི་རོལ་ནད་གདོན་ཉོན་མོངས་དག། བདུད་བཞི་བཅོམ་པས་ལྡང་བར་འགྱུར།། གསང་བ་དམ་པ་བསྡུས་པ་ཡི།། ་ཉི་མོ་ཅོག་ཏུ་འབྱུང་བ་ཉིད།། རྡོ་རྗེ་ཕུར་བུ་བསྟན་པ་གདབ་པར་བྱ་བའི་ཏིང་ངེ་འཛིན་བསྟན་པའོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། འགྲོ་བའི་གནོད་པ་ཞི་བྱེད་པ།། བཀའ་ཡི་འཁོར་ལོ་རྒྱས་པ་པོ།། དེ་ཉིད་དང་ལ་གནས ་པབཔར་གྱུར། ། བཅོམ་ལྡན་རྣམ་པར་སྣང་མཛད་དཔལ།། སྐུ་ཡི་རྣམ་པར་འཕྲུལ་པ་ནི།། དེས་འབྱུང་རྡོ་རྗེའི་ཏིང་འཛིན་ལ།། སྙོམས་པར་ཞུགས་ཏེ་ཚུལ་འདི་གསུངས།། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བ་ལ་རྡོ་རྗེ་སེམས ་དཔའ་མཉམ་གཞག་ནས། ། རྡོ་རྗེ་གསུམ་གྱི་སྐུ་ཡི་མཐར།། གཟུགས་བརྙན་བསམས་ནས་སྦྱང་བར་བྱ།། སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི།། ན་མ་ལའི་དབྱིངས་ཀྱི་དབུས་བསམས་པ།། སྔགས་ཀྱི་རྡོ་རྗེ་རྣམ་པ ་བཞི། ། འདིས་ནི་རྡོ་རྗེ་གནས་གསུམ་བྱེད།། ཆོས་ཉིད་ཡེ་ཤེས་ངང་ལས་བསྡུས་པ་ཡིས།། སྟོང་ཉིད་བྱང་ཆུབ་སེམས་ཀྱི་ངང་ཉིད་ལས།། རང་བྱུང་རྟེན་དང་རྟེན་པར་བཅས་པ་ཡི།། དཀྱིལ་འཁོར་གཙོ་བོ་སྤྲོ་དང་བསྡུ་བྱས་ལ།། ་ཧཱུཾ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱ་བ།། གུར་གུམ་བཟང་པོའི་མདོག་ལ་དམར་སེར་ལ།། གཡས་དང་གཡོན་པའི་ཞལ་ནི་དཀར་དང་སྔོ།། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པ་ཡི།། ཕྱག་གཉིས་ཤེས་རབ་དམ་པ ་འཁྱུད་པ་དང་། ། མདངས་ལྡན་རལ་གྲི་དང་ནི་ཨུཏ་པ་ལ།། ཤེས་རབ་མདའ་གཞུ་ལེགས་པར་འཛིན་པ་མཛད།། དེ་ཉིད་ཤིན་ཏུ་གསལ་བའི་སྐུ་རུ་བསྒོམ།། ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་བྱིན་བརླབས་པའི།། ས་བོན་རྒྱས ་གདབ་དེ་འདྲ་གཉིས་མེད་བསྟིམ། ། ཡེ་ཤེས་དབང་བསྐུར་དམ་པས་རྒྱས་གདབ་བྱ།། མ་ལུས་རིགས་ཀྱི་འཁོར་ལོ་སྤྲོ་བ་ཡི།། ཚུལ་གནས་ཡེ་ཤེས་སྤྱོད་པ་གོ་འཕང་ཉིད།། ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང་།། ནམཁའི་སྙིང་པོ ་འཇིག་རྟེན་དབང་ཕྱུག་དང་། ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་བཅས།། དཔལ་ལྡན་ཀུན་ཏུ་བཟང་པོ་ཞེས་བྱ་བ།། དེ་དག་མིག་ལ་སོགས་པ་གྲངས་བཞིན་དུའོ།། གཟུགས་དང་སྒྲ་དང་དྲི་དང་རོ་དག་དང་།། རེག་བྱ་དང་ནི ་ཆོས་དབྱིངས་རྡོ་རྗེ་དང་། ། ས་དང་ཆུ་དང་མེ་དང་རླུང་རྣམས་ནི།། ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས།། གཟུགས་དང་ཚོར་བ་དེ་བཞིན་འདུ་ཤེས་དང་།། འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ།། རྣམ་པར་སྣང ་མཛད་ལ་སོགས་བདེ་གཤེགས་ཏེ། ། རྡོ་རྗེ་ས་བོན་གྱིས་ནི་དབྱུང་བར་བྱ།། ཀྵིཾ་ཁ་གཽ་ཁཱ་ས~ཾ་ཞེས་བཤད་པ།། འདི་དག་མིག་ལ་སོགས་པ་རྣམས་ཀྱི་ཡིན།། ཛ་ཧཱུཾ་བ་ཧོ་ཁཾ་རཾ་ཞེས་བཤད་པ།། དེ་དག་གཟུགས་ཀྱི་རྡོ་རྗེ་ལ་སོགས ་པའོ། ། མཾ་ལཾ་པ་ཏཾ་ཞེས་བྱ་བ་ཞིར་བཤད་པ།། དེ་དག་སྤྱན་ལ་སོགས་པ་རྣམས་ཀྱི་ཡིན།། བྷཱུཾ་ཨ་ཛྭ་ཁཾ་ཧཱུཾ་ཞེས་བྱ་བ་དག། རིམ་པ་ཇི་བཞིན་རྟག་པ་ལ་སོགས་པའོ།། རང་རང་གི་ནི་ངོ་བོ་རྣམ་དག་པ།། རིམ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས ་གྱུར། ། དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི།། ཆོས་ཉིད་ཀྱིས་ནི་ཕན་ཚུན་ཁྱད་པར་མེ།། ཕྱིན་ཙེ་ལོག་གི་རྟོག་པ་ལས་གྲོལ་བས།། བྱ་བ་མ་ལུས་པར་ནི་རྫོགས་པར་བྱ།། ཐུབ་པའི་འཁོར་ལོ་མ་ལུས་མཆོད་པར་བྱ།། མཆོག་འདི་དེ་དག ་ཀུན་དུ་རབ་ཏུ་དབུལ། ། ཟས་ལ་སྤྱོད་ཆེ་སྙིང་གའི་ཟླ་བ་ཡི།། འཁོར་ལོའི་གཙོ་བོ་རང་གི་གསང་སྔགས་ཀྱིས།། ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱིས་ནི།། ངོ་བོ་ཉིད་གྱུར་འོད་དང་ལྡན་པར་བསམ།། དངོས་པོ་དེ་དག་གསུམ་གྱིས ་བཟླས་བྱ་སྟེ། ། ཐམས་ཅད་མཉམ་པ་ཉིད་དུ་རྣམ་དག་པས།། དེ་ཉིད་སྐུ་ཡི་རྡོ་རྗེ་ལ་སོགས་པ།། ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ།། ཕྱི་ཡི་སྦྱིན་བསྲེག་ཆོ་ག་ཇི་ལྟ་བར།། ཡིད་ཀྱི་སྤྱོད་ཡུལ་སེམས་ཀྱིས་བྱ་བ་སྟེ།། ཕུང་པོའི་བུད་ཤིང་ནམ ་བར་སྲེག་བྱེད་པ། ། ཡེ་ཤེས་འབར་བ་བླ་ན་མེད་པར་བཤད།། དམ་ཚིག་ཉམས་ལ་སྙིང་ཁར་ཟླ་བ་ལ།། སྙིང་པོ་སྣ་ཚོགས་རྡོ་རྗེ་ཇི་བཞིན་བསམ།། དཔལ་ལྡན་དམ་ཚིག་རྡོ་རྗེ་རྣལ་འབྱོར་པས།། འགྲོ་བ་རང་བཞིན་གྱིས་ངས་རྣམ ་བསམས་ལ། ། སྣ་ཚོགས་པད་མའི་འདབ་མའི་དབུས་སུ་མི་སྔར་གྱི་རིམ་པས་དབང་བསྐུར་ཀུན་དུ་བླང་།། ཕྱི་རོལ་དག་ཏུ་ཁྲུས་ཀྱི་ཆོ་ག་ལ།། རིམ་འདིར་ཁྱད་པར་ཡང་དང་ཡང་བསམ་བྱ།། ཐུན་མཚམས་རྣམས་སུ་དེ་བཞིན་མཆོད ་ལ་སོགས། ། སྔོན་དུ་འགྲོ་བའི་བཟླས་བརྗོད་བྱས་ནས་ནི།། སྙིང་ཁའི་འཁོར་ལོའི་ནང་དུ་ཆུད་པར་བྱ།། སྙིང་རྗེ་ཤེས་རབ་ལྡན་པས་དབྱིངས་སུ་ཉལ།། ལྡང་བའི་དུས་སུ་དམ་ཚིག་ལྷ་མོ་ཡི།། ཡང་དག་གླུ་ཡིས་དཔའ་བོ་ཡོངས་བསྐུལ་བས།། ལྡང ་བས་ཐུབ་པས་བཟླས་བརྗོད་ལ་སོགས་པའི། ། ཆོ་ག་སྔ་མ་བཞིན་དུ་བྱ་བ་ཡིན།། དངོས་གྲུབ་ཉེ་བའི་མཚོན་མ་མཐོང་ནས་ནི།། དེ་ཉིད་གསུམ་བརྗོད་བྱས་ནས་རང་གི་སེམས།། སྔར་བཤད་དཀྱིལ་འཁོར་དག་ལ་གནས་ནས་ནི།། རང ་འདོད་གོ་འཕངས་རབ་ཏུ་བསྒྲུབ་བྱ་ཡིན། ། བགེགས་རྣམས་འདུད་རྩི་ཐབ་སྦྱོར་འཁོར་ལོ་ཡི།། བསྲུང་བ་བཀའའི་འཁོར་ལོ་རབ་སྦྱར་བྱ།། དེ་ཉིད་བདུད་ལས་རྣམ་པར་རྒྱལ་བྱེད་ཡིན།། དབང་བསྐུར་བྱས་པའི་འབད་པས་ངེས་པར ་གཞོམ། ། གང་ཞིག་དབུས་སུ་གནས་པར་གྱུར་པ་ཡི།། འཁོར་ལོ་དེ་ཡང་དེ་ཡི་ཆོ་འཕྲུལ་འགྱུར།། ཐ་མལ་རྣམ་རྟོག་རྒྱུན་ལས་མ་གཏོགས་པར།། སྲིད་པའི་སྡུག་བསྔལ་ཡོད་པ་མ་ཡིན་ཏེ།། དེ་ནི་རྣམ་པར་འགོག་པར་འགྱུར་བའི་སེམས།། ་སེམས་ནི་མངོན་སུམ་བྱིན་རླབས་ཀྱིས་མངོན་འགྱུར།། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན།། དེར་ནི་ཀུན་རྟོག་གང་ཡིན་སྣང་མི་འགྱུར།། ཡང་དག་སེམས་ལས་ཐ་དད་པ་མིན་ཞིང་།། ཀུན་བརྟགས་མཚན་མ་སྔར་ནི་བསྒྲུབ་ལོག་པས།། ། ་སྲིད་པ་ལན་ཅིག་ཙམ་དུ་ལྡང་མི་ནུས།། གང་དུ་ལྡོག་པ་མེད་པས་བགྲོད་ཕུལ་འབྱུང་།། འདིར་ནི་མཐོང་བ་དང་ནི་བསླབས་འཕེལ་བས།། རྣམ་དག་རྟོག་པ་ཡང་དག་འགོག་པ་སྟེ།། ཐ་མལ་བ་ཡི་རང་གཟུགས་དངོས་པ་ཡིས།། བདག ་མེད་སྦྱིན་སོགས་མི་ཟད་གཏེར་མི་འགྱུར། ། འདིར་ནི་གནས་མེད་ཡེ་ཤེས་དགེ་བའི་ལམ།། འདིར་ནི་བདེན་ཡང་དེར་ནི་ལྡོག་མི་འགྱུར།། དེ་ལྟར་རྟོགས་པ་སྙིང་རྗེར་ལྡན་པ་དག། ཡེ་ཤེས་བསམ་ལས་སྐད་ཅིག་གིས་བསྒྲུབས་པ། ་དཔལ་ལྡན་ཀུན་དུ་བཟང་པོའི་ངོ་བོ་ཉིད།། མཁས་པས་གང་ཞིག་ངེས་པར་བསམ་མི་བྱེད།། གང་དུ་དཔལ་ལྡན་འདུས་པའི་ལམ་ལས་ནི།། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་བསྐྱོད་པའི་དོན།། རྒྱལ་བ་རྒྱ་མཚོའི་ཡེ་ཤེས་དམ་པའི ་བའི། ཚད་མེད་བྱང་ཆུབ་རྒྱན་གྱུར་གསང་བའོ།། འདི་ནི་མཚུངས་མེད་དམ་པ་མཆོག་གི་གནས།། དུག་ལྔའི་ཏོག་པ་དེ་ཉི་དང་བོ་ཉིད།། ཡོངས་སུ་ཤེས་པའི་ལས་གྱུར་བས་མ་མི་ཁྱབ།། འཕགས་པ་ཉན་ཐོས་དགྲ་བཅོམ་ཟག་པ་ཟད།། ་དེ་ལ་ཐོག་མར་རྒྱུན་དུ་ཞུགས་པ་དང་།། ཕྱིར་མི་འོང་དང་ལན་ཅིག་ཕྱིར་ཞུགས་པ།། དེ་དག་འཁོར་བ་དག་པར་འདོད་པའི་ལམ།། རང་སངས་རྒྱས་ནི་འབྱུང་ཚུལ་གཉིས་སུ་གནས།། སྨོན་ལམ་འབྲས་བུ་ཐོབ་པ་ངལ་སོའི་ལམ། བྱང་ཆུབ་སེམས ་དཔའ་སེང་གེའི་རྒྱལ་པོ་ལྟར། ། རི་དགས་ཕྲ་མོ་སྐྲག་བྱེད་འདིར་འབྱུང་བ།། དང་པོ་གླང་ཆེན་ཁྱུ་མཆོག་རྩལ་གྱིས་ནི།། རི་དགས་སེང་གེ་ཤར་སྣང་ཆོ་ག་དང་།། མཁའ་ལྡིང་ག་རུ་གི་ལྡིང་གྱུར་པ།། འབྲུག་སྒྲ་སྒྲོགས་བྱེད་ཅང་ཤེས་ཏ་ཡི་རྩལ།། ་བྱ་ཁྱུང་ཆེན་པོ་ཤང་ཤང་རུ་རུ་སྟེ།། རི་བོང་དག་གིས་རང་སྤྱོད་ཤུགས་བསྟན་པའོ།། འཁོར་བའི་རྒྱ་མཚོར་ནོར་བུ་གནས་པའི་གཞི།། ཀླུ་དབང་རྣམས་དང་ཆུ་སྲིན་ཆེན་པོ་དང་།། ལྟོས་འགྲོ་ཟ་བྱེད་ཤིན་དུ་མི་ཟད་པས།། རུས་སྦལ་དུང་ལྟར་མ ་འདྲེས་གནས་བྱས་པ། ། དེ་ལས་མུ་ཏིག་ལ་སོགས་སྣ་ཚོགས་པ།། གང་དུ་ཡོན་ཏན་ལྡན་ཡང་བག་མེད་གནས།། བག་ལ་ཉལ་བའི་ཕྱོགས་ནི་ཟློག་པ་གཉིས།། སྐབས་ལས་མ་བབ་ནུས་པ་འབྱུང་མི་ནུས།། ས་བོན་ཕྲ་མོ་ཀུན་ནས་ལྡང་བ་ནི།། ་དུས་ལ་བབ་ཆེ་སླུ་བ་མེད་པར་འབྱུང་།། དེད་དཔོན་ཐབས་ལ་མཁས་པའི་གཟིངས་བཅས་པས།། ཐར་པ་ཐོབ་བྱེད་ཡན་ལག་ཀུན་ལྡན་པས།། རིན་ཆེན་ནོར་བུས་དགོས་པར་བསྒྲུབ་པ།། དཔལ་ལྡན་འདུས་པའི་རྒྱུད་དུ་ཤེས་པར་བྱ།། དབང ་ཐོབ་བྱེད་པ་རྡོ་རྗེའི་ཐེག་པ་འདིར། ། བུམ་པ་བཞི་ལྡན་ལམ་བགྲོད་རྡོ་རྗེ་དང་།། དཀྱིལ་འཁོར་ཆོས་འབྱུང་བད་མའི་སྡོང་པོར་འབྱུང་།། ས་ལ་མ་ཁྱད་པར་རིགས་དང་ལྡན་པའི་ཆོས།། འཁོར་ལོས་སྦྱར་རྒྱལ་རིན་ཆེན་བདུན་ལྡན་པའི།། གསང། ་བབས་མས་འཇུག་ཡས་བབས་ཚུལ་ཤེས་པས།། སྤྲེའུ་ཁྭ་ཏའི་ཚུལ་ཤེས་བསྟན་པ་ཡིན།། རྡོ་རྗེ་གསུམ་དང་ཟླ་བ་ཉི་མ་དང་།། མུན་པ་དག་གིས་རྟོགས་པ་གང་ཡིན་པ།། མེ་ལོང་གཟུགས་བརྙན་རྡོ་རྗེ་སེམས་དཔའི་སྐུ།། ཡེ་ཤེས་འཇའ ་ཚོན་ཆུ་ཡི་ཟླ་བར་སྟོན། ། མེ་འོད་འབར་བས་ཀུན་ནས་སྣང་བ་ཆེ།། དེ་ཁྱབ་ཀུན་དུ་སྟོན་པ་དེ་བཞིན་གཤེགས།། རིགས་ཀྱི་སྐུ་དང་ས་བོན་མཚན་མར་སྣང་།། དེ་ཉིད་སངས་རྒྱས་མཆོག་ཏུ་འབྱུང་བ་ལས།། དེ་དག་གནས ་སྐབས་འཕྲིན་ལས་དངོས་གྲུབ་ཀུན། ། དུ་མའི་མཐུ་སྟོབས་ཡོན་ཏན་དཔལ་དུ་མཆད།། དུ་མ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་བ།། མར་མེ་འབར་དང་མཁའ་སྣང་དག་པ་སྟེ།། སྣ་ཚོགས་རྟགས་དང་ཡོན་ཏན་མི་ཟད་པ།། གྲུབ་པ་སྤྱོད་པས་རྒྱུ་འབྲས ་ཐདད་པ། མ་འདྲེས་ཡོངས་སུ་དག་པ་དྲི་མེད་པ།། བསྐལ་པ་གྲངས་མེད་སྐད་ཅིག་སྣུ་མ་ཡིས།། གསུམ་གྱི་དུས་ལ་འདའ་བ་དབང་ཕྱུག་མཆོག། ཁ་སྦྱར་བདེ་ཆེན་སྐུ་ནི་རྡོ་རྗེ་འཆང་།། དཀྱིལ་འཁོར་བདག་པོ་དཔལ་ལྡན་བྱང་ཆུབ ་སེམས། ། དེས་ནི་ངག་དང་མ་དག་ཞིང་ཁམས་སུ།། མཛད་པ་རྒྱ་མཚོའི་སྤྲུལ་པའི་སྣང་བ་ཡང་།། བསམ་གྱིས་མི་ཁྱབ་ཡེ་ཤེས་རོ་ལག་སྟོན།། རྡོ་རྗེ་སེམས་དཔའ་དང་པོའི་མགོན་པོར་ནི།། སྤྲོས་མེད་བདེ་ཆེན་མི་འགྱུར་གཅིག་པ་ཉིད།། ལྷུན ་གྱིས་གྲུབ་པའི་རང་བྱུང་དང་ལ་བཞུགས། ། ཤེས་གསུངས་པ་དང་།། འདུས་པ་རྣམས་ཀྱིས་དགྱེས་པས་ཡོང་སུ་ཁྱབ་ཅིང་སེམས་ཀྱི་རྟོག་པ་ཡོངས་སུ་ཆོད་དེ་ཅང་མི་སྨྲ་བར་རང་རང་གི་སྟན་ལ་འདུག་པར་གྱུར་ཏོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གས་དཔགས་པ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། ། སངས་རྒྱས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས། པར་བསྟན ་པའི་ལིཊ་སྟེ་བདུན་ཅུརྩ་གསུམ་པའོ། ། ། དེ་ན་ས་གསང་བརྡོ་རྗེ་འཛིན་རྡོ་རྗེ་རྒྱལ་པོ་འཁོར་ལོ་ག་ཙོ།། བདག་མེད་ཡེ་ཤེས་རྒྱལ་པོ་ཆེ།། ཅི་ཡང་མི་གསུང་བཞུགས་པ་ལ།། རྡོ་རྗི་པ་ལ་མཆོག་ཆེན་པོམ། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ།། མ་ལུས་ཀུན་གྱིས་བསྲུང་བར་མཛད།། ད་ནིསངས་རྒྱས་ཐམས་ཅད་ཀྱི།། གསང་པའི་གནས་ནི་དག་པ་ད།། གསུངས་གཅིགགསུངས་གཅིག་རྡུལ་ཆེན་པོ།། ཡེ་དང་ལེ་གས་སྤྱོར ་པ་ལས། ། དམ་ཚིག་མཆོག་འདི་བསྟན་དུ་གསོལ།། དེ་ཉིད་ཉེ་བར་དགོངས་གྱུར་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། གསང་བའི་ཚུལ་ནི་རྒྱ་མཚོ་ལྟར།། ཟབ་ཅིང་རྒྱ་ལ་བསྟན་ཏེ།། སྔགས་ཀྱི་སྤྱོད་པ་ཚད་མེད་ཅིང་།། ་སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།། རིགས་ཀྱི་ཕྱི་རོལ་ཕྱག་རྒྱ་ཆེ།། འདི་ལས་གཞན་དུ་མ་རྟོག་ཅིག། རིགས་ཀྱི་བུ་རྣམས་མདོར་བསྡུ་ན།། འདི་ལྟར་སྔགས་ཀྱི་སྤྱོད་པ་ནི།། བཙུན་མོའི་འཁོར་གྱི་ནང་དག་ཏུ།། འདོད ་ཡོན་མངོན་པར་རོལ་གྱུར་ཀྱང་། ། ཟག་མེད་བདེ་བ་ཆེན་པོ་ཡི།། ཡེ་ཤེས་ཀུན་ཏུ་སྤྱོད་པས་ན།། དེ་བཞིན་གཤེགས་པའི་སྤྱོད་པ་ཡིན།། དཔའ་རླབས་མེད་པའི་རང་བཞིན་གྱིས།། རྟོག་མེད་ལྷན་ཅིག་སྐྱེས་པར་འཆར།། རིགས་ཀྱི ་བུ་དག་འདི་ལྟ་སྟེ། ། དཔེར་ན་ན་མཁའི་ཁམས་འདི་ནི།། ཀུན་གྱི་རྗེས་སུ་སོང་བ་སྟེ།། ཆོས་རྣམས་མ་ལུས་དཀྱིལ་འཁོར་དག། ན་མཁའི་ཁོངས་སུ་གཏོགས་པའོ།། དེ་བཞིན་ཆོས་རྣམས་མ་ལུས་པ།། དེ་དག་ངོ་བོ་ཉིད་དག ་པས། ། ཁམས་གསུམ་ཀུན་དུ་མི་གནས་ཤི་།། འབྱུང་བ་བཞི་ལ་གནས་མི་བྱེད།། གང་དུ་འགྲོ་འོང་རྣམ་བྲལ་བའོ།། རིགས་ཀྱི་བུ་དེ་ངེས་བསྟེན་ན།། ངོ་བོ་ཉིད་ཀྱིས་དག་པ་ཡི།། ཆོས་རྣམས་དེ་ལྟར་རྗེས་རིགས་བྱ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི། ། དོན་གྱི་དབང་ནི་བླ་ན་མེད།། འདི་ལྟར་མཁྱེན་པས་འཆང་མཛད་པའོ།། རིགས་ཀྱི་བུ་རྣམས་དེ་ལྟར་ན།། ན་མཁའི་ཚིག་ལྟར་དེས་བརྗོད་པས།། དེ་བཞིན་གཤེགས་པའི་ཚིག་དག་ཀྱང་།། དེ་དག་དེ་ལྟར ་རྗེས་རིག་བྱ། འདི་ནི་གསང་བའི་གནས་ཡིན་ནོ།། ཆོས་ཅན་གཅིག་ལ་རྟོག་པ་ནི།། རྣམ་པ་སྣ་ཚོགས་སྣང་བ་ཡིན།། བདེ་སྡུག་འགྲོ་བར་འབྱུང་བ་རྣམས།། ལས་ཀྱི་ཁྱད་པར་གོམས་པའི་ཕྱིར།། དེ་ཕྱིར་དགེ་དང་མི་དགེའི ་ལས། ། ལུས་ལ་སོགས་པའི་རྣམ་རྟོག་བྱུང་།། རྟོག་པ་ཐམས་ཅད་མེད་གྲོལ་ན།། དེར་རྟོགས་པ་ལ་གནས་པ་མེད།། རྟོག་པ་ལས་ནི་ཡེ་ཤེས་མེད།། མ་རྟོགས་ཉེས་པས་ཡེ་ཤེས་འཇོམས།། མི་རྟོག་པ་ལས་རྟོག ་པ་རུ། ། ལྡོག་པ་ནམ་ཡང་མི་སྲིད་དོ།། གཞན་དུ་རྟོག་པའི་གཉེན་པོ་རུ།། ཡེ་ཤེས་བསམ་པ་མ་ཡིན་ཏེ།། སྤང་བྱ་གཉེན་པོ་གཉིས་མེད་པས།། གཉིས་མེད་མཉམ་པའི་རང་ཉིད་དུ།། སྐྱེ་དང་འགག་པར་མི་འགྱུརརོ།། ཅི ་བསམ་པ་རྫོགས་པའི་ལམ། ། ངེས་པར་འདི་ནི་རྟོགས་པར་རྟགས།། ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས།། ལས་དང་དབྱེ་བ་དེ་ཉིད་རླུང་།། འབྱུང་འཇུག་གནས་པ་རྣམ་པར་བརྟག། འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད།། ཨཱ་ལི་ཀཱ ་ལི་སྦྱོར་དབུལ་བས། ། བརྟག་པ་གྲངས་ལྡན་འདས་པ་ཉིད།། སྦྱོར་དང་བྱེད་པར་རྟགས་ལྡན་པ།། ངག་དབེན་རླུང་གི་རྣལ་འབྱོར་བརྟན།། རྒྱུ་དང་འབྲས་བུ་སྦྱོར་བ་གང་།། སྣང་བ་གསུམ་པོ་འཆར་ཚུལ་ཏེ།། དུས་དང་འབྱུང་འགྱུར ་ཐབས་ཁྱད་པར། ། དབྱེར་མེད་ཡེ་ཤེས་གནས་ཐོབ་པ།། སྤྱོད་པ་ཡེ་ཤེས་མངོན་དུ་བྱེད།། སློབ་དང་མི་སློབ་དང་སྤྱོད་པའོ།། རང་བཞིན་ཤེས་པའི་ལམ་གྱུར་པ།། རྣམ་ཤེས་སྒྱུ་མར་མཚོན་པའི་ཆོས།། ཁྱང་པར་ལས་དང་སྤྱོད་པ ་གང་། ། དངོས་གྲུབ་ཐོབ་ཕྱིར་བདག་བྱིན་བརླབ།། ཕྱི་ནང་མངོན་པར་བྱང་ཆུབ་ཚུལ།། རྣལ་འབྱོར་ཐོབ་པའི་བསམ་གཏན་གནས།། འཇུག་དང་འབྱུང་བ་བརྟགས་བཅས་པས།། སྤྱོད་ཚུལ་ཡེ་ཤེས་ངེས་འཐོབ་བོ།། ལྷ་དང ་ཉམས་མྱོང་ལུས་དང་ངག། བསམ་གཏན་མཉམ་རྗེས་སྤྱོད་པ་དང་།། སློབ་དང་མི་སློབ་གཉིས་མེད་ཅིང་།། རབ་ཏུ་མི་གནས་ཟུང་དུ་འཇུག། ཇི་ལྟར་གསུངས་པའི་སྡོམ་ལྡན་པས།། ཇི་སྐད་ཐོབ་པ་མཉམ་པར་སྤྱོད།། དམ་ཚིག ་མེད་ལ་བློ་ལྡན་གྱིས། ། གཞན་ལ་གསང་བ་འདུས་རིག་བྱ།། སྙིང་རྗེར་གནས་པ་ལས་བྱེད་པ།། སངས་རྒྱས་མཆོད་དང་འགྲོ་དོན་དག། མཐོང་ན་ལུས་དང་ངག་ལས་འབྱུང་།། ཕྱག་རྒྱ་སྔགས་ཀྱི་བདག་ཉིད་དོ།། འདི་ནི་གསང་བ ་ངེས་བསྟན་པ། ། ཡན་ལག་ཀུན་བསྒོམས་ལས་འདས་ཤིང་།། རྟོག་པའི་ཚུལ་ནི་རྣམ་སྤངས་ནས།། གུག་བསྐྱེད་ཐིག་ལེ་ལས་འདས་པ།། འདིར་ནི་དཀྱིལ་འཁོར་མཆོག་ཡིན་ནོ།། སེམས་ཅན་ཐམས་ཅད་འཇུག་པ་ནི།། རང་བཞིན ་མེད་པའི་རང་བཞིན་སྤངས། ། སེམས་ནི་བསྐུལ་ཞིང་རྟོག་བྱས་པའི།། དཀྱིལ་འབོར་དཀྱིལ་འཁོར་ལ་བུའོ།། ཡོད་དང་མེད་པ་གཉིས་ཀ་མཐའ་ཡིན་ཏེ།། ངག་དང་མ་དག་གཉིས་ཀ་འདི་ཡང་མཐལ།། དེ་བས་མཐའ་གཉིས་རྣམ་པར་སྣང། ་ནས་ནི།། མཁས་པས་དབུས་ལའང་གནས་པར་མི་བྱེད་དོ།། གང་དུ་ཉན་ང་ཐེག་ལ་མི་བསྒྲུབ་ཅིང་།། བྱང་ཆུབ་སྤྱོད་པ་དེ་སདེས་བསླུས་ན། བྱང་ཆུབ་སྤྱོད་པ་སྤྱད་པ་ས་རྒྱལ་ཡོན་ཏན་གླིང་གཞི་འདི་ལས་རབ་བྱུང་ཆེན་པོར་འགྱུར།། ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད ་པའི་སྤྱོད་ཡུལ་ལ་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་ནས་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱི་ས་བོན ་ཡང་དག་པར་ཕྱུང་ངོ་། ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། དབྱངས་དང་གསལ་བྱེད་སྦྱར་བ་ལས།། གང་དུ་ཕྲེང་བ་དཀོད་པར་བྱེད།། སྡེ་ཚན་དྲུག་པའི་གསུམ་པ་དང་།། གསུམ་པ་ཡི་ནི་གསུམ་པ་དང་།། མཐར་གནས་པ་ཡི ་གཉིས་པ་སྦྱར། ། ལྔ་པ་ཡི་ནི་བཞི་པ་ལ།། ཨན་ཏ་སྨ་ཡི་གཉིས་པ་སྦྱིན།། གཉིས་པའི་གསུམ་པས་མཐའ་རྟེན་པ།། དབྱངས་ཀྱི་བཞི་པས་བརྒྱན་པར་བྱ།། ཨཱུཥྨ་ཡི་ནི་མཐར་གྱུར་པ།། གཉིས་པའི་ཐིག་ལེས་བརྒྱན་པ་ཉིད།། ་དབྱངས་ཀྱི་དྲུག་པས་བརྒྱན་པ་ནི།། མི་བསྐྱོད་པ་འི་གསང་སྔགས་བརྗོད།། གསུམ་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་བཞི་པ་དང་ལྡན་པ།། ལྔ་པ་ཡི་ནི་ལྔ་པ་སྦྱིན།། གསུམ་པ་ཡི་ནི་གསུམ་པ་ལ།། ཨཱུཥྨ་ན་ཡི་མཐའ་མ ་སྦྱར། ། གཉིས་པའི་གསུམ་པས་མཐའ་བརྟེན་པ།། དབྱངས་ཡིག་གསུམ་པ་སྦྱིན་པར་བྱ།། དྲུག་པ་ཡི་ནི་བཞི་པ་ལ།། མཐར་གནས་པ་ཡི་གཉིས་པ་སྦྱར།། དབྱངས་ཀྱི་ལྔ་པ་སྦྱིན་པར་བྱ།། སྟེང་དུ་ཐིག་ལེ་ནཱ་དས་བརྒྱན།། འདི་ནི ་བརྟག་པའི་སྙིང་པོར་བརྗོད། ། ལྔ་པ་ཡི་ནི་དང་པོ་ལ།། མཐར་གནས་པ་ཡི་གཉིས་པར་སྦྱར།། སྟེང་དུ་དབྱངས་ཀྱི་བཅཝ་ལྔ་པས།། བརྒྱན་གྱུར་འདི་ནི་ས་བོན་ཡིན།། མཐར་གནས་པ་ཡི་གཉིས་པ་ལ།། ལྔ་པ་ཡི་ནི་གསུམ་པས ་བརྒྱན། ། ལྔ་པའི་ལྔ་བ་མཐའ་མར་སྦྱིན།། ལྔ་པ་ཡི་ནི་བཞི་པ་ལ།། ཨན་ཏསྠ་ཡི་གཉིས་པ་འོག། གཉིས་པའི་གསུམ་པས་མཐའ་བརྟེན་པ།། དབྱངས་ཀྱི་བཞིབས་བརྒྱན་པར་བྱ།། འདི་ནི་རིན་ཆེན་རྒྱལ་པོ་ཡི།། ་གསང་སྔགས་བསྡུས་པའི་ཚུལ་དུ་བརྗོད།། དབྱངས་ཀྱི་དང་པོ་ཉིད་ལ་ཡང་།། ཨན་ཏསྠ་ཡི་གཉིས་པ་དང་།། དབྱངས་ཡིག་བཅུ་གསུམ་པ་སྦྱིན་བྱ།། དབྱངས་ཀྱི་བཅུ་པ་ཉིད་ལ་ནི།། གཉིས་པའི་གསུམ་པས་མཐར་བརྟན་པའོ།། ་སཱུརྠ། ཎ་ནི་བཞི་པ་ལ།། དབྱངས་ཡིག་བདུན་པས་སྟེང་དང་འོག། དབྱངས་ཀྱི་བཅཝ་ལྔ་པ་དང་སྦྱར།། འདི་ནི་འོད་དཔག་མེད་པ་ཡི།། གསང་བ་འཇིག་རྟེན་དག་པའོ།། གཉིས་པའི་གཉིས་པ་ཉིད་ལ་ནི།། དབྱངས་ཀྱི་ཐིག་ལེ་ནཱ ་དས་བརྒྱན། ། དྲུག་པ་ཡི་ནི་དང་པོ་ལ།། ཨན་ཏསྠ་ཡི་གཉིས་པ་སྦྱར།། གསུམ་པ་ཡི་ནི་གསུམ་པ་ལ།། གསུམ་པ་ཡི་ནི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་བཞི་པ་ལ།། ཨན་ཏ་སྠ་ཡི་གཉིས་པ་འོག། གཉིས་པའི་གསུམ་པས་མཐའ ་བརྟེན་པ། ། དབྱངས་ཀྱི་བཞི་པས་བརྒྱན་པར་བྱ།། གདོན་མི་ཟ་བའི་རྗེས་འགྲོ་བའི།། གསང་བ་ལས་ཀྱི་རིགས་འབྱུང་བའོ།། མཐར་གནས་པའི་གསུམ་པ་ལ།། དབྱངས་ཀྱི་བཅཝ་ལྔ་པས་བརྒྱན་བྱ།། ལྔ་པ་ཡི་ནི་བཞི་པ་ལ།། དབྱངས་ཀྱི ་བཅུ་གཉིས་པས་བརྒྱན་བྱ། ། ཨཱུཉྫ་ཡི་ནི་དང་པོ་དང་།། ཨན་ཏསྠ་ཡི་གཉིས་པ་ལས།། ལྔ་པའི་དང་པོ་ཉིད་དག་ལ།། ཨཱུཥྨ་ན་ཡི་གསུམ་པས་བརྒྱན།། དབྱངས་ཀྱི་གསུམ་པས་སྦྱིན་པར་བྱ།། དྲུག་པ་ཡི་ནི་ལྔ་པ་ལ།། དབྱངས ་ཀྱི་ཟིཅཝ་ལྔ་པ་དང་སྦྱར། ། དྲུག་པ་ཡི་ནི་ལྔ་པ་ལ།། དབྱངས་ཀྱི་བཅུ་གསུམ་པ་སྦྱིན་བྱ།། ཨཱུཥྨ་ན་ཡི་ཐ་མི་ལས།། མཐར་གནས་པ་ཡི་གཉིས་པ་དང་།། བཞི་པའི་དང་པོ་ཉིད་དག་ལ།། ཨཱུཥྨ་ཡི་ནི་གཉིས་པོ་སྦྱིན།། དབྱངས་ཀྱི་གསུམ ་པས་བརྒྱན་པར་བྱ། ། དྲུག་པ་ཡི་ནི་དང་པོ་ལ།། གཉིས་པའི་ལྔ་པས་བརྒྱན་པར་བྱ།། ཨན་ཏམྦྷ་ཡི་གཉིས་པ་ལ།། གཉིས་པ་ཡིནི་གསུམ་པས་དང་།། མཐར་གནས་པ་ཡི་གཉིས་པ་ལ།། ལྔ་པ་ཡི་ནི་དངངོ་པོ་ལ།། ཨཱུཥ་ཡི་ནི་གཉིས། ་པ་སྦྱིན།། དབྱངས་ཀྱི་བཞི་པས་སྦྱིན་པར་བྱ།། ལྔ་པ་ཡི་ནི་དང་པོ་ལ།། གཉིས་པ་ཡི་ནི་ལྔ་པས་བརྒྱན།། སྡེ་ཚན་དྲུག་པའི་གསུམ་པ་དང་།། གསུམ་པ་ཡི་ནི་གསུམ་པ་སྦྱིན།། མཐར་གནས་པ་ཡི་གཉིས་པ་སྦྱར།། ཨན་ཏསྒྲ་ཡི་གཉིས་པ ་ལས། ལྔ་པ་ཡི་ནི་དང་པོ་དང་།། ཨཱུཥྨན་མི་གསུམ་པ་སྦྱིན།། དབྱངས་ཀྱི་བཞི་པས་བརྒྱན་པ་རུག། ཉིད་ནི་བྱུང་བ་དག་པ་ཡི།། རིགས་ཀྱི་ཡུམ་བཞིའི་སྙིང་པོར་བརྗོད།། མཐར་གནས་པའི་དང་པོ་ལས།། དྲུག་པ་ཡིནི་ལྔ་པ་ལ། ་བཞི་པ་ཡི་ནི་ལྔ་པ་དང་།། བཞི་པ་ཡི་ནི་དང་པོ་དང་།། གཉིས་པ་ཡི་ནི་དང་པོ་ལ།། མཐར་གནས་པ་འི་གཉིས་པ་སྦྱར།། ལྔ་པའི་གསུམ་པ་བཅས་པ་ལ།། དབྱངས་ཀྱི་གསུམ་པ་སྦྱིན་པར་བྱ།། དྲུག་པ་ཡི་ནི་དང་པོ་ལ།། ཨན་ཏསྠ ་ཡི་གཉིས་པ་སྦྱར། ། ལྔ་པ་ཡི་ནི་གསུམ་པས་མཛེས།། གསུམ་པ་ཡི་ནི་བཞི་པར་ལྡན།། ལྔ་པ་ཡི་ནི་དང་པོ་ལ།། གཉིས་པ་ཡི་ནི་དང་པོ་ལ།། མཐར་གནས་པ་འི་གཉིས་པ་སྦྱར།། ལྔ་པའི་གསུམ་པ་ལྡན་པ་ཉིད།། དབྱངས་ཀྱི་བཞི ་པ་སྦྱིན་པར་བྱ། ། དྲུག་པ་ཡི་ནི་དང་པོ་དང་།། ལྔ་པ་ཡི་ནི་གསུམ་པ་སྦྱར།། དྲུག་པའི་ཐ་མ་གཟུང་བར་བྱ།། ལྔ་པ་ཡི་ནི་དང་པོ་ལ།། གཉིས་པ་ཡི་ནི་དང་པོ་ལ།། ཨན་ཏ་སྒྲ་ཡི་གཉིས་པ་སྦྱར།། ལྔ་པའི་གསུམ་པ་དང་ལྡན་པ།། ་དབྱངས་ཡིག་བཞི་པས་བརྒྱན་པར་བྱ།། དྲུག་པ་ཡི་ནི་བཞི་པ་ལ།། གཉིས་པའི་གསུམ་པ་སྦྱར་བ་དང་།། དབྱངས་ཀྱི་གསུམ་པ་སྟེང་ནས་སྦྱིན།། ལྔ་པ་ཡི་ནི་ལྔ་པ་ལ།། བཞི་པ་ཡི་ནི་ལྔ་པོར་བཅས།། ལྔ་པ་ཡི་ནི་དང་པོ་ལ།། ་གཉིས་པའི་དང་པོ་དང་བཅས་པ།། མཐར་གནས་པ་ཡི་གཉིས་པ་དང་།། བཞི་པའི་གསུམ་པ་དང་ལྡན་པ།། དབྱངས་ཡིག་བཞི་པ་ཐོག་མར་སྦྱར།། འདི་ནི་ཁྲོ་བོའི་རྒྱལ་པོ་བཞི།། བླ་མེད་རིགས་ཀྱི་སྒོ་བཞིར་འབྱུང་།། ་གསང་སྔགས་འདི་ནི་གསུངས་ཙམ་གྱིས།། དཀྱིལ་འཁོར་མ་ལུས་རིག་པའི་གཙོ།། རྩ་བར་གྱུར་པའི་དོན་ཤེས་པས།། ནུས་པ་སྔོན་དུ་འབྱིན་པར་བྱེད།། ཐམས་ཅད་རིགས་ཀྱི་བྱེ་བྲག་གིས།། སྔགས་ཀྱི་ཁྱད་པར་བསྟན ་པ་ཡིན། ། དབྱངས་ཡིག་བཅུ་བཞི་པ་ལ་ནི།། བཅཝ་ལྔ་པ་ཡིས་སྦྱར་བ་གང་།། འདི་ནི་སྐུ་ནི་གཟི་བརྗིད་མཆོག། སྤྱན་འདྲེན་པརརུ་གྱུར་པ་ཡིན།། སྡེ་ཚན་བརྒྱད་པའི་ཐ་མ་ལ།། དབྱངས་ཡིག་དྲུག་པ་སྦྱར་བར་བྱ།། སྡེ ་ཆེན་གཉིས་པའི་ཐམ་སྦྱིན། ། འདིན་སྡུད་ཅིང་གཤེགས་གསོལ་བྱེད།། དབྱངས་ཡིག་ད་པའི་རང་བཞིན་ཅན།། གནས་ཤིང་བཞུགས་པར་བྱེད་པའོ།། མི་བྱེད་ཡེ་ཤེས་འབྱུང་བ་སྟེ།། ཁྱབ་ཅིང་དྲིམ་མེད་པའོ།། བུ་མོ་ལ་གྲངས ་བཅུ་གཉིས་མའམ། ། ཁྱེའུ་ལོ་གྲངས་བཅུ་གཉིས་པ།། མཚན་ཉིད་ཐམས་ཅད་ཡོངས་རྫོགས་པས།། བཟུང་ནས་དབབ་པ་རབ་ཏུ་བརྟག། རྫ་ཡི་ཕྱེ་མ་སོ་མ་དག། ས་སོ་ཡིན་རྐང་འོག་ཏུ།། ཉི་ཟླ་གཉིས་སུ་བྲི་བར་བྱ། ་དེ་ལས་ཁྲུས་བྱ་རྒྱན་བཏགས་ནས།། དེ་ནས་ལངས་པའི་སྐྱེས་བུ་དེའང།། ཐལ་མོ་སྙིང་ཁར་སྦྱར་བྱས་ཤིང་།། སྟེང་འོག་རླུང་ལ་བསླབ་པར་བྱ།། དེ་ཉིད་མི་ཡི་ཤ་དང་ནི།། བདུད་རྩི་སྦྱར་བ་བསྲེག་དེ་ཡང་།། གུ་གུལ་ནག་པོར་བཅས་པས ་བདུག། དང་པོ་རྐང་པའི་མཐིལ་དག་ཏུ།། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ།། བ་དན་གྱིས་ནི་མཚན་མ་བསམ།། མདོམས་པར་དུ་ནི་མེ་ཡིན་ནོ།། ས་བོན་དཀྱིལ་འཁོར་འབར་བ་བསམ།། ལྟེ་བར་བཾ་ལས་ཆུ་ཡི་གནས།། དཀར་པོ ་ཟླུམ་པོ་དགོད་པར་བྱ། ། དེ་སྟེངས་ས་ཡི་དཀྱིལ་འཁོར་དང་།། ལཾ་ལམ་བྱུང་བ་རྡོ་རྗེ་མཚན།། གྲུ་བཞི་མཛེས་པ་ཉིད་དུ་བསམ།། ལྟེ་བར་དྷི་དམར་སྐུལ་བར་བྱེད།། འབར་བ་འོད་འཕྲོ་མི་ཟད་པའོ།། སྙིང་ཁར་ཧཱུཾ་མཐེར་འོད་འབར་དང་། ་སྤྱི་བོར་ཧཾ་དཀར་བསིལ་བར་འགྱུར།། མགྲིན་པར་ཨ་དམར་རིམ་པ་སྟེ།། དེ་དག་ཀུན་ལ་བླ་མ་ཡིས།། ཧཱུཾ་ཧཾ་ཨ་ཛྙེ་ཞེས་བྱ་བ་འི།། རིགས་སྔགས་རྡོ་རྗེ་བཟླས་པ་དང་།། ལྷ་ཡི་ས་བོན་ཕྲེང་སྔགས་ཀྱིས།། རྡོ་རྗེ་སློབ་དཔོན་གྱིས ་ཀྱང་བསམ། ། ན་མཁའི་དབྱིངས་བཞིན་མི་རྟོག་ཅིང་།། རྟོག་པ་གཞན་དག་མ་གོས་པར།། རྡོ་རྗེ་སེམས་དཔའི་ལུས་གནས་སུ།། མི་བསྐྱོད་པ་དང་སྐུ་རྡོ་རྗེ།། ཆོས་འཛིན་པ་དག་རང་གིས་བསམ།། རང་གི་ལྟེ་བའི་ཛྷཻཾ་འོད་ལས། ་འོད་ཟེར་དཔག་མེད་བྱུང་ནས་ནི།། ལྷ་གསུམ་པོ་ནི་བསྐུལ་བྱས་ཏེ།། དེ་ནས་ཁྱེའུ་ལུས་ཀྱིས་ནི།། ཡི་གེ་ཛྷ་ལ་བསྐུར་བར་བྱ།། དེ་ལས་རླུང་དང་བཅས་པའི་སྒྲ།། མྱུར་ཏུ་ཞུགས་ཏེ་རྐང་མཐིལ་གྱི། རླུང་དང་བཅས་པའི་བ་དན་སྤྱོད།། ཉི ་ཟླས་ན་མཁར་བ་ཏེ་གནས་ནི། ། སུམ་མདོའི་མེ་སྦར་ཆུ་ཡང་ཁོལ།། སྙིང་ཁར་ས་གཡོས་འཁོར་བུ་ལྕེས།། ཡི་གེ་སྔ་མ་གསུམ་སྐུལ་ཏེ།། འོད་ཀྱིས་ལུས་ཀྱི་ནང་ཁེངས་ཤིང་།། སྣ་བུག་གཡས་ནས་བྱུང་ནས་ཀྱང་།། དེར་གནས་པ་ཡི ་འགྲོ་ཀུན་གྱིས། ། སྣ་བུག་གཡོན་དུ་ཞུགས་བྱས་ཏེ།། ཀུན་ལ་འོད་འབར་འཁོར་བ་ཡིས།། ལུས་ནད་རབ་ཏུ་ཁེངས་པར་བསམ།། དེ་ནས་བདུད་རྩིས་ལུས་ལ་གཏོར།། རོལ་མོའི་སྒྲ་ནི་སྣ་ཚོགས་བྱ།། དེས་ནི་བསྐུལ་བར་ཐེ ་ཙམ་མེད། ། གལ་ཏེ་ལུས་ངག་ཡིད་གསུམ་ལ།། རྟགས་རྣམས་ངེས་པར་མ་བྱུང་ན།། ལན་གསུམ་བར་དུ་བཟླས་པར་བྱ།། དེས་ནི་ངེས་པར་བསྐུལ་གྱུར་པས།། འགུལ་བ་དང་ནི་བསྐྱོད་པ་སོགས།། མ་ལུས་སྔགས་ཀྱི་ཚིག ་འབྱུང་སྟེ། ། འདི་ཡི་བསྐུལ་བ་མ་ལུས་པའི།། གསང་བ་རབ་ཏུ་གྱུར་པ་ཡིན།། དཀྱིལ་འཁོར་ཀུན་གྱི་གསང་བ་ཡི།། ཡེ་ཤེས་མཆོག་ཏུ་བརྟག་པའོ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། དེ་བཞིན་གཤེགས་པ་ཀུན་གྱི་བདག། སྐུ ་གསུམ་གནས་ནི་ཡོངས་དག་པས། ། རྡོ་རྗེ་གསུང་གིས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་རྟོག་དག་པར་བྱེད་པ་རྡོ་རྗེ་ཞེས་བྱ་བཱི་ཏིང་ངེ་འཛིན་རབ་ཏུ་བསྟན་པའོ།། གང་དུ་དུག་གསུམ་ཆ་ལས་ནི།། རྟོག ་པའི་སྣང་བ་རྒྱས་པ་ལས། ། རང་བཞིན་འབྱུང་བར་འགྱུར་བ་དག། ཐབས་ཀྱི་རང་བཞིན་ཤེས་རབ་ཀྱི།། ཡི་གེས་དག་པར་བྱེད་པ་དང་།། ཤེས་རབ་རང་བཞིན་གྱུར་པ་ལ།། ཐབས་ཀྱི་ཡི་གེས་དག་པར་བྱེད།། གང་དུ་འགྲོན་པར ་གྱུར་པ་ལས། ། ཐ་མེདད་པའི་ཡི་གེ་ཡིས།། རྟོག་པ་མངོན་པར་སྦྱང་བ་སྟེ།། གཡས་ཙལ་ནི་བརྟན་ནས་ནི།། ཞེ་སྡང་རྡོག་པ་གཙར་གྱུར་པ།། གཡོན་རྩ་ལན་བརྟེན་པ་ཡིས།། འདོད་ཆགས་རྟོག་པ་གཅོར་བྱེད་འབྱུང་།། ་སྒྲ་གཅན་ལ་ནི་བརྟེན་ནས་ནི།། མི་རིག་པ་ནི་འབྱུང་ཞིང་འགྲོ།། གནས་པ་ལུས་ཀྱི་ཡི་གེ་ལས། འབོད་བ་བསྐྱེད་བྱེད་རྟོག་པར་འབྱུང་།། དེ་ཉིད་རང་བཞིན་རྟོག་པ་ཡིས།། སྲོག་དང་རྩོལ་བ་ལ་སྦྱངས་ཏེ། ་ཕོ་མོ་མ་ཉིད་རླུང་འདི་དག། ཅུང་ཟད་དུལ་བར་གྱུར་པ་ན།། ལམ་གྱི་ཆོས་འབྱུང་རྟགས་འཆར་བྱེད།། རླུང་ཉིད་ཤིན་ཏུ་དག་པ་ཡིས།། ཡི་གེ་གསང་སྔགས་དག་གྱུར་པས།། རྟོག་པ་ཡེ་ཤེས་ཆེན་པོར་འཆར།། ཨ་ཞེས་བྱ་བ་མི་ཆགས ་བྱེད། ། ཨཱ་ཞེས་བྱབས་པར་མར་གནས།། ཨི་ཞེས་བྱ་བ་ཆགས་ཆེན་ཏེ།། ཨཱི་ཞེས་བྱ་བ་གཡེང་བར་གྱུར།། ཨུ་ཞེས་བྱ་བ་འཇུག་པའི་ཡིད།། ཨཱུ་ཞེས་མྱང་ངན་བསྐྱེད་འགྱུར་བས།། རི་ཞེས་མྱ་ངན་གྱིས་གདུང་བྱེད།། དཱི་ཞེས ་མྱ་ངན་གྱིས་མནོན་བྱེད། ། ལི་ཞེས་ཅུང་ཟད་ཞི་བར་གནས།། ལཱི་ཞེས་ཀུན་དུ་རྟོག་པ་ཉིད།། ཨེ་ཞེས་འཇིགས་པ་ཙམ་གྱུར་པ།། ཨོཾ་ཞེས་པར་མའི་འཇིགས་བཅས་པ།། ཨོཾ་ཞེས་འཇིགས་པ་ཆེན་པོ་ཡིན།། ཨོཾ་ཞེས་སྲེད་པའི་ཞེན་པ་ཉིད།། ་ཨེ་ཞེས་པར་མའི་སྲེད་ཞེན་བསྐྱེད།། ཨཿཞེས་སྲེད་པ་ཆེན་པོ་ཡིན།། ཨ་ཞེས་ཉེར་ལེན་གཞི་ཡིན་ཏེ།། ཨཱ་ཞེས་མི་དགེ་ལོག་ལྟ་ཅན།། ཨི་ཞེས་པ་ནི་བསྒྲེས་པ་སྟེ།། ཨཱི་ཞེས་སྐོམ་པས་གདུངས་པ་ཡིན།། ཨུ་ཞེས་ཚོར་བའི་བྱེ་བྲག་མྱོང་།། ་ཨཱ་ཞེས་ཚོར་བ་བར་མར་གནས།། རི་ཞེས་ཚོར་བ་ཆེན་པོ་དང་།། རཱི་ཞེས་རིག་པར་བྱེད་པའོ།། ལི་ཞེས་མི་འགྱུར་རིག་པ་འཛིན།། ལཱི་ཞེས་རིག་པའི་ཡིད་འཇུག་གཞི།། ཨེ་ཞེས་སོ་སོར་རྟོག་སྤྱོད་པ།། ཨཻ་ཞེས་ངོ་ཚས་བག་ཡོད།། ་བྱེད།། ཨེ་ཞེས་སྙིང་རྗེ་བར་སེམས་པ།། ཨོཾ་ཞེས་བརྩེ་བ་བྱམས་པར་བཅས།། ཨ་ཞེས་བྱ་བ་དོགས་པར་བྱེད།། ཨཿཞེས་བསགས་པ་སྣ་ཚོགས་པ།། ཌ་ཞེས་ཕྲག་དོག་རྟོག་པ་སྟེ།། འདི་དག་རང་བཞིན་རྟོག་བཅས་ཡིན།། ཀ་ཞེས ་བྱ་བ་ཚོགས་སེམས་ཡིན། ། བཞེས་ཞེན་པར་འབྱུང་བ་དང་།། གཞེས་དགའ་བའི་ཆགས་པ་ཅན།། གྷ་ཞེས་བར་མའི་དགའ་བ་ཅན།། ང་ཞེས་ཤིན་ཏུ་དགའ་བས་དགྱེས།། ཙ་ཞེས་བདེ་བས་ཡིད་རངས་ཏེ།། ཚ་ཞེས་རབ་ཏུ་མགུ་བས་རངས།། ་ཛ་ཞེས་བྱ་བ་ངོ་མཚར་སྐྱེས།། ཛྙཱ་ཞེས་བྱ་བ་དགོད་པར་བྱེད།། ཉེ་ཞེས་དེ་ཉིད་ཀྱིས་ཚི་མ་ཡིན།། ཊ་ཞེས་འབྱུང་བར་འདོད་པ་ཡིན།། ཥ་ཞེས་འོ་བྱེད་པར་འདོད་པ།། ཌ་ཞེས་འཇིབ་པར་བྱེད་པ་ཡིན།། ཌྷ་ཞེས་བརྟན་པའི་སེམས་གནས ་ཡིན། ། ཎ་ཞེས་བརྩོན་འགྲུས་སྐྱེད་བྱེད་པ།། ཏ་ཞེས་ང་རྒྱལ་ཏོག་པ་ཡིན།། ཐ་ཞེས་ལུས་ངག་བྱ་བ་བྱེད་ནི། ང་ཞེས་འཕྲོག་པར་བསྐྱོད་བ་ཡིན།། དྷ་ཞེས་སྟོབས་བསྐྱེད་ཁྱད་པ་ལ།། ན་ཞེས་སེམས་སྤྲོ་དང་པ་ཅན།། བཞེས་ཐ་དད་མེད་མདག ་གྱུར། ། པཞེས་ཐ་དད་མེད་བཏང་སྙོམས།། བ་ཞེས་ཐ་དད་མེད་པའི་དངོས།། བྷ་ཞེས་དྲག་པོའི་བདེ་བ་འདོད།། མ་ཞེས་སྒེག་པར་བྱེད་པའོ།། ཡ་ཞེས་རླུང་གིས་འགྲམ་བྱེད་པ།། ར་ཞེས་ཅུང་ཟད་འབར་བས་དགེ། ལ་ཞེས་གསལ་བའི་ཚིག ་བརྗོད་པ། ། ཝ་ཞེས་བདེ་སྨྲ་གཡོ་མེད་པ།། ཤ་ཞེས་བརྫུན་དུ་སྨྲ་བྱེད་པ།། ཥ་ཞེས་དེ་བཞིན་ཉིད་དེས་བྱེད།། ས་ཞེས་ཉེ་བར་མི་འདོད་པ།། ཧ་ཞེས་སྦྱིན་པར་བྱེད་པ་ཡིན།། ཀྵ་ཞེས་ཀུན་དུ་སྐུལ་འདོད་པ།། ཀླ་ཞེས་པ་ནི་དེ་བཞིན་ངེས།། སླ ་ཞེས་པ་ནི་དཔའ་བར་འདོད་། ། ལླ་ཞེས་བག་མེད་ཤེས་བཞིན་བྲལ།། ཤྭ་ཞེས་གཡོ་སྒྱུ་སྟོན་པ་དང་།། དྷ་ཞེས་མི་བསྲུན་པར་འབྱུང་ཞིང་།། ད་ཞེས་བྱས་གྱུར་འགྲོ་བར་བྱེད།། འདི་ནི་ཀུན་དུ་རྟོག་པར་གྱུར།། ཨ་ཨཱ་ཞེས་པར་གྱུར་པ་གང་། ་བར་མའི་ཆགས་གྱུར་མ་རིག་ཆེ།། ཨི་ཨཱི་ཝེ་པ་བར་མ་སྟེ།། རྗེས་སུ་འཛིན་པ་མེད་པའོ།། ཨུ་ཨཱ་ཞེས་པ་རྣམས་གནོན་པས།། འཁྲུལ་པ་ཉིད་ཏུ་གནས་པ་ཡིན།། ཨེ་ཨཾ་ཞེས་པ་ཐོབ་པའི་ཆ།། འགོག་པ་ལ་ནི་འཇུག་པའོ།། ཨོ་ཨཽ ་ཞེས་པ་ཐ་མ་སྟེ། ། ཡིད་ནི་སྐྱོ་བར་གྱུར་པའོ།། ཨཾ་ཨཿཅེས་པ་འཐིབས་པ་ཉིད།། ལེ་ལོ་སྙོམས་ལས་གྱུར་པའོ།། རི་རཱི་ལི་ལཱི་འབྱུང་བ་ལས།། མི་ཕྱེད་ཐེ་ཙོམ་གྱུར་པ་སྟེ།། འདི་དག་ཐ་དང་རགས་པ་དང་།། བར་མའི་དབྱེ་བ་བསྟན ་པ་ཡིན། ། ཐོག་མ་དང་ནི་ཐ་མ་དང་།། དབུས་སུ་འབྱུང་བའི་སྐད་ཅིག་མ།། སྐྱེ་དང་འགག་དང་གནས་པ་ལས།། རང་བཞིན་ཐ་མ་རྟོག་ལས་འབྱུང་།། དེ་ཉིད་འགྲོ་དང་འོང་བ་དང་།། གནས་པ་ཡི་ནི་རླུང་གིས་ཆ།། ཐབས་དང་ཤེས་རབ་དབྱེ་བ་ཡིས།། ་ཉིན་དང་མཚན་དུ་བྱུང་བ་ནི།། བརྒྱད་བཅུ་ཕྲག་གཉིས་ཉེ་བར་འབྱུང་།། ས་བོན་ཆ་དང་རྣམ་པར་སྨིན།། ཡུལ་གྱུར་རྐྱེན་འབྱུང་འདི་དག་ནི།། ཀུན་དུ་རྟོག་པ་ཆེན་པོ་སྟེ།། འདི་ལས་དགེ་དང་མི་དགེ་བྱུང་།། དེ་ལས་བག ་ཆགས་ལས་བྱུང་བ། ། བདེ་འགྲོ་དང་ནི་ངན་འགྲོའི་རྒྱུན།། རྟེན་འབྲེལ་བཅུ་གཉིས་དག་གིས་འཁོར།། འདི་དག་ལུགས་ལས་བཟློག་གྱུར་ན།། རང་བྱུང་རྣལ་འབྱོར་པ་ནི་འགྱུར།། འདིར་ནི་ཚོགས་པ་ལས་སྐྱེབ།། རྟེན་འབྲེལ ་ཙམ་དུ་འབྱུང་བ་ཡིན། ། རིགས་ཀྱི་བུ་དག་འདི་ལྟ་སྟེ།། དཔེར་ན་རྔུབ་ཤིང་རྩཝ་བསྟན་དང་།། སྐྱེས་བུའི་ལག་པའི་རྩོལ་བ་ཡིས།། རྐྱེན་གྱིས་རབ་ཏུ་བསྐུལ་གྱུར་ན།། དུབ་མེ་དང་འབར་བཅས་པ།། ཇི་བཞིན་པར་ནི་འབྱུང་མོད་ཀྱི།། ལེགས ་པར་བརྟགས་ཤིང་བརྩལ་པ་ན། ། མེ་དེ་གང་དུའང་མི་གནས་པ།། རིགས་ཀྱི་བུ་དག་དེ་ལྟར་ན།། དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི།། བླ་མེད་རང་བཞིན་འདི་དག་ཀྱང་།། དམ་ཚིག་སྟོང་པ་ཉིད་གནས་པས།། ཆོས་རྣམས་རང་བཞིན ་རྣམ་དག་པ། ། འགྲེ་འོད་མེད་པར་རྗེས་རིག་བྱ།། དེ་ཉིད་འདི་ནི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར།། རྨད་དུ་གྱུར་ནས་རྔམ་ཞིང་མིག་གདངས་ཏེ་ཚིག་འདི་སྐད ་ཅེས་སྨྲས་སོ། ། རྨད་བྱུང་ཆེན་པོ་ཆོས་རྣམས་ནི།། ནམ་མཁའ་དང་ནི་འཚུངས་གྱུར་ཅིང་།། རྣམ་པར་མི་རྟོག་དག་པ་ལ།། ཀུན་རྫོབ་ཙམ་དུ་གསུངས་པ་འཚར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ ་ག་སང་བ་འདུས་པའི་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་ཅིང་དོན་དམ་པའི་གནས་ཀྱི་དག་པ་ཆེན་པོ་དེ་ཁོ་ན་ཉིད་ཏུ་བསྟན་པའི་ལེའུ་སྟེ་བདུན་བཅུ ་བཞི་པའོ། ། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དབང་ཕྱུག་འཁོར་ལོའི་གཅོས།། རབ་ཏུ་བྱིན་རླབས་སྣང་བ་ལས།། བཀའ་སྩལ་རྡོ་རྗེའི་ཚིག་འདི་བསྟན།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཟུ ་ད་ཐུགས་ཀྱི་གསང་བ་གང་དུ་བྱིན་གྱིས་རློབ་པ་འདི་ངེས་པར་བྱུང་བ་འདི་ཕྱུང་ངོ་། ། གང་ཞིག་སྐྱེས་བུའི་སྤྱོད་ཡུལ་དུ།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཆོག། གང་ཞིག་མཐོང་ཞིང་གང་བབས་པའི།། ཡང་དག་ཡེ་ཤེས་རྟོག ་པར་བྱ། ། སྒྲུབབས་པས་ནི་འདིར་བར་བྱེད།། འཕར་ཞིང་གར་དང་ཕྱག་རྒྱ་འབྱུང་།། ཐུགས་ཀྱི་སྙིང་པོ་རླབ་བསྒྲུབ་པ།། སྲོག་རྩོལ་འགོག་པས་འགྲུབ་པར་འགྱུར།། རེངས་པ་ཉིད་ཀྱང་གསུམ་དུ་འགྱུར།། རྣམ་རྟོག་དང་ནི་ཡུལ་རྣམས ་དང་། ། འབྱུང་བ་འགག་ཅིང་བདེ་བར་འགྱུར།། སྨིག་སྒྲ་ལ་སོགས་མཐོང་བར་འབྱུང་།། ལྷ་ཆེན་དག་ཀྱང་དབབ་པ་འབྱུང་།། ཚངས་པས་ལུས་ལ་བྱིན་བརླབས་ན།། ཚངས་པའི་དབྱངས་ནི་སྟོན་པར་བྱེད།། བརྒྱ་བྱིན་གྱིས་ནི་རྡོ་རྗེ་འཛིན ་ལྐོག་ཏུ་གྱུར་པ་མཐོང་བར་བྱེད། དྲག་པོ་བས་ནི་སྟོབས་རྙེད་ཅིང་།། རེག་བྱེད་དག་ནི་འདོན་པ་དང་།། ཨུ་མ་དེ་བི་ལ་སོགས་པས།། རྩེ་འཇོ་ཆགས་པ་སྐྱེ་བར་སྟོན།། ལྷ་ཆེན་དག་ནི་གང་བབས་པ།། འཁོར་ལོ་འཛིན་པའི་བརྡ་དག་དང་།། ་ས་འོགས་སྟེངས་བླའོ།། དབང་དུ་བྱེད་པ་སྟོན་པར་འགྱུར།། འཕགསལམ་བཞི་ནི་བདེན་པ་བཞི།། ཆོས་རྣམས་རྟོགས་པ་སྟོན་པར་བྱེད།། ཉན་ཐོས་རང་རྒྱལ་རྣམས་ཀྱི་ནི།། གྲུབ་པའི་མཐའ་ནི་སྟོན་པ་དང་།། སྦྱངས་པའི་ཡོན་ཏན ་འབྱུང་བ་ལས། ། སྡེ་པ་རྣམས་ཀྱི་སྤྱོད་པ་དང་།། བསེ་རུ་ལྟཁྲིའི་སྤྱོད་ཚུལ་ལོ།། ཐེག་པ་དམན་པར་ལྟུང་བའི་རྟགས།། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་།། ཚད་མེད་བཞི་དང་དེ་ལ་སོགས།། ལུས་ངག་ཡིད་ཀྱིས་གང་བྱུང་བ།། ་སེམས་དཔའི་ལྟ་སྟངས་བྱེད་པ་ན།། བྱང་ཆུབ་སེམས་ཉིད་འགྲུབ་འགྱུར་བ། ངོ་བོ་ཉིད་མེད་ཚིག་བརྗོད་འགྱུར།། ཁྲུ་གང་དག་ཏུ་འཕགས་པ་ནི།། བསྐྱེད་པའི་རིམ་པ་བརྟན་པར་བྱེད།། པོ་། ་རྫོགས་པའི་རིམ།། ཁྲུ་བརྒྱད་ཀྱི་ནི་ཕྱིར་མི་ལྡོག། ལྔ་པས་ལམ་ལྔ་མཐར་ཕྱིན་པ།། ཚེ་གཅིག་འབྲས་བུ་ཐོབ་པར་འགྱུར།། གསང་བ་གྲུབ་པ་དག་གིས་ནི།། འབད་པས་དབབ་པ་རྟག་པར་བྱ།། རྡོ་རྗེ་སྐུས་ནི་བྱིན་རླབས་ཤིང་། གཟུགས ་ཀྱི་ཕུང་པོ་བབས་གྱུར་པས། ། རྣམ་པར་སྣང་མཛད་ཡེ་ཤེས་ནི།། གཏི་མུག་རིགས་ཀྱི་དམ་ཚིག་སྤྱོད།། རྡོ་རྗེ་གསུང་གིས་བྱིན་རླབས་ཤིང་།། འདུ་ཤེས་ཕུང་པོ་བབས་གྱུར་པས།། འོད་དཔག་མེད་པའི་ཡེ་ཤེས་ནི། འདོད ་ཆགས་རིགས་ཀྱི་དམ་ཚིག་སྤྱོད། ། རྡོ་རྗེ་ཐུགས་ཀྱིས་བྱིན་བརླབས་ཤིང་།། རྣམ་ཤེས་ཕུང་པོ་དག་བྱེད་བབས།། མི་བསྐྱོད་པ་འི་ཡེ་ཤེས་ནི།། ཞེ་སྡང་རིགས་ཀྱི་དམ་ཚིག་སྤྱོད།། རྡོ་རྗེ་ཡོན་ཏན་གྱིས་བྱིན་བརླབས།། ཚོར་བའི་ཕུང་པོས ་བདག་བྱིན་བརླབས། ། དཀོན་མཆོག་དཔལ་གྱི་ཡེ་ཤེས་ནི།། ང་རྒྱལ་རིགས་ཀྱི་དམ་ཚིག་སྤྱོད།། རྡོ་རྗེ་ཕྲིན་ལས་ཀྱི་ས་བྱིན་རློབ།། འདུ་བྱེད་ཕུང་པོ་བབས་གྱུར་པས།། གདོན་མི་ཟ་བའི་ཡེ་ཤེས་ནི།། ཕྲ་དོག་རིགས་ཀྱི་དམ་ཚིག ་སྤྱོད། ། སངས་རྒྱས་སྤྱན་ནི་བབས་གྱུར་ཅིང་།། ས་ཡི་ཁམས་ནི་བྱིན་བརླབས་ན།། དབང་ཆེན་རི་རབ་ལྟར་བརྟན་ཅིང་།། རྡོ་རྗེ་རྒྱས་པའི་ལམ་འགྲུབ་འགྱུར།། མཱ་མ་ཀཱི་ས་ནི་བདག་བརྒྱུད་ལ།། ཆུའི་ཁམས་ནི་བྱིན་བརླབས་ན།། གདུངས ་རྣམས་ལས་བསིལ་བྱེད་ཅིང་། ། ལྷ་མོ་སྒྲོལ་རྣམས་འགྲུབ་པའོ།། ན་བཟའ་དཀར་མོ་གཅས་པ་ཡིས།། མེ་ཡི་ཁམས་ནི་བྱིན་བརླབས་པས།། བག་ཆགས་དེ་ནི་བསྲེག་བྱེད་ཅིང་།། རྡོ་རྗེ་དབང་དུ་སྡུང་བར་བྱེད།། ལྷསོ་སྒྲོལ་མའི ་གཟི་བརྗིད་ཀྱིས། ། རླུང་གི་ཁམས་ནི་བྱིན་བརླབས་པས།། ཐམས་ཅད་སྐྲོད་པའི་ལས་བྱེད་དོ།། རྡོ་རྗེ་མངོན་སྤྱོད་ཆེར་སྤྱོད་དོ།། ལྷ་མོ་གཟུགས་ཀྱི་རྡོ་རྗེ་མས།། མིག་རྒྱུ་ལྟ་བུར་མཐོང་བར་བྱེད།། ལྷ་མོ་སྒྲ་ལ་རྡོ་རྗེ་མས།། དུ་བལྟ་བུར ་མཚར་བར་བྱེད། ། ལྷ་མོ་དྲ་ཡི་རྡོ་རྗེ་མས།། སྐར་མ་སྲིན་བུ་མེ་ཁྱེར་འཆེར།། ལྷ་མོ་རོ་ཡི་རྡོ་རྗེ་མས།། མ་རི་མ་འབར་བ་ལྟར་གསལ་ཞིང་།། ལྷ་མོ་རེབ་བྱ་རྡོ་རྗེ་མས།། ཐམས་ཅད་སྟོང་པའི་ཆོས་ཉིད་ལ།། ན་མཁའི་ཁམས་ནི ་བབས་གྱུར་པས། ། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ།། དེ་ཡི་མིག་གི་རྣམ་ཤེས་ལ།། ས་ཡི་སྙིང་པོ་བྱིན་བརླབས་པས།། གཟུགས་ཀྱི་དངོས་པོ་སྣ་ཚོགས་དང་།། ལྐོག་དུ་གྱུར་པའི་རྫས་རྣམས་མཐོང་།། དེ་ཡི་རྣ་བའི་རྣམ་ཤེས ་ལ། ལག་ན་རྡོ་རྗེས་བྱིན་བརླབས་པས།། བླ་རགས་སྒྲ་རྣམས་ཐོས་པ་དང་།། ལུང་བསྟན་པ་ཡང་ཐོབ་པར་འགྱུར།། དེ་ཡི་སྣ་ཡིན་པ་ཤས་ལ།། ན་མཁའི་སྙིང་པོས་བྱིན་བརླབས་པས།། སྣ་ཚོགས་དྲི་རྣམས་ཆ་བ་དང་།། ་སཱ་རྩེའི་འོད་ཟེར་ཚོགས་མཐོང་འགྱུར།། དེ་ཡི་རྩེ་ཡིནཔ་ཤེས་ལ།། འཇིག་རྟེན་དབང་ཕྱུག་གིས་བྱིན་པརླབས།། མྦྷ་ཡི་བདུད་ཀྱི་མྱོང་བྱེད་ཅིང་།། གསུང་དབྱངས་ཏན་པ་ས་ཚོགས་འབྱུང་།། དེ་ཡི་ལུས་ཀྱི་རྣམ་ཤེས་པ། ་པ་སེལ་བས་བྱིན་རླབས་པས།། འཇིག་རྟེན་ཁམས་ནི་གསུམ་དག་གི། རེག་བྱའི་ཁྱད་པར་མཆོག་རྣམས་ཐོག།། དེ་ཡི་ཡིད་ཀྱི་རྣམ་ཤེས་ལ།། ཀུན་ཏུ་བཟང་བས་བྱིན་རླབས་པས།། དུས་གསུམ་ཤེས་པའི་ཡེ་ཤེས་ནི།། ཞག་གསུམ། ་ལོན་པ་བཞིན་དུ་དྲན།། དེ་ཡི་ཡིད་ལ་ཁྱབ་བྱེད་པར།། བྱམས་པ་མགོན་པོས་བྱིན་རླབས་པས།། ཉོན་མོངས་ཡེ་ཤེས་གྱུར་ནས་ཀྱང་།། རྟོག་པ་མེད་པར་འགྲོ་ཞིང་ལྡིང་།། དེ་ཡི་ཀུན་གཞི་རྣམ་ཤེས་ལ།། འཇམ་པའི་དབྱངས་ཀྱིས ་བྱིན་བརླབས་པ། ལུས་ཀྱི་ཆ་ཤེས་གཡོ་འགྱུར་ཞིང་།། མཁའ་ལ་སྤྱོད་པ་ཉིད་དུ་འགྲོ།། སྐུ་ནི་སྣང་བསྒྱུར་བར་བྱེད།། གསུང་ནི་གྲགས་པ་སྔགས་སུ་བརྗོད།། ཐུགས་ཀྱི་སྙིང་པོ་རབ་བསྐུལ་བས།། སྲོག་རྩོལ་བཟླས་པ་འགྲུབ་པར་འགྱུར།། ་ཁྲོ་བའི་རྒྱལ་པོ་ཐམས་ཅད་ཀྱིས།། དེ་ཉིད་བྱིན་གྱིས་བརླབས་གྱུར་ན།། བར་ཆད་བདུད་དཔུང་མ་ལུས་འཇོམས།། བརྟན་པ་མཆོག་ཏུ་འབེབས་པར་བྱེད།། ཁྲོ་བོའི་རྒྱལ་པོ་བཅུ་རྣམས་ཀྱིས།། ལུས་ལ་ངེས་པར་བྱིན་རླབས་ན།། ཕྱག ་རྒྱ་བྱེད་ཅིང་སྡིགས་འཛུབ་བྱེད། ། ཕྱོགས་སྐྱོང་བཅུ་བོ་འཇོམས་པར་བྱེད།། གཡོན་བརྐྱང་གཡས་བརྐྱང་རྡོ་རྗེའི་གར།། རྡོ་རྗེའི་ས་བཞིར་བསྐུར་བ་དང་།། ཧཱུཾ་ཕཊ་རྔམ་པའི་གང་མོ་ཡིས།། རླུང་བཅུ་དབང་དུ་སྐར་བར་གནས།། ཁྲོ་བོ ་དུབ་སྤྲོ་ཞིང་སྡུང་། ། ཡེ་ཤེས་ཐུགས་རྗེ་ཁྲོས་པ་ཡིས།། དངོས་པོར་འཛིན་པའི་གདོན་རྣམས་འཇོམས།། ལུས་ཀྱི་ཆ་ཤས་འབེབས་པར་བྱེད།། རྡོ་རྗེའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་སོ་སོར་རབ་ཏུ་བསྟན་པའི་ཏིང་ངེ ་འཛིན་ཏོ། ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པ།། གསང་བ་འདུས་པ་རྩ་བའི་རྒྱུད།། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས།། ཏད་ཏ་ས་ཀྲཏ་ཡི་རྒྱུད།། སངས་རྒྱས་རིན་ཆེན་དཔལ་གྱིས་ན།། སྒྱུ་འཕྲུལ་དྲབ་ཆེན་པོའི ་རྒྱུརྒྱད། ། སངས་རྒྱས་འོད་དཔག་མེད་པ་ཡིས།། བླུགས་ཐིག་ལེའི་རྒྱུད་གསུངས་སོ།། སངས་རྒྱས་ཐོག་མེད་གྲུབ་པ་ཡིས།། དམ་ཚིག་གསུམ་དགོད་རྒྱལ་པ་བཤད།། སངས་རྒྱས་སྤྱན་མས་ན་མ་སྦྱོར་རྒྱུད།། བཱ་མ་ཀཱི་ས་ནི ་བཛྲ། ། གོས་དཀར་མོས་ནི་འཁོར་ལོ་སྡོམ།། སྒྲོལ་མས་སྒྱུ་འཕྲུལ་ཆེན་པོ་ཉིད།། དཔལ་ལྡན་རྡོ་རྗེ་དབྱིངས་ཕྱུག་མས།། རྡོ་རྗེ་གདན་བཞི་གཙུག་ལག་རྒྱུད།། གཟུགཀྱི་རྡོ་རྗེ་གསང་བའི་མཛོད།། སྒྲ་ཡི་རྡོ་རྗེའི་ལྷ་མོ་ཡི།། བར་བ་དམ་པ་རྟོགས ་བྱེད་གསུངས། ། དྲིའི་རྡོ་རྗེ་སངས་རྒྱས་ཐོང་།། རོའི་རྡོ་རྗེའི་ལྷ་མོ་ཡིས།། རྡོ་རྗེ་བདུད་རྩིའི་རྒྱུད་མཆོག་གསུངས།། བྱམས་པ་མགོན་པོས་རིག་མཆོག་དང་།། ས་ཡི་སྙིང་པོས་སྐུ་གསུང་ཐུགས།། རྡོ་རྗེ་གསང་བའི་རྒྱུན་བཀོད་གསུངས།། ་གསང་བཱི་བདག་པོས་དབང་བསྐུར་རྒྱུད།། ན་མཁའི་སྙིང་པོས་དཔལ་ལྡན་ནི།། གསང་བ་ཐིག་ལེའི་རྒྱུད་མཆོག་གསུངས།། འཇིག་རྟེན་དབང་ཕྱུག་མཆོག་གིས་ནི།། པུན་དྷ་རི་ཀ་དྲ་བ་ཅན།། འཇམ་དབྱངས་དཔའ་བོ་རྩ་བའི་རྒྱུད།། ་སྒྲིབ་པ་ཐམས་ཅད་རྣམ་སེལ་བས།། ཨ་མོ་གྷ་ཡི་རྒྱུད་བསྟན་པ།། ཀུན་ཏུ་བཟང་པོས་གསང་བའི་རྒྱུད།། བྱང་ཆུབ་སེམས་དཔའ་མཆོག་གིས་གསུངས།། གཤིན་རྗེ་གཤེད་པོས་དགྲནག་པོ།། ཤེས་རབ་མཐར་བྱེད་ཁམས་གསུམ ་རྒྱལ། ། རྟམ་གྲིན་གསང་བ་མཆོག་ཏུ་རོལ།། བདུད་རྩི་འཁྱིལ་བས་རྡོ་རྗེ་སྟེ།། མི་གཡོ་མགོན་པོས་གསང་བའི་རྒྱུད།། འདོད་རྒྱལ་ཐབས་ཀྱི་ཞགས་པ་ཕྲེང་།། དབྱུག་སྔོན་གད་པཀུན་འདུལ་བ།། སྟོབས་པོ་ཆེ་ཡིས་སྨ་རྒྱལ་རྒྱུད།། སུ་བྷ་རཱ་ཛཱཿ ་རྡོ་རྗེས། ། གཙུག་ཏོར་རྡོ་རྗེ་གཙུག་ཏོར་རྒྱུད།། ཁྲོ་བོའི་རྒྱལ་པོ་མཆོག་རྣམས་ཀྱིས།། རིམ་པར་གསུངས་པ་ཉིད་བསྟན་པའོ།། རྩ་བའི་རྒྱུད་གྱུར་སུམ་བཅུ་གཉིས།། རེ་རེ་ལ་ཡང་ཕྱེ་ནང་གསང་བར་བཅས།། ཁྱད་པར་ཕྱེ་བས་འབུམ ་བྲག་སམ་པན་དྲུག། ཡི་གའི་དབྱེ་བ་སྟོང་ཕྲག་སུམ་ཅུ་བའི།། བྱང་ཆུབས་པས་དཔའ་དག་མར་བཅས།། ཟླ་བའི་རྒྱལ་པོ་རྣམས་ཀྱིས་ངེས་པར་གསུངས་པའོ།། འདི་དག་འགྲོ་བའི་དན་སྤང་དུ།། སྔོན་ནུའི་ནུས་པརྟེན་ཅན་པ།། དེན་ཧྲི། ་ཆགས་སྐུ་རུ་སྐོར།། བག་ལ་ཉལ་དང་ཕྲ་བ་ཡ།། ཟག་པ་མེད་པའི་སྤྱོད་ཡུལ་ལ།། ཞི་བ་སྤྲོས་མེད་མཛད་པ་བྱེད།། ཞིང་ཁམས་བྱ་བ་སྟོང་ཕྲག་ཏུ།། མཛད་པ་རྣམ་པ་ཐ་དད་པས།། གཅིག་ལས་དུ་མའི་རྣམ་པར་འཕྲུལ།། སེམས་ཅན་ཁམས ་རྣམས་སྐྱེས་པ་དང་། ། འབྱུང་བ་གནས་པའི་སྲིད་པ་རུ།། རྒྱུ་དང་རྐྱེན་ལས་གྲུབ་ཚུལ་དང་།། ཉོན་མོངས་ཁམས་དང་དབང་པོ་དང་།། བག་ལ་ཉལ་སོགས་དྲིམ་རྣམས།། ཁམས་གསུམ་བརྟན་དང་གཡོ་བ་ཡི།། རྒྱུ་འབྲས་ཟ་བའི་ཟབ་ལ།། ་ལག་མཐིལ་སྐྱ་རུར་བཞག་འདྲ།། རྡོ་རྗེའི་སྤྱན་དང་རྡོ་རྗེའི་སྙན།། རྡོ་རྗེའི་ཐུགས་དང་རྡོ་རྗེའི་གནས།། རྡོ་རྗེ་སྤྱོད་པའི་རྫུ་འཕྲུལ་རྣམས།། སངས་རྒྱས་མངོན་ཤེས་ལྔ་དོན་འགྲུབ།། ཡོངས་སུ་མ་དག་ཀླ་ཀློའི་གླིང་།། ཐ་དད་པར་ནི་ཉོན་མོངས་ཅན།། ་དེ་དག་ཤིན་ཏུ་དུལ་བར་མཛད།། དྲག་པོའི་ཉམས་ནི་གར་དགུའི་རོལ།། དབང་ལ་ཆགས་ཚུལ་དྲུག་བཅུ་བ་ནི།། རྒྱས་ལ་ཁྱད་པ་བཅུ་དྲུག་སྟེ།། ཞི་བའི་ཚུལ་ནི་བཅུ་གཉིས་ཡིན།། སངས་རྒྱས་ཐམས་ཅད་ཀྱི་ནི་ཡང་།། གསང་བ་ཡོངས་སུ ་རྫོགས་པ་ཉིད། ། དཔལ་མཆོག་རྟོག་པ་བདུན་པ་སྟེ།། རྟོག་པ་དང་པོ་གླེང་སློང་པའི།། གསང་བ་རྒྱས་པར་བསྟན་པ་ཡིན།། རྟོག་པ་གཉིས་པ་རྡོ་རྗེའི་རིགས།། མཆོག་ཏུ་བརྟག་པ་ཆེན་པོ་ལས།། བརྗོད་བྱ་བརྗོད་བྱེད་ཚུལ་ལྡན་པ།། ཏིང་ངེ ་འཛིན་དང་བཅས་པའོ། ། རྟོག་པ་གསུམ་པ་རིན་ཆེན་རིགས།། འོད་ཟེར་སྣང་བའི་ཡེ་ཤེས་ཆེ།། ཐ་དད་མེད་པ་ཆོས་ཀྱི་དབྱིངས།། བྱང་ཆུབ་ཆེན་པོར་བརྗོད་པའོ།། རྟོག་པ་བཞི་པོ་པད་མའི་རིགས།། མ་ཆགས་བདེ་བ་འོད་འབར་བ།། སོ ་སོའི་ཏིང་འཛིན་ལ་ཞུགས་ནས། ། རྟོགས་པའི་ཡེ་ཤེས་འཆར་བྱེད་པའོ།། རྟོག་པ་ལྟ་བ་ལས་ཀྱི་རིགས།། ས་ཚོགས་དོན་ཀུན་སྒྲུབ་བྱེད་པས།། ཤེས་རབ་ལ་གྲིས་ཡོངས་གཅོད་པའི།། ཁྱད་པར་སྒྲུབ་པ་བརྗོད་པའོ།། རྟོག་པ་དྲུག་བཆོས ་ཀྱི་དབྱིངས། ། སངས་རྒྱས་དུ་མའི་དགོངས་བདག། གཅིག་ཏུ་ཡང་དག་བསྡུས་པ་ནི།། དེ་ཉིད་མཆོག་ཏུ་མི་འགྱུར་བའོ།། རྟོག་པ་བདུན་པ་སྣང་བ་རྒྱས།། ཡེ་ཤེས་ལྔ་ནི་རབ་འབྱུང་བ།། འོད་ཟེར་སྣ་ཚོག་ཚད་མེད་པ།། བཀོད་པ་མཐའ ་ཡས་སྤྲིན་ཚོགས་པས། ། རབ་ཏུ་འབར་བའི་འོད་མངའ་བ།། དཔག་མེད་ཚུལ་འདི་བསྟན་པའོ།། བཅོམ་ལྡན་རྡོ་རྗེ་འཛིན་པ་ནི།། གཡས་དང་གཡོན་གྱི་སྦྱོར་བ་དང་།། གཡོན་བརྐྱང་དུ་ནི་ཉེར་སྦྱོར་བས།། ཞལ་གསུམ་ཕྱག་དྲུག་རྣམ་པར་འབྱུང་།། ཁྲོལ ་དཀྱིལ་དཀྲུང་ལོངས་སྤྱོད་པས། ། ཐམས་ཅད་མ་ལུས་བདུད་འཇོམས་མཛད།། རྟེན་ཅིང་འབྲེལ་ལས་འབྱུང་བ་ལས།། དངོས་པོ་ཐམས་ཅད་རྣམ་པར་བརྟག། བླ་མ་སངས་རྒྱས་ཆོས་གྱུར་ཅིང་།། དགེ་འདུན་ཀྱང་ནི་འདི་ཉིད་དེ།། དེ་ཡི་དྲིན་གྱིས ་ཤེས་འགྱུར་བ། ། དེ་བས་དཀོན་མཆོག་གསུམ་བདག་ཡིན།། མི་ཤེས་རབ་རིབ་གྱིས་མདོངས་ལ།། འདི་ནི་ལམ་རབ་སྟོན་བྱེད་ཡིན།། བདེ་བ་ཀུན་གྱི་མཆོག་གྱུར་དང་།། འདོད་པའི་དོན་ཀུན་སྟེར་བྱེད་ཡིན།། དེ་བས་དེ་དང་མཉམ་པ་ཡི། མཆོད ་བྱ་གཞན་ནི་བྱེད་མ་ཡིན། ། དེ་བས་འབད་པ་ཐམས་ཅད་ཀྱིས།། བརྟུལ་ཞུགས་ལྡན་པས་བླ་མ་མཆོད།། དེ་མཉམ་འགྲོ་བ་འཇིག་རྟེན་ན།། ཁམས་གསུམ་ཀུན་ལས་མི་རྙེད་དེ།། རྡོ་རྗེ་སེམས་དཔའ་འཇིག་རྟེན་དུ།། ཕུན་སུམ་ཚོགས་པ་སྟོན ་ཕྱིར་གསུངས། ། རྣལ་འབྱོར་པ་འདི་ཅི་སྤྱོད་ཀྱང་།། ཐམས་ཅད་ཏུ་ནི་སྨད་མི་བྱ།། རྟོག་པ་ཀུན་ལས་རྣམ་གྲོལ་ཕྱིར།། ཇི་ལྟར་འདོད་པས་བྱ་བ་མེད།། དེ་ནི་དངོས་ཀུན་ངོ་བོ་སྟེ།། ཁྱབ་བདག་སངས་རྒྱས་ཀུན་རང་བཞིན།། རང་འབྱུང་ཇི་ལྟར་འདོད ་བ་སྤྱད། ། སེམས་ཅན་ཀུན་གྱི་སྙིང་ལ་ཞུགས།། དེ་ཉིད་ཐམས་ཅན་བླ་ན་མེད།། འདི་ནི་རྣལ་འབྱོར་དབང་པོ་མཆོག། ནལ་འབྱོར་སྐྱེས་བུར་བཤད་པ་སྟེ།། རྗེས་སུ་རྣལ་འབྱོར་རིག་པ་མཆོག། གཉིས་འདུས་ཤིན་ཏུ་རྣལ་འབྱོར་ཏེ། གཉིས ་མེད་ཡེ་ཤེས་རྣལ་འབྱོར་ཆེ། ། རྣལ་འབྱོར་དེ་ནི་སངས་རྒྱས་འགྱུར།། ཡེ་ཤེས་རྒྱ་མཚོ་དམ་པ་ཉིད།། འོ་མའི་རྒྱ་མཚོ་བསྲུབས་པ་ལས།། མར་ནི་ཤིན་ཏུ་འདུ་བལྟར།། རྦ་རླབས་འདུས་པས་སྟོབས་གྱུར་པ།། གཞན་ཡང་ཐམས་ཅད་སྐྱེ ་འགྱུར་ཞིང་། ། འཇིག་རྟེན་འཇིག་རྟེན་འདས་པ་དང་།། བརྟན་དང་གཡོ་བའི་ཆོས་ཀུན་གྱིས།། སྲིད་གསུམ་བདག་པོ་རྣམ་པར་འཕྲུལ།། དེ་ལྟར་བདུད་རྩི་ལས་ནི་ལངས།། ཉན་ཐོས་རང་རྒྱལ་འབྱུང་བ་དང་།། བྱང་ཆུབ་སེམས་དཔའི་ས ་ལས་ནི། ། ཁྱད་པར་འགྲོ་བ་གཅིག་པ་ཉིད།། རྡོ་རྗེ་འཛིན་པས་དགེ་བ།། བཅུ་གསུམ་དུ་ཡང་རྣམ་བཤད་པ།། གྲུ་གསུམ་རྣམ་པར་འབྱུང་བ་ནི།། འདིར་ནི་ཆོས་ཀྱི་འབྱུང་གནས་བརྗོད།། མེ་ལོང་ནང་གི་གཟུགས་བརྙན་ནི།། ཇི་ལྟར ་ཀུན་དུ་སྣང་གྱུར་པ། ། དེ་བཞིན་མེད་གཉིས་ཡེ་ཤེས་འདིར།། སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ།། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ།། རྣམ་པར་རྟོག་པའི་རྐྱེན་གྱིས་བརྟགས།། རང་བྱུང་གཅིག་ཉིད་གཉིས་སུ་མེད།། ། ་སེམས་ཅན་བསམ་པའི་དབང་གིས་ནི།། ལྷ་དང་གྲུབ་མཐའ་སྣ་ཚོགས་བསྟན།། ཐ་དད་ལྟ་བར་འཇིག་རྟེན་པ།། ཀུན་མཁྱེན་གཅིག་པུ་གཉི་སུ་མེད།། གང་དུ་བདག་དང་ཕྱག་རྒྱ་དག། གཉིས་མེད་བདེ་བས་རྒྱལ་གྱུར་ཚེ།། དེ་ཡི་བདེ ་བས་ཀུན་ཁྱབ་བྱེད། ། ཆོས་ཀུན་ངོ་བོ་གཅིག་པར་ནི།། ཡེ་ཤེས་འདུ་འབྲལ་མེད་པ་ཉིད།། རྣལ་འབྱོར་པ་ཡི་གསང་བ་ཡིན།། དགའ་བ་བསྐྱེད་བྱེད་བཟང་པོ་སྟེ།། མ་ལུས་དོན་གྱི་འབྲས་རབ་སྟེར།། དངོས་པོའི་བདུད་རྩིས་ལུས་གང ་ཞིང་། ནོར་བུ་རིན་ཆེན་སྟེན་པར་མཉམ།། ཡོན་ཏན་མཐའ་ཡས་འབྱུང་བའི་བཞི།། བདེ་བ་རྡོ་རྗེ་ཅན་གྱི་གནས།། ཉོན་མོངས་ཡེ་ཤེས་གནས་གྱུར་པས།། མྱུར་དུ་བསྨོད་པའི་གོ་འཕང་གིས།། རོ་མཉམ་མི་མཉམ་འཕེལ་བ་ལས།། ་བདེ་བས་མ་ལུས་ས་གསུམ་པོ།། ཐམས་ཅད་ཚིམ་པར་བྱེད་པ་པོ།། གཉིས་མེད་ཡེ་ཤེས་རྒྱ་མཚོ་ལས།། འགྲོ་བའི་ནོར་བུ་སྟེར་བྱེད་པ།། དེ་དེ་དཔོན་ཆེན་པོ་འདིར་གནས་པ།། བླ་མའི་གཟུགས་སུ་གང་བྱུང་བ།། དེ་ཉིད་ཐུགས་རྗེས ་དེར་ཞུགས་པ། ། མི་ཡི་གཟུགས་སུ་ཉེར་བསྟན་པའོ།། དེ་ནས་འདི་ནི་གསུངས་ཙམ་གྱིས།། མི་ཕྱེད་རྣལ་འབྱོར་སྒྲུབ་པ་པོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན།། རབ་ཏུ་དགའ་ཞིང་ཡིད་རངས་ཏེ།། དགྱེས་པས་ཡོངས ་སུ་ཁྱབ་པར་འགྱུར། ། དེ་ནི་གསང་བའི་ཆོས་ཅན་ཡིན།། རྡོ་རྗེའི་གདན་དུ་བཞུགས་ནས་ཀྱང་།། མཉམ་པའི་སྐྱིལ་ཀྲུང་ཚུལ་གནས་ནས།། ཉི་མ་སྣང་བ་མཆེད་པའི་ཆ།། གསལ་བསྣང་བ་མཚན་མོའི་ཆ།། མཚམས་ལས ་ཐོབ་བ་མུན་པར་བཅས། ། དུག་གསུམ་རང་བཞིན་ཀུནནམས་ལས།། དེས་འབྱུང་བསྙེན་པས་ཅ་གནས་ལས།། ཟག་བཅས་འབྱུང་བཟློག་པར་བྱེད།། བསྒྲུབ་པ་ཡི་གེའི་གསང་བ་ལས།། ཐོས་པས་སྒྲ་རྣམས་དབྱངས་དབྱུང་ཉིད། ཉེར ་བསྒྲུབ་ཤིན་ཏུ་མི་ཤིགས་པ། ། ཁམས་ལས་བདུད་རྩི་དངས་པར་གྱུར།། སྲོད་དུས་མུན་པའི་དམག་རུམ་དུ།། བདུད་བཅོམ་ལྷའི་བུ་ཡི་ཚོགས།། རྒོལ་བ་དེན་པ་བཟློག་གྱུར་ཅིང་།། དེ་ཉིད་ཀུན་ཏུ་བརྩམས་པའོ།། ཐོངས་དུས་སུ་འདས ་ཆལས། ། ཤིན་ཏུ་ཉེར་ཐོབ་རང་བྱུང་ལས།། བཅུ་དང་བརྒྱད་དུ་མཐར་སོན་ཚེ།། སྐྱ་རེངས་ངེས་པར་འཆར་དུས་སུ།། མངོན་པར་བྱང་ཆུབ་ལེགས་མཐོང་བ།། འདི་ནི་མཆོག་ཏུ་འབྱུང་བ་ཉིད།། གསང་བ་ཡང་དག་རྫོགས་སངས ་བྱས། ། བསྒོམ་པ་མཆོག་གིས་བསྒྲུབ་འགྱུར་བའོ།། འདི་ནི་ཐབས་དང་ཤེས་རབ་དག། གཉིས་མེད་ཡེ་ཤེས་སྙོམས་འཇུག་པས།། དེ་ཡི་ཆོས་ཀྱི་འབྱུང་གནས་སུ།། བདེ་ཅེན་སྒྱུ་མའི་རོལ་བ་ཡིས།། ཀུན་ཏུ་དབང་བསྐུར་གྱུར་པ་ནི ་དངོས་གྲུབ་ཡེ་ཤེས་ཐོབ་བྱེད་ཡིན། ། སྔ་མ་འཇིག་རྟེན་ལོག་རྟོག་དག། དགག་ཕྱིར་མི་རྟག་གཟུགས་སུ་བརྟན།། དེ་ཉིད་ཡོངས་སུ་དག་པ་ཡིས།། རྒྱུན་མི་འཆད་པར་གནས་བསྒྱུར་བས།། གཞོན་ནུའི་ཚུལ་དུ་བསྟན་པ་སྟེ།། འགྲོ ་ཀུན་དང་དབང་མེད་པ་སྟེ། ། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ལོ།། དེ་ལྟར་ཡེ་ཤེས་གནས་ཐོབ་པས།། སྐད་ཅིག་གིས་ནི་སངས་རྒྱས་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ ་ག་སང་བ་འདུས་པ་རྡོ་རྗེ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ཕྱིན་ཅིམ་ལོག་པ་དག་པ་བསམ་པ་སྣ་ཚོགས་པའི་དོན་རབ་ཏུ་བསྒྲུབ་པའི་ལེའུ ་སྟེ་བདུན་བཅུ་རྩ་ལྔས་པལོ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་ཡེ་ཤེས་གསང་བའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་གདུལ་བྱའི་སྐྱེ ་བོབོའི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་མཛད་པས་ཡོངས་སུ་སྟོན་པར་མཛད་དེ། ། དྲོ་བཞིན་གཤེགས་པ་ཐམས་ཅད་སླར་རབ་ཏུ་འདུད་ཅིང་མཆོད་པ་རྣམ་པ་དུ་མས་ཡོངས་སུ་མཆོད་ལ་གསང་བའི་དོན ་འདི་དག་རབ་ཏུ་ཞུག་སོ། ། དེ་ནས་གསང་བ་འཛིན་པ་པོས།། མི་འགྱུར་བ་ནི་རྒྱས་པའི་ཚུལ།། མགོན་པོ་བྱང་ཆུབ་ཆེན་པོ་ནི།། ཟབ་དང་རྒྱ་ཆེའི་གནས་འདི་གསུངས།། དུས་གསུམ་སངས་རྒྱས་ཕྱོགས་བཅུ་ཡི།། གནས། ་སོགས་ཞིང་ཁམས་མ་ལུས་པའི།། རྒྱལ་བ་འཁོར་དང་བཅས་པ་ནི།། ཏིལ་འབྲུ་ལྟ་བུ་གང་བ་ཡིན།། མ་ལུས་རྒྱ་མཚོའི་དབུས་བཞུགས་ལ།། གསང་བ་དམ་པ་བཀའ་སྩལ་ཏོ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཡང ་དང་ཡང་དུ་བསྐུལ་བར་བྱ། ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། དམ་ཚིག་མཆོག་ཏུ་བརྟག་པའོ།། དེ་ནས་བཅོམ་ལྡན་འདས་ན་མཁའ་ཀུན་དུ་རྣམ་པར་འཕྲུལ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས་རྡོ་རྗེ་རལ་པ་གཅིག་མའི་དམ་ཚིག་ཆེན་པོའི་རྒྱལ་མོ་རྡོ་རྗེ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨོཾ་བཛྲ་ཨེ་ཀ་ཛ་ཊི་ཁུ་ལི་ནི་སྭཱ་ཧཱ། ་རྡོ་རྗེ་རལ་བ་གཅིག་མ་ཡི།། གསང་བ་ཡེ་ཤེས་རང་བྱུང་བས།། ཞལ་གསུམ་པ་ལ་ཕྱག་དྲུག་མ།། ཁ་དོག་མཐིང་ནག་འབར་མཆེ།། གཡས་གཡོན་དཀར་དང་དམར་བའི་མདངས།། གྲི་གུག་ཐོད་པ་འཛིན་པར་མཛད།། རྡོ་རྗེ ་དང་ནི་ཐོད་དབྱུག་ནི། ། གཡས་པའི་ཕྱག་དུ་བསྣམས་པར་བསྒོམ།། དྲིལ་བུ་རྡོ་རྗེའི་ཞགས་པ་ནི།། གཡོན་པའི་ཕྱག་ཏུ་བསྣམས་པར་བསྒོམ།། རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ།། ཤིན་དུ་སྒེག་ཅིང་འགྱིང་བར་བསམ།། ་འདི་ནི་ཀླུ་ཡི་བུ་མོ་རྣམས།། རབ་ཏུ་འགུགས་པའི་མཆོག་གྱུར་པ།། ས་གཡོ་བ་ཡི་དུས་སུ་ནི།། གསང་སྔགས་འདི་ནི་བརྗོད་པར་ཤིས།། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཀླུའི་བུ་མོ་མཐུ་ཆེན་རྣམས།། ཚིག་པར ་གྱུར་ཅིང་གོས་དང་བྲལ། ། སངས་རྒྱས་བྱང་ཆུབ་རྗེས་སུ་དྲན།། གསང་སྔགས་རིག་པ་འདི་ཡིས་ནི།། ཀླུ་རྣམས་འགུགས་པའི་མཆོག་ཏུ་འགྱུར།། ཀླུ་ཡི་བུ་མོ་མོག་བཟངས་རྣམས།། བཀུག་ནས་ཉེ་བར་སྤྱད་པར་བྱ།། དེ་ནས ་བཅོམ་ལྡན་འདས་ན་མཁའི་དམ་ཚིག་འབྱུང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། ཆོས་ཆེན་པོའི་དམ་ཚིག་འདི་རྡོ་རྗེ་ཁྲོ་གཉེར་མ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་སརྦ་བྷ ་ཡ་ནཱ་ཤ་ཡ། ། ཏྲ་ས་ནི་ཏྲ་ས་ཡ།། ཏྲ་སེ་ཡཱ། བྷེ་ཏ་ར། དཱི་ཀུ་ཊཱི། ཏི་ཏི་བྷེ་ར་ཊཱི། ཤཱི་ཏཱ་ཤེ་ཏ་ཛ་ཊི་ནི་སྭཱ་ཧཱ།། རྡོ་རྗེའི་ལྷ་མོ་ཁྲོ་གཉེར་ཅན།། སྐུ་མདོག་སྔོ་ལྗང་དངས་བ་ལ།། ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་མ།། གཡས་དཀར་གཡོན ་དམར་ཅུང་ཟད་ཁྲོས། ། དང་པོ་གཉིས་ཀྱིས་བདེ་བར་ནི།། ཐུགས། ཁར་བསྣོལ་བས་འཁོར་ལོ་དང་།། རིན་ཆེན་འབར་བ་འཛིན་པའོ།། རལ་གྲི་དང་ནི་རྩེ་གསུམ་པ།། གཡས་པས་ངེས་པར་འཛིན་པར་མཛད།། སྔགས་འཛུབ ་ཞགས་པ་བུམ་པ་ནི། ། གཡོན་དུ་ངེས་པར་འཛིན་པའོ།། རིན་ཆེན་སྣ་ཚོགས་རྒྱན་གྱི་ས་བརྒྱན།། རྡོ་རྗེ་སྐྱིལ་ཀྲུང་བཞུགས་པར་བསམ།། སྐུ་ལས་འབར་བའི་འོད་འཕྲོ་བས།། གནོད་པ་མ་ལུས་ཞི་བྱེད་བསམ།། འདི་ནི་གསུང ་ཐག་ཏུ་ཡང་། ། རིག་པ་འཛིན་པའི་རྒྱལ་པོ་ཀུན།། རབ་ཏུ་འབར་བ་གྱུར་ནས་ནི།། ཡེ་ཤེས་རྒྱལ་པོ་རྫས་སདྲན།། རིག་པ་འཛིན་པའི་ལྷ་མོ་མཆོག། གསེར་གྱི་སྣ་ཆ་གཡོན་པ་རྣམས།། སྔགས་ཀྱི་རིག་པ་འདི་དང་ནི།། དམ ་ཚིག་ལ་སོགས་པས་བཀུག་བྱ། ། གང་དུ་ཕྲིན་ལས་མ་ལུས་པ།། གསང་བ་མཆོག་ཏུ་བསྒྲུབ་པ་ནི།། འགོག་པའི་རྒྱལ་བ་རྡོ་རྗེ་འཛིན།། ཡོངས་སུ་རྫོགས་པ་མཛེས་མཆོག་གིས།། ཡེ་ཤེས་རྡོ་རྗེ་གསུམ་ལས་འབྱུང། ་ཀུན་ནས་དེ་མ་ཐག་ཏུ་འགུགས།། དེ་ནས་བཅོམ་ལྡན་འདས་ཀུན་ནས་དབྱངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཆེན་པོའི་བསྒོམ་པའི་མཆིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ་ཨོཾ་མ་ཧཱ་བིདྭེ་དྷ་ན་ལ་ཙུལ་ཙུན་དད་ལེ་ཛྙཱ་ན་བི་ཤུད་དྷེ། སརྦ་དྷ་རྨཱ་བུད་དྷེ་སྲཧཱ།། ཉི་མའི་དཀྱིལ་འཁོར་དུས་པ་ནི།། ནམཁའ་རྡོ་རྗེའི་དབུས་སུ་བས་མ།། ཀུན་ནས་འབར་བའི་ཡེ་ཤེས་ཅནེ།། སངས་རྒྱས་སྤྲིན་གྱི་ཆོ་ག་ཡིས།། རྡོ་རྗེ་གསུམ ་གྱི་གནས་ཆེན་ནི། ། ལུས་དང་གདང་སེམས་ལ་དཔག།། ལྷ་མ་སྐུལ་བྱེད་རྡོ་རྗེ་བས་མ།། ཞལ་གསུམ་པོ་ལ་ཕྱག་དྲུག་མ།། དང་པོ་གཉིས་ཀྱིས་རྡོ་རྗེ་དང་།། པད་མའ་བར་བ་བསྒྲུབས་པའོ།། ངན་ཆན་ནོར་བུ་རྔ་རྗེ་སྨན།། ཟླ་བ་ཆུ་ཤེལ ་འབར་བ་དང་། ། ཕྱག་གཞན་རྣམས་ཀྱིས་འཛིན་པར་མཛད།། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། བསམས་ལ་སྔགས་ཀྱི་ཡིག་དགོད།། ནད་རྣམས་མ་ལུས་ཞི་བྱེད་པ།། གསང་བ་ཡེ་ཤེས་རྒྱ ་མཚོ་ཉིད། ། དེ་བ་མཆོག་ཏུ་བསམ་པར་བྱ།། འདིས་ནི་ཞི་བའི་ལས་སྒྲུབ་པ།། གསང་བ་ཉེ་བར་བསྡུས་པའོ།། རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས ་བདཔའ་བ་རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེ་བས་མ་གདན་བྱེན་ཚིག་གིས་མཆོག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། ། བཱི་ཨོཾ་ཨ་བཛྲ་ཨཀྵ་གརྦྷ་ཡ་རད་ན་དྷྲིག་ཕཊ་སྭཱ་ཧཱ།། སངས་རྒྱས་དཀྱིལ་འཁོར་འོད་བཟང་པོ།། ་ནམ་པའ་དབྱིངས་ཀྱི་དབུས་སུ་བས་ས།། རྡོ་རྗེ་སུ་གསུམ་སྦྱོར་བ་ཡིས།། སྐྱེད་པ་འདི་ནི་རྣམ་པར་པས་མ།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། མརྒང་ཏདང་ཆ་དགུ་པ།། འཁོར་ལོ་ཨེ་ཏ་བལ་སྡེང་བུ་དང་།། རལ་གྲི་འབར་བ་བསྡམས་པར ་བསམ། ། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ།། ཅུང་ཟད་སེར་པོ་རྡོ་རྗེ་གྱིད།། ནི་བཐོར་ཚུགས་དབུ་རྒྱན་ཅན།། དེ་བསམས་རྒྱས་པའི་ལས་ཀུན་ལ།། མྱུར་བ་ཉིད་དུ་གྲུབ་པར་བྱེད།། འདི་ན་སྔགས་རྣམས་ཐམས་ཅད་ཀྱི།། ་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ།། རྡོ་རྗེ་དཔའ་བོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། ལུས་དང་ངག་དང་སེམས་བསྒོམ་པ།། སྤྱོད་ཚུལ་ཉིད་ཀྱིས་བྱ་བ་སྟེ། འདིས་ན་དངོས་གྲུབ ་མཱར་ཐོབ་བྱེད། ། དམ་ཚིག་བསྐུལ་བ་བྱང་ཆུབ་སེམས།། འགྲོ་བའི་དོན་དུ་རབ་འཇུག་པ།། རྡོ་རྗེ་གསུམ་དབྱེར་མེད་གཟུགས་ཅན།། དེ་ཉིད་ལས་ཀྱི་ཕྱག་རྒྱར་བརྗོད།། དམ་ཚིག་སྟོང་པ་བདེ་བ་ཆེ།། འོད་ཟེར་སྤྲོ་ཞིང་སྡུད་པར་མཛད།། འགྲོ་ལ་དངོས ་གྲུབ་རྒྱུན་བྱེད་པས། ། ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་ཆེ།། གསང་བ་དམ་ཚིག་བོར་བ་ནི།། སྲོག་གི་སྙིང་པོར་གྱུར་པ་ཡི།། ས་བོན་སྔགས་ལས་རབ་གྲུབ་པ།། དེ་ཉིད་ལས་ནི་འདའ་མི་བྱེད།། རྩ་གསུམ་རླུང་གསུམ་སྐུ་གསུམ་ནི།། ཐིག་ལེ་སྔངས།། ་ཀྱི་སྦྱོར་བས་ནི།། བཅིང་བ.རབ་གྲོལ་ཕྱག་རྒྱ་ཆེ།། དེ་ཉིད་སྐུ་གསུམ་དག་པའི་བདག། སྐུ་དང་གསུང་དང་ཐུགས་དང་ནི།། དབྱེར་མེད་རྡོ་རྗེའི་དམ་ཚིག་གནས།། དབང་བཞིའི་ལམ་གྱི་དམ་ཚིག་ལས།། རང་གི་ངོ་བའི་དམ་ཚིག་དང་།། སྤྱོད ་བའི་ལམ་དང་ལྡན་པ་དང་། ། ལོངས་སྤྱོད་ཡན་ལག་དམ་ཚིག་སྟེ།། གསང་བ་བསྲུང་བའི་གནས་དང་ནི།། དེ་ཉིད་བཟའ་བའི་དམ་ཚིག་སྟེ།། རྣམ་པ་རང་བཞིན་ངོ་བོ་དང་།། མཚན་ཉིད་ལྡན་པས་དང་པོ་ཡིན།། སྣང་བ་རང་བཞིན་བདག་ཉིད་ཅན།། ་དབྱེར་མེད་སྦྱོར་བའི་ཚུལ་ལྡན་པ།། རིགས་སུ་དབྱེ་བ་ཁྱད་པར་གང་།། རིགས་སུ་སྒྲུབ་པ་ཐུན་མོང་ཚུལ།། འདི་དག་གསུམ་པའི་དོན་བསྟན་པའོ།། ལོངས་སྤྱོད་ཐོབ་བྱ་མི་གནས་ཚུལ།། འདི་ནི་དམ་ཚིག་དག་པར་བརྗོད།། འདིས་ནི་དམ ་ཚིག་རྒྱ་མཚོ་འི། ། སྔགས་ཀྱི་གསང་བ་བསྡུས་པའོ།། སེམས་ནི་རབ་ཏུ་དང་བས་རྩེ་གཅིག་རྡོ་རྗེ་ཉིད་དུ་གྣིས།། དམ་ཚིག་གས་རབ་མི་ཟད་རྒྱ་མཚོར་བསྟེན་ན།། དེ་རིང་ཚིགས་ཆུང་བདེབས་འགྲོ་བའི་རྡོ་རྗེ་སེམས་དཔའ་དང་། ་རབ་ཏུ་མཉམ་ཉིད་རྟག་པ་ཉིད་དུ་མངོན་དུ་འགྱུར།། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། མ་ལུས་ཁམས་གསུམས་རྣམས་ཀུན།། དབང་ཕྱུག་དེ་ལོངས་སྤྱོད་ཅིང་།། བདག་ཉིད ་སངས་རྒྱས་ཐམས་ཅད་དེ། ། རྒྱལ་སྲས་ཐམས་ཅད་བདག་ཉིད་ཡིན།། ཕུང་པོ་འདི་དག་སངས་རྒྱས་ཏེ།། རྫོགས་པའི་བྱང་ཆུབ་རྐྱེན་དུ་གྱུར།། གཉིས་མེད་དེ་བཞིན་ཉིད་སྦྱོར་བས།། དེ་ཉིད་དེ་བཞིན་གཤེགས་པའི་མཆོག། མ ་ལུས་སངས་རྒྱས་རྒྱུ་ཅན་ཏེ། ། རྒྱལ་བ་རྒྱ་མཚོའི་འབྱུང་གནས་སེམས།། དཀྱིལ་འཁོར་སྤོད་དུ་སྲུང་བའི་གནས།། བླ་ན་མེད་པ་ཚད་མེད་མཆོག། མཁས་བརྩོན་སྤྲོ་བའི་ལས་བདག་ཉིད།། ཤིན་ཏུ་རྨད་དབྱུར་ཡེ་ཤེས ་ཅན། ། བླ་ན་མེད་པའི་ཆེན་པོའོ།། སེམས་བསྐྱེད་སྨོན་དང་འཇུག་པ་དང་།། ཟབ་དང་རྒྱ་ཆེ་དབྱེར་མེད་པ།། མི་ལྡོག་པ་ཡི་མངོན་གྱུར་པས།། ཁྱད་པར་འཕགས་པ་ཐེག་པ་ཆེ།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། དག་པ ་དང་ནི་མ་དག་པའི། ། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། བསམ་པ་ཟག་མེད་ཚུལ་ཐོབ་པའོ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། བླ་མེད་ཡེ་ཤེས་འབྱུང་བའི་གནས།། གསང་བ་དག་པ་དཀྱིལ་འཁོར་གྱི།། ཡེ་ཤེས་དམ་པ་བཀའ ་སྩལ་མཛད། ། ཚོགས་ཀྱི་འཁོར་ལོའི་གནས་ཉིད་དང་།། དཔའ་བོ་དང་ནི་དཔའ་མོ་དང་།། སྟོན་མོར་གྱུར་པ་ཉིད་དང་ཡང་།། སྣ་ཚོགས་སྟོན་མོའི་རིམ་ཤེས་པས།། ཐབས་དང་ཤེས་རབ་གསང་བ་ཡིས།། མཆོག་ཏུ་གྱུར་པ་འདིར། ་བརྗོད་ཡིན།། འདིར་ནི་ན་མཁའ་ལ་གནས་པའི།། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུ~ཾ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བའི་ཆལ་ཧཱུ~ཾ་གནས་པ་ཉིད་དེ།། འོག་ཏུ་ཡ~ཾ་ལས་བསྐྱེད་པའི་རླུང་གྱི་དཀྱིལ་འཁོར་ཟླ་ཁམ་རྒྱལ ་མཚན་སྔོ་ལྗང་གིས་མཚན་པའོ། ། དེའི་སྟེང་དུ་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བ་དུ་མས་མཚན་པ་རྣམ་པར་བསམ་པར་བྱ་སྟེ།། དཀྱིལ་འཁོར་བའི་ལྷ་རྣམས་ཐམས་ཅད་ཐུན་མོང་དུ ་བདུད་རྩི་མྱང་བར་བྱ་སྟེ། ། དེར་ཀཾ་ལས་བྱུང་བའི་ཐོད་པ་སྐྱེ་བོ་གསུམ་གྱི་སྟེང་གི་བར་སྣང་གི་ཆར་ཨ་དཀར་པོ་ལས་བྱུང་བའི་པད་མའི་སྣོད་དུ་བལྟ་སྟེ།། དེའི་ནང་དུ་དཀོད་པ་གུར་ཀུམ་དང་།། སྨན་དང་། ག་པུར་དང་། པད་མ་དང་། ་མེརྟག་ཏེ། མུ་ཐེ་ཐུང་བ་སྟེ། བད་རྩི་རྫུ་མ་འོག་ཏུ་གང་བར་དང་།། དང་བཀྲང་དང་། (འྀ་ག་དང་སྣ་ཚོགས་པ་ཤསྟེ། ཤཱངྐག་ཀྱར་སེཾས་ས་ཐཔས་དང་ཤེས་རབ་ཀྱི་བདག་ཉིད་དུ་སྣང་བ་ནྡེ། ཧཱུཾ་ཛྫཿཏྲ~ཾ་བྷས ་འོ། ། ཨེ་ལཾ་མ་པ་ཏི་རྣམས་འོག་གི་ཆལ་སྟེ། ཡང་ན་ཕྱོགས་དང་མཚམས་ཀྱི་ཆའོ།། དེ་དག་ཁ་དེགསོ་སོ་གསལ་བར་མ་འདྲེས་པར་བལྟ་སྟེ།། དེ་རྗེ་ལས་བྱུང་བའི་འོད་ཟེར་དཔག་ཏུ་མེད་པ་དང་། དེའི་འདཕྱིར་ལག་པས་དེ་ཉིད ་རང་དུ་ཐིབ་ནས་ཡི་གེ་གསུག་མངོན་པར་བསྔགས་ཏེ། མེའི་དཀྱིལ་འཁོར་དེའི་འོད་འབར་བ་རྣམས་ཀྱིས་དེ་དགའ་བར་གྱུར་པ་དང་། དག་ཅིང་སྐྱོན་མེད་པར་བྱ་བ་དང་། དཔེ་མེད་པའི་རོ་མཆོག་རྡོ་རྗེའི་མཐུ་དང་ལྡན་ཞིང་ཡོངས་སུ་སྨིན ་པའི་བདག་ཉིད་དུ་མོས་པ་སྟེ། དེའི་སྟེང་དུ་ཐེ་ཞེས་དང་ལྡན་པའི་ཡི་གེ་ཨོཾ་དཀར་པོ་འབར་བ་དགོད་པར་བྱའོ།། དེའི་འོད་ཀྱིས་དེ་བཞིན་གཤེགས་པའི་ཚོགས་རྣམས་དེའི་ནང་དུ་ཡོངས་སུ་ཐིམ་ནས། ཨོཾ་ཨཱཿཧཱུཾ་ཅེས་བྱ་བའི་སྔགས་ལས ་འོད་ཟེར་སྤྲོ་བ་དང་བཅས་པས་མངོར་པར་སྔགས་པ་འདི་ཉིད་འབྱུང་བ་དང་འཇུག་པ་དང་། གནས་པའི་ངོ་བོ་ཉིད་དུ་བཟླས་པར་བྱ་བ་དང་། རང་ཉིད་ཀྱི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པས། རང་གི་སྙིང་ཁར་དཀྱིལ་འཁོར ་གྱི་འཁོར་ལོ་གསལ་བར་དམིགས་ཏེ། སྤྱད་པ་དང་སྤེལ་པ་དང་། ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་བདུད་རྩི་ལས་བླངས་པའི་ཚུལ་དུ་ཡི་གེ་གསུམ་འུ་ཞིང་འདྲེན་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པར་བྱོན་ཏེ་དེ་དག་སྔ་མ་དང་ཚུལ་གཅིག་ཏུ་གྱུར་པར་བལྟའོ། ། དེ་ནས་ཡང་བདག་གི་ཐགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིག་མ་ལྷ་མོ་ཁྲོ་བོའི་ཚེགས་དུ་མའི་སྣང་བར་གྱུར་པ་བར་སྣང་རབ་ཏུ་གང་བའི་ཚོགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་དང་བདག་དང་བཅས་པ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་ལས་བྱུང་བའི། རྡོ་རྗེ་དཀར་པོ་ནས་ཀྱི་འབྲུ་ཙམ་པ་དེའི་ལྟེ་བཛྲ་དང་བཅས་པ་ལས་འོད་ཟེར་གྱི་སྦུ་གུས་དྲངས་ནས་བདུད་རྩི་གསོལ་བར་བྱའོ། ་། དེ་ནས་བདག་གི་ལུས་ཀྱི་ལྷ་དང་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་མཆོད་ཅིང་མཉེས་ཏེ་ཚིམ་པར་བལྟའོ།། འདིས ་ནི་ཡེ་ཤེས་བདུད་རྩིའི་གནས། ། བླ་མེད་ཁྱད་པར་འབྱུང་བ་ཉིད།། བདུད་རྩི་ཚིམ་བྱེད་མཆོག་གྱུར་པ།། བདེ་བ་ཆེན་པོས་གནས་པར་བྱ།། གང་ཞིག་བདུད་ཅིའི་རྣམ་པ་རུ།། རབ་འབབ་སྤྱི་བོ་ནས་རྟག་ཏུ།། གླེ་དབང་གིས་ནི་དེ་ལྟུང་བ།། དེ་ལས ་རྒཤེ་འཇིག་བྱེད་འགྱུར། ། པད་མའི་སྡེང་པོ་ལས་ཇི་ལྟར་རུས་པ་ཆུ་ནི་འདྲེན་པ་ལྟར།། བཅུད་རྣམས་ཉེ་བར་འཐུངས་བྱས་པས།། སྟོབས་འགྱུར་རྣལ་འབྱོར་འཚོ་བར་བྱེད།། གང་དུ་དང་གི་བདག་ཉིད་དུས།། དེ་ནི་གསང་བ་བསྟན་པའོ།། ་ནང་གི་བདག་ཉིད་ཅན་དུས་འགྱུར།། དེ་ནས་ཡེ་ཤེས་ཕྲིན་ལས་འབྱུང་ཞེས་གསུངས་པ་དང་།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་ནང་གི་བདག་ཉིད་ཅན་གྱི་དུས་ཤེས་གང་ལ་བགྱི།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ། གསང་བའི་བདག་པོ་ནང་གི་བདག་ཉིད་ཅན་གྱི་དུས་ཤེས་བྱ་བ་འདི་ནི་གསང་བ་ཆེན་པོ་ཤིན་ཏུ་གསང་བ།། ཤིན་ཏུ་ཕྲ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་དེ་ཉིད་རྣམ་པར་མི ་རྟོག་པ། ། ཆོས་ཉིད་ཡེ་ཤེས་ཆེས་ཕྲ་བས།། དེ་ཉིད་རྩ་ལས་རྒྱུ་བ་ཅན།། ཁོང་སྟེང་མེད་པའི་ངོ་བོ་ཉིད།། སེམས་ཅན་གྲོལ་བྱེད་ཡེ་ཤེས་ཡིན།། གསང་སྔགས་རྣལ་འབྱོར་དངོས་གྲུབ་སྟེར།། ཞི་བ་དང་ནི་རྒྱས་པ་དང་།། དབང་དང ་དགུག་པ་མངོན་སྤྱོད་ལ། ། དྲག་པོ་འཆི་བྱེད་འཇོམས་པ་པོ།། ཡེ་ཤེས་མངོན་པར་གྲུབ་པ་སྟེ།། བཅོམ་ལྡན་དེ་ལ་ཞི་བ་གཅེས།། རང་རིག་དབྱིངས་སུ་དེ་བཞིན་གཤེགས།། མེ་ཏོག་དང་ནི་དྲི་བཞིན་དུ།། རྟེན་དང་རྟེན་པར་དབྱེར་མེད་པ།། ་དངོས་མེད་ངོ་བོ་གཅིག་པའི་བདག། གཡོ་བ་མེད་པར་ཀུན་དུ་གནས།། དེ་ཉིད་འགྲོ་སྙིང་རྣམ་དག་པ།། ཡེ་ཤེས་ཕྲ་བའི་ཚུལ་གནས་པ།། དམར་དང་ནག་དང་སེར་བ་དང་།། དཀར་པོ་དེ་བཞིན་མདོར་བསྡུས་པ།། ཐུན་ཕྱེད་ཀྱི ་ནི་དུས་དག་ཏུ། ། ལུས་ལས་འགྲོ་དང་འོང་བ་དང་།། གནས་པས་གཡོ་བར་བྱེད་པ་ནི།། ཉི་ཤུ་རྩ་བཞིའི་རིམ་བཞིན་དུ།། ཉིན་དང་མཚན་དུ་མངོན་པར་འབྱུང་།། དེ་ལས་སྲོག་དང་རྩོལ་བ་རྭ།། ཐབས་དང་ཤེས་རབ་གཉིས་མེད ་པས། ། དབུ་མ་རུ་ནི་གནས་པ་ཡིན།། མི་གནས་དེ་ལས་རྟོག་པ་བྱུང་།། དགེ་དང་མི་དགེའི་ལས་རྣམས་ལས།། འཁོར་བ་མངོན་པར་སྒྲུབ་པ་ཡིན།། རྟོག་པ་དག་པས་རླུང་དག་སྟེ།། ཡེ་ཤེས་ཀྱིས་ནི་མྱ་ངན་འདས།། དེ་སྐད་ཅེས་བཀའ ་སྩལ་པ་དང་། ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་རབ་ཏུ་དགྱེས་ཤིང་ཚིམ་པར་གྱུར་ཏོ།། འདི་ནི་ཐབས་ཀྱི་ཁྱད་པར་ལས་བྱུང་བ་རྡོ་རྗེ་གསང་བ་ཆེན་པོའི་ཏིང་ངེ་འཛིན་རབ ་ཏུ་བསྟན་པ་འདི་ཉིད་དོ། ། བདག་ཉིད་སེམས་དཔའ་སུམ་རྩེག་ཏུ།། གནས་པ་གསང་བ་འདི་འབྱུང་བའོ།། ཏིང་ངེ་འཛིན་སེམས་དཔའི་ཚེ་ལས་ནི་འོད་ཟེར་དཔག་མེད་ཕྱུང་ནས་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། དཀྱིལ་འཁོར་འཁོར། ་ལོ་གསལ་བ་ལས།། འགྲོ་བ་ཀུན་ལའང་ཐབས་ལྡན་པའི།། དྲི་མ་མེད་པའི་རང་བཞིན་གྱི།། ཏིང་ངེ་འཛིན་དངོས་ལས་བྱུང་བ།། བདེ་བ་ཆེན་པོའི་རང་བཞིན་གྱི།། དཀྱིལ་འཁོར་འཁོར་ལོར་གྱུར་ནས་ཀྱང་།། དེ་ཉིད་དུ་ནི་ཐིམ་བྱེད་པའོ།། ་ཤིན་ཏུ་ཕྲ་མོར་གྱུར་ནས་ནི།། ཙ་ན་ཀ་ཡི་འབྲུ་ཙམ་གྱི།། ཐིག་ལེ་འབར་བའི་དབུས་ཉིད་དུ།། དཀྱིལ་འཁོར་ལྷར་བཅས་གྱུར་པ་དག། རྟེན་དང་རྟེན་པར་བཅས་པ་ལས།། བྱུང་བའི་འོད་ཟེར་དཔག་མེད་པས།། ངོ་བོ་ཉིད་ཀྱིས ་གནས་པ་དང་། ། དམ་ཚིག་དག་གིས་བསྐུལ་བ་ན།། དེ་དག་ལས་བྱུང་འོད་ཀྱིས་ནི།། ནང་དུ་མ་ལུས་གང་བྱས་ཏེ།། དེས་ནི་ཀུན་ཏུ་མཐའ་ཡས་པར།། བ་སྤུའི་བུ་ག་ལས་བྱུང་བའི།། སྣང་བ་ཆེན་པོ་དཔག་མེད་པས།། འཇིག ་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། ། སླར་ལོག་དེ་ཉིད་ལ་ཞུགས་གྱུར།། གཉི་སུ་མེད་པའི་ཡེ་ཤེས་ཀྱི།། བདག་ཉིད་ཉེ་བར་བསྡུ་བའོ།། དེ་ཡང་དེ་བཞིན་གཤེགས་པ་རྣམས་དང་བཅས་པ་ཐིམ་པ་སྔོན་དུ་གྱུར་པ་ལས། རང་གི་རིག་མ ་ཅ་ཧོས་ལུང་གི་བ་དམའི་གས་རང་གྱུར་བའི་བྲེའུ་འབྲུའི་སྣ་ཅིར་བྱང་ཆུབ་ཀྱི་སེམས་ལས་སྐྱེད་པའི་ཚུལས་གྱུར་པ་འཛིང་རྩ་ལྔབ་ནས་ཅམ་པའ་ག་བ་ལ་ཉི་མའི་གདན་དང་བཅས་པ་ལ་གནས་པའི་རྡུལས་འབྲུ་བར་དན་པ་ཤན ་ཏུ་ཕྲ་བར་གྱུར་པ་ཉུངས་འབྲུའི་ཚད་ཙམ་དུ་ཡེ་ཤེས་ལྔའི་རང་བཞིན་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་འཕྲོ་བ་དང་བཅས་པ་སྟེ། ། དེ་ལྟ་བུའི་ཉུངས་འབྲུ་རིན་པོ་ཆེ་དེ་དག་གི་དབུས་ན་རྟེན་དང་རྟེན་པར་བཅས་པའི་དཀྱིལ་འཁོར་ལྔ ་སོ་སོར་བསམ་སྟེ། ། དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་དཀྱིལ་འཁོར་བྱེ་བྲག་ཏུ་གྱུར་པ་དགོད་པར་བྱའོ།། དེ་ནས་སྤྲོ་བ་དང་བསྡུ་བ་ལ་དབང་ཐོབ་པར་བྱ་བ་སྟེ་གཅིག་ཅར་རམ།། རིམས་ཀྱིས་ཡང་དང་ཡང་དུ་བསམ ་གཏན་ལ་རྣལ་འབྱོར་དུ་བྱའོ། ། དེ་དག་ཀྱང་རྣམ་པ་བསལན་ལྷའི་མུ་དང་།། སྒྲའི་ཁོ་ན་ཉིད་ཡིག་འབྲུལ་གནས་པ་དང་།། ཐིག་ལེའི་ངོ་བོ་ཕྱག་མཚན་དུ་གསལ་བ་འོད་ཀྱི་གོང་བུ་དང་བཅས་པ་ཡིན་ནོ།། དེ་ཉིད་སོ་སོ་རང་རིག་པའི ་རང་བཞིན་བདེ་བ་ཆེན་པོ་འདུས་པའི་ཆ་ལས་ཡོངས་སུ་སྤྲུལ་པ་ཉིད་ལ་སྤྲོ་བ་དང་བསྡུ་བས་གནས་པར་བྱའོ། ། དེ་ལས་བརྟན་པ་ཉིད་དུ་གྱུར་པ་ན་སྨིག་རྒྱུ་དང་དུ་བ་ལྟ་བུ་ལ་སོགས་པའི་རྟགས་རྣམས་ངེས་པ་ཉིད་དུ་འབྱུང་བར ་བྱེད་དོ། ། དེ་ཉིད་ལ་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་སྒོ་ནས་བསམ་གཏན་བྱའོ།། སོ་སོ་རང་གིས་རིག་གྱུར་པ།། ཡིགང་ལྔ་ཡི་གཟུགས་གྱུར་པས།། བ་ཏན་དང་གཡོ་བའི་དངོས་ཀུན་གྱི།། མ་ལུས་ཁྱབ ་བའི་བྱིན་བརླབ་ཅིང་། ། ཡུལ་དང་དབང་པོ་རྣམ་སྦྱངས་པས།། འཇུག་དང་འབྱུང་དང་གནས་པ་དང་།། བདེ་བ་ཆེན་པོར་འགྱུར་བའོ།། གས་པ་ཡེ་ཤེས་བསྡུས་པ་ལས།། ཡོངས་སུ་གསལ་བ་སྐྱོན་མེད་པ།། མྱུར་ཞིང་།། ་ཕན་ཚུན་མ་འདྲེས་པས།། སྒྲ་བཅས་ཕྲེང་བ་སྔགས་བརྗོད་པར་བྱ།། འདི་ནི་གསང་བ་རྒྱལ་པོ་ཡི།། ལྷ་རྣམས་མཉེས་བྱེད་དངོས་གྲུབ་སྟེར་བའོ།། གསང་སྔགས་སྙིང་པོ་སྐུ་གསུམ་གྱི།། སྙིང་པོ་ཡི་གེའི་ཚུལ་གནས་པ། ་ཨུ0f7f།། ཨཱ་ལི་ཀཱ་ལི་ཕྲེང་བ་ལས།། སྔགས་རྣམས་དབྱངས་དང་གསལ་བྱེད་ལས།། འབྱུང་ཞིང་འཇུག་པར་བྱེད་པ་ཡིན།། གནས་པ་ཡེ་ཤེས་ལ་མ་གྱུར་པ།། བདེ་གཤེགས་ཐུགས་ལས་མཉམ་གནས་པ།། ཚུལ་གཅིག ་བར་ནི་ལམ་འགྱུར་བ། ། འདི་ནི་གསང་བའི་མཚན་ཉིད་དོ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ལྟ་སྟེ། གསང་སྔགས་ལ་བྱུང་བའི་བྱང ་ནུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྤྲོ་བ་དང་། སྡུད་པ་དང་། རབ་ཏུ་བྱུང་བ་རྡོ་རྗེའི་གནས་བྱེད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལམ་གནས། སེམས་ལ་མི་གནས་སོ།། ་ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་དེ་འདི་ནི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་ཡིན་ནོ་ཆོས་ཀུན་སྒྱུ་མ་རྨི་ལམ་ལྟར།། གསང་བའི་ཡེ་ཤེས་ཀུན་འབྱུང་བ།། མི་རྟོག་རྣམ་པར་མི་དམིགས་པས།། ཟག་པ་མེད ་པའི་དུལ་འབྱུང་འགྱུར། ། དེ་ལས་ཀུན་དུ་དགེ་བའི།། རང་བཞིན་དག་པའི་འོད་གསལ་དབྱིངས།། སྤོས་མེད་མཁའི་ལས་ཀུན་ཁྱབ་པར།། རང་བྱུང་དྲི་མེད་ཚུལ་འདི་བསྟན།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐབས ་ཅ་ཨད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འལོ་རབ་ཏུ་གསང་བ་བདུད་རྩི་དག་པང་སྟོན་པརྒྱལ་པོའི ་ལེའུ་སྟེ་བདུན་བཅུ་རྩ་དྲུག་པའོ། ། །། དེ་ནས་དེ་བཞིན་གཤེགས་པའི་ཚོགས་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་གསང་བ་འཛིན་པའི་རྒྱལ་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས ་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བླ་ན་མེད་པའི་དངོས་གྲུབ་ཇི་ལྟར་ཡང་དག་པར་འཇུག། གང་ན་གནས། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས་བཀའ་སྩལ་པ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་མཁྱེན་པ་དང་།། ཁམས་གསུམ་ཇི་སྙེད་པ་དག་རང་གི་སྐུ་དང་གསུང་དང ་ཐུགས་ཀྱི་རྒྱུང་རྡོ་རྗེ་ལ་གནས་སོ་ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བླ་རཱ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་དཔ ་གསུཔ་ཐམས་ཅད་དང་ཐམས་ཅད་མཁྱེན་པ་དང་རང་གི་སྲུ་དང་གསུང་དཀྲུགས་རྡོ་རྗེའི་སྙིང་པོ་གང་དུགནས་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་རྡོ་རྗེའི་སྙིང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་དང་། ཁམས་གསུམ་པ་ཐམས་ཅད་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་སེམས་ཀྱི་རྒྱུད་སྙིང་པོ་ཡེ་ཤེས་ནི་རྣམ ་མཁའ་ལ་གནས་པའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། ན་མཁའ་གང་ན་གནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེས་གསུངས་པ། གང་ནའང་གནས་པ་མ ་ཡིན་ནོ། ། དེ་ནས་གཞན་ཡང་དངོས་གྲུབ་ཐོབ་པའི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པ། དེ་ལ་གསང་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་དངོས་གྲུབ་ཐ་མལ་པ་གང་ཅི ་ཡང་རུང་བ་ལ་འཚོལ་ཞིང་བསྟེན་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན།། འདི་ལྟ་སྟེ། འཇིག་རྟེན་པ་ལ་སོགས་པ་དག་གི་དངོས་གྲུབ་དང་།། མངག་གཞུག་པ་དོན་དུ་གཉེར་བའི་དངོས་གྲུབ་དང་།། བུམ་པ་བཟང་པོའི་དངོས་གྲུབ་དང་།། ས ་འོག་གི་དངོས་གྲུབ་དང་། ། རྒྱལ་སྲིང་གི་དངོས་གྲུབ་དང་།། རྒྱས་པའི་དངོས་གྲུབ་དང་།། དབང་དུ་བྱ་བའི་དངོས་གྲུབ་དང་།། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སོགས་པ་རྣམས་དོན་དུ་གཉེར་བར་མི་བྱ་སྟེ།། དེ་ཅིའི་ཕྱིར་ཞེ་ན།། འདི་ལྟར་གསང་བ ་ཆེན་པོའི་བླ་ན་མེད་པའི་དོན་དུ་འཇིག་རྟེན་པའི་ལས་ཀྱི་དངོས་གྲུབ་ཕྲ་མོ་ལ་འདོད་པ་སྐྱེད་པར་མི་བྱའོ། ། རྣམ་པ་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་ཏུ་གནས་པར་འགྱུར་བར་བྱའོ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པ་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་བདག་པོས་ལུས་ཀྱི་དངོས་གྲུབ་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ལུས་ཀྱི་སྤྱོད་པ་མ་ལུས་པ།། དེ་ཉིད་ཐམས་ཅད་ཡང་དག་པར།། ་སྐུ་ཡི་རྡོ་རྗེ་ལས་དབྱུང་བྱ།། དེ་ཉིད་མ་ལུས་དཀྱིལ་འཁོར་དུ།། སེམས་ཅན་ཁམས་རྣམས་ཐམས་ཅད་ལ།། དྲི་མེད་ཕྲེང་བས་སྦྱར་བའི་དངོས།། རྟག་པར་དུས་གསུམ་ཀུན་དུ་ཡང་།། སངས་རྒྱས་སྐུར་ནི་བྱེད་པའོ།། དེ་ནས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས་ངག་གི་དངོས་གྲུབ་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུག་རྡོ་རྗེ་ལས་ཕྱུང་ངོ་། ། བརྗོད་པ་ཚིག་གི་ལམ་རྣམས་ལ།། གྲག་པ་སྒྲ་རྣམས་མ་ལུས་པར།། ཁམ། ་གསུམ་རྡོ་རྗེའི་གནས་ལ་ནི།། དྲི་མེད་ཡེ་ཤེས་དཀྱིལ་འཁོར་དུ།། སོ་སོར་ཡང་དག་རིགཔ་གི། ཚིག་གི་དངོས་གྲུབ་བླ་ན་མེད།། ཡིད་ཀྱི་སྔགས་ནི་སྡོམས་པ་པོ།། དམ་ཚིག་ཤིན་དུ་འདའ་དཀའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་བདག་པོ་རྡོ་རྗེ་འཛིན་པས་སེམས་རྡོ་རྗེའི་དམ་ཚིག་གི་དངོས་གྲུབ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ཡིད་ཀྱི་རྟོག་པ་མ་ལུས་པ།། རྡོ་རྗེའི་རང་བཞིན་ཐམས་ཅད་ཀུན།། བསྟན་པའི་སྙིང་པོ་གསང་བ་ཆེ།། ་རྡོ་རྗེ་ཡེ་ཤེས་དག་པ་ནི།། མི་ཕྱེད་གསུམ་ལྡན་འོད་གསལ་བ།། རྡོ་རྗེ་བྱང་ཆུབ་མངོན་བྱུང་བ།། ཐམས་ཅད་སྟོང་ཉིད་སྟོན་པ་ལས།། དམ་ཚིག་བཤད་པ་འདི་ཡིན་ནོ།། ཀུན་དུ་རྡོ་རྗེ་སེམས་དཔའི།། སྐུ་གསུང་ཐུགས་ཀྱི་དཀྱིལ ་འཁོར་ལ། ། སྔགས་སློབ་པས་ནི་བསམ་གཏན་བྱ།། གསམ་གཏན་རྡོ་རྗེ་གསུམ་སྦྱོར་བའོ།། བཅོམ་ལྡན་འདས་ཀུན་དུ་མཛེས་དགའ་ཀུན་དུ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ།། དེ་ནས་དེ་བཞིན་གཤེགས་བྲི ་ཚོགས་འདུས་པ་དེ། དག་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ཟད་དུ་གྱུར་ནས།། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ།། ཨེ་མ་ཧོ་གསང་བ་ཆེ་བཤད་པ།། གང་དུ་ལུས་དང་ངག ་སེམས་མེད། ། དེ་རུ་གཟུགས་ནི་རྣམ་པར་བསྒོམ།། རྡོ་རྗེ་ཆེན་པོའི་དབྱིངས་འབྱུང་བ།། དེ་ཉིད་ཡང་དག་སྟོན་པར་མཛད།། ཅེས་གསོལ་ཏོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སངས་རྒྱས་ཀུན་གྱིས་ཕྱག་བྱས་ནས།། རྡོ་རྗེ་གསུམ ་གྱི་མཆོག་ཆེན་པོ། ། རྡོ་རྗེ་གསུམ་གྱི་མཆོག་དབང་བསྒྱུར།། རིགས་པའི་སྐྱེས་བུ་བསྒོམ་པ་ཡི།། དངོས་གྲུབ་ཀུན་ནི་བཤད་པ་མཛད།། རིགས་ཀྱི་དཀྱིལ་འཁོར་མ་ལུས་པ།། གསང་བ་ཟབ་དང་རྒྱ་ཆེའི་དབྱིངས།། ཐབས་དང་། ་ཤེས་རབ་འཁོར་ལོའི་གཙོ།། དངོས་གྲུབ་འདིས་ནི་བསྡུས་པ་ཡིན།། ཞེས་བཀའ་སྩལ་ཏོ།། དེ་ནས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་ཀྱིས་ཆེད་དུ་བརྗོད་པ་ཡང་དག་པར་བསྟན་པ།། གང་དུ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མ་ལུས་པའི་སྙིང་པོ་གཅིག་ཏུ་ཡང་དག་པར་གསུངས་པ་སྟེ། ། འདི་ནི་བསོད་ནམས་ཐམས་ཅད་ཀྱི་འབྱུང་གནས།། ཕུན་སུམ་ཚོགས་པའི་ཁྱད་པར་ཡིད་བཞོན ་ནོར་བུ་ཆོས་བླ་ན་མེད་པ་གསང་ཆེན་རྡོ་རྗེའི་ཐེག་པ། ། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མི་ཕྲོགས་པ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་རྫོགས་པར་བྱེད་པ།། ལམ་ཐམས་ཅད་ཀྱི་རྒྱལ་པོ་ལབ། བདུད་ཀྱི ་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པ་མེད་ཅིང་ཟིལ་གྱིས་མནོན་པ། ། བདུད་ཀྱི་རིགས་མ་ལུས་པའི་གནས་ཀྱི་དཀྱིལ་འཁོར་རབ་ཏུ་འཇོམས་པར་བྱེད་པ་ཀུན་དུ་རྒྱུ་བའི་ལོག་སྲེད་ཅན་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར ་པའི་ཡུལ། ། ཐ་སྙད་ཐམས་ཅད་ལས་རྣམ་པར་འདས་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཡང་བརྗོད་མེད་པའི་མཚུངས་པ་མེད་ཅིང་ཀུན་ལས་གྲོལ་བའི་དོན་ཏེ། གས་པ་ཆེན་པོའི་ཚུལ་འདི་བསྟན་པའི་ཚེ།། སྤྱོད་པ་བླ་ན་མེད་པ ་འདི་ཐོས་པས། ། ལྷ་དང་མི་དང་ལྷ་མིན་དབང་པོ་དང་། ཚངས་བརྩེགས་རྣམ་གྲོལ་འབྲས་བུ་རབ་ཏུ་ཐོབ།། གཙང་མའི་ལྷ་རྣམས་བྱ་བ་རབ་ཏུ་དགའ།། དབང་པོ་ཚངས་པ་བར་སྣང་མཁའ་ལ་གནས།། བདེ་བར་གཤེགས ་ལ་ཤིན་དུ་མཆོད་པར་བྱས། ། བྱང་ཆུབ་སེམས་དཔའ་བྱེ་བ་མཐའ་ཡས་པ།། བར་སྣང་གནས་ཏེ་རབ་ཏུ་དགའགྱུར་ཅིང་།། ཆུ་ཡི་སྤྲིན་མེད་ཡིད་དུ་འོང་བདག། འགྲོ་བའི་དུགསེལ་དྲི་ཞིམ་འདུག་པར་བྱེད།། ལྷའི་དབང་པོ་རབ་བསྒྱུར ་རབ་དང་ཞི། ། མཁའ་ལས་ལྷ་འཁོར་ཁྲག་ཁྲིག་དཔག་མེད་དང་།། རིམ་གྲོར་བཅས་པས་གོས་རྣམས་འཐོར་བར་བྱེད།། ཡིད་འོང་གོས་རྒྱ་དག་གིས་གཏོར་བར་གྱུར།། འདོད་པར་སྤྱོད་པའི་ལྷའི་བུ་མོ་དག། རི་རབ་སུམ་བཙུན་དྲུག ་རྡུལ་ཕྲན་གྱི། ། གྲངས་མཉམ་དག་གིས་དགྱེས་པའི་རོལ་མོས་མཆོད།། གཟུགས་ལ་སྤྱོད་པའི་ལྷ་ཡི་བུ་མང་པོ།། རི་རབ་སུམ་བཅུ་རྩ་དྲུག་རྡུལ་མཉམ་པས།། ཀུན་ནས་དེ་བཞིན་གཤེགས་པ་ལ་མཆོད་དེ།། རོལ་མོ་བརྡུང་བ ་བྱེ་བ་ཁྲག་ཁྲིག་དག། རིག་པ་འཛིན་པའི་འཁོར་ལོ་དཔག་ཏུ་མེད།། དེ་སྙེད་གསང་བ་འཛིན་པའི་རྗེས་འབྲང་ཞིང་།། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་སྟོན།། ཨེ་མ་སྒྲ་དབྱངས་ཡན་ལག་ཀུན་འབྱུང་བ།། ཀུན ་དུ་བཟང་པོའི་རྣམ་འཕྲུལ་དུ་མར་ཤར། ། ཞིང་མཆོག་གཅིག་ན་བདེ་གཤེགས་བཞུགས་མཛད་པ།། ཞིང་རྣམས་དུ་མར་སྐུ་གཟུགས་རབ་ཏུ་བསྟན།། དེ་ཉིད་སངས་རྒྱས་སྟོང་ཕྲག་གཅིག་ཉིད་ལས།། སངས་རྒྱས ་བྱེ་བྲག་སྟོང་ནི་གོང་དུ་བསྟན། ། གསུང་གཅིག་གིས་ནི་རབ་ཏུ་གང་བསྟན་པ།། བསམ་ཡས་གང་གའིའི་ཀླུང་གི་བྱེ་སྙེད་ཏུ།། ཚུལ་རྣམས་མི་ཟད་ཆོས་སྒྲ་སྒྲོགས་པར་མཛད།། དེ་སྙེད་གསང་བ་མཆོག་འདི་རྒྱས་པར་འཀང་། ་གང་དུ་ཡེ་ཤེས་རྡོ་རྗེ་མི་འབྱུང་བའི།། ཏིང་འཛིན་གཅིག་པ་ངེས་པར་བཞུགས་ནས་ནི།། ཆོས་ཀྱི་དབྱིངས་ལས་འབྱུང་བ་དུ་མ་ཡི།། ཏིང་འཛིན་སྒོ་ནི་ནི་མཁའ་ཁྱབ་པར་འབྱུང་།། སངས་རྒྱས་སྐུས་ནི་ཞིང་ཁམས་ཁྲག་ཁྲིག ་དག། ཡིད་འོང་སྣ་ཚོགས་ཁྱབ་པའི་ཡེ་ཤེས་སྐུ།། ཆོས་དབྱིངས་རྒྱ་ཆེན་ཡོངསུ་རྒྱས་པར་བཀང་།། བ་སྤུ་གཅིག་ལས་བདེ་ལྡན་འོད་བཀྱེ་བ།། འགྲོ་བའི་ཉོན་མོངས་ཡིད་འོང་ཞི་བར་སྤྲོ།། ཞིང་གི་རྡུལ་ཕྲན་ཟད་པར་ནུས་འགྱུར་གྱི།། འདི་དག། ་འགྲང་བར་ཤེས་པར་མི་ནུས་སོ།། འཁོར་ལོས་བསྒྱུར་བའི་དམ་པར་ལ་ལས་མཐོང་།། ལ་ལས་སངས་རྒྱས་མཚན་རབ་མདའ་བར་མཐོང་།། ལ་ལས་རིས་དྲུག་ཐུབ་པ་སྤྲུལ་པར་མཐོང་།། ཞིང་རྣམས་ལ་ལར་སྤྱོད་པ་མཆོག་མཛད་ཅིང་།། དག་ཅིང ་གང་གཉིས་ནི་བདམ་པ་མཐོང་། ། དགའ་ལྡན་གན་སེན་མགོན་པོ་བཞུགས་པ་དང་།། རྒྱལ་ཚབ་བསྒོ་མཛད་ཉེ་བར་འཕོབ་བསྟན།། གཤེགས་དང་གཟིགས་པ་དེ་དག་རབ་ཏུ་བསྟན།། ཞིང་རྣམས་བྱི་བར་ཡུམ་གྱི་རྣམས་འཇུག་དང་།། ་ཞིང་རྣམས་ཀུན་དུ་སྐྱེ་བ་སྟོན་པ་ཉིད།། གཞོན་ནུ་རོལ་ཅིང་རྒྱུ་རྩལ་གནས་པས་མཁས།། ཕོ་བྲང་བཙུན་མོའི་ནང་ན་བཞུགས་པར་སྟོན།། འགྲོ་བའི་དོན་དུ་མགོན་པོ་ངེས་འབྱུང་ཞིང་།། བཀའ་ཐུབ་སྤྱང་རིང་དེ་ལས་ལྡང་བར་སྟོན།། མིག་སོ ་གོ་འཕང་དུ་ནི་གནས་བྱས་ཤིང་། ། བསམ་གཏན་བསྐུལ་བ་མཛད་དང་རྒྱལ་བ་ཐོབ།། རྒྱལ་བའི་དུས་ལས་བསླང་བ་འདི་དག་གིས།། གསང་བ་མངོན་པར་བྱང་ཆུབ་དེ་ཉིད་བསྟན།། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་དུ་གཤེགས།། དེ་ཉིད་བཅོམ ་ལྡན་མངོན་པར་སངས་རྒྱས་ཀྱི། ། ས་ཡི་ལྷ་མོ་དགྱེས་པས་ཁྱབ་བྱས་ཤིང་།། བདུད་སྡེ་བཅོམ་པས་མི་འགྱུར་མཆོག་གི་གནས།། གསང་བ་འོག་མིན་འདི་ནི་ཡེ་ཤེས་ཡུལ།། གཉིས་མེད་རྡོ་རྗེའི་གནས་སུ་རྫོགས་སངས་རྒྱས།། ཆོས་ཀྱི ་འཁོར་ལོ་ངེས་ལེགས་ལམ་བསྟན་པ། ། མཚན་ཉིད་མེད་པའི་ཚུལ་དུ་གསང་བ་བསྟན།། རྒྱུད་སྡེ་ཡན་ལག་བྱི་ནང་གསང་བ་ཡི།། རྣམ་པ་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར།། དེ་ལྟར་དེ་བཞིན་གཤེགས་པས་ཚུལ་འདི་གསུངས།། སྟོང ་པ་ཞིབ་བདག་མེད་མཚན་ཉིད་བྲལ། ། ཆོས་ཉིད་རང་བྱུང་མཁའ་དང་མཚུངས་པ་ལས།། རྒྱལ་བ་དོན་དམ་རབ་ཏུ་མི་གནས་པ།། ཆོས་ཉིད་སྟོང་ཉིད་དེ་བཞིན་ཉིད་དུ་ནི།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལ།། རྒྱུ་རྐྱེན་འབྲས་བུས། ་གྲུབ་བ་ཡང་ག་ལས།། ན་རྫོབ་སྣོསྤྱོད་ལ་ཡིན་པར་རབཏུ་བསྟན།། ཞིད་མེད་མཐའ་ལས་ཀུན་དུ་དེ་ཉིད་སྟོན།། སྦྲུ་མའི་མ་ཁན་པོ་མཁས་པས་གང་ནི།། འགྲོ་བ་གཟུགས་པ་རྙན་དུམ་སྟོན་པ་བཞིན། ་དེ་བཞིན་སྟོན་པ་ཡེ་ཤེས་མཆོག་མཁྱེན་པ།། ཀུན་དུ་འགྲོ་བའི་དོན་དུ་རབ་ཏུ་སྟོན།། ཐམས་ཅད་མ་ལུས་ཆོས་ཉིད་དེ་འདྲ་སྟེ།། མཚན་དང་མཚན་གཞི་མཉམ་པ་ཉིད་ཀྱིས་འདྲ།། མཚན་ཉིད་མེད་པ་ཆོས་རྣམས་ཀུན་གྱི་མཆོག། བདེ ་བར་གཤེགས་པའི་ལམ་འདི་ཐོབ་འདོད་པས། ། རྟོག་དང་རྣམ་རྟོག་མ་ལུས་སྤང་མེད་པས།། གསང་ཆེན་ཚུལ་འདི་ག་གིས་སྤྱོད་པ་ནི།། དངོས་དང་དངོས་མེད་མཉམ་ཉིད་ཤེས་པར་གྱིས།། གང་དུ་རྣལ་འབྱོར་གྱི་དབང་ཕྱུག་དུ་མའི་སྤྱོད ་ཡུལ་གསང་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་མཚུངས་པ་མེད་པར་སྤྱོད་པ་འདི་ལ་འདི་ལྟ་སྟེ། གསང་བ་ཆེན་པོ་བླ་ན་མེད་པའི་ཚུལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཚད་མེད་པ་རབ་ཏུ་སྤྱོད་པ། ། གསང་བ་ཆེན་པོ་ཆོས་ཀྱི་ཚུལ།། ཆོས་ཀྱི་དབྱིངས་ལྟ་བ་པོ་མེད་པ།། ཆོས་ཐམས་ཅད་ཤེས་པ་པོ་མེད་པར་ཡང་དག་པར་ངོ།། ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་ཡང་དག་པར་ལྟ་སྟེ།། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པས་ཆོས་ཐམས་ཅད་ལ་ལུས་མེད་པར་རབ་ཏུ་མཐོང་བ།། ཆོས་ཉིད་དེ་བཞིན་ཉིད་ཀྱི་རྒྱ་མཚོ་ལ་མི་གནས་པའི་ཚུལ་བསྟན་པ་ཉིད་དོ།། ་སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་རབ་ཏུ་ཞི་བ་ཉིད་ནམ་མཁའ་ལྟ་བུར་གནས་པ།། འདུས་བྱས་ཀྱི་ཁམས་འདུས་མ་བྱས་སུ་མངོན་པར་སྤགས་པར་མི་བྱེད་ལ།། འདུས་མ་བྱས་ཀྱི་ཁམས་འདུས་བྱས་སུ་སྤྲོས ་བཏགས་པ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པར་གནས་པ་སྟེ། ། འདི་ཉིད་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པ།། བསོད་ནམས་ཡོངསུ་རྒྱས་པ་དག་པའི་ཞིང་།། སྣང་བའི་དཀྱིལ་འཁོར་དམ་པའི་འོད ་ཟེར་ནི། ། སྐྱེ་དགུ་ཀུན་གྱི་བློ་ལ་འཆར་བྱེད་པ།། གང་དུ་སྐུ་གསུང་ཐུགས་ཀྱི་སྣང་བ་ནི།། རྣམ་པར་གསལ་བའི་སྒྲིབས་པ་མེད་པ་ཉིད།། ཆོས་རྣམས་ཀུན་ལ་ཡང་དག་རབ་འཇུག་ཅིང་།། ཆོས་ཀྱི་དབྱིངས་ལས་ཡེ་ཤེས་འབྲལ་མེད་པ།། ་ལུས་ངག་ཡིད་གནས་ཀུན་གྱི་རྗེས་འགྲོ་བའི།། སྐད་ཅིག་ཉིད་ལ་བསམ་གྱིས་མི་ཁྱབ་པའི།། སྐད་ཅིག་ཐོག་མཐའ་མེད་པར་རབ་སྟོན་པ།། འདི་ནི་ཡེ་ཤེས་མི་ཟད་འབྱུང་གནས་ཀྱི།། ཚུལ་ལ་གནས་པ་གསང་བའི་སྤྱོད་ཚུལ ་ལོ། ། བརྟན་པས་ཀུན་ཏུ་རྟོག་པ་རབ་ཞི་བ།། འདི་ནི་མི་གནས་པའི་སྤྱོད་ཡུལ་འཐོབ།། སེམས་ཅན་རྒྱུད་ནའང་མི་སྤྱོད་མ་ཡིན་ཏེ།། འདི་འདྲའི་ཡེ་ཤེས་དམ་པ་ཁོང་དུ་ཆུད།། དེ་ལ་ཀུན་ཏུ་རྟོག་དང་མི་ཏོག་མེད།། བློ་མཆོག ་དེ་དང་འགྲོ་ཀུན་ཁ་ལོ་བསྒྱུར། ། རྣམ་པར་སྨིན་པས་གོས་མེད་ན་མཁའ་བཞིན།། འཇིག་རྟེན་ཐམས་ཅད་རྒྱུ་དང་བཅས་པས་ན།། ཆོས་རྣམས་ཀུན་དུ་རྒྱུ་མེད་བསྟན་པ་མིན།། འདི་ཉིད་རབ་དང་འབྲིང་དང་ཐ་མ་ཡི།། ་ཕྱོགས་པནར་ཡེ་ཤེས་བཞུགས་པའི་བྱང་ཆུབ་ཚུལ།། གསང་བ་དམ་པའི་སྤྱོད་ཡུལ་འདི་བསྟན་པའོ།། ཆོས་ཐམས་ཅད་ཀྱི་གནས་ཡེ་ཤེས་ཀྱི་ཡུལ་སངས་རྒྱས་ཀྱི་རབ་འརྒྱམ་ཚད་མེད་པའི་རྡོ་རྗེ་བཙུན་མོའི་རྟགལས ་མངོན་པར་འབྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོའི་དཀྱིལ་འཁོར་ལས། ཡང་དག་པའི་ཐུགས་རྗེ་ཆེན་པོའི་ང་ལས་ཡེ་ཤེས་ཀྱི་སྤྲིན་རྡོ་རྗེས་ཀུན་ཏུ་ཁྱབ་པར་སྤྲོ་བ་དང ་སྡུད་པའི་ཚུལ་གྱིས་གང་དུ་མི་གནས་ཤིང་རང་འབྱུང་ཆེན་པོའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ། ཆོས་ཀྱི་དབྱིངས་ན་མཁའ་དང་མཉམ་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་ངོ་བོ་ཉིད་དམིགསུ་མེད་པ་ཉིད་དུ་སྟོན་ཏོ།། ་དེ་ནས་དཔལ་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་འགྱུར་བ་མེད་པའི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་གསང་བ་མི་ཟད་པའི་ཚུལ་འདི་གསུང་སོ།། གསང་བ་སྤྲོས ་མེད་འགྱུར་བ་མེད་པའི་ངད། ། ཀུན་ཏུ་མེ་སྐྱེས་སྐྱེ་མེད་འགག་པའི་དབྱིངས།། བདེ་ཆེན་རོ་མཉམ་རྒྱལ་བ་ཀུན་གྱི་གནས།། ཆོས་ཀུན་རང་བཞིན་ཡོངས་སུ་མཉམ་པ་ཉིད།། མངོན་པར་ཆགས་མེད་མི་གནས་ཡེ ་ཤེས་ལས། ། རློམ་སེམས་མེད་པའི་ཆོས་ཉིད་སྐྱེ་བ་མེང་།། ཡེ་ཤེས་ཆོས་ཀྱི་སྒོ་ཡེ་ཏིང་ངེ་འཛིན།། ན་མཁའི་ཆོས་ཉིད་འབྱམ་ཀླས་ཐོགས་མེད་པ།། བྱང་ཆུབ་སེམས་ལྡན་བདེ་གཤེགས་སྤྱོད་ཡུལ་ཅན།། རྡོ་རྗེ་ལྟ་བུའི་གནས་ལས ་བསྟན་པ་དང་། ། ཕྱིར་མི་ལྡོག་པ་ཡེ་ཤེས་འབྱུང་གནས་ཉིད།། ཐམས་ཅད་མཁྱེན་པ་ཚད་མེད་འབྲས་བུའི་ཡུལ།། གྲངས་མེད་གཞལ་དུ་མེད་པའི་དོན་འབྱུང་བའོ།། འདི་དག་ཀྱང་ཇི་ལྟར་རྟོག་པར་བྱ་བ་ཡིན་ཞེ་ན།། རྣམ་པར ་འཕྲུལ་པའི་ས་ཁོང་དུ་ཆུད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྗེས་སུ་ཆགས་པ་མེད་པར་སྤྱོད་པ། ། ཉོན་མོངས་པ་མེད་པའི་ཆོས་ཀྱི་ཚུལ་ཆོ་སུ་རྟོགས་པས་གནས་པ་མེད་པ།། སེམས་བསྐྱེད་པ་ཤིན ་ཏུ་ཡངས་པས་རྣམ་པར་ཐར་པའི་སྒོ་དུ་མ་རབ་ཏུ་ཐོབ་པ། ། ཡེ་ཤེས་གཅིག་ནས་གཅིག་ཏུ་ཆུད་པའི་རྒྱུད་ལ་མཁས་པ།། དོན་གཅིག་ནས་གཅིག་ཏུ་བསྟན་པ་རབ་ཏུ་འཇུག་པ་བླ་ན་མེད་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན ་པར་རིག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གསང་བ་ཆེན་པོའི་རྒྱུད་འདིར་གསང ་བའི་ཡིག་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར། ། དེ་སྐད་ཅེས་གསོལ་བ་དང་། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་པས་དེ་དག་ལ་འདི་སྐད་ཅེས་གསུངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་དང་ལྡན་ན།། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་དེ་དག་གི་གསང་ཆེན་གྱི་སྤྱོད་པ་རྡོ་རྗེ་གང་ཡིན་པ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། ་གསང་བའི་ཡི་གེ་གང་ཞིག་ལགས།། དཔལ་རྡོ་རྗེ་འཛིན་པས་བཀའ་སྩལ་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་གསང་བ་ཆེན་པོའི་རྡོ་རྗེ་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཆེན་པོའི་རྔ ་རྗེ་དང་། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་གསང་བ་ཆེན་པོའི་རྡོ་རྗེ་སྟེ།། དེ་དག་ཉིད་དོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག ་པོལ་ཕྱག་འཚལ་ཞིང་བདུད་ནས་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་ཡེ་ཤེས་སྟོན་མཛད་པས།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། གསང་བ་དམ་པ་བཀའ་བུ་གོ། སངས་རྒྱས་ཀུན་གྱིས་མ་གསུངས ་ཤིང་། ། དོན་ཆེན་འབྲས་བུ་ལ་མ་གྱུར་པ།། དེ་བཞིན་གཤེགས་པ་གསང་བའི་རྒྱུད།། རྡོ་རྗེ་འཆང་གིས་སྦས་པ་ཉིད།། ཨུ་དུམ་པ་རའི་མེ་ཏོག་བཞིན།། འཇིག་རྟེན་དུ་ནི་རྙེད་དཀའ་བ།། ཀུན་གྱི་རྩ་བར་གྱུར་པའི་མདོ།། གསང་བ་འདུས་པ་མི ་ཆེན་པོ་ཡིན། དབྱིངས་གྱུར་ཁམས་གསུམ་གསང་བ་ཆེ།། དེ་ཉིད་བདེ་བར་འགྱུར་བསམས་པ།། རྡོ་རྗེ་གསུམ་གྱི་གནས་མཚན་པས།། ཏིང་འཛིན་རྡོ་རྗེ་ཁྱུ་མཆོག་དགྱེས།། ཐབས་དང་ཤེས་རབ་དབྱེར་མེད་པ།། འདི་ནི་གང་ཞིག་གནས ་བྱེད་པ། ། བྱང་ཆུབ་སེམས་དཔའི་གྲགས་ཆེན་རྣམས།། ཞག་བདུན་གྱི་ནི་ཕུན་ཚོགས་པའི།། སྐུ་གསུམ་དངོས་གྲུབ་འདིར་ཐོབ་འགྱུར།། བཅོམ་ལྡན་སྐུ་གསུང་ཐུགས་གསང་བ།། རྡོ་རྗེ་བསྡུས་པའི་དཀྱིལ་འཁོར་ལ།། དྲི་མེད་ཡེ་ཤེས ་འབྱུང་བ་ཡི། ། བྱེད་པར་མཆོག་འདི་ཕྱུང་བའོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི།། ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ།། ཆོ་ག་བཞིན་དུ་ཀུན་བསྒོམས་ན།། སྐད་ཅིག་གིས་ནི་སངས་རྒྱས་འཐོབ།། གསང་བའི་དོན་འདི་འབྱུང་དཀའ་བའི། ་བླ་མེད་བདེ་ཆེན་མི་འགྱུར་བ།། འདི་ནི་སྙིང་པོ་བསྡུས་པ་སྟེ།། གཞན་དུ་འབྱུང་བར་འགྱུར་བ་མི་ནི།། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཆེན་པོ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ ་གྱིས་གནས་ན་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། ། སྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་རྩོལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་དཔལ་གསང་བ་འདུས་པ་ལ ་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངསུ་འགྲོའོ། ། དེ་དག་ཤིན་ཏུ་དཀོན་གྱུར་པ།། རྣམ་གྲངས་འདི་ནི་བསྟན་པའི་ཚེ།། དེ་ཚེ་བྱང་ཆུབ་སེམས་དཔའ ་རྣམས། ། ཤིན་དུ་གདུང་བས་ཆེར་ནོན་ཏེ།། གསང་ཆེན་བསྐལ་པ་ངན་གྱུར་ཅེས།། དུས་གཅིག་བསྟན་པ་ཉིད་གཅིག་དང་།། སྟོན་པ་གཅིག་ལས་གཞན་པ་ཡི།། སྤྱོད་ཡུལ་མ་གྱུར་དེ་ཡི་ཚེ།། ཇི་ལྟར་ཐབས་འདི་སྟོན་བྱེད་འགྱུར།། ་མིང་ཙམ་དུ་ཡང་མི་ཐོས་ན།། གཞན་ཅི་སྨོས་ལྟ་ག་ལ་དགོས།། དེ་ཉིད་ཀུན་དུ་བསྒྲགས་གྱུར་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།། དེ་སྐད་ཅེས་མཐར་ཅིག། ཡི་གེ་འདི་ཀུན་དང་ཐུན་མོང་སྟེ།། རིགས།། ་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་དང་།། མ་ཐོབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་གསང་བའི་ཡི་གེ་འདི་དག་མ་ཐོ་བ་ཅིང་མངོན ་པར་རྫོགས་པར་སངས་རྒྱས་སོ། ། དེ་ཅིའི་ཕྱིར་ཞེ་ན།། གསང་བའི་ཡི་གེ་ནི་རྣམ་པར་དག་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཅང་མི་སྨྲ་བར་གནས་པར་གྱུར་ཏོ།། དེ་ནས་རྡོ་རྗེ་འཛིན་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསང་བའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་མཉམ་པ་ཉིད་ལ་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་ཡང་བརྗོད ་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདི་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་ན་ཅང་མི་གསུང་བར་བཞུགས།། དེ་སྐད་ཅེས་གསོལ ་པ་དང་། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་འདི ་ཅིའི་སླད་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ལས་དམིགས་སུ་མེད་པའི་ཡི་གེའི་ཚོགས་ལ་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་བརྗོད་ནས་ཅང་མི་གསུང་བར་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་སོ། ། དེ་ནས་ལྷ་མོ་བཞི་དག་གིས།། ཚད་མེད་ཡེ་ཤེས་དག་པའི་ས།། ཡང ་དག་བསྐུལ་བ་མཛད་པ་ལས། ། དེ་བཞིན་ཉིད་ལས་བཞེངས་པར་འགྱུར།། དཔག་མེད་རྡོ་རྗེའི་ཚུལ་མཆོག་ལས།། འདོད་ཆགས་གནས་ལ་སྤྱོད་པ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ན།། བཙུན་པའི་ཚིགས་དང ་ལྷན་ཅིག་སྐྱེས། ། དམ་ཚིག་འཁོར་ལོར་གནས་པ་ཡིས།། འདོད་པའི་ལོངས་སྤྱོད་ཉེར་ལྡན་པས།། གཉིས་མེད་བྱང་ཆུབ་སེམས་གནས་ཏེ།། དགྱེས་པ་ཡོངསུ་སྤྱོད་པ་མཛད།། དེ་ནས་རྡོ་རྗེའི་ལུས་ཀྱི་ནི།། རྩ ་ཁོང་སྟོང་ཐམས་ཅད་དུ། ། བདེ་བར་གཤེགས་པ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་།། ཡོན་ཏན་ཕྲིན་ལས་དམ་ཚིག་གི། ཁུ་བ་བྱང་ཆུབ་སེམས་རྒྱན་གྱིས།། ཀུན་དུ་ཁྱབ་པར་གྱུར་པ་ནི།། དཔེར་ན་བུམ ་བརྒྱས་གང་ལྟར། ། ཤིན་ཏུ་བདེ་བས་རྒྱས་པར་གནས།། དེ་ཉིད་ཡེ་ཤེས་གྱུར་པའོ།། དེ་ནས་ཆོས་ཀྱི་དབྱིངས་གནས་པའི་འགྲོ་བའི་ཕུང་པོ་ཇི་སྙེད་ཀུན།། སྐུ་གསུམ་དམ་ཚིག་ལས་བྱུང་བ།། དེ་ལ་བདུད་རྩིའི་འོད་ཟེར་གྱིས།། ་གློག་གི་ཟར་མ་ལྟར་འཕྲོ་བས།། ཤིན་ཏུ་བདེ་བར་རིག་ནས་ནི།། དེ་ནས་བརྩམས་ཏེ་སེམས་ཅན་ཁམས།། མ་ལུས་ལུས་པ་མེད་པ་ལ་རྡོ་རྗེ་དཔལ་གྱི་རེག་བྱུང་བས།། ཡང་དག་མཆོག་ཏུ་བྱིན་བརླབས་ཤིང་། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཡེ་ཤེས་དྲི་མེད་དབང་བསྐུར་ཅིང་།། མ་ལུས་ཀུན་ཀྱང་ཀུན་དྲ་བཟང་།། ཀུན་དུ་བཟང་པོའི་དཔལ་ཞེས་པར།། བླ་ན་མེད་པར་དབང་བསྐུར་ཏོ།། དེ་ལྟར་དབང་སྐར་ཙམ ་གྱིས་ནི། ། ཐམས་ཅད་དེ་བཞིན་གཤེགས་པའི་སྐུ།། དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས།། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན།། བདེ་ཆེན་ངོ་བོ་ཉིད་སྐུར་གྱུར་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཐམས ་ཅད་ཀྱི། ། ཡེ་ཤེས་སྤྱོད་པ་མཐོང་བྱུང་བས།། ཆོས་ཉིད་མཉམ་པ་ཉིད་མཐོང་ངམ།། སླར་གསོལ་བ་ནི་མཐོང་ལག་སོ།། ཡེ་ཤེས་སྤྱོད་པ་རྡོ་རྗེ་ཆེ།། བདེ་བར་གཤེགས་པ་མཐོང་ཞེས་གསོལ།། དེ་ལྟར་ཡང་དག་གྱུར་པའོ།། དེ་ལྟར ་སངས་རྒྱས་ཐམས་ཅད་ཀུན། ། རྡོ་རྗེ་བཙུན་མོའི་བྷ་ག་ལས།། མངོན་པར་བྱུང་ནས་འདི་སྐད་གསོལ།། གང་དུ་འདོད་ཆགས་ཆེན་པོ་ཡི།། ཡི་གེའི་ཚོགས་ཀྱིས་སངས་རྒྱས་ཀྱི།། བྱང་ཆུབ་རྗེ་སུ་རྟོགས་གྱུར་གང་།། དེ་ནས་བཅོམ ་ལྡན་ངོ་མཚར་ཏོ། ། བདེ་བར་གཤེགས་པ་ངོ་མཚར་ཏོ།། དེ་ནས་རིགས་ཀྱི་བདག་པོ་ཡིས།། གསང་བ་མཆོག་ཏུ་བཀའ་སྩལ་པ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། དེ་སྐད་ཅེས་ནི་མ་ཟེར་ཅིག། དེ་ཉིད་ཅིའི ་ཕྱིར་ཞེ་ན། ། ཆོས་ནམས་ན་མཁའི་རྡོ་རྗེའི་གནས།། དེ་ཉིད་མཚུངས་ཕྱིར་སྟོང་པ་ཉིད།། རབ་ཏུ་མི་གནས་བདག་ཉིད་ལས།། ཆོས་རྣམས་འོད་གསལ་དབྱིངས་གྱུར་པ།། དེ་ཉིད་ཡེ་ཤེས་འབྱུང་གནས་གྱུར།། དེ་ནས་བྱང་ཆུབ ་སེམས་དཔའ་དེ་དག་དང་། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཉམ་པ་ཉིད་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ། ། སྙོམས་པར་ཞུགས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་།། རིག་མ་དང་ལྷ་མོ་དང་། ཁྲོ་བོའི ་རྒྱལ་པོ་དུ་མ་དང་བཅས་པའི་དཀྱིལ་འཁོར་འཁོར་ལོ་ལ་བཞུགས་ནས་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་བཀའ་སྩལ་པ། ། ཁྱེད་རྣམས་ཀྱིས་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་རྡོ་རྗེའི་གསང་བ་འདི་བགོ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན།། ཕྱོགས་བཅུ་ན་གནས་པ་མ་ལུས་ཤིང་ལུས་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་པ་ཡོད་པའི་ཕྱིར་རོ།། གཞན་ཡང ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་པ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་རྡོ་རྗེ་འདི་ཉིད་ཟུང་ཅིག། ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སྙིང ་པོ་དབང་ཕྱུག་གསང་བའི་རྒྱལ་པོ་ཞེས་བྱ་བར་དབང་བསྐུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་དེ་བཞིན་དུ་བགྱིའོ།། ཞེས་གསོལ་ནས་ཅང་མི་སྨྲ་བར་གྱུར་ཏོ།། གསང་བའི ་རྒྱལ་པོའི་སྐུ་གཅིག་ལས། ། ཞིང་ཁམས་མ་ལུས་སྣང་མཛད་ཅིང་།། ཁམས་གསུམ་སྤྱོད་དང་སངས་རྒྱས་ཀྱི།། རྣམ་པ་དུ་མའི་སྐུར་བསྟན་མཛད།། དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས། ་གསུམ་ཉིད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་སུའི་ཡེ་ཤེས་མཉམ་པ་ཉིད་ལ་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ།། གསང་བ་འཛིན་པའི་གསུང་ཅིག་གིས།། འཇིག་རྟེན་ཁམས ་ཀུན་ཁྱབ་གྱུར་ཅིང་། ། ཆོས་ཀྱི་ཚུལ་ནི་མི་ཟད་ལས།། རྒྱུན་མི་འཆད་པའི་འཁོར་ལོ་བསྐོར།། དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་ཁམས་གསུམ་པ་ཐམས་ཅད་ཀྱི་དག་རྡོ་རྗེ་ལ་གནས་ཤིང་དེ ་བཞིན་གཤེགས་པའི་གསུང་མཉམ་པ་ཉིད་ལ་གནས་ནས་ཅང་མི་གསུང་བར་གྱུར་ཏོ། ། རྡོ་རྗེ་འཆང་གི་ཐུགས་ཀྱི་ནི།། ཏིང་འཛིན་གཅིག་ཏུ་མ་གཞག་ནས།། ཏིང་འཛིན་དུ་མའི་ཆོས་ཀྱི་སྒོ།། ཆོས་ཀྱི་དབྱིངས་དང ་མཉམ་པར་འགྱུར། ། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་དམིགས ་ནས་ཅང་མི་གསུང་བར་གྱུར་ཏོ། ། འདིར་སྣང་བ་ནི་གསུམ་སྟེ།། སོ་སོའི་སྐྱེ་བོའི་སྣང་བ་དང་།། བྱང་ཆུབ་སེམས་དཔའི་སྣང་བ་དང་།། དེ་བཞིན་གཤེགས་པའི་སྣང་བའོ།། གསང་བ་ནི་གསུམ་ཏེ།། སྐུའི་གས་ར་བ་གསམ་གྱིས ་མི་ཁྱབ་པ་དང་། ། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་།། ཐུགས་ཀྱི་གས་རབ་བསམ་གྱིས་མི་ཁྱབ་པའོ།། ཐམས་ཅད་མཁྱེན་པ་ནི་གསུམ་ཏེ།། སྐུ་རྡོ་རྗེ་ཐམས་ཅད་མཁྱེན་པ་དང་།། གསུང་རྡོ་རྗེ་ཐམས་ཅད་མཁྱེན་པ་དང་། ་ཐུགས་རྡོ་རྗེ་ཐམས་ཅད་མཁྱེན་པའོ།། མི་ཟད་བརྒྱན་གྱི་འཁོར་ལོ་ནི་གསུམ་སྟེ།། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ད། གསུང་མི་ཟད་པརྒྱན་གྱི་འཁོར་ལོ་དང་།། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་དོ།། རྒྱུད་ཀུན་སྙིང་པོ་བསྡུས ་པ་ཡི། ། ཕྱག་རྒྱ་ཆེན་པོའི་དང་འབྱུང་བ།། གྲུབ་པ་རབ་ཏུ་མི་གནས་པས།། གསང་བའི་རྒྱལ་པོ་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ ་འདུས་པ་ཆེན་པོ་བླ་ན་མེད་པ་མཆོག་ཏུ་མི་འགྱུར་བའི་གནས་རབ་ཏུ་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ནས། ། གསང་བ་བརྗོད་དུ་མེད་པའི་གནས་ལ་དགོངས་ནས ་ཅང་མི་གསུང་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཚོགས་དཔག་ཏུ་མེད་པ་དེ་དག་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་དུ་མེད་པའི་ཚོགས་དང་བཅས་པ་ཐམས་ཅད་དང་།། ལྷ་དང་མི་དང ་ལྷ་མ་ཡིན་དང་། ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུང་བལ་མངོན་པར་བསྟོད་དོ།། །། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་གནས་ཀྱི་ཞིང་ཁམས་རྡུལ ་པྲ་རབ་བརྙེད་ན་བཞུགས་ཤིང་མཚེ་སྦྱོང་བ་ཐམས་ཅད་ཀྱི་གསར་ཆེན། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད ་ཀྱིས་མི་ལང་བ་རྣམས་ཀྱིས་དགོངས་པ་རབ་ཏུ་གསང་བ། ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱི་ཤིན་ཏུ་གསང་བའི་གནས་ཀྱི་རྒྱལ་པོ།། རྡོ་རྗེ་དཔལ་མཆོག་ཆེན་པོ་ངེས་པར་བརྗོད་པ། ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཐུན་མོངས་མ་ཡིན་པའི་ཡེ་ཤོས་ཀྱི་འབྱུང་གནས།། རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་མཆོག་ཏུ་དབང་བསྐུར་བར་བྱེད་པ།། རྒྱུད་སྡེ ་སྟེང་ཕྲག་སུམ་བཅུ་རྩ་བཞིའི་སྙིང་པོ། ། རིག་པ་འཛིན་པའི་སྡེ་སྣོད་རྒྱ་མཚོའི་གནས་ལས་མངོན་པར་སྔགས་པ།། རྟོག་པའི་རྒྱལ་པོ་བདུན་པ་ཆོས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་དོན་བསྟན་པའི་ལེའུ་སྟེ་བདུན ་བཅུ་རྩ་བདུན་པའོ། ། ། དུལ་ཁྱེ་ཏྲའི་གྲོང་ཁྱེར་ཆེན་པོར།། རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་།། བོད་གྱི་ལོ་ཙཱ་བ་མར་པ་ལྟོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ། ། པཎ་ཌི་ཏ་མཁས་པ་ཆེན་པོ་སྠི་ཏི་ཛྙཱ་ན་ཀྵི་ར་ཏས་རང་འགྱུར་བྱས་བཅིག་ཀྱང་ཡོད་པར་གདའོ།། ། ཨེ་མ་ཧོ་ཉི་ཟླ་ལྟར་གྲགས་དཔལ་ལྡན་འདུས་པའི་རྒྱུད།། གསང་བ་རྣལ་འབྱོར་དཔལ་མཚ། ་ཆེན་པོ་འདིས།། ཤིན་དུ་གསལ་བར་སྟོན་པ་ངེས་པ་ཉིད།། མེ་འོངས་དུས་སུ་རྣལ་འབྱོར་དབང་ཕྱུག་མཆོག། རྣམ་བཞིའི་འཁོར་ལྡན་དབུས་སུ་འདི་གསལ་འགྱུར།། བསྟན་པའི་སྒྲོར་མེ་ཉིད་དུ་འབྱུང་བའི་ཕྱིར། ་སྐལ་ལྡན་རྣམས་དང་རྒྱུད་འདི་ཕྲད་པར་ཤོག། རྒྱུད་འདི་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་ཌོ་མ་བི་ཧེ་རུ་ཀས་ག་དན་དྲངས་གསུང་ངོ་།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མ་བ་ར་དྷ་ར་བཛྲ་པ་ཎི་རུ་དྲ ་