CLOSE WINDOW

Q874: 'phags pa sgra chen po zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་མ་ཧཱ་ཏྲ་བ་མ་ནཱ་མ་མ་ཧཱ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན ་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།། མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ་བོས་ཁང་པ་བརྩེགས་པ་ཆེན་པོ ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ། སྒོ་གཏན་ལེགས་པར་བཅུག་པ། སྐར་འང་བཅད་པ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ་ཕྱོགས ་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཤིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་སྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སཱུ་རུར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས ་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གར་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ ་མཉན་ཡོད་ནས་བསོད་སྙོམས་ལས་སླར་འཁོར་ནས་ཟན་ཟོས་ཏེ་ཟས་ཕྱི་མ་སྤངས་ནས་ལྷུང་ཟེད་དང་ཆོས་གོས་བཞག་ཏེ་རྐང་པ་བཀྲུས་ནས། བཅོམ་ལྡན་འདས་གང་ན་བར་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ནི་བདག་ཅག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ ་ལྷུལྟུ་ཟད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་ཏེ། བཙུན་པ་བདག་མཉན་ཡོད་དུ་བསོད་སྙོམས་ལ་མཆི་བ་ན་ཁང་པ་བརྩེགས་པ་ཆེན་པོ་སླད་ནང་བྱུགས་ཤིང་བྱི་དོར་བགྱིས་བསྒོ་གཏན་ལེགས་པར་སྩལ་པ་སྐར་ཁུད་བཀུམ ་བཞིག་མཐོང་ལགས་སོ། ། མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བགྱིད་པ་དང་། གང་ཞིག་གིས་དེ་བཞིན། ་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་སྩལ་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བགྱིད་པའམ། དེ ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་པ་ཙམ་ཞིག་བགྱིད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལགས་སོ།། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལེགས་སོ་ལེགས་སོ།། ཀུན་དགའ་བོ་ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ་གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་བ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས། ་རས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་ཞེས་པ་ནི་ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ ་ལེགས་ཏེ་དཔྱོད་པ་དགེའོ། ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ།། ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་ར་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ།། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི ་ཕྱིར་རོ། ། ཀུན་དགའ་བོ་འཛམ་བུའི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས ་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་སཱ་ལུའི་ཞིང་དམ། ཏིལ་གྱི་ཞིང་ངམ། སྨིག་མའི་ཚལ་ལམ། འདམ་བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་མི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ ་ཆོས་གོས་དང་བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་བསྟབས་ཏེ།། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང་། སིལ་སྙན ་དང་། བ་དན་དང་། དྲི་དང་། བདུག་པ་དང་། ཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ ་པསྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་བུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་ཆ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི། ་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར ་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། ། ཀུན་དགའ་བོ་ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་ཅེས་བྱ་བ་ནས་རྣམ ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། ། ཀུན་དགའ་བོ་ནུབ་ཀྱི་བ.ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་བརྒྱར་དཔག་ཚད་དགུ་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་། ་བར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།། ཀུནི་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གཔར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།། ་ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བཀ་བ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་བརྟན་པ་དག་ཡོད་དེ། ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻ་དཱུརྱ་སྔོན་པོ་ཡིན་ནོ།། ཀུན་དགའ་བོ་ཁང་བཟངས་རྣམ ་པར་རྒྱལ་བ་གསེར་གྱི་བྱེ་མ་བདལ་བ་ལ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲབས་གཡོགས་ཤིང་གསེར་གྱི་དྲིལ་བུ་གཡེར་ཁས་བསྐོར་བ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཁང་བཟངས་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གྲངས་འབྲུ་ཙམ་ཞེས་བྱ་བ་ནས། ་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ།། ཀུན་དགའ་བོ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷའི་རྒྱལ་པོ་མེ་སྐྱེས་དགྲས་པ་རྒྱུན་དུ་ཞུགས་པ་བསད་ནས་དེ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་སྐུ་གདུང་གི་བརྒྱད ་ལ་བཀུར་བསྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་དེས་བྱས་པས་སེམས། ་ཅན་དམྱལ་བར་ལན་ཅིག་སོད་ནས་ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས་བསྐལ་བ་ནི་བུང་པོག་པར་ལྟུང་བར་མི་འགྱུར་ལ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར ་སྨིག་བགོས་ཏེ་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་རྣམ་པར་གྲོལ་བ་དཔག ་ཏུ་མེད་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། ། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ལྟར་དཔག་ཏུ་མེད་པར་ཤེས་པར་བྱའོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ ་ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། དབུས་མཐོན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང ་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི ་རྣམ་གྲངས་འདི་བདུད་རྩིའི་རྔ་ཞེས་བྱ་བར་ཟུང་ཤིག། སྒྲ་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས ་ཀྱི་འབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྨན་སྔནས་སོང་ངོ་།། འཕགས་པ་སྒྲ་ཅན་པོ་ཞེས་བྱ་བ་ཐག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱགར་བྱ་མ་ཁན་དུ ་ཤུད་དྷ་སིང་ཧ་དང་། ལོ་ཙ་བ་བར་དེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིད་དྷ་ཀར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪབ་བན་དེ་དེ་བཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ། ་